གཤམ་ལ་རྒྱ་ནག་ཕྱོགས་ནས་བོད་དང་བོད་ཀྱི་གནད་དོན་སྐོར་ལ་རྣམ་འགྱུར་ཅི་ཞིག་བཟུང་ཡོད་པའི་སྐོར་གྱི་ཡིག་ཆ་ཁག་ཅིག་ཟུར་འདོན་ཞུས་ཡོད། འདི་ལྟར་བོད་དོན་གླེང་སྟངས་ཐད། ཁྱེད་རང་ལ་བསམ་ཚུལ་ཅི་ཡོད་དམ། མང་པོའི་བསམ་ཚུལ་སྤེལ་སླད་འདིར་དོན་གནད་ཁག་ཟུར་འདོན་ལས། ཡིག་ཆ་ཆ་ཚང་ཟུར་འདོན་ཞུས་མེད།
༼༡༽ ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༡ ཉིན་གྱི་༼བོད་ལྗོངས་ཉིན་རེའི་ཚགས་པར༽་གྱི་དཔྱད་གཏམ་ནང༌།
¿ཐེངས་འདིར་ལྷ་སར་བྱུང་བའི་རྡུང་བཅོག་འཕྲོག་སྲེག་གི་ཚབས་ཆེའི་དོན་རྐྱེན་དང༌། སྐྱི་གཡའ་བའི་དྲག་སྤྱོད་དེ་དག་གིས་དོན་མེད་དུ་སྐྱེ་འགྲོ་རྣམས་ལ་སྡུག་བསྔལ་ཚབས་ཆེན་མྱོང་དུ་བཅུག་པ་ཡོད་པ་དེས། ཏཱ་ལའི་ནི་ཁོ་རང་གིས་སྒྲོག་པ་ནང་བཞིན་གྱི་ནང་པའི་དགེ་སློང་ཞིག་ཡིན་ཟེར་བ་དེ་ལྟ་བུ་ཞིག་གཏན་ནས་མིན་པ་ར་འཕྲོད་ཡོད། ཁོ་ནི་མིའི་གདོང་ལ་གཅན་གཟན་གྱི་སེམས་དང་ལྡན་ཞིང༌། ཆོས་གོས་གྱོན་པའི་འཕར་སྤྱང་ཞིག་རེད་ཅེས་བརྗོད་ན་ཐལ་ཆ་གང་ཡང་མེད། སྟོན་པ་བཅོམ་ལྡན་འདས་ཡིན་ནའང༌། ཏཱ་ལའི་ནང་བཞིན་ཁ་འཇམ་ཁོག་རྩུབ་ཀྱི་ནང་པའི་ཞབས་འདྲེན་པ་དང༌། མིའི་གདོང་ལ་གཅན་གཟན་གྱི་སེམས་དང་ལྡན་པའི་དྲག་སྤྱོད་པ་སྨྱོ་རྩུབ་ཅན་འདི་བཟོད་བསྲན་བྱེད་ཐུབ་ཀྱི་མ་རེད། ཏཱ་ལའི་ལྟ་བུ་མེས་རྒྱལ་དང་མི་དམངས་ལའང་རྒྱབ་གཏོད་བྱེད་ཕོད་མཁན་མིཞིག་ལ། ད་དུང་མིའི་ཐ་སྙད་སྦྱོར་རུང་ངམ། གྲྭ་པཞིག་ཡིན་པའི་ཆ་ནས། ཏཱ་ལའི་ཡིས་རྫུན་ཤོད་པ་མ་ཟད། ཐེངས་འདི་ཚབས་ཆེའི་རྡུང་གཅོག་འཕྲོག་སྲེག་གི་དོན་རྐྱེན་བཀོད་བྱུས་དང་སྟངས་འཛིན་བྱས་ཏེ། ཁོ་པའི་སྤྱོད་ངན་དེ་ཐོས་པ་ཙམ་གྱིས་ཧང་སངས་དགོས་པ་ཞིག་ཡིན་ལ། གདོན་འདྲེ་ལའང་དེ་ལས་ལྷག་ཅི་ཡོད། གལ་སྲིད་སྟོན་པས་ནང་པའི་རྗེས་འཇུག་འདི་ལྟ་བུ་ཞིག་ཡོད་པ་མཁྱེན་ན། ཁོང་ཡང་ངེས་པར་དུ་ཞལ་སྐྱེངས་པོ་ཡོང་གི་རེད། དེ་ནི་གཏན་འཁེལ་བ་ཞིག་རེད།¿ཅེས་བཀོད་འདུག
༼༢༽ ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་འགན་ཁུར་བས་༢༠༠༨ ཟླ་ ༧ ཚེས་ ༧ཉེ་ལམ་ཏཱ་ལའི་སྒེར་གྱི་འཐུས་ཚབ་དང་འབྲེལ་གཏུགས་བྱས་སྐོར་གསར་འགོད་པར་གཏམ་བཤད་ནང༌།
¿ཏཱ་ལའི་བླ་མས་བོད་རང་བཙན་གྱི་ལངས་ཕྱོགས་དངོས་སུ་དོར་བ་དང༌། མེས་རྒྱལ་ཁ་བྲལ་གཏོང་བའི་བྱེད་སྒོ་སྤེལ་མཚམས་འཇོག་པ། བོད་ལྗོངས་ནི་ཀྲུང་གོའི་ཁ་འཕྲལ་དུ་མི་རུང་བའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ་ཁས་ལེན། ཐའེ་ཝན་ནི་ཀྲུང་གོའི་ཁ་འཕྲལ་དུ་མི་རུང་བའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ་ཁས་ལེན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཚབ་བྱེད་མཁན་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་གཅིག་ཡིན་པ་ཁས་ལེན་བཅས་བྱས་ན། ང་ཚོས་ཏཱ་ལའི་བླ་མ་སྒེར་གྱི་མདུན་ལམ་སྐོར་ལ་འབྲེལ་གཏུགས་དང་གྲོས་མོལ་བྱས་ཆོག་པ་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱེད་ཀྱི་ཡོད། མི་ཁ་ཤས་ཀྱིས་གནད་དོན་དེའི་སྐོར་ལ་དོན་དམ་མ་ཡིན་པ་ཁ་ཤས་ཡོངས་བསྒྲགས་བྱས་ནས་འབྲེལ་གཏུག་གི་གླེང་མོལ་ནི་ཀྲུང་བོད་གྲོས་མོལ་དང༌། རྒྱ་བོད་བཀའ་མོལ་རེད་ཅེས་འུད་སྒྲོག་བྱེད་ཀྱི་འདུག ང་ཚོས་འདིར་དམིགས་སུ་བཀར་ནས་ནན་བཤད་བྱ་རྒྱུར། ང་ཚོས་བཙན་བྱོལ་སྲིད་གཞུང་ཟེར་བ་ཁས་ལེན་གྱི་མིན། འཛམ་གླིང་ཐོག་ཏུ་རྒྱལ་ཁབ་གང་གིས་ཀྱང་བཙན་བྱོལ་སྲིད་གཞུང་ཟེར་བ་ཁས་ལེན་བྱེད་མཁན་མེད་པས། ཀྲུང་དབྱང་སྲིད་གཞུང་གིས་ཁྲིམས་འགལ་གྱི་རྩ་འཛུགས་དེ་འདྲ་ཞིག་གྲོས་མོལ་གཏན་ནས་བྱེད་ཀྱི་མིན། ང་ཚོས་ད་དུང་ནན་བཤད་བྱ་རྒྱུར། དམངས་གཙོའི་བཅོས་བསྒྱུར་བྱས་པ་དང་རང་སྐྱོང་ལྗོངས་དབུ་བརྙེས་པ་བརྒྱུད། བོད་ལྗོངས་ཀྱི་རྒྱ་ཆེའི་ཡར་ལངས་ཞིང་བྲན་གྱིས་རང་ཁྱིམ་རང་བདག་བྱས་པ་དང༌། བོད་ལྗོངས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ་རེད། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་བོད་ལྗོངས་མི་དམངས་ཀྱི་འཐུས་ཚབ་བྱེད་དབང་ཡོད་པ་མ་གཏོགས། དེ་མིན་སུ་འདྲ་ཞིག་ལའང་བོད་མི་དམངས་ཀྱི་འཐུས་ཚབ་བྱེད་དབང་མེད།¿ ཅེས་བཤད་ཡོད།
༼༣༽རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་སྡེ་ཚན་གྱི་འགན་འཛིན་པས་ ༢༠༠༨ ཟླ་༧ ཚེས་ ༡༦ ཉིན་གསར་འགོད་པར་གཏམ་བཤད་བྱས་པའི་ནང༌།
¿རྒྱ་ནག་གིས་ཏཱ་ལའི་བླ་མ་དང་མཉམ་དུ་ཁོང་གི་མ་འོངས་པའི་སྐོར་ལ་གྲོས་བསྡུར་བྱེད་འདོད་ཡོད། འོན་ཀྱང་བོད་ཀྱི་གནད་དོན་སྐོར་ལ་གྲོས་བསྡུར་བྱེད་འདོད་མེད། ཏཱ་ལའི་བླ་མར་བོད་ཀྱི་འཐུས་ཚབ་བྱེད་པའི་ཐོབ་ཐང་མེད། གལ་སྲིད་ཁོང་ལ་ཐོབ་ཐང་ཡོད་མྱོང་བའི་དབང་དུ་བཏང་ཡང༌། དེ་ནི་ ༡༩༥༩ སྔོན་ལ་རེད། ད་ལྟའི་ཆར་ཏཱ་ལའི་བླ་མར་བོད་ཀྱི་མ་འོངས་པའི་སྐོར་ལ་གྲོས་བསྡུར་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་ཤོར་ཟིན་པ་རེད། གལ་སྲིད་ཏཱ་ལའི་བླ་མ་ཀྲུང་གོའི་སྤྱི་འབངས་ཤིག་བྱེད་འདོད་ཡོད་པ་དང༌། ཀྲུང་གོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བསམ་ན་ཁོ་རང་ཁོ་རང་བོད་ལ་ལོག་རྒྱུ་དེ་ཡོང་སྲིད་པ་ཞིག་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་ཆབ་སྲིད་ལངས་ཕྱོགས་དེ། གྲོས་མོལ་སྐབས་གསལ་པོ་བྱུང་སོང༌། དེ་ནི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་དང་རྦད་དེ་རྒྱབ་འགལ་རེད། ཁོ་ཚོས་བོད་ནི་རྒྱ་ནག་གི་མངའ་ཁོངས་ལས་ཁ་བྲལ་དུ་མི་རུང་བ་ཞིག་ཡིན་པ་ཁས་མི་ལེན་པར། བོད་ཆེན་པོ་རང་སྐྱོང་གི་རེ་བ་འདོན་གྱི་ཡོད། འདིའི་གོ་དོན་ནི། ཏཱ་ལའི་བླ་མས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པར་དབང་བསྒྱུར་དགོས་པ་དང༌། དེ་ཀྲུང་གོའི་ས་ཁོངསབཞི་ཆ་གཅིག་ཟིན་པ་དང༌། རྒྱ་རིགས་རྣམས་ས་ཆ་དེ་ནས་ཕྱིར་སྤོ་བྱེད་དགོས་ཀྱི་ཡོད། འདི་ནི་རྒྱ་ནག་གིས་ཁས་ལེན་ཐབས་མེད་པའི་ལངས་ཕྱོགས་ཤིག་ཡིན།¿ ཅེས་བཤད་ཡོད།
ཀློག་མཁན་ལགས།
གནད་དོན་འདི་དག་ཐད་ང་ཚོས་ལྟ་ཚུལ་གང་ཞིག་འཛིན་
གོང་དུ་རྒྱ་ནག་གཞུང་གི་གཏམ་བརྗོད་གནང་བ་ཁག་མཐོང་སྐབས་གནད་དོན་གཅིག་གསལ་པོ་རེད་འདུག
བོད་ཀྱི་དཀའ་རྙོག་དེ་རྒྱུན་རིང་གནས་རྒྱུ་དང་དེ་ཐོག་བོད་མི་ཚོས་ལས་འགུལ་བཤུགས་ཆེན་པོ་སྤེལ་དགོས་འདུག