ཉེ་ཆར་ཕྱི་ཚེས་བཅུ་དྲུག་ཉིན། ཨ་རིར་རྟེན་གཞི་བྱས་བའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཞེ་ཧྤང(Xie Feng) ་ཟེར་བ་ཨིས་མོའོ་རིས་ཆེས་མཐོའི་གཙུག་ལག་སློབ་ཁང་(Emory University)དུ་བཅར་ཏེ། ཉེ་བའི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་གསུང་བཤད་གནང་ཡོད་ཅིང་། གསུང་བཤད་དང་འབྲེལ་ནས། ཁོང་གིས་བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་ཡོང་གི་མེད་་རྐྱེན་ནི་བཙན་བྱོལ་བོད་གཞུང་གིས་ད་དུང་ཡང་རང་བཙན་རྩོད་ཀྱི་ཡོད་པས་རེད་ཟེར། ད་དུང་། བོད་ཁུལ་གྱི་དཔལ་འབྱོར་དང་འཕྲོད་བསྟེན། ཤེས་ཡོན་སོགས་རྒྱ་ནག་གཞུང་གི་ལྡབ་འགྱུར་གྱིས་ཡར་རྒྱས་བཏང་ཡོད་པའི་སྐོར་སྐྱག་རྫུན་ལུང་བ་གང་བཤད་འདུག ། ཞེ་ཧྤང་ཟེར་བ་འདིས་། ཨིས་མོའོ་རིས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ལ་ཡང་སྐྱག་རྫུན་གྱི་ས་བོན་འདེབས་ཀྱི་འདུག
དེས་ན་ད་ང་ཚོས་ཀྱང་གཞན་གྱིས་བཤད་པ་སྐྱབ་རྫུན་རེད་ཁོ་ན་ཟེར་ནས་འདུག་པ་ལས་གང་ཐུབ་ཐུག་ཀྱིས་བདེན་པ་གསལ་བསད་བྱེད་དགོས་ཀྱི་འདུག་བོད་མི་ཚང་མས་རང་ནུས་གང་ཡོད་ཀྱིས་རྒྱ་མི་གཙོས་ཕྱི་རྒྱལ་མི་རིགས་སུ་དང་གང་ལ་ཡང་འགྲེལ་བཤད་གསལ་བོ་རྒྱག་དགོས་ཀྱི་འདུག དེ་ལྟར་བྱེད་པ་ལ་བོད་མི་གཞོན་སྐྱེས་ཚོས་ངེས་པར་དུ་སློབ་སྦྱོང་སྤྱི་དང་ནང་དགོས་སུ་བོད་རྒྱའི་དཀའ་རྙོག་གི་སྐོར་༸གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་དང་དེ་འབྲེལ་གྱི་ཡིག་ཆ་ཀག་ལ་སློབ་སྦྱོང་བྱེད་དགོས་ཀྱི་འདུག དམུ་མའི་ལམ་ནས་བོད་རྒྱའི་གནད་དོན་ལ་སློབ་སྦྱོང་བྱེད་དགོས་ཀྱི་འདུག དེ་མིན་བཙན་བྱོལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་མང་པོས་འདིའི་འདིའི་སྐོར་ནས་སྐད་ཆ་བཤད་ཤེས་ཀྱི་མི་འདུག ངས་ཟ་ཁང་དང་ཇ་ཁང་སོགས་ནས་བོད་མི་གཞོན་སྐྱེས་ཚོས་ཕྱི་རྒྱལ་མགོ་སེར་དེ་ཚོར་འགྲེལ་བཤད་འདྲ་མིན་བྱེད་ཀྱིན་པ་མཐོང་ཐོས་གང་མང་བྱུང་མྱོང་། ཁོང་ཚོར་མཐོང་ཆུང་བྱས་པ་རྩ་ནས་མིན་ཏེ། སློབ་སྦྱོང་ཏོག་ཙམ་ངེས་པར་དུ་བྱེད་དགོས་ཀྱི་འདུག འདི་བོད་སེམས་ཅན་ཚོས་རང་རང་གི་གཉེན་ཉེ་གྲོགས་པོ་སོགས་ལ་སྐུལ་མ་གནང་རོགས། རྡ་ས་ལྟ་བུ་ན་དབྱིན་ཇི་སོགས་སྐད་རིགས་འདྲ་མིན་སྦྱོང་མཁན་ཚོར་ཕྱི་གླིང་བ་མཉམ་དུ་སྐད་ཆ་བཤད་པའི་གོ་སྐབས་ཧ་ཅང་མང་སྟབས་ངེས་པར་དུ་བོད་དོན་སྐོར་གྱི་ཡིག་ཆར་སློབ་སྦྱོང་བྱེད་རོགས་ཞེས་དམིགས་གསལ་གྱིས་ཞུས་པ་ཡིན། ང་ཚོར་བདེན་པ་ཡོད་ཟེར་བཞིན་ཁ་ཁུ་སིམ་མེར་བསྡད་ནས་ཕན་གང་ཏོག་གི་མ་རེད། བོད་དོན་འདི་བོད་མི་གཞོན་སྐྱེས་ཚོའི་ཕྲག་ལ་བབས་འདུག་ན་མི་རེ་ངོ་རེ་ནས་འགན་རེ་འཁུར་ཏེ་རང་ནུས་འདོན་པའི་དུས་ལ་བབས་འདུག་ཞེས་ཞུ་འདོད་བྱུང་།
གོང་གི་བསམ་ཚུལ་འབྲི་བ་པོ་དེས་ཡག་པོ་གསུངས་འདུག དེའི་ཐོག་ལ་ཕྲན་ནས་འབྲེལ་མོལ་འདི་འབྲེལ་གྱི་རང་ཕྱོགས་འཐུས་ཤོར་དོན་ཚན་བརྒྱད་འགོད་འདོད་བྱུང་ན་དཔྱད་པར་འཚལ།
༡ བོད་གཞུང་གི་རྩ་བའི་སྲིད་བྱུས་ལ་ལྡོག་འགྲེལ་བྱེད་པའི་གཞིས་བྱེས་མི་མང་གི་རྒྱུས་ལོན་གྱེས་གཞིའི་རྒྱ་གཞུང་གི་རྒྱུན་གྱི་བྱེད་སྒོའི་ཐོག བོད་རིགས་ནང་ཚོད་བགམ་རང་བཞིན་གྱི་ཆབ་སྲིད་ལྟ་གྲུབ་དངོས་ཡོད་དང་འབྱུང་འགྱུར་གཉིས་ལ་སྦྱོར་སྟངས་སྣ་ཚོགས་ཀྱིས་གཞི་རིམ་མང་ཚོགས་ཀྱི་འབྲེལ་མོལ་གནས་ཚད་ཚོར་སྣང་ཅན་ཏུ་བསྒྱུར་ཉེན།
༢ སྐུ་ཚབ་བསྐོ་ཕྱོགས་ཐད་བཅའ་ཁྲིམས་ཀྱིས་༸ཎནསྣྲཀགོང་ས་མཆོག་ལ་འགན་དབང་བསྐུར་མིན་དང་༸ཎནསྣྲཀགོང་ས་མཆོག་གིས་ཐད་བསྐོས་གནང་བ་མང་གཙོའི་ལམ་སྲོལ་དང་མཐུན་མིན་གྱི་སྒྲོ་འདོགས་གཅོད་ཕྱོགས་མ་ཤེས་པས། སྐུ་ཚབ་ཀྱི་ཁྱད་ནུས་ཐད་རེ་བ་ཆུང་སྐད་ཀྱི་བསམ་ཚུལ་ཆེ་ས་ནས་མར་མེ་གཅིག་ལས་གཉིས་ཀྱི་ཚུལ་དུ་ཐོན་དབང་གིས། ཅལ་འདྲོགས་ཟློས་གར་གྱིས་དངོས་གཞིའི་ལས་རིམ་ལ་ངང་རིང་རེ་བཞག་གི་དམངས་ཀྱི་རེ་འདུན་མོག་པོར་བཟོས་པ།
༣ རང་དབང་དང་རང་དབང་མིན་པའི་སྡེ་ཚན་གང་དུའང་འབྲེལ་མོལ་ཐད་རྗེས་འདེད་གཏོང་བའི་སྐྱོན་མཐོང་གི་ཞིབ་འཇུག་པ་མེད་གཤིས་འབྲེལ་མོལ་གྱི་གསར་འགོད་བརྒྱུད་བསྒྲགས་ནས་བཟུང་དཀྲོག་གཏམ་དང་འོལ་ཚོད་རྐྱང་རྐྱང་གིས་འགྲེལ་བ། རེ་འགའ་ཡོད་པ་རྣམས་གནད་དུ་མ་འཁེལ་བ། དཔྱད་པའི་ཚིག་ལ་རྒད་པོའི་གཏམ་དཔེའི་གཤིས་ལས་མཁས་པའི་ཚིག་གི་བྲོ་བ་མ་ཐོན་པའི་བསམ་ཚུལ་བདག་པོ་ཅན་ཏུ་མ་གྱུར་བ།
༤ རྩ་བར་མནོ་བསམ་ནུས་པ་རྣམས་ཀྱིས་ནི་འབྲེལ་མོལ་ཕུད་པའི་སློབ་གསོ་དང་ལོ་རྒྱུས་རིག་གནས་སོགས་ཀྱི་འཛིན་སྐྱོང་ལ་འཁེང་ར་བྱེད་ཞོར་རྒྱང་ལྟ་གནང་སྟེ་ཅི་ཡང་མི་སྨྲ་བ།
༥ ༸ཎནསྣྲཀགོང་ས་མཆོག་གིས་གནས་སྟངས་མང་པོ་དགོངས་བཞེས་གནང་དགོས་ཀྱིས་སྙོམས་སྒྲིག་ཐུབ་པར་སྐུ་ངལ་ལྷག་ཏུ་འཕྲད་པ། དེ་ནི་གཙོ་ཆེར་མང་གཙོའི་ལམ་སྲོལ་ལ་གོམས་བྱང་སྤུས་དག་ཏུ་འགྲོ་ཐབས་དང་། ཆབ་སྲིད་ཀྱི་ཐུགས་འགན་ཁོང་ཉིད་འཚོ་ཞིང་བཞུགས་སྐབས་མི་མང་གི་ལག་ཏུ་གཏད་དེ་འབྱུང་འགྱུར་ལ་གཟིགས་རྒྱུ་སོགས་ཀྱིས་མཚོན་ཆོས་སྲིད་ཟུང་འབྲེལ་གྱི་མིང་དང་གོ་དོན་གསལ་འགྲེལ་བྱས་པ་ཆབ་འབངས་རྣམས་ཀྱིས་ཤེས་རྟོགས་ཧ་ཅང་ཞན་པ།
༦ རྒྱལ་སྤྱིའི་ངོ་གདོང་དང་གནས་ཡུལ་རྒྱལ་ཁབ་སོགས་གཅིག་དགའ་གཅིག་སྡུག་གི་གཟབ་མནན་འགྲོས་ལ་མང་ཁྲོད་ནས་ངང་རིང་བསྟེན་སྟངས་མ་བྱས་པས་ལས་ཀྱི་སྣེ་མོ་བའི་ཁྱད་ཆོས་ལ་ནུས་བ་སྤུངས་བརྩེགས་ལས། ནང་ཁུལ་ཆབ་སྲིད་འཐབ་རྩོད་ཀྱི་བྱེད་ཕྱོགས་ལ་ཁོར་ཡུག་བསྐྲུན་པ།
༨ བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་དང་གནའ་དེང་ཤེས་ཡོན་གྱི་གནས་བབ་ཞན་གཤིས། གུང་བྲན་སྲིད་གཞུང་སྡོད་བཟོད་མེད་པའི་གནོན་ཤུགས་འཇིགས་སུ་རུང་བ་དེ་རང་ངོས་ནས་མ་འགྲུབ་པ་བཅས།
མེ་ཏོག་མ་ཟེར་བ་འདིས་ཡིག་གཟུགས་གང་ཡིན་མི་ཤེས་ཀི ངས་ཁོང་གི་ཡིག་གཟུགས་འདི་སྒྱུར་ཐབས་གང་ཡོང་བྱས་ཀྱང་སྒྱུར་ཐུབ་མ་སོང་།
རྩོམ་སྒྲིག་པ་རབ་གསལ་ལགས་།གཤམ་དུ་ཡོད་པའི་མུ་འབྲེལ་བགྲོ་གླེང་འདི་ནི་རྒྱ་ནག་གི་དམག་སྤྱི་ཉམས་ཞིབ་པ་སྐད་གྲགས་ཆེན་པོ་ཞིག་གིས་ཉེ་ལམ་རྒྱ་ནག་གི་དམག་གི་སློབ་གྲ་ཞིག་ཏུ་བཤད་པའི་རྒྱ་ནག་དང་ཨ་རི་གཉིས་ཀྱི་མ་འོངས་བ་དམག་དོན་ཐད་ཀྱི་བགྲོ་གླེང་ཞིག་ཡིན་པ་དང་།བོད་ཀྱི་རྒྱུ་མཚན་སྐོར་ཡང་མང་པོ་གླེང་གིན་འདུག་ཅིང་།དོན་ཚན་འགའ་ཤས་བགོས་ནས་གླེང་གིན་འདུག་མོད་།རྩ་བ་དོན་དག་དོན་དག་རེད་།
༡་རྒྱ་ནག་དང་ཨ་རི་གཉིས་ལོ་རྒྱུས་ཐོག་ནས་དགྲ་ཡ་རེད་།
༢ཕྱི་ལོ་༢༠༣༠་རྒྱ་ནག་དང་ཨ་རི་གཉིས་བར་དམག་འཁྲུག་ཡོང་སྲིད་པ།
༣་ནུབ་ཕྱོགས་ལ་ངོ་རྒོལ་བྱས་ཏེ་།ཤར་གྱི་རྒྱལ་ཁབ་ཁག་གི་འབྲེལ་བ་ཇེ་བཟང་དུ་གཏོང་བ་།
༤ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱ་དགོས་བ་བཅས་རེད་།
ད་དུང་༢༠༠༨ལོ་ལི་ཐང་གི་བོད་པ་ཚོས་རྒྱ་དམག་ཉིས་བརྒྱ་ཙམ་བསད་པར་བཤད་པ་དང་།བོད་མི་རྣམས་ལ་མེ་མདའ་ཡོད་ཚུལ་བཤད་འདུག་།
http://www.youtube.com/watch?v=qQDfI31z0Dw
Thank you, but now is ok.
དྲག་རྩུབ་སྡུག་ལས་ཅན་གྱི་སྲིད་གཞུང་དེ།།
མགོ་གཏིང་མ་ལོག་བར་དུ་ང་ཚོ་ལ།།
རེ་བ་ཡོད་པ་བསམ་ན་གླེན་པ་རེད།།
དེ་ལས་དབུ་མའི་གཞུང་ལུགས་ཟབ་མོ་དེ།།
ཁ་དང་ལག་པའི་བར་ནས་མ་འདོར་རོགས།།
བཀུར་འོས་མེ་ཏོག་མ་ལགས།
ཁྱེད་རང་གི་གློག་ྐླད་དུ་ཧི་གཟུགས་མེད་པའམ་ཡང་ན་སྐུ་ཉིད་ནས་བེད་སྤྱོད་གཏོང་གི་མེད་པ་གང་ལྟར་ཡང་། དུས་རྟག་ཏུ་ཁྱེད་ཀྱི་ཡིག་གཟུགས་དེ་ཧི་གཟུགས་སུ་བསྒྱུར་དགོས་ཐུག་གི་འདུག དེར་བརྟེན།
སྐུ་ཉིད་ཀྱིས་སོ་སོའི་གློག་འཕྲིན་ཁ་བྱང་ངོ་མ་དེ་ངེད་ཀྱི་གློག་འཕྲིན་ཁ་བྱང་( dhondupdawol@gmail.com)འདིའི་སྒང་ལ་ཅིག་གཏོང་ཐབས་གནང་རོགས།
ཁྱེད་ཀྱི་ཡིག་གཟུགས་ཀྱི་དཀའ་ངལ་དེ་ལ་རོགས་ཕན་ཞིག་བྱེད་ཐུབ་པ་འདུག དེ་ཙམ་ཡིན།
ཨ་རིའི་མཐོ་སློབ་ནང་དུ་གུང་བྲན་འཁྱམས་པོས་སྐྱག་རྗུན་ཧམ་བཤད་ཕོད་པ་ནི་ཡ་མཚན་རེད།
ང་ཚོ་བོད་རིགས་གྱར་པོས་འཚོགས་སར་འདྲི་བ་འདོན་ལ་བསླེབས་མ་ཐུབ་པ་ནི་བློ་ཕམ་རེད།
རྒྱ་ནག་ནི་རང་རིགས་མཆོག་འཛིན་དང་། རང་ལྟ་མཆོག་འཛིན་ཅན་། སྲིད་དབང་དགེར་སྤྱོད་བྱེད་པས་ཧམ་སེམས་ཅན་གྱིས་མགོ་ཁྲིད་འདི་ཚོ་། རྩ་མེད་མ་སོང་པར་དུ་བོད་རྒྱ་ཞི་མོལ་ཡོང་ཐུབ་ཡོད་པ་མ་རེད་།
༢༠༠༨ལོ་ལི་ཐང་གི་བོད་པ་ཚོས་རྒྱ་དམག་ཉིས་བརྒྱ་ཙམ་བསད་པར་བཤད་ན་དེ་ནི་སྐྱག་རྫུན་ངོ་མ་རེད། གཅིག་ཀྱང་བསད་པ་ཐོས་མ་བྱུང་།
སྐྱག་རྫུན་བཤད་དགོས་ན་རྒྱ་གཞུང་གི་དཔོན་པོ་དེ་ཚོ་ལ་བསྡུར་རྒྱུ་ག་བ་ཡོད་རེད། སྐྱག་རྫུན་བཤད་ནས་མི་རབས་ནས་མི་རབས་་་་་་་་་་་་་་་་་་་་་་་་་་
དེ་ལྟར་རེད་།ཁོ་ཚོ་སྐྱག་རྫུན་བཤད་པར་ཧ་ཅང་དགའ།ཡིན་ནའང་འདི་ནི་དམག་དཔོན་ཆེན་པོ་ཤིག་རེད་།བཤད་ས་དེ་དམག་གི་སློབ་གྲྭ་ཆེན་མོ་ཞིག་རེད།བཤད་པ་ཚང་མ་མ་འོངས་བའི་རྒྱ་ནག་གི་དམག་ཇུས་དང་ཐབས་བྱུས་ཀྱི་སྐོར་རེད།རྒྱ་ནག་གིས་དམག་དཔུང་ཚོས་དངོས་གནས་འདི་ལྟར་བསམ་ཚུལ་ཡོད་ཚེ།ང་ཚོས་གྲ་སྒྲིག་བྱ་དགོས་ཡོད་།
དང་སྐབས་རྒྱ་ནག་གི་དམག་དཔུང་ངོམས་ས་གྲངས་ཉུང་མི་རིགས་ཀྱིས་ཐོག་ལ་ཡིན་དུས་། ཁོ་ཚོས་རྐྱགས་རྫུན་དེ་འདྲ་བཤད་དགོས་ཡོད་པ་རེད་། འདི་བོད་པ་དམར་བསོད་བྱེད་འདོད་ཀྱི་སྔོན་འགྲོའི་ཆ་རྐྱེན་འདོན་གྱིན་ཡོད་པ་རེད་། ད་སྐབས་ཁོ་ཚོ་བཙན་པོ་ལ་གདོང་མ་ཐུག་། གཉོམ་ཆུང་གིས་མཉའ་མ་སྣོན་ནས་། མྱོ་རྒྱུག་གཟའ་རྒྱུག་བྱས་། མྱོ་ཁ་གཟའ་ཁ་གླས་ཅི་དྲག་གང་དྲག་ལ་ལྟ་བཞིན་ཡོད་པ་རེད་། ང་ཚོ་བོད་རིགས་ཚང་མ་སྡོག་རྩ་་གཅིག་སྒྲིལ་ཡིན་ན་རང་བཙན་ཡོད་པ་དང་གཅིག་འདྲ་རེད་།
དགྲ་རྒན་འདིའི་མཆུ་ལ་བལྟས་ན་ཇི་འདྲའི་སྐྱག་རྫུན་ལབ་མཁས་ཞིག་ཡིན་པ་མཚོན་འདུག ཐལ་བའི་རྡུལ་དུ་བརླག་རྒྱུ་བོ།
ཧམབཤད་དང་གཡོ་རྒྱུ་ཁོ་ནར་གོམས་པའི་གཞུང་ཞིག་ཡིན་ཕྱིར། ད་ལྟའི་དུས་ཚོད་འདིར་མི་མང་གི་བསམ་བློ་དང་སྤྱི་ཚོགས་གི་འགྲོས་ལ་བལྟས་ན་ ཚེ་ཚད་རིང་པོ་མེད་པ་སྨྲོས་མེད་རེད། ཁོང་ཚོའི་བྱ་སྤྱོད་ལ་གཟིགས་དང། གཉོམ་ཆུང་ལ་མཐོང་ཆུང་དང་མཉེས་བཅོས་བྱེད་སྟངས་ལ་ལྟོས་དང་གང་འདྲ་རེད།རྒྱ་དྲེ་ཚོ
་
རྒྱ་སྐྱག་འདི་ཚོ་ངོ་ཚ་དང་གཞོང་སེམས་དྲངས་བདེན་ཟེར་བ་གང་ན་ཡོད་། འདི་ཚོས་རྩ་ཆེན་བརྩེ་སྲུང་བྱེད་རྒྱུ་ནི་ཁོ་ཚོའི་སྐུ་རྐྱག་སྲུང་རྒྱུ་དེ་རེད་། ༡༩༨༩ལོ་ཁོ་ཚོའི་སྐུ་རྐྱག་གི་ཆེད་དུ་སློབ་ཕྲུག་གྲངས་མེད་དམར་བསྲད་བྱས་སོང་ང་། ད་དུང་སྐྱག་རྫུན་བཤད་འཁན་ལ་ངོ་ཚ་མེད་རུང་། སྐྱག་རྫན་ལ་ཉན་འཁན་འདི་འཚོར་སྐྱུག་མེར་ལང་རྒྱུ་མེད་པ་འདི་ཡ་ཚན་ར་།