ཨེ་མ་ཧོ།
ཀ་དག་ལྷུན་གྲུབ་རོལ་གར་སྤྱན་རིས་གཟིགས། །
བདེ་ཆེན་སྒྱུ་མའི་རྣམ་འཕྲུལ་རྒྱལ་རབས་ཀུན། །
ཀུན་བཟང་སྲིད་ཞིའི་ཕན་བདེ་མ་ལུས་ཚོགས། །
མི་འཇིགས་ཆོས་བདུན་ངོ་བོར་རྒྱལ་གྱུར་ཅིག །
གངས་རིས་མུ་ཁྱུད་རབ་མཛེས་དག་པའི་ཞིང་། །
ཕུན་ཚོགས་འདོད་རྒུའི་འབྱུང་གནས་རྒྱལ་བའི་བསྟན། །
བསྟན་སྲིད་ཡིད་བཞིན་ནོར་བུའི་གཏེར་ཆེན་པོ། །
འཛམ་གླིང་འཛིན་མའི་རྒྱན་དུ་མཛེས་གྱུར་ཅིག །
མཆོག་གསུམ་རྒྱལ་བའི་བྱིན་རླབས་འོད་སྣང་གསལ། །
ཆོལ་གསུམ་ཆོས་ཀྱི་དཔལ་ཡོན་སྤྱོད་པའི་རིགས། །
བསླབ་གསུམ་ཐབས་ཤེས་རོལ་བའི་རྩལ་རྫོགས་ནས། །
སྐུ་གསུམ་དག་པའི་བོད་ཁམས་རྒྱལ་གྱུར་ཅིག །
བཀྲ་ཤིས་ཉི་མའི་འོད་སྣང་རྟག་ཏུ་འཆར། །
བདེ་ལེགས་ཟླ་བའི་བསིལ་ཟེར་བརྟན་ཏུ་གནས། །
ཕུན་ཚོགས་གངས་རིའི་གཟི་མདངས་མི་ཉམས་ཞིང་། །
འོད་གསལ་རྫོགས་ཆེན་བསྟན་པ་རྒྱལ་གྱུར་ཅིག །
ཅེས་པ་རབ་རྒྱན་ཆུ་འབྲུག་སྨིན་ཟླའི་གཟའ་ཚེས་དགེ་བར་གངས་ལྗོངས་བསྟན་སྲིད་ཡོངས་ལ་ཕན་བདེས་ཐབས་སུ་རྒྱལ་གླུ་གཉུག་མའི་རང་སྒྲ་ཞེས་པ་ཐོལ་བྱུང་དུ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་སྨྲས་པས་འབྲེལ་ཚད་ཐམས་ཅད་དོན་དང་ལྡན་པར་གྱུར་ཅིག་གུ
ཤྲྰི་སརྦ་ཀེ་ལ་ཤ་བི་ཛ་ཡནྟུ། །
སྤྱན་རས་གཟིགས་ཡིན་པ་འདྲ་ལགས།
བོད་རྒྱལ་གླུ་དགོས་པ་མེད་གང་ཡིན་ཞེ་ན་ཡོད་ཡོད་རེད། སྔོན་དུས་ཁྲི་བྱང་རྡོ་རྗེ་འཆང་གི་དོལ་རྒྱལ་གྱི་བཀའ་ལུང་ལ་བསྟུན་ནས་གསུང་བྱིན་རླབས་ཅན་དེང་སང་བཙན་བྱོལ་བ་ཚོས་དད་པ་དང་དག་སྣང་ཆེན་པོས་སྐྱོར་བཞིན་པ་དེ་རེད། དེ་ལས་བྱིན་རླབས་ཆེ་བ་གང་ན་ཡོད་ཁྲི་བྱང་ནི་དོལ་རྒྱལ་ཚང་གི་བླ་མ་གཙོ་བོ་ཕ་བོང་ཁ་པའི་དངོས་སློབ་དེ་རེད། ཁོང་གི་གསུང་དེས་རྒྱལ་གླུ་ཡན་ཆོད་ལ་བྱིན་རླབས་འཇུག་ཡོད།
ད་ཤ་རུལ་དུམ་པུ་གཅིག་གཡུག་སོང་ང་། ཤ་སྦྲང་དང་ཁྱི་ལྡོམ་ཚོ་འོང་ངེས། སྒུགས་ཨང་།
གོང་གི་རྒྱལ་གླུ་དེ་ནི་སྔགས་རྒན་ནག་འཛག་ཞིག་གིས་བྲིས་པ་འདྲ།
འདི་ནི་མི་རིགས་ཞིག་གིས་རྒྱལ་གླུ་མ་རེད་འདི་ནི་ཆོས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་ཞིག་ལས་
མི་རིགས་ཞིག་གིས་ཤ་ཁྲག་ལས་རྩ་འཛུགས་བྱེས་པའི་རྒྱལ་ཁབ་ལ་འབྲེལ་བ་མེད་གི།
ཆོས་ཀྱིས་རྒྱལ་ཁབ་འཕུང་བ་ལས་ནམ་ཡང་མི་སྐྱོབས་ལོ་རྒྱུས་ལ་ཕྱིར་རྟོགས་དང་དངོས་བྱུང་ལ་ངོས་ལེན་བྱེད་རོགས།
རྒྱལ་ཁབ་མེད་པའི་རྒྱལ་གླུ་དེ་འདྲ་མང་པོ་ཡོད་མཁན་དེ་འདྲ་བོད་པ་མ་གཏོགས་མེད་པ་འདྲ། འོན་ཀྱང་རྒྱལ་གླུ་མེད་ན་ངོ་ཚ་དགོས་པ་ལས། རྒྱལ་གླུ་མང་ན་སྐྱོན་གང་ཡང་མེད་པས་འགྲིགས་པ་རེད།
རྒྱལ་གླུ་ཞེས་པ་རྒྱལ་ཁབ་དེའི་ངོ་པོར་མཚོན་བྱེད་ཅིག་དགོས་པས་ལག་ཐོགས་ཚད་ཀྱིས་བྲིས་ཆོག་ཆོག་ཅིག་མིན་པ་འདྲ། མ་གཞི་རྩོམ་ཡིག་འདི་ནི་རྒྱལ་གླུའི་མིང་ཡང་ཐོགས་དཀའ་སེ་འདུག་སྙམ། ཕྱོགས་གཞན་ཞིག་ནས་གླེང་ན་བོད་ལ་ད་དུང་རྒྱལ་ཁབ་ཅིག་མེད་པས་རྒྱལ་གླུ་ཡང་སུས་ཀྱང་གང་འདོད་ཀྱིས་བྲིས་མི་ཆོག་པ་ཞེ་དྲག་ཡོད་རྒྱུ་མ་རེད། ཡིན་ནའང་ད་ལྟའི་ང་ཚོའི་རྒྱལ་གླུ་འདི་མ་འོངས་པར་བཟོ་བཅོས་ཤིག་ཏན་ཏན་ཡོང་གི་རེད་ལ་ཡོང་ཡང་དགོས་པ་འདུག
རྒྱལ་གླུ་ཞིག་ད་རེད་མི་འདུག ཆོས་གླུ་ཞིག་རེད་གཞག ཕལ་ཆེར་རྫོགས་ཆེན་གྱི་ཆོས་གླུ་ཡིན་འགྲོ
ཧ ཧ དགྱེས་རྡོར་འདིས་རྒྱལ་གླུ་དང་རྒྱལ་དར་བརྗེ་དགོས་ཟེར་མཁན་དེ་རེད། སྣ་འཐེན་ནས་ཁ་ནང་དུ་ཨེ་འོང་ལྟ་མཁན་རེད། ཧ ཧ དོལ་རྒྱལ་གླུ་དངོས་དེ་འདི་རེད།
སྲི་ཞིའི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར།
ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར།
བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་བའི་མགོན།
འཕྲིན་ལས་ཀྱི་རོལ་མཚོ་རྒྱས།
རྡོ་རྗེའི་ཁམས་སུ་བརྟན་པས་ཕྱོགས་ཀུན་བྱམས་བརྩེས་སྐྱོང་།
གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས།
བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་པས་ཁྱབ།
ཆོས་སྲིད་ཀྱི་དཔལ་ཡོན་དར།
ཐུབ་བསྟན་ཕྱོགས་བཅུར་རྒྱས་པས་འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར།
བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཉི་འོད་ཀྱི།
བཀྲ་ཤིས་འོད་སྣང་འབུམ་དུ་འཕྲོ་བའི་གཟིས།
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག།
རྒྱལ་གླུ་རེད་མི་འདུག རྫོགས་ཆེན་བསྟན་རྒྱས་སྨོན་ལམ་རེད་འདུག
ཁྲི་བྱང་གིས་གསུངས་རྒྱལ་གླུ་དེ་ཡང་བསྟན་རྒྱས་སྨོན་ལམ་དང་༧གོང་ས་མཆོག་གི་ཞབས་བརྟན་གཉིས་ཀར་རེད།
རྒྱལ་གླུ་དེ་ཡང་ཚིགས་བཅད་ཡིན་པ་འདྲ་བོ་ཚིགས་ལྷུག་ཡིན་པ་འདྲ་བོ་རྩོམ་ཁྱད་ཚར་ཞིག་འདུག
གང་ལྟར་གཞི་རིམ་སློབ་གྲྭར་རྒྱལ་གླུའི་འགྲེལ་བཤད་རྒྱབ་ན་གོ་ཁག་པོ་ཆགས་ཀྱི་རེད། དཔེར་ན་ཚིགས་རྐང་དང་པོར་སྲིད་ཞི་ཕན་བདེ་ཞེས་འགྲེལ་བཤད་རྒྱབ་དུས་སྲིད་་པ་འཁོར་བ་དང་ཞི་བ་མྱང་འདས་ལབ་ཡོང་དུས་སློབ་ཕྲུག་ཚོ་མགོ་འཐོམ་གྱི་རེད།
བོད་པ་ཚང་ལ་རྒྱལ་གླུ་ངོ་མ་ཞིག་གོང་ས་མཆོག་ནས་གསུང་གནང་མཛད་ན་ཤིན་ཏུ་བཟང་གི་་་་་་་་་་་་་་་་་་དེ་མིན་སུས་བྲིས་ཀྱང་བོད་ཀྱི་རྒྱལ་གླུ་དག་མ་ཞིག་འོང་དཀའ། ་་་་་་་་་་་་་་་་་་་་་་་་་་་་་ཁྲི་བྱང་གི་བྲིས་པའི་རྒྱལ་གླུ་དེ་ནི་ལྟས་ངན་རང་རེད་་་་་་་་་་་་་་་་་་་་་་དོལ་རྒྱལ་འདྲེ་ལ་བློ་གཏད་བཅོལ་མཁན་ཞིག་གིས་བྲིས་པ་ལ་བོད་ཀྱི་རྒྱལ་གླུ་མ་རེད་ཕམ་གླུ་རང་རེད་་་་་་་་་་་་་་་་་་་་ཐོག་མ་ནས་རྟེན་འབྲེལ་ཉེས་འདུག་་་་་་་་་་་་་་་་་་་ད་ངོ་མ་རྒྱལ་གླུ་ཞིག་སྐུལ་མ་རན་འདུག
ད་ལྟའི་བར་གྱི་བོད་ཀྱི་རྒྱལ་གླུ་ནི།
སྲི་ཞིའི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར།
ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར།
བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་བའི་མགོན།
འཕྲིན་ལས་ཀྱི་རོལ་མཚོ་རྒྱས།
རྡོ་རྗེའི་ཁམས་སུ་བརྟན་པས་ཕྱོགས་ཀུན་བྱམས་བརྩེས་སྐྱོང་།
གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས།
བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་པས་ཁྱབ།
ཆོས་སྲིད་ཀྱི་དཔལ་ཡོན་དར།
ཐུབ་བསྟན་ཕྱོགས་བཅུར་རྒྱས་པས་འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར།
བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཉི་འོད་ཀྱི།
བཀྲ་ཤིས་འོད་སྣང་འབུམ་དུ་འཕྲོ་བའི་གཟིས།
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་གྱུར་ཅིག།
རྒྱལ་གླུ་འདི་མཛད་མཁན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བཀའ་དྲིན་བརྗེད་མི་ཉན་ནོ། གཞོན་སྐྱེས་ཚོ།
དེ་བཞིན་༸སྐྱབས་རྗེ་ཕ་བོང་ཁ་ཡང་ལམ་རིམ་པ་བླ་མ་རྩ་ཆེན་ཅིག་ཡིན་པ་འདྲ། འོ་ན་དོལ་རྒྱལ་བརྟེན་ནོ། ཟེར་ན་ཤིང་ལ་འཛེར་པ་ཡོད་ན་དེ་ཤིང་བཟང་པོ་མིན་ཏེ། འཛེར་པ་ཡོད་པའི་ཕྱིར། ཟེར་ན་ནོར་བ་མ་ཡིན་ནམ། འདི་ནི་ངའི་རྨོངས་དད་ཅིག་ཡིན་སྲིད་ཀྱང་། རྨོངས་དད་འདིས་ང་ལ་ནི་ཕན་ཐོགས་ཆེན་པོ་འདུག་གོ །
དཔལ་དགྱེས་པ་རྡོ་རྗེའམ་རྩོམ་པ་པོ་ཁོང་གིས་དང་པོ་དག་ཡིག་ཡག་པོ་ཞིག་སྦྱངས་ཏེ་གཞི་ནས་རྩོམ་ཡིག་ཅིག་བྲིས་ན་གཟི་བརྗིད་ཡོད་ས་རེད་་་་་དེ་དུས་བྲིས་ན་ཆོས་གླུ་འདྲ་ཞིག་ཆགས་རྒྱུ་མ་རེད་བསམ་གི་་་་་ད་མིན་རྒྱལ་གླུ་ཡིན་ནམ་ཆོས་གླུ་ཡིན་་་་ད་དུང་མཚམས་རེར་སྐྱོ་གླུ་འདྲ་ཞིག་ཆགས་ཀྱི་འདུག་་་་
མཐའ་མའི་ཚིག་དེས་ཡང་ཕྱོགས་འཐེན་སྙིང་ཤ་འདར་ནི་ཞིག་བྱས་འདུག་་་་་
གྲྭ་ལོག་དེ་ཚོ་རང་གར་འདུག་གི་མ་རེད། ཁྱད་པར་དུ་དཔལ་དགྱེས་ཟེར་བའི་བཀའ་ལོག་དེ་ཁ་བཙུམ་ནས་འདུག་མཁན་ཞིག་མ་རེད། རང་ངོ་ལ་ཤ་བ་སོང་ཀྱང་མི་མཐོང་མཁན་ཞིག་དང་གཞན་ངོ་ལ་ཤིག་གུ་སོང་ཡང་སྡུག་སྐད་རྒྱག་མཁན་གྱི་སྡོམ་ཤོར་ཞིག་རེད། འོན་ཀྱང་ད་དུང་ཧམ་བཤད་ཀྱིས་ཁོ་གཏེར་སྟོན་ཞིག་ཡིན་མདོག་གིས་རྙིང་བསྟན་རྩ་གཏོར་དུ་གཏོང་བཞིན་ཡོད་རེད། བསྟན་དགྲ་འདི་རིགས་ཀྱིས་སྔར་ཡང་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་རྙིང་མའི་བསྟན་པ་རིན་པོ་ཆེ་ལ་རྨ་ཇི་ཙམ་འབྱིན་ཡོད་པ་གསལ་པོ་རེད། ད་དུང་སྡུག་ཁ་མི་བཙུམ་པར་ཚིག་ཉོགས་རེ་ཟུང་བྲི་ཡོང་བའི་སྐབས་སུ་ཡང་ཕྱོགས་རིས་དང་འཐེན་ཁྱེར་གྱི་ནད་འབུ་དེ་སླར་ཡང་གསོ་ཡོང་གི་ཡོད་པ་ཟུར་བལྟས་ལེབ་མཐོང་རེད་མི་འདུག་གམ།
རྒྱལ་གླུ་ནི་རྗེས་མར་བོད་ཀྱི་དཔའ་མོ་ཚོས་དགྲ་དམགས་ཕྱོགས་མཐར་བསྐྲད་དེ་བོད་འདི་ལ་དངོས་ཡོད་ཀྱིས་དགྲ་ལས་རྒྱལ་བའི་ཁབ་ཅིག་ཡོད་པར་བཟོས་ན་ད་གཟོད་རྒྱལ་གླུ་ཞིག་ཡོད་པ་རེད། དེ་ནི་སྐབས་དེ་ཡི་དུས་ཀྱི་བོད་མི་དཔའ་བོ་དཔའ་མོ་དག་གི་སེམས་པའི་གཏིང་རིམ་ནས་མི་རིགས་འདི་དང་བོད་ཡུལ་འདི་ལ་བཅངས་བའི་ཤ་ཚ། བརྩེ་དུངས། རྒྱལ་ཞེན། རིན་འབབ། ང་རྒྱལ། སྤོབས་པ་སོགས་ཚང་དགོས་བའི་ལམ་ནས་ཡོང་རྒྱུ་ཞིག་ལས། སྐྱིད་ཉལ་རྒྱག་བཞིན་ཁྲི་ཐོག་དང་གདན་ཐོག་ནས་རྒྱལ་གླུ་ཞིག་འབྲི་བར་འདོད་པ་ནི་ངོ་ཚ་དང་ཞབས་འདྲེན་རང་རེད། ད་དུང་མི་འདི་དག་གི་བསལ་བློའི་ནང་ན་རྒྱལ་ཁབ་ཞིག་གི་རྒྱལ་གླུའི་དགོས་པ་རྒྱུ་མཚན་གང་ཡང་མ་ཤེས་པར། འཇིག་རྟེན་འདི་ན་ཡོད་ཙམ་ལས་མི་གྲལ་ཞིག་ན་མེད་ཚོད་དུ་ལུས་འདུག་ན་ཐུགས་ལ་ཞོག།
ཁྲི་བྱང་གི་རྒྱལ་གླུ་དེ་དགའ་ལྡན་གཞུང་དང་༧རྒྱལ་བ་རིན་པོ་ཆེས་དབང་བཟུང་བའི་སྐབས་ཁོ་ན་ལས་འབྲེལ་བ་མི་འདུག རྒྱལ་གླུ་ཞིག་རྩོམ་ན། སྲིད་འཛིན་གྱི་གཞུང་དེ་ག་ཚོད་འགྱུར་ནའང་རྒྱལ་གླུ་ལ་འགྱུར་བ་གཏོང་མི་དགོས་པ་ཞིག་དགོས་ངེས་སུ་མཐོང་།
ཁྲི་བྱང་རིན་པོ་ཆེ་ལ་ནོར་འཁྲུལ་ཤོར་ཡོད། ཁོང་དང་རྒྱལ་བ་རིན་པོ་ཆེའི་དབར་ལ་དམ་ཚིགས་ཤོར་མེད། ཁོང་སྔོན་མ་ཡང་རྒྱལ་བ་རིན་པོ་ཆེའི་དབུ་བླ་རེད་ལ། ད་དུང་ཡང་རྒྱལ་བ་རིན་པོ་ཆེ་ཞོགས་ལྟར་གསོལ་འདེབས་བྱ་ཡུལ་གྱི་བླ་མ་ཞིག་རེད། རྒྱལ་བ་རིན་པོ་ཆེའི་དྲུང་ནས་ཆོས་ཞུ་མཁན་རྣམས་གཟབ་གཟབ་བྱེད་དགོས་པ་ཞིག་ནི། ངེད་ཚོར་ཁྲི་བྱང་རིན་པོ་ཆེའི་རྒྱུད་པའི་བྱིན་རླབས་ཕོག་ཡོད། དཔེར་ན། རྒྱལ་བ་རིན་པོ་ཆེས་ལམ་རིམ་ཞུ་ས་གཙོ་བོ་གཅིག་ཁྲི་བྱང་རིན་པོ་ཆེ་རེད། རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་གསུང་ཆོས་གང་ཞུས་ཡོད་མིན་དེ་ཁོང་གི་མཛད་རྣམ་སྙིང་རྗེའི་རོལ་མཚོར་གཟིགས་དང་།
རྒྱལ་བ་མཆོག་གིས་ང་ཚོར་སུ་ཞིག་གིས་སྦྱིན་མྱོང་མེད་པའི་བྱམས་པ་དང་། ཆོས་ཀྱི་བཀའ་དྲིན་བསྐྱངས་ཡོད། ཁོང་གིས་ང་ཚོ་བོད་པ་རྣམས་ལ་བཅངས་པའི་ཐུགས་བརྩེ་ནི་ཤིན་དུ་དགའ་བར་འོས་པ་དང་མོས་གུས་བྱེད་འོས་པ་ཞིག་རེད། ང་ཚོས་འདིར་རྒྱལ་བ་ཁོང་གིས་རྩ་བའི་བླ་མ་དྲིན་ཅན་གཙོ་བོ་ཞིག་ལ་རྩིས་པའི་ཁྲི་བྱང་རིན་པོ་ཆེ་ལ་ཁ་བརྡུང་བཏང་ན། རྒྱལ་བ་ཁོང་ག་ཚོད་ཐུགས་ཕམ་ཡོང་གི་མ་རེད་དམ།
ཆོས་ཁས་མ་ལེན་མཁན་ཞིག་གི་ངོས་ནས་བཤད་ན། རྒྱལ་བ་རིན་པོ་ཆེར་སྙིང་མ་རྗེ་འམ། ཁོང་གིས་ཆོལ་གསུམ་དབྱེར་མེད། ཆོས་ལུགས་རིས་མེད། བྱམས་དང་སྙིང་རྗེ། བདག་པས་གཞན་གཅེས་པའི་དགོངས་པ་ཞིག་ཐུགས་ལ་ཆུད་ནས་ང་ཚོར་མ་སྐྱེས་ཨ་ཕ་ཞིག་གི་འགན་འཁུར་ཞིག་བསྣམས་ནས། བོད་པའི་མ་འོངས་པར་བསམ་གཞིགས་ནན་པོས། ད་བར་ལ་དཀའ་ལས་ཞིག་སྐྱོན་ནས། ངའི་གཅེས་པའི་བོད་མི་དམངས་རྣམས་དང་ངའི་གཅེས་པའི་ན་གཞོན་བོད་ཕྲུག་རྣམས་ལ་ངས་འགན་མ་འཁུར་ན་སུས་འཁུར་དགོངས་ནས། ཉིན་མ་གཅིག་གི་དཔེ་ལྟར་བོད་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཆེད། ལུས། ངག། ཡིད། རྒྱུ་ནོར། ལོངས་སྤྱོད། ཤེས་བྱ་ཡོན་ཏན་ཚང་མ་གཏོང་བཞིན་པའི་སྐབས་ལ། ཁོང་གིས་གཅེས་པར་འཛིན་པའི་བླ་མ་ཞིག་ལ་ཁ་བརྡུང་བཏང་ན། ལས་རྒྱུ་འབྲས་མ་རེད་སྙམས།
ཞོག་གཅིག་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་ཟེར། ཞོག་གཅིག་ནས་ཁོང་གི་ཐུགས་ཕམ་འགྲོ་བའི་ལས་ཀ་བརྩམས་ན་སེམས་དྭངས་མ་ཞིག་རེད་དམ།
གོ་ལ་དེའི་སྟེང་གི་མཁས་མཛངས་ལྡན་པ་དང་། བློ་རིག་བཀྲ་བ། དེ་བཞིན་དགོངས་པ་ཡངས་བའི་དབུ་ཁྲིད་དང་མི་སྣ་ཕུལ་བྱུང་ཡོད་དོ་ཅོག་གིས། ངོ་ལྐོག་དང་རྒྱབ་མདུན་མགོ་གཉིས་མའི་མི་ལ་ཁ་བརྡུང་གཏོང་བཞིན་འདུག། ང་ཚོས་འདི་ལྟར་བགྱིད་ན། ཆོས་པ་ཕར་ཞོག། མི་ཕལ་པ་ཞིག་གི་རྩ་དོན་ནས་འགལ་བ་མ་རེད་དམ།
དེ་བཞིན་མགོན་ཕྱག་གཉིས་པས་བཤད་པའི་གཏམ་ཏེ། “རྒྱལ་གླུ་ཞིག་རྩོམ་ན། སྲིད་འཛིན་གྱི་གཞུང་དེ་ག་ཚོད་འགྱུར་ནའང་རྒྱལ་གླུ་ལ་འགྱུར་བ་གཏོང་མི་དགོས་པ་ཞིག་དགོས་ངེས་སུ་མཐོང་།”ཞེས་པར་རྒྱུ་མཚན་ཟབ་པོ་ལྡན་སྙམས། དེར་བརྟེན་མ་འོངས་པ་ན། བསྐལ་པ་བཟང་པོ་ཞིག་ཤར་ནས། ངེད་ཚོ་བོད་པ་ཚང་མ་བོད་མཐོ་སྒང་གི་སྟེང་ལ་རང་སྲིད་རང་གིས་སྐྱོང་བའི་དུས་སྐབས་ཤར་ཚེ། ངེས་པར་དུ་ངེད་ཚོའི་རྒྱལ་གླུར་སྒྱུར་བ་གཏང་སྟེ། གངས་ལྗོངས་ཀྱི་རྒྱལ་གླུའི་ནང་ལ། ངེད་ཚོའི་མཛེས་པའི་ཕ་ཡུལ་གྱི་བཀོད་པ་དང་། ཡིད་དབང་འཕྲོག་པའི་བོད་མི་རིགས་ཀྱི་བསམ་པའི་དཔལ་ཡོན། དེ་བཞིན་གཅེས་པར་འོས་པའི་ངེད་ཚོའི་མི་རིགས་ཀྱི་ཕུགས་བསམ་མཚོན་ཐུབ་པའི་རྒྱལ་གླུ་རྣལ་མ་ཞིག་ཡོང་བར་སྨོན་ལམ་འདེབས་རྒྱུ་ལགས།
བོད་མི་ཅིག་གིས།
༸ཁྲི་བྱང་༸གོང་མར་ཕྱ་དམོད་བྱས་པ་གླེན་རྟགས་རེད། །
རྒྱལ་གླུ་གསར་བཟོས་གཏོང་ས་མེད་པ་ངོ་ཚ་རེད། །
རྒྱལ་ཁ་ཐོབ།
རྒྱལ་གླུ་བླངས།
རྒྱལ་དར་བསྒྲེང་།
རྒྱལ་འབངས་བདེ།
རྒྱལ་ལོ་རྒྱལ་ལོ་བོད་རྒྱལ་ལོ། །
ངས་རྒྱལ་གླུ་གཏོང་དུས་སེམས་ཚོར་དང་བཅས་སྐད་ཆེན་པོས་ལེན་གི་ཡོད། ལྷག་པར་མི་འབོར་མང་པོའི་ནང་སྐད་ཤུགས་ཆེན་པོས་བླང་དུས་དེ་བས་ཀྱང་སེམས་ཚོར་སླེབས། རང་ཉིད་བོད་པ་ཞིག་ཡིན་པ་དང་། རང་ཡུལ་དགྲ་ལག་ཤོར། གཞན་ཡུལ་དུ་ཁྱི་བཞིན་ཉུལ་བའི་སྣང་ཚུལ་ལམ་ལམ་འཆར་ཡོང་།
དེ་སྐབས་ཁྲི་བྱང་གིས་བརྩམས་པ་སུས་བརྩམས་བསམ་བློ་གཏོང་གི་མེད་ལ་ཚིག་དོན་བསམ་བློ་གཏོང་གི་མེད། I just feel I’m a Tibetan, ཙམ་ཡིན།
ངས་ན་ནིང་དུས་བབ་ནང་ལ་བོད་ཀྱི་རྒྱལ་གླུ་ཅིག་མཆན་བུར་བྲིས་ཡོད། དེ་ད་ལྟ་ཕྱིར་ལོག་ནས་ལྟ་ཀློག་ངས་ནི་བྱེད་མི་ཤེས། བརྗོད་དོན་ཅུང་ཟད་བསྒྱུར་བ་ཞིག་ཐེབས་སོང་ཡང་། གདངས་རྙིང་པ་རང་འཇགས་ཡོང་ཕྱིར། ཚིག་རྐང་རིང་ཐུང་མཉམ་པ་བཟོས་ཡོད་ཀྱང་་་་་་
ཚང་མ་འགྱུར་བ་གཏོང་དགོས་དོན་མེད། མི་ལོ་ལྔ་བཅུ་རྒྱལ་གླུ་དེ་རང་བཏང་ནས་ཡོང་བ་རེད། ད་ཉོན་མོངས་དུག་གསུམ་གྱི་མྱོས་པའི་ས་མཐའི་སྤྲང་ཕྲུག་ཁ་ཤས་ཀྱིས་འདིས་འགྲིག་གི་མི་འདུག ཕ་གིས་འགྲིག་གི་མི་འདུག་ཟེ་བཙན་བྱོལ་སྤྱི་ཚོགས་ནང་མ་འགྲིག་པ་རྐྱང་བཤད་ནས་བློ་སེམས་༧རྒྱལ་བ་རིན་པོ་ཆེར་ཕྱོགས་པའི་དད་ཅན་དག་ཀྱང་ལོག་ལམ་དུ་འཁྲིད་ཡག་ཉེན་ཁ་འདུག
ཁྲི་བྱང་ཆོས་གང་ཞིག་བྱས་མ་བྱས་ཁོ་རང་གི་རང་དབང་རེད། ཡིན་ནའི་ཁོ་པ་བོད་རིགས་ཞིག་ཡིན་པའི་ཆ་ནས་བོད་པའི་ལ་རྒྱ་ཡོད་པའི་ཆ་ནས་རྒྱལ་གླུ་བརྩམས་པ་རེད། བོང་བུ་མེད་ཙང་བྱ་དེས་ནམ་ཚོད་བྱས་པ་རེད། ད་བོང་བུས་རྒྱལ་གླུ་བརྩམས་ན་བོད་མི་སྤྱི་བོ་ཡོངས་ཀྱི་ཁས་ལེན་བྱེད་ཨེ་ཐུབ། སྔོན་ལ་རང་གཟུགས་ཞིག་མངོན་དང་དེ་ནས་ཤེས་ཡོང་༽༽
ཨོ་ཨོ། ཁྲི་བྱང་གིང་རྩོམ་ཡིན་པ་ད་རིས་མ་གཏོགས་ཤེས་མ་སོང་། གོ་ཐོས་ལྟར་ན་འཇུ་ཆེན་གྱིས་རྒྱ་འདྲེ་ཁུག་ཏུ་ཞུགས་པའི་རོ་ལོང་དེ་བསད་མེད་ན་རོ་ལང་བརྒྱག་ས་རེད་ཟེར། དེ་འདྲ་བྱས་ཙང་ལྷ་འདྲེ་ཟེར་བ་ལྟོས་ལྟོས་འཇོགས་ཡིན་པས་རྒྱལ་ངན་སྒྲུབ་མཁན་ཞིག་གིས་བྲིས་པ་སྨོན་ལམ་ལོག་པ་རེད་སྙམ། ད་ཡིན་ན་རྒྱལ་བ་རིན་པོ་ཆེ་ལ་བོད་གཞི་བྱེས་ཡོངས་ཀྱིས་བོད་རྒྱལ་གླུ་ཞིག་གསུང་བསྐུལ་ཞུས་ན་ཡག་པོ་འདུག་བསམ་སོང་།