དགེ་འདུན་རབ་གསལ།
——————-
སྔ་ལོའི་ལོ་མཇུག་ཏུ། ༧གོང་ས་མཆོག་གིས། བོད་ཁྱིམ་སློབ་གྲྭར་འདས་པའི་བཙན་བྱོལ་གྱི་ལོ་ཟླ་དག་གི་ནང་བོད་མིའི་སློབ་གྲྭ་ཁག་ཏུ་ཤེས་ཡོན་གྱི་གནས་སྟངས་སྐྱོ་བོ་ཡིན་སྐོར་བཀའ་སློབ་ཕེབས་ཤིང་། དེ་ནས་སླར་ཡང་དམིགས་བསལ་ཚོགས་ཆེན་གྱི་མཇུག་ཏུ་ཆེད་ལས་པ་ཉུང་བའི་སྐྱོན་ཡོད་པའི་བཀའ་སློབ་ཕེབས་པ་ནས་བཟུང་། བཙན་བྱོལ་ནང་འདིའི་སྐོར་གྱི་གླེང་གཞི་དེ་ཆེན་པོ་ཆགས་ཤིང་། ཤེས་རིག་ལས་ཁུངས་ཀྱིས་ཀྱང་བོད་ཀྱི་དུས་བབ་ཏུ་གསལ་བསྒྲགས་ཤིག་སྤེལ་ནས་བོད་མིའི་ཆེད་ལས་སློབ་ཐོན་པ་གང་ན་སུ་ཡོད་རྣམས་ཀྱིས་ཐོ་གཞུང་བཙན་བྱོལ་གཞུང་ལ་འབུལ་དགོས་པའི་སྐུལ་མ་བྱས་འདུག་ལ། ༼འདི་ཡང་༧གོང་ས་མཆོག་ལ་ཐུགས་གསོ་ཞིག་འབུལ་ཆེད་ཡིན་ལས་ཆེ་སྙམ།༽ ཁ་བརྡ་དྲ་དེབ་སྟེང་དུ་ཡང་རབ་འབྱོར་ལགས་ཀྱིས་ཡོད་ཚད་༧རྒྱལ་བ་རིན་པོ་ཆེ་ལ་སྒུག་པའི་བོད་མིའི་གཤིས་ཀ་དེ་འགྲེལ་བརྗོད་བྱས་འདུག ངེད་ཀྱིས་ཀྱང་འདི་འབྲེལ་གྱི་གནས་ཚུལ་ཐད་བསམ་ཚུལ་འགའ་རེ་བྱུང་བ་གཤམ་གསལ་ལྟར་ཡིན།
༡ ཆེ་མཐོང་།
ངས་རང་གི་གྲོགས་པོ་ཞིག་ལ་འདིའི་སྐོར་ལ་ཁ་བརྡ་བྱས་པ་ཡིན། “༧རྒྱལ་བ་རིན་པོ་ཆེ་གཙོས་བོད་གཞུང་གིས་འདིའི་སྐོར་ལ་ཐུགས་བསམ་བཞེས་ཀྱི་འདུག” ཅེས་བཤད་པར། ཁོང་གིས། “མ་རེད། བོད་གཞུང་གིས་བོད་ཀྱི་མཁས་པ་ཚོ་ལ་མཐོང་ཆུང་བྱས་ཡོད་པ་ལས་མཐོང་ཆེན་ཞིག་བྱས་མེད། སོ་སོའི་གཞུང་དང་དབུ་འཁྲིད་ཀྱིས་སོ་སོའི་མཁས་པ་ལ་མཐོང་ཆེན་མ་བྱས་པ་ཡིན་ན། ཆེད་ལས་མཁས་པ་དེ་འདྲ་ཡོང་ཐུབ་གི་མ་རེད།” ཅེས་ང་ལ་ལན་བཏབ་བྱུང་། འདི་ལ་རྒྱུ་མཚན་མེད་པ་རེད་ཅེས་རྩ་ནས་བསམས་མ་སོང་། འདབ་གཤོག་གཉིས་ལྡན་གྱི་མཁས་པའམ་ཡང་ན་འདབ་གཤོག་གཅིག་ལྡན་གྱི་མཁས་པ་གང་ཡིན་ཡང་། ང་ཚོས་དེ་ལ་མཐོང་ཆེན་འདི་བྱས་ཡོད་ཅེས་ངས་ལམ་སེང་དྲན་གི་མི་འདུག ༼ཨོ་རེད། སྤྱི་འཐུས་ཀྱི་ནང་ཐད་བསྐོས་སྤྱི་འཐུས་འགའ་རེ་བྱུང་བ་རེད། དེ་ཚོའི་གྲས་སུ་བླ་མ་དང་དགེ་རྒན། གྲྭ་པ་ཁ་ཤས་བྱུང་བ་རེད།༽ གྲོས་ཚོགས་དང་ཡང་ན་གཞུང་། ཐ་ན་སྐུ་སྒེར་ཡིག་ཚང་བཅས་ནས་བོད་ཀྱི་མཁས་པའམ་ཆེད་ལས་པ་འདི་ལ་གཟེངས་བསྟོད་ཀྱི་གཟིགས་གསོལ་འདི་གནང་སོང་ཞེས་ང་ཚོ་ལ་ཞུ་རྒྱུ་མེད། བསྟན་འཛིན་བསོད་ནམས་བཟའ་ཚོ་གཉིས་ཀྱིས་སྐད་གྲགས་ཅན་གྱི་གློག་བརྙན་ག་ཚོད་ཅིག་བཟོས་སོང་། གནའ་བོ་དང་དེང་རབས་ཀྱི་གཞས་པ་གྲགས་ཅན་ཚོ་ལ་བློ་བཟང་དབང་རྒྱལ་མ་གཏོགས་གཞུང་གིས་གང་གནང་སོང་། ཚེ་རིང་ཤཱཀྱས་རྒྱལ་རབས་ཐོན་སྐབས་ང་ཚོའི་གཞུང་གིས་གང་གནང་ཡོད། བལ་ཡུལ་གྱི་བཟོ་གྲྭའི་བདག་པོ་འབྱོན་ཐང་ཅན་དེ་ཚོ་ལ་དམིགས་པའི་གཟེངས་གསོལ་གང་གནང་ཡོད། འདི་དག་ནི་དཔེ་མཚོན་གྱི་ཆེད་དུ་མིང་འདོན་བྱས་པ་ཡིན་ལ། དཔེ་མཚོན་འདི་འདྲ་ཤིན་ཏུ་མང་པོ་ཡོད་སྙམ། མཁས་པ་དང་ཆེད་ལས་པ་ཞིག་གིས་གཟིགས་གསོལ་ཆེ་མཐོང་འདི་འདྲ་ལ་རེ་སྒུག་བྱེད་མི་རུང་བ་དང་མི་འོས་པ་ཞིག་ཡིན་སྲིད་མོད། འདི་འདྲ་མེད་པའི་རྐྱེན་གྱིས་སློབ་ཕྲུག་ཚོ་ལ་མིག་དཔེ་བལྟ་ས་ཞིག་མེད་སོང་བ་རེད་བསམས།
༢ སྐྱབས་བཅོལ་བ།
ཆེད་ལས་མཁས་པ་མི་ཐོན་པའི་གནད་གཞན་ཞིག་ནི་ང་ཚོ་སྐྱབས་བཅོལ་བ་ཡིན་པའི་རྐྱེན་གྱིས་ཡིན་པར་འདོད། ང་ཚོའི་ཕ་ཡུལ་དང་ང་ཚོའི་སློབ་སྦྱོང་གཉིས་ཧ་ཅང་ཐ་དད་པ་དང་ལོགས་ཀར་གྱུར་ཡོད། ང་ཚོའི་སློབ་སྦྱོང་གིས་ང་ཚོའི་ཕ་ཡུལ་ལ་ཞབས་འདེགས་ཞུ་བའི་ལམ་ཁ་དེ་ཆེས་ཆུང་བ་ལ་མ་ཟད་ཧ་ལམ་མི་མངོན་པ་ཞིག་ཏུ་གྱུར་ཡོད། དཔེར་ན། སྨན་པའི་ཆེད་ལས་ཤིག་གཉེར་པ་ཡིན་ན་ཡང་ལས་ཀ་ཐོབ་སའི་ས་ཆ་དེ་ཧ་ཅང་ཆུང་བར་གྱུར་ཡོད། གཉིས་ནས། ང་ཚོའི་སློབ་ཕྲུག་གི་ཕ་མ་རྣམས་ཀྱིས། “ལྟོ་གོས་གྲུང་པོ་བྱེད་དགོས་པ་རེད་ད།” ཞེས་རྟག་པར་སློབ་གསོ་རྒྱག་གི་ཡོད། དེ་ནི་སྐྱབས་བཅོལ་བ་ཡིན་སྟབས་ཉི་མ་ནམ་འཁྱོལ་ཞིག་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་ཆགས་ཡོད་ལ། གཏན་ལ་ཕན་པའི་སློབ་སྦྱོང་དང་འཕྲལ་གྱི་འཚོ་བ་གཉིས་ལས་འཕྲལ་གྱི་འཚོ་བ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།
༣ དཔེ་སྟོན་པ་མེད་པ།
ང་ཚོའི་སློབ་གྲྭ་དག་ཏུ་སློབ་ཕྲུག་ཚོར་མ་འོངས་མདུན་ལམ་སྟོན་པའི་སློབ་སྟོན་པ་ཡོད་སྐད་ཀྱང་། སློབ་ཕྲུག་ཚོར་སློབ་མ་ཆེ་གེ་མོ་ཞིག་གིས་ཆེད་ལས་སློབ་སྦྱོང་འདི་བྱས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཅེས་འགྲེལ་བཤད་ཅིག་མངོན་སུམ་གསོན་པོར་སྟོན་ཐུབ་ཀྱི་མེད་པ་འདྲ། ༼ངས་ཡོད་མེད་གསལ་པོར་མི་ཤེས།༽ ཆེད་ལས་སློབ་སྦྱོང་བ་དང་ཆེད་ལས་སློབ་སྦྱོང་ཐོན་མཁན་གྱི་རིགས་སློབ་གྲྭའི་དུས་དེབ་ཁག་ཏུ་འགོད་པའམ་ཡང་ན་སློབ་གྲྭ་ཁག་ཏུ་གདན་ཞུ་བྱས་ཏེ་ངོ་སྤྲོད་མ་བྱས་ཚེ། སློབ་མ་ཚོའི་སེམས་རྒྱུད་ལ་ཆེད་ལས་སློབ་སྦྱོང་ལ་ཧམ་སེམས་ཤིག་མི་སྐྱེས་པར་འདོད། ཧམ་སེམས་མེད་སོང་ན་ཆེད་ལས་སློབ་སྦྱོང་ལ་མི་ཞུགས་པ་ནི་ཞུ་མ་དགོས།
༤ སློབ་ཡོན།
བླ་མ་ཡོད་དུས་དད་པ་མེད།། དད་པ་ཡོད་དུས་བླ་མ་མེད།། ཟེར་བ་བཞིན་ང་ཚོའི་སློབ་མ་དང་སློབ་ཡོན་གཉིས་གནད་ལ་མ་འཁེལ་བ་ཡོང་སྲིད་པ་ཞིག་རེད། དེའི་ཁར་ང་ཚོས་སློབ་ཡོན་སྤྲོད་སྐབས་སློབ་མ་ལ་མ་བལྟས་པར་སློབ་མའི་རྒྱབ་ལྗོངས་ལ་བལྟས་པའི་བཤད་རྒྱུན་ཞིག་དང་དཀྲོག་གཏམ་ཞིག་ང་ཚོ་ལ་རྒྱུན་མ་ཆད་པར་ཡོད་བཞིན་པ་རེད། ཕྱི་རྒྱལ་ཁག་ཏུ་སློབ་གྲྭ་ལ་བཏང་བའི་སློབ་མ་ཚོའི་སྐོར་གྱི་གླེང་རྙོག་ནི་ཧ་ཅང་མང་བ་དེ་ཚོ་ནི་བཤད་མ་དགོས། མདོ་དོན། ཆེད་ལས་པ་བྱེད་རྒྱུའི་འདུན་པ་དང་ནུས་པ་ཡོད་རིགས་རྣམས་ལ་སློབ་ཡོན་མ་ཐོབ། ཆེད་ལས་པ་བྱེད་རྒྱུའི་འདུན་པ་དང་ནུས་པ་མེད་རིགས་ལ་སློབ་ཡོན་འཐོབ་ནས་ང་ཚོ་ལ་དཀའ་ངལ་ཞིག་ཡོང་ཡོད་མེད་ལ་ཡང་བརྟག་རྒྱུ་ཡོད་པ་རེད་སྙམ།
༥ གོམས་གཤིས།
བཙན་བྱོལ་ནང་གི་སློབ་གསོའི་ལམ་ལུགས་ལ་ཡང་བསྐྱར་ཞིབ་ཅིག་གནང་རྒྱུ་ཡོད་པ་རེད་བསམས། ང་ཚོའི་གོམས་གཤིས་ནང་ང་ཚོ་ལ་སློབ་གསོ་ཐེབས་པའི་གནད་དོན་གཅིག་ནི། ཚེ་འདི་དང་ཚེ་ཕྱི་མ་གཉིས་ལས་ཚེ་ཕྱི་མ་གལ་ཆེ་བ་དང་། དེ་བས་ལོ་ན་ཆེ་ཆུང་ལ་མ་ལྟོས་པར་ཚེ་ཕྱི་མའི་ཆེད་དུ་ཚོགས་བསགས་དགེ་སྦྱོར་བྱེད་དགོས་པའི་སྐུལ་མ་ཆེན་པོ་ཞིག་གཏོང་བཞིན་ཡོད་པ་དེ་ཡིན། ང་ཚོས་མི་འདུག་ཅེས་སྐད་རྒྱག་བཞིན་པའི་ཆེད་ལས་སློབ་སྦྱོང་ཟེར་བ་དེ་ཚོ་ནི་ཚེ་འདིའི་ཆེད་དུ་རེད་མ་གཏོགས་སྐྱེ་བ་ཕྱི་མའི་ཆེད་དུ་མ་རེད། འདིས་ཀྱང་ང་ཚོ་ཆེད་ལས་སློབ་སྦྱོང་ལ་ཞུགས་རྒྱུར་ཕྱིར་འཐེན་ཞིག་བྱེད་ཀྱིན་མེད་དམ་སྙམ།
གོང་གསལ་འདི་དག་ནི་རང་གིས་གང་དྲན་རྣམས་བསམ་འཆར་གྱི་ཚུལ་དུ་ཕུལ་བ་ཡིན། མུ་མཐུད་ནས་དྲན་པ་རྣམས་འདིར་བསྣན་ཏེ་ཞུ་ཆོག་པ་ཞུ།
བོད་ལ་ཆེད་ལས་པ་མེད་དོན་ཅི་ཡིན་ལབ་ན། དེ་ལ་ཉིད་ཀྱིས་གསུངས་བ་ནང་བཞིན་དེ་ལ་རྒྱུ་དང་རྐྱེན་མང་པོ་ཡོད་ཀྱི་རེད།
ངེད་ཀྱི་བསམ་པར། བོད་མི་སྒེར་བ་ཞིག་བ་མཚོན་ན། ཆེད་ལས་བ་བྱེད་ཐུབ་མིན་དང་བྱེད་རྒྱུའི་འདུན་པ་ཡོད་མེད་སོགས་སྣ་ཚོགས་ཤིག་ཡོད་རུང་།
གཙོ་བོ་བོད་མི་སྒེར་བ་སོ་སོའི་འདུན་པ་དང་གོ་སྐབས་། འགྲོ་སོང་གསུམ་ལ་ཧ་ཅང་རེག་ལས་ཀྱི་འདུག་སྙམ།
མི་སྒེར་བ་སོ་སོར་འདུན་པ་ཡོད། གོ་སྐབས་ཀྱང་རེག། འགྲོ་སོང་གིས་ཀྱང་འགྲིག་སོང་ན། བོད་པའི་སྤྱི་ཚོགས་སུ་ཆེད་ལས་བ་ཐོན་མཁན་མང་དུ་འགྲོ་གི་རེད།
འོན་ཀྱང་། དེ་རིང་སང་ཉིན་གྱི་བཙན་བྱོལ་ནང་གི་སློབ་གྲ་ཁག་ལ་རོབ་བལྟས་བྱས་ན། བྱིས་བ་ཚོ་ཆེད་ལས་བ་བྱེད་རྒྱུའི་འདུན་པ་མེད་པ་དེ་འདྲ་རེད་མི་འདུག
འདུན་པ་ཡོད་མཁན་ཧ་ཅང་མང་པོ་ཡོད་རེད། ཡིན་ན་ཡང་། གོ་སྐབས་ཉུང་ཉུང་རེད་། འོན་ཀྱང་། གོ་སྐབས་བཙལ་ན་མི་རེག་པ་དེ་འདྲ་རེད་མི་འདུག
མཐའ་མའི་ཐུག་ས་དེ་འགྲོ་སོང་ཞེས་བ་འདི་རེད། འགྲོ་སོང་གཏོང་མཁན་དང་འགྲོ་སོང་བཙལ་ས་མེད་པ་འདིས་སློབ་ཕྲུག་ཚོའི་སེམས་ཀྱི་ཕུགས་བསམ་དེ་བརླགས་ཀྱི་འདུག
འདིར་ངེད་ཀྱི་དཔེ་མཚོན་ཙམ་བཞག་ན།
ཁ་སང་གཟའ་སྤེན་པའི་ཉིན། ངེད་ཀྱིས་སློབ་གྲོགས་རྒྱ་གར་དུ་ཡོད་མཁན་གཉིས་དང་མཉམ་དུ་དྲ་ཐོག་ནས་སྐད་ཆ་བཤད་རྒྱུ་བྱུང་། ཁོང་གཉིས་ཀས་མཐོ་སློབ་དུ་དཔལ་འབྱོར་རིག་པའི་སྐོར་ལ་སྦྱོང་གི་ཡོད། ཁོང་གཉིས་ལ་དཔལ་འབྱོར་རིག་པ་དང་འཛིན་སྐྱོང་རིག་པའི་སྐོར་ལ་ཆེད་ལས་བྱེད་རྒྱུའི་འདུན་པ་ཡོད་པ་མ་ཟད། གོ་སྐབས་ཀྱང་རེག་གི་འདུག་ཟེར། འོན་ཀྱང་།
མཐའ་མའི་ཐུག་ས་དེ་འགྲོ་སོང་རེད་ཟེར། འགྲོ་སོང་གིས་ཁག་པོ་བྱེད་ཀྱི་འདུག་ཟེར།
ངེད་ཀྱི་སེམས་ན་གནས་ཚུལ་གཞན་ཞིག་ཀྱང་དྲན། ངེད་ཀྱི་གྲོགས་པོ་བོད་ཀྱི་དུས་བབ་ཀྱི་གསར་འགོད་པའི་ལས་ཀ་གཉེར་མཁན་ཞིག་ཡོད། ཁོ་རང་སྒེར་གྱི་ངོས་ནས་བརྗོད་ན་ཆེད་ལས་གསར་འགོད་པ་འདྲ་བོ་ཅི་ཡང་མ་རེད། འོན་ཀྱང་། ཁོང་ལ་ཆེད་ལས་གསར་འགོད་པ་ཞིག་བྱེད་རྒྱུའི་འདུན་པ་ཧ་ཅང་ཆེན་པོ་ཡོད། ཡིན་ན་ནང་། འགྲོ་སོང་གིས་མ་འགྲིག་པར་ཡོད།
གཞུང་གིས་ཆེད་ལས་བ་རྣམས་ལ་ཆེ་མཐོང་བསྐྲུན་གྱི་མེད་པ་དང་བསྐྲུན་ཐུབ་ཀྱི་མེད་པ་འདི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཆགས་ཡོད་པ་འདྲ།
ཆེད་ལས་བ་རྣམས་ཀྱིས་ཀྱང་གཞུང་ལ་གཞོགས་འདེགས་བྱེད་ཀྱི་མེད་པར་རང་ཁ་རང་གསོ་དང་གཞན་གྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད་པ་དེ་ཡང་དངོས་ཡོད་གནས་ཚུལ་རེད།
ངེད་ཀྱི་བསམ་པར། གཞུང་གིས་ཆེ་མཐོང་སྤྲད་མིན་ལ་མ་ལྟོས་བར། ཆེད་ལས་བ་རྣམས་ཀྱིས་ཀྱང་གཞུང་གི་ལས་རིགས་ཁག་ལ་སློབ་སྟོན་དང་རོགས་རམ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད།
གང་ལྟར། ཆེད་ལས་པ་ཚོས་ལབ་ན། གཞུང་གིས་ཁོང་ཚོར་རྐུབ་སྟེགས་ཡག་པོ་ཞིག་སྤྲོད་ཀྱི་མེད་ཚུལ་དང་གཞུང་གིས་ལབ་ན་ཆེད་ལས་བ་རྣམས་ཀྱིས་གཞུང་ལ་ཞབས་འདེགས་ཞུ་གི་མེད་ཚུལ་སོགས་ལབ་གླེང་སྣ་ཚོགས་ཤིག་ཡོད་རུང་། མདོར་དོན་ཐུག་ས་ནི་འདབ་གཤོག་གཉིས་ལྡན་ཞིག་མེད་པ་དེ་རེད། དཔེར་ན། ཕྱིའི་སྐད་ཡིག་གི་ཐོག་ནས་ལས་རིགས་འདྲ་མིན་གྱི་ཐོག་ལ་ཆེད་ལས་ཡིན་མཁན་ཚོ་རང་གི་རིག་གཞུང་དང་སྐད་ཡིག་ལ་མཁྱེན་རྒྱ་དེ་ཙམ་མེད་མཁན། རང་གི་རིག་གཞུང་དང་སྐད་ཡིག་ལ་ཆེད་ལས་ཡིན་མཁན་དེཚོ་ཕྱིའི་རིག་གནས་དང་
དེའི་ཕྱོགས་གཏོགས་ལ་མཁྱེན་རྒྱ་ཆུང་བའི་སྣང་ཚུལ་ཞིག་འདུག
གང་ལྟར། གོ་སྐབས་དང་འདུན་པ། འགྲོ་སོང་གསུམ་པོ་འདི་ཆེད་ལས་པ་ཞིག་ཆགས་རྒྱུའི་སྔོན་འགྲོ་ཆ་རྐྱེན་འདྲ་བོ་རེད་འདུག་སྙམ།
གཞན། ཁྱེད་ཀྱིས་འདི་འདྲ་ཞིག་གསུངས་འདུག ཚེ་རིང་ཤཱཀྱ་རྒྱལ་རབས་ཐོན་སྐབས་ང་ཚོའི་གཞུང་གིས་གང་གནང་སོང་ཟེར།
ཚེ་རིང་ཤཱཀྱ་རྒྱལ་རབས་ཐོན་སྐབས་ང་ཚོའི་གཞུང་གིས་གང་གནང་ཡོད་མེད་ངེད་ཀྱིས་མ་ཤེས་ལ་ཚེ་རིང་ཤཱཀྱ་རྒྱལ་རབས་ཐོན་ནས་ང་ཚོའི་གཞུང་ལ་གང་གནང་ཡོད་མེད་ཡང་ཤེས་མ་སོང།
ཚེ་རིང་ཤཱཀྱར་བོད་གཞུང་ལ་ཞབས་འདེགས་ཞུ་འདོད་ཀྱི་འདུན་པ་ཡོད་ན། ཞབས་འདེགས་ཞུ་ས་མེད་པ་དང་རྐུབ་སྟེགས་མེད་པ་དེ་འདྲ་མ་རེད་སྙམ།
ཆེ་མཐོང་ཟེར་བ་འདི་དོན་དངོས་སུ་བཤད་ན་ཞབས་འདེགས་བྱས་ཏེ་ལོན་ན་ཡག་པོ་ཡོད་རེད་།
རབ་གསལ་ལགས་ག་དུས་ཡིན་ན་བོད་གཞུང་གི་འགྲིག་གི་མེད་སྐོར་བཤད་རྒྱུ་ལངས་ཤོར་ནས་འགོག་ཐབས་མེད་པ་ཆགས་ཡོད་ཚུལ་འདུག རང་ཉིད་མཁས་པ་དང་གཞན་བོད་མི་མཁས་པ་མི་མདོག་མདོག་མ་བྱེད་མ་གཏོགས་ལན་པོ་མི་འདུག ཡག་པོ་བསམ་ན་གཞུང་གི་ལས་གཞི་ཚང་མ་སྒེར་སེམས་ཅན་གྱི་སློབ་ཕྲུག་ཚོས་ཆུད་ཟོས་སུ་བཏང་ནས་བོད་ཀྱིས་སློབ་ཕྲུག་ཚོས་གཞུང་ལ་ཡིད་ཆེས་བརླག་བཅུག་ཡོད། དཔེར་ན་ཆེད་ལས་སློབ་སྦྱོང་ཆེད་ཨ་རི་སོགས་སློབ་གྲྭ་ཚད་ལྡན་ཁག་བཏང་བའི་སློབ་ཕྲུག་ཚོའང་གན་འཇའ་བཞག་པ་ལྟར་ཕྱིར་མི་ལོག་པར་གཞུང་གི་ཐུགས་རེ་ཆུད་ཟོས་སུ་གཏོང་མཁན་ཉུང་ཉུང་མ་རེད། དེ་ཚོ་ཡང་གླེང་རིན་ཡོད་འགྲོ་བསམ། ཡིད་ཆེས་བྱེད་མི་ཐུབ་སློབ་ཕྲུག་ཚོ་ལ་གཞུང་གི་རེ་བ་དང་འཆར་གཞི་ཆེན་བཟོ་ཁག་པོ་མ་རེད་དམ། གནས་ཚུལ་ག་རེ་ཡིན་ན་མིག་གཉིས་ཀ་སྤྱད་ནས་ལྟ་རྒྱུ་གལ་ཆེན་པོ་རེད།
བོད་གཞུང་གི་འདང་གི་མེད་ས་ཡོད་པ་བཤད་མ་དགོས་པ་རེད། འོན་ཀྱང་ཁ་བརྡུང་རྐྱང་གདོང་རྒྱུ་ཨ་མདོའི་གསར་འབྱོར་ཚོའི་གོམས་གཤིས་རེད་འདུག་པས་ཡག་པོ་མ་རེད། ཁྱེད་ཀྱང་དེའི་ཁྲོད་ཀྱི་སྣེ་ཁྲིད་པ་ཞིག་རེད་འདུག རྩོམ་ཡིག་ཐར་ཐོར་རེ་བྲིས་པ་ཚང་མ་ཆོས་སྲིད་ཚང་མའི་ཐོག་ལ་མཁས་པ་ཡིན་པ་དེ་འདྲ་སྲིད་དམ།
ཨ་མདོའི་གྲྭ་དང་སློབ་གྲྭ་རྒྱུགས་མ་འཕྲོད་པའི་མི་ཐ་ཤལ་ཚོ་རྡ་སར་ཡང་མི་མཁས་མཁས་མདོག་བྱེད་རྒྱུ་མང་དྲགས་ན་ལན་པོ་མི་འདུག དཔེན་ན་དུས་བབ་ཚང་གི་གསར་འགོད་ཚེ་རིང་སྐྱིད་འདྲ་བོ་རེད། བོད་ནང་གི་སློབ་ཆུང་གི་སློབ་སྦྱོང་ཡང་ཡག་ཐོབ་མེད་མཁན་ཞིག་རྡ་སར་ཡོང་ནས་ཤེས་ཡོན་དང་སྲིད་དོན། བོད་ཀྱི་བུད་མེད་སོགས་ཇུས་གཏོགས་མི་བྱེད་སའི་བརྗོད་གཞི་གཅིག་ཀྱང་མེད་པ་དང་། དེ་ཡང་རང་ཉིད་མི་དཀྱུས་མ་ཞིག་ཡིན་པ་བརྗེད་ནས་མཁས་པ་ཆེན་པོ་ཞིག་དང་འདྲ་བར། བོད་གཞུང་ལ་ཁ་བརྡུང་ཡིད་ལ་དྲན་ཚད་དང་ཚད་ལས་འདས་པ་བྱེད་ཀྱིན་པ་ལྟ་བུ་རེད། ཁྱེད་རང་གིས་ཀྱང་རང་གི་ཤེས་འཇོན་དང་ཉམས་མྱོང་། རང་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ལྟ་རྒྱུ་གལ་ཆེན་པོ་རེད། དགོངས་པ་མ་ཚོམས། ཁྱེད་ལ་ཁྱེད་རང་གི་ཚོད་ཀྱི་ཤེས་ཡོན་ཞིག་ཡོད་པ་ངོས་ལེན་བྱེད་ཐུབ་ཀྱང་། ཆོས་དང་སྲིད། སྐད་ཡིག་གི་གཞུང་ལུགས་དང་སྤྱི་ཚོགས་ཚན་རིག་སོགས་ཚང་མའི་ཐོག་ལ་མཁས་པ་ཡིན་མདོག་མདོག་མ་སྟོན། ཁྱེད་ཀྱིས་ལག་པ་འཆང་བཞིན་པའི་བརྗོད་གཞི་དེ་ཚོ་ཆེས་ཐ་དད་ཀྱི་ཆེད་ལས་རྐྱང་ཡིན་པ་རེད། ཁྱེད་ཆེད་ལས་དེ་ཚོ་ཚང་མའི་སྒང་ལ་གདེངས་ཚོད་ཡོད་མདོག་གིས་རྗིག་པོ་བཤད་ན་རན་པོ་མི་འདུག
ཁ་རོག་བསྡད་ན་བུ་མོ་ལྐུགས་མ་ཟེར། །
བཤད་རྒྱུ་མང་ན་བུ་མོའི་འཕེར་ཤ་ཟེར། །
སྣང་སའི་སྐྱོ་གླུ།
གདོང་དམར་གྱི་བུ་ལགས་ཀྱིས་ཕྲན་ལ་སྐྱོན་བརྗོད་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ལྷག་དོན་དུ་ཁྱེད་ཀྱིས་བོད་གཞུང་ལ་ཤ་ཚ་བྱེད་པ་དེ་ལ་ང་དགའ་བ་ཡིན། ཤ་ཚ་བའི་ཁ་ན་གཏམ་སྙན་པོ་མེད་ཟེར་བའི་དཔེ་བཞིན་ངེད་ཀྱིས་ཚིག་རེ་ཟུང་ལ་ཐལ་ཆ་ཤོར་ཡོད་ལས་ཆེ། འོན་ཀྱང་ཐེངས་འདིར་ཁྱེད་ཀྱིས་རྩོམ་འདི་བཀླགས་ནོར་ཐེབས་ཡོད་ལས་ཆེ། ཡང་བསྐྱར་ཞིག་གཟིགས་རོགས་གནང་། དོན་ཚན་ལྔ་ཡོད་པ་དེ་ཚོ་ངའི་བསམ་ཚུལ་ཡིན་ཞེས་བྲིས་ཡོད། དེ་ཡང་། གཞུང་ལ་འབྲེལ་བ་ཡོད་པ། སློབ་སྟོན་ལ་འབྲེལ་བ་ཡོད་པ། སློབ་ཡོན་ལ་འབྲེལ་བ་ཡོད། སྐྱབས་བཅོལ་བའི་གནས་སྟངས་ལ་འབྲེལ་བ་ཡོད་པ། གོམས་གཤིས་ལ་འབྲེལ་བ་ཡོད་པ་བཅས་ལ་གཟིགས་དང་། བོད་གཞུང་ལ་དམིགས་པའི་སྐྱོན་བརྗོད་ཤ་སྟག་རེད་འདུག་གམ། ལར་ནས་མི་གཅིག་གི་དྲན་ཚུལ་ཞིག་གླེང་གཞིའི་ཚུལ་དུ་སྤེལ་བ་ཡིན། ནོར་ན་ཡང་ང་མི་གཅིག་ནོར་པ་རེད། འོན་ཀྱང་ནོར་ལུགས་དང་ནོར་སྟངས་འདི་འདྲ་རེད་ཅེས་རྒྱུ་མཚན་དང་བཅས་གསུངས་ན་དགའ་བསུ་ཞུ་བ་ཡིན་པ་ལས། ཨ་མདོ་དང་ཁམས་ཞེས་ཆོལ་ཁའི་ཞྭ་ནག་གཡོགས་པ་འདི་ལ་དགའ་བསུ་མི་ཞུ་བ་ཡིན།
ཆེད་ལས་པ་མིན་ཚེ། ཆེད་ལས་པའི་སྐོར་བྲིས་མི་ཆོག་པ་དང་བཤད་མི་ཆོག་པ་ཡིན་ན་འཇིག་རྟེན་གྱི་གསར་འགོད་པ་ཡོད་ཚད་ནོར་གི་ཡོད་པ་རེད། དེ་ཙམ་དང་བཅས།
ངེད་ཀྱི་རྨོངས་འཆར་ལྟར་ན། སོ་སོའི་དངོས་མིང་མ་བཀོད་པར་མིང་རྫུན་མ་འདྲ་བོ་བརྒྱབ་ནས། གཞན་ལ་ཁ་རྡུང་གཏོང་རྒྱུ་འདི་འགྲོ་སྟངས་འགྲོ་ལུགས་ཡག་པོ་ཞིག་མ་རེད་སྙམ།
གཞན་གྱིས་བྲིས་བའི་རྩོམ་ལ་བསམ་ཚུལ་ཡོད་ན། དགག་པ་ཡོད་ན། རྨོངས་འཆར་ཡོད་ན། ཡིག་ཐོག་ནས་བཤད་ཆོག་གི་རེད། གདོང་དང་གདོང་ཐུག་ནས་བཤད་ཆོག་གི་རེད།
འཕྲིན་ལམ་བརྒྱུད་ནས་བཤད་ཆོག་གི་རེད། དྲ་ཐོག་ལ་བྲིས་ཆོག་གི་རེད། འོན་ཀྱང་། ཆོལ་ཁའི་ཞ་མོ་འདྲ་བོ་གཡོགས་ཡ་དང་ཁ་རྡུང་འདྲ་བོ་གཏོང་རྒྱུ་འདི་ཡག་པོ་ཞིག་མ་རེད་སྙམ།
གང་ལྟར། དགེ་འདུན་རབ་གསལ་ལགས་ཀྱིས་ཆེད་ལས་ཀྱི་སྐོར་ནས་བསམ་ཚུལ་སྤེལ་གྱི་ཡོད་པས། གྲོགས་པོ་ཚོས་ཀྱང་ཆེད་ལས་ཀྱི་སྐོར་ནས་བསམ་ཚུལ་བཤད་ཐུབ་ན་ཧ་ཅང་ཡག་པོ་འདུག རྨོངས་འཆར་སྤེལ་ཐུབ་ན་ཡག་པོ་འདུག
གཞན། དགེ་འདུན་རབ་གསལ་ལགས་ནས་འདི་འདྲ་ཞིག་བརྗོད་འདུག
ཆེད་ལས་པ་མིན་ཚེ། ཆེད་ལས་པའི་སྐོར་བྲིས་མི་ཆོག་པ་དང་བཤད་མི་ཆོག་པ་ཡིན་ན་། འཇིག་རྟེན་གྱི་གསར་འགོད་པ་ཚང་མ་ནོར་གྱི་ཡོད་པ་རེད་ཟེར།
ངེད་རང་འདི་ལྟར་བསམ་མཁན་ཞིག་ཡིན། ཆེད་ལས་པ་མིན་རུང་། ཆེད་ལས་པའི་སྐོར་བྲིས་ཆོག་གི་རེད་ལ་བཤད་ཀྱང་ཆོག་གི་རེད། དེ་རིང་སང་ཉིད་དེ་ལྟར་བྱེད་ཀྱི་ཡང་ཡོད།
འོན་ཀྱང་། དེ་རིང་སང་ཉིན། འཇིག་རྟེན་གྱི་གསར་འགོད་པ་ཚོའི་ནང་ན་ཆེད་ལས་པ་ཧ་ཅང་མང་གི།
རབ་གསལ་ལགས་ཁྱེད་དགའ་བ་ནང་བཞིན་ང་དེང་སང་གི་བཀའ་ཤག་གིས་དབུ་ཁྲིད་པའི་བོད་གཞུང་ལ་ཡིད་རྩ་བ་ནས་ཚིམས་མེད། ད་ལྟའི་བཀའ་ཁྲི་རང་གི་ཆེ་མཐོང་དང་མཁས་པའི་མཚན་སྙན་ཨང་དང་པོ་འཇོག་མཁན་གྱི་བཀའ་ཁྲི་ཞིག་རེད། ཁོས་བོད་མི་དམངས་ཀྱི་བདེ་སྡུག་ལ་བསམ་བློ་མི་གཏོང་བར་ག་དུས་ཡིན་ན་འུ་ཐུག་གི་མི་དམངས་ལ་རོགས་མགོན་མི་གནང་བར་མཁྲེགས་འཛིན་ཁོ་ན་བྱེད་པ་རེད། དཔེར་ན་ལོ་ཤས་གོང་ཁོང་སྦེལ་འཇེམ་ལ་ཕེབས་སྐབས་དེ་གའི་བོད་མི་མང་པོ་ཞིག་ལ་སྐྱབས་བཅོལ་མ་རག་པའི་དཀའ་ངལ་ཚད་མེད་འཕྲད་བཞིན་པར་བརྟེན། ཁོང་ལ་ཡིད་ཆེས་དང་རེ་བ་ཆེན་པོས་ཟམ་གདོང་ལ་སྦེལ་འཇེམ་གཞུང་ལ་བོད་མི་ཚོར་སྐྱབས་བཅོལ་གནང་རྒྱུར་ཞུ་བསྐུལ་གནང་རོགས་ཅེས་སྐྱབས་འཇུག་ཞུ་སྐབས། ཁོང་གི་ཁྱེད་ཚོ་ཁྲིམས་འགལ་བ་རྐྱང་རེད། ངས་ཁྱེད་ཚོའི་ཁྱེད་ཆེད་དུ་རེ་བསྐུལ་གང་ཡང་གནང་མི་ཐུབ་ཅེས་བོད་མི་འུ་ཐུགས་ཚོ་ལ། མིག་སྐྲངས་པའི་ཐོག་ལ་མུར་རྫོགས་ཟེར་བའི་དཔེ་ལྟར་བྱས་པ་རེད། བོད་ཀྱི་བཀའ་ཁྲིས་དེ་གནང་སྟབས་སྐྱབས་བཅོག་གནང་མཁན་གྱི་གཞུང་ལ་བོད་མི་ཚོར་སྡུག་པོ་གཏོང་རྒྱུའི་བཀའ་ཁྲོལ་ཐོབ་པ་ལྟ་བུ་རེད། བོད་མི་རེ་ལྟོས་བྱེད་སའི་བཀའ་ཁྲིས་ཁྱེད་ཚོ་ཁྲིམས་འགལ་རེད་ཅེས་ནག་ཅན་པར་རྩིས་པ་རེད། དེ་འདྲ་བཀའ་ཁྲི་སྙིང་རྗེ་མེད་མཁན་ཞིག་ཡོད་པ་བློ་ཕམ་རེད། སྐབས་དེར་ཁོང་ལ་རེ་བ་ཞུ་མཁན་ཁྲོད་ཀྱི་བོད་མི་སྐྱབས་བཅོག་གཅིག་དེ་མུར་སྐྱབས་བཅོལ་མ་རག་པར་ཡུན་རིང་སྡུག་པོ་མྱངས་མཐར་འདས་གྲོངས་སུ་སོང་ཡོད་ཚོད་འདུག
རང་བཙན་ལག་དེབ་ཀྱི་དངུལ་བསྡུ་དུས་ཀྱང་བོད་མི་རེ་རེ་ལ་དེ་ཁྱེད་རང་གི་ལས་འགན་རེད་ཟེར་ནས་བཀའ་གཏོང་གི་ཡོད་པ་ལས། རང་བཙན་ལག་དེབ་སྤྲོད་མཁན་ཚོས་བོད་སྤྱི་དོན་ཆེད་ཞབས་ཞུ་ཞུ་གི་ཡོད་པའི་ངོས་འཛིན་མི་གནང་བ་རེད། མདོར་ན་བཀའ་ཁྲིས་ཁོ་རང་མི་དྲང་པོ་དང་མཁས་པ་ཡིན་པ་སྟོན་ཐབས་ལས་བོད་མིའི་བདེ་སྡུག་ལ་ཐུགས་ཁུར་གནང་མི་ཤེས་པར་མཐོང་།
བོད་གཞུང་གིས་བོད་མིའི་བདེ་སྡུག་འཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་གལ་ཆེ་ཤོས་རེད། ག་དུས་ཡིན་ན་ཁྱེད་རང་གི་ལས་འགན་རེད་ཟེར་བའམ། ཡང་ན་༧རྒྱལ་བ་རིན་པོ་ཆེའི་བཀའ་རེད་ཟེར་ནས་བོད་མི་ཚོ་བོད་དོན་ཐོག་ལས་དོན་སྒྲུབ་ཏུ་བཅུག་པ་བོད་མིའི་སྤྱི་ཚོགས་གང་མྱུར་ཐོར་ཤིག་ཏུ་འགྲོ་རྒྱུའི་རྩ་བ་རེད།
བོད་མི་ཚོར་བོད་གཞུང་གིས་རང་ཉིད་ལ་ཕན་ཐོགས་ག་རེ་ཡོད་པ་མིག་མཐོང་དུ་འཇུག་རྒྱུ་གལ་ཆེན་པོ་རེད། དེ་མིན་༧རྒྱལ་བ་རིན་པོའི་ཆེའི་བཀའ་རེད་དང་ཡང་ན་ཁྱེད་རང་བོད་པ་ཚོས་ལས་འགན་རེད་ཟེར་ནས་བཀའ་བཏང་བསྡད་པ་ཡིན་ན་བོད་མི་ཚོ་བོད་གཞུང་ལ་ཡིད་ཐང་ཆད་འགྲོ་གི་རེད། རང་ཉིད་དང་ཚེ་འདི་ལ་ཕན་ཐོགས་མེད་པ་མིག་གི་མཐོང་བཞིན་དུ། བོད་གཞུང་གིས་ཚེ་ཕྱི་དང་ངའི་ཚ་བོ་ཚོ་ལ་ཕན་ཐོགས་རྒྱུ་དོགས་པ་རེད། དེའི་ཕྱིར་བོད་མི་ཚོ་འུ་ཐུག་དུས་བཤད་ས་ཡོད་པ་ཞིག་བོད་གཞུང་གིས་བོད་མི་ཚོར་མིག་མཐོང་དུ་འཇུག་ཐུབ་རྒྱུ་བོད་ཀྱི་རྩ་དོན་གཙོ་བོ་ཞིག་རེད། འོན་ཀྱང་དེ་འདྲའི་རེ་བ་མེད་སྟབས། ༧རྒྱལ་བ་རིན་པོ་ཆེ་དང་རང་ཉིད་བོད་མི་ཡིན་པའི་ཆ་ནས་བློ་མ་ཐོངས། བཀའ་ཁོ་ན་གཏོང་རྒྱུ་ལས་ཕན་རོགས་གང་ཡང་མི་གནང་བའི་བོད་གཞུང་གི་བྱེད་སྟངས་ལ་ལྟོས་ནས་ཐེ་ཚོམས་ཀྱི་ནང་དུ་ལྷུང་གི་འདུག མི་དམངས་ལ་ཕན་ཐོགས་གང་ཡང་མེད་པའི་བཀའ་ཤག་དང་སྤྱི་འཐུས་འདི་འདྲ་ཞིག་གི་འོག་སྒུར་ནས་གང་ཡོང་བསམ་གྱང་། ༧རྒྱལ་བ་རིན་པོ་ཆེ་དང་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བློས་མ་ཐོངས་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག
༧རྒྱལ་བ་རིན་པོ་ཆེ་དང་རང་ཉིད་བོད་པ་ཞིག་ཡིན་པ་རྒྱུ་མཚན་བྱས་ནས་རང་ཤེད་ཅན་གྱི་བཀའ་ཤག་དང་བོད་རྒྱ་བསྲེས་མའི་སྤྱི་འཐུས་གཉའ་གནོན་ཁུར་ནས་འདུག་ཐུབ་བམ།
ད་ཡིན་ན་གདོང་དམར་གྱི་བུས་རང་གི་དེ་ཉིད་བསྟན་ཡོང་གིན་འདུག མ་གཞི་མི་འདིས་རྒྱལ་ཁབ་ཀྱི་དོན་དུ་ཞབས་འདེབས་ག་རེ་ཞུ་ཨེ་ཐུབ་མི་བལྟ་བར་ག་དུས་ཡིན་ན་ལྟོ་རྒྱབ་གཞུང་ལ་རེ་སྡོད་མཁན་ཞིག་ཡིན་པ་ཐོག་མར་ཁ་གྲགས་ཡོང་དུས་ནས་ཤེས་ཡོད། ད་དུང་འདྲི་རྒྱུ་ཞིག་ལ་ཁྱོད་རང་༧རྒྱལ་བ་རིན་པོ་ཆེ་བློས་མི་ཐོངས་པའི་བོད་མི་རྣམ་མ་ཞིག་ཡིན་ན་བསམ་བཞིན་དུས་ཁོང་གི་དགོངས་གཞི་གཏོར་བའི་ཆོལ་ཁའི་སྐད་ཆ་ཆོ་མེད་པ་དེ་འདྲ་ཡང་ཡང་འཁྱེར་ཡོང་ནས་ག་རེ་བྱེད་ཡ་ཡིན་ནམ།
བོད་ལ་ཆེད་ལས་པ་མེད་སོང་བ་རེད་དམ། ཆེད་ལས་པ་དེ་ཚོ་རྒྱ་སྒོར་གི་ཁ་ནས་ཌོ་ལར་གིས་འཕྲོག་སོང་བ་རེད། ངས་ཤེས་པའི་ཆེད་ལས་པ་གཅིག་པོ་ཡང་མཛུབ་མོས་བགྲང་ཐུབ་པ་ཅིག་འདུག ང་སྡོད་སའི་བོད་མི་ཉུང་ཤས་ཤིག་ཡོད་པ་དེ་ཚོའི་ནང་ཡང་ཆེད་ལས་པ་འགའ་ཤས་ཤིག་འདུག ངས་བལྟས་ན་བཙན་བྱོལ་གི་སྤྱི་ཚོགས་ཆུང་ཆུང་དེའི་དཀའ་ངལ་ནི་ཆེད་ལས་པ་མེད་པའི་དཀའ་ངལ་མིན་པར་ཆེད་ལས་པ་ཚོར་འཚམས་པའི་ལས་ཀ་ཡོད་མེད་དང་། ཟླ་ཕོགས་འཚམས་མིན་སོགས་རེད། མདོར་དེད་ན་བཙན་བྱོལ་ཡིན་པ་དང་ཕོགས་ཐོབ་ཉུང་བའི་དཀའ་ངལ་རེད།
བཙན་བྱོལ་སྤྱི་ཚོགས་ནང་མང་ན་ཡང་སྤྱིར་བཏང་གི་ཆེད་ལས་པ་ཅིག་ལ་ཟླ་རེར་ཨ་སྒོར་༣༠༠ ལས་ལྷག་ཐོབ་གི་ཨེ་ཡོད། ནུབ་གླིང་ལ་སྤྱིར་བཏང་གི་ཆེད་ལས་པ་ཅིག་ལ་ཉུང་ན་ཡང་ཨ་སྒོར་༢༠༠༠ ཡོད་རྒྱུ་རེད། ང་ལ་མཚོན་ན་བོད་དོན་ལ་ལྷག་བསམ་ག་ཚོད་ཆེན་པོ་ཡོད་ལབ་ན་ཡང་དོན་དངོས་ལ་གཏུགས་ན་ལས་ཀ་ཕྱི་མ་དེ་འདམ་ས་རེད། ཤེས་ལྡན་པའི་མིང་ཅན་མང་པོ་ཅིག་མཛོ་མོ་གཅིན་ཐོག་ལ་ཤོར་བ་བཞིན་གཅིག་འཕྲོ་གཅིག་བྱས་ཕྱི་རྒྱལ་ལ་ཤོར་ཡོང་བ་དེ་ཡང་གནད་འདི་ལ་ཐུག་ཡོད་པ་མ་རེད་དམ།
སྔོན་མ་ཅིག་ལ་དྲ་གྲོགས་ཅིག་ནས་བོད་གཞུང་གི་དངུལ་བོད་ནང་ལ་གཏོང་དགོས་སྐོར་ལབ་སྐབས་ཡང་ངས་བོད་གཞུང་བཙན་བྱོལ་བའི་གཞུང་ཅིག་ལ་རང་ཁ་གསོ་ཐུབ་པའི་སྒོར་མོ་ལས་ཨེ་ཡོད། གལ་སྲིད་ཡོད་ན་ལས་བྱེད་གི་ཕོགས་དངུལ་སྤར་དགོས་པའི་སྐོར་བཤད་ཡོད། ཚིག་ཏག་ཏག་ད་ལྟ་མི་དྲན། ཕྱི་གླིང་ཁག་དང་མཉམ་པའི་ཕོགས་རྒྱག་ཐུབ་པ་ཡིན་ན་རང་མི་རྣམས་སེམས་ཤུགས་ཆེ་མདོག་གིས་བུང་བ་མེ་ཏོག་ལ་འཁོར་བ་བཞིན་ཡོང་རྒྱུ་ཡིན་པ་བཤད་མ་དགོས་པའི་ཁར་ཕྱི་གླིང་པ་རྣམས་ཡང་དགའ་མོས་ཆེ་མདོག་གིས་འཚང་ཀ་ཤིག་ཤིག་གིས་ཡོང་རྒྱུ་ཡིན་པ་ཉག་གཅིག་རེད།
ཡིན་ན་ཡང་། འདི་ནི་ད་རུང་རྨི་ལམ་ཅིག་མ་གཏོགས་གང་ཡང་མིན། ང་ཚོའི་སྒེར་གི་ངོས་ནས་བྱེད་ཐུབ་པ་ནི་རྒྱལ་གཅེས་མ་དངུལ་མ་ཆགས་པར་འབུལ་རྒྱུ་དེ་ཁོ་ན་ཡིན།
ཁྱེད་ཀྱིས་གོམས་གཤིས་དང་འབྲེལ་བའི་སྐོར་ནས་བསམ་ཚུལ་ཞིག་སྤེལ་འདུག
ངེད་ལ་ཉིད་ཀྱི་བསམ་ཚུལ་འདིར་རྨོངས་འཆར་འགའ་ཡོད། ཁྱེད་ཀྱིས་གསུངས་ན། བཙན་བྱོལ་ནང་གི་སློབ་གསོའི་ལམ་ལུགས་ལ་ཡང་བསྐྱར་ཞིབ་ཅིག་གནང་རྒྱུ་ཡོད་པ་རེད་ཟེར།
དེ་དངོས་གནས་རེད། བཙན་བྱོལ་ནང་གི་སློབ་གསོའི་ལམ་ལུགས་ལ་བསྐྱར་ཞིབ་གནང་ལོས་དགོས། བསྐྱར་ཞིབ་དེ་ཡང་གཞུང་ལས་ཁང་གི་ཡིག་སྣོད་དེ་ཚོའི་གདོང་ལ་བལྟས་ནས་་བསྐྱར་ཞིབ་གནང་རྒྱུ་མ་ཡིན་པར་ས་གནས་ས་གནས་ལ་སོང་ནས་ཞིབ་འཇུག་གནང་རྒྱུ་གལ་ཆེ། ཁྱེད་ཀྱིས་གསུངས་བཞིན་པའི་སློབ་གསོ་དེ་དགོན་པའི་སློབ་གསོ་ཡིན་དང་སློབ་གྲའི་སློབ་གསོ་ཡིན་མིན་ངས་ཤེས་མ་སོང་། སློབ་གྲ་ཁག་གི་སློབ་གསོ་ཡིན་ན་ནི། ཚེ་འདི་དང་ཕྱི་མ་གཉིས་ལས་ཚེ་ཕྱི་མ་གལ་ཆེར་འཛིན་པའི་གོམས་གཤིས་དེས་ང་ཚོར་སློབ་གསོ་ཐེབས་མེད་ལ་དེས་ང་ཚོ་ལོ་ཆུང་རྣམས་ཆེད་ལས་ལ་འཇུག་རྒྱུར་ཕྱིར་འཐེན་ཡང་བྱས་མེད། གཞི་རིམ་སློབ་གྲ་ཁག་ཏུ་ཚེ་ཕྱི་མའི་ཆེད་དུ་ཚོགས་བསགས་དགེ་སྦྱོང་བྱེད་དགོས་བའི་སྐུལ་མ་ཆེན་པོ་ཞིག་གཏོང་གི་མེད་ལབ་ན་ཡང་ང་ཧམ་པ་མི་ཆེ་སྙམ། སྔ་དགོང་ལ་ཞལ་འདོན་འདྲ་སྐྱོར། དུས་ཆེན་དམིགས་བསལ་དེ་འདྲ་ལ་གཞུང་ནས་ཚོགས་གཏོང་གི་རེད། དེ་ཙམ་རེད།
གཞན། བོད་ཡིག་མ་གཏོགས་སྦྱངས་བྱའི་སློབ་ཚན་དེ་ཚོའི་ནང་ན་ཚེ་འདི་ལས་ཕྱི་མ་གལ་ཆེན་པོ་ཡིན་ཚུལ་དང་དེའི་ཆེད་དུ་ཧུར་ཐག་བྱེད་དགོས་བའི་གནད་དོན་མེད།
བོད་ཡིག་གི་ྐློག་དེབ་དེ་ཚོའི་ནང་ན་ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་སྐོར་ནས་སྐད་ཆ་ཡོད་རུང་། དེས་སློབ་ཕྲུག་རྣམས་རྒྱུད་ལ་བག་ཆགས་ཅི་ཙམ་བཞག་ཡོད་མེད་ནི་ངས་བཤད་མ་དགོས་བར་ཞིབ་འཇུག་བྱས་ན་ཧ་ཅང་གསལ་བོ་རེད། གཞན། དགེ་རྒན་རྣམས་ཀྱིས་སློབ་གསོ་མང་ཆེ་བ་ནི་ཚེ་འདི་དང་འབྲེལ་བའི་སྐོར་རེད་མ་གཏོགས་གཞན་ཚེ་ཕྱི་མའི་སྐོར་ནས་སློབ་གསོ་རྒྱག་མཁན་ཉུང་ཉུང་རེད་ལ་། གལ་སྲིད་དེ་ལྟར་སློབ་གསོ་རྒྱག་མཁན་གྱི་དགེ་རྒན་འདྲ་ཡོད་ན། སློབ་གསོ་དེས་སློབ་ཕྲུག་ཚོའི་རྒྱུད་ལ་བག་ཆགས་འཇོག་རྒྱུ་ཕར་ཞོག། ཐ་ན་སློབ་ཕྲུག་ཚོས་དགེ་རྒན་དེ་ལ་མིང་ཐོ་གསར་བ་འདོགས་རྒྱུའི་ཉེན་ཁ་ཡོད། འདི་ལྟར་བསམ་དུས། ཁྱེད་ཀྱིས་གསུངས་བཞིན་པའི་གོམས་གཤིས་འདིས་སློབ་གྲའི་སློབ་གསོར་ཤུགས་རྐྱེན་ཆེན་པོཐེབས་་མེད་པ་འདྲ། གཞན་སློབ་ཕྲུག་རྣམས་ལ་ཕ་མའི་སློབ་གསོ་རྒྱག་སྟངས་ཐད་ནས་ཁྱེད་ཀྱིས་ཀྱང་བསམ་ཚུལ་ཞིག་བཤད་འདུག གནས་སྟངས་ཤིག་གི་འོག་ནས་ཕ་མ་ཕལ་ཆེ་དེ་འདྲ་མིན་འགྲོ། ཁྱེད་ཀྱི་བསམ་ཚུལ་དེ་ཡིན་པའི་དབང་དུ་བཏང་ནའང་། དེ་ཚེ་འདིའི་ཆེད་དུ་རེད་འདུག་མ་གཏོགས་ཕྱི་མའི་ཆེད་དུ་རེད་མི་འདུག
གང་ལྟར། འདི་ཚོ་ཞིབ་འཇུག་བྱེད་དགོས་རྒྱུའི་རིགས་རེད་མ་གཏོགས་ཁ་ཚོན་བཤད་ནས་བཤད་ཐུབ་ཡ་དེ་འདྲ་རེད་མི་འདུག
ངེད་ལ་ད་དུང་ཡང་རྨོངས་འཆར་གཞན་ཞིག་ཡོད། བོད་མིའི་ཁྲོད་ན་ཆེད་ལས་པ་མེད་པའི་རྒྱུ་རྐྱེན་གཞན་ཞིག་ནི། བོད་མི་ཕལ་མོ་ཆེར་ཞིབ་འཇུག་གི་གོམས་གཤིས་མེད་པ་འདི་ལ་ཡང་འབྲེལ་བ་འདུག་སྙམ། གནད་དོན་ཆེ་ཆུང་ཇི་འདྲ་ཞིག་ཡིན་རུང་། ཞིབ་འཇུག་བྱེད་རྒྱུའི་གོམས་གཤིས་མི་འདུག རྩོམ་འདྲ་བོ་ཞིག་འབྲི་ན་ཡང་། ཚོར་བ་དེ་ཤུགས་ཆེར་གླེང་གི་འདུག་མ་གཏོགས་ཞིབ་འཇུག་བྱས་ནས་སྐད་ཆ་བཤད་ཀྱི་མི་འདུག ངེད་ཀྱི་རྨོངས་འཆར་འདི་འདྲ་ཡིན།
གཞུང་ལ་ཁ་རྡུང་གཏོང་མཁན་ལ་རིགས་གཉིས་མཐོང་། དང་པོ་ནི་འགན་ཅིག་ཁྱེར་ནས་ཁ་རྡུང་གཏོང་མཁན་གི་རིགས་གཅིག་དང་། གཉིས་པ་དགའ་མ་དགའི་ཐོག་ནས་ཁ་རྡུང་གཏོང་མཁན་རིགས་གཅིག་བཅས་གཉིས་འདུག་སྙམ།
དང་པོའི་རིགས་ཚང་མར་དགའ་བསུ་ཡོད། གཉིས་པའི་རིགས་དེ་དག་ནི་དགའ་མ་དགའ་དང་ཕྱོགས་རིས་ཕྱོགས་ཞེན་གིས་ཁེངས་པའི་མི་ཐ་མལ་བའི་གྲས་ཡིན་པས་དེ་དག་ནི་ཐུ་ལུ་འཕེན་སའི་ཡུལ་ལ་བཟང་།
མི་འདི་རིགས་གིས་རྟག་པར་མིང་རྫུན་ཅིག་བཀོལ་ནས་སྐད་ཆ་སྦོམ་པོ་རྐྱང་རྐྱང་བཤད་ཡོང་གི་རེད། གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་ན་གདོང་པ་དམར་པོ་ཆགས་ནས་སྡོད་པའི་གདོང་དམར་གི་བུ་ཅིག་ལས་གཞན་གང་ཡང་མིན་ནོ།
དཀོན་མཆོག་ང་བོད་གཞུང་ལ་ལྟོ་གོས་རེ་མཁན་ཞིག་ཡིན་ན་འདི་ལྟར་བཤད་བརྗོད་མི་སྲིད། གལ་སྲིད་ང་བོད་གཞུང་ལ་ལྟོ་གོས་རེ་དགོས་པའི་ཉི་མ་ཞིག་ཤར་ཚེ་ཟམ་གདོང་གི་སྒོ་འགྲམ་ནས་ལྟོ་ཤི་ཐེབས་རྒྱུ་ལས་མེད། ད་དུང་ཤི་རྗེས་ཁོ་རྒྱ་གར་ལ་ཁྲིམས་འགལ་བྱས་ན་ཡོང་བ་རེད་ཅེས་ནག་ཉེས་བགྲང་གི་རེད། དེ་འདྲ་ཞིག་ལ་ངས་ལྟོ་གོས་རེ་མི་སྲིད། དེ་ཙམ་ཡིན།
གྲོགས་པོ་ཚོས་ཆེད་ལས་ཀྱི་སྐོར་ནས་བསམ་ཚུལ་བཤད་རོགས། རྨོངས་འཆར་སྤེལ་རོགས།
བསམ་ཚུལ་དེ་ཡང་དགེ་འདུན་ལགས་ཀྱི་བསམ་ཚུལ་གྱི་སྒང་ལ་སྤེལ་ཐུབ་ན། བསམ་ཚུལ་དེ་ཡང་གསར་བ་འདྲ་སྤེལ་ཐུབ་ན་ཧ་ཅང་བཟང་གི།
སྤྱིར་ན་ཉིད་ཀྱིས་ཆེད་ལས་པ་ཟེར་བ་དེའི་དམིགས་ཡུལ་གང་ཡིན་གསལ་ཁ་མི་ཤེས་ཀྱང་། རིག་པའི་གནས་ལྔའི་ཁྱབ་ཁོངས་སུ་དམིགས་ཏེ་བརྗོད་པ་ཞིག་ཡིན་ན་ནི་བོད་ལ་ཆེད་ལས་པ་གང་མང་ཞིག་ཡོད་པ་སྟེ། ནང་དོན་རིག་པའི་ཐད་དགེ་ལུགས་གཙོ་བོར་གྱུར་པའི་ཆོས་བརྒྱུད་ཁག་གི་དགེ་བཤེས་རྣམ་པ་ནི་ནང་དོན་རིག་པའི་ཆེད་ལས་པའམ་ཆེད་མཁས་པ་དང་། ལྷ་སའི་ལྕགས་པོ་རི་དང་དེ་མིན་དགོན་པ་ཁག་དང་དམངས་ཁྲོད་ནས་ཐོན་པའི་བོད་ཀྱི་གསོ་རིག་མཁས་པ་དེ་ཚོ་ནི་གསོ་རིག་ཆེད་ལས་པའམ་གསོ་རིག་ཆེད་མཁས་པ། ཉིད་ཀྱི་ཕ་ཡུལ་རེ་སྐོང་སོགས་ནས་འཚར་བའི་དམངས་ཁྲོད་ཀྱི་ལྷ་བཟོ་བ་དང་འབག་བཟོ་མཁས་ཅན་དེ་དག་ནི་བོད་ཀྱི་བཟོ་རིག་ཆེད་ལས་པའམ་བཟོ་རིག་ཆེད་མཁས་པ། གེ་སར་སྒྲུང་མཁན་གྱིས་གཙོས་པའི་དམངས་ཁྲོད་སྒྲུང་བ་དེ་དག་ནི་བོད་ཀྱི་སྒྲུང་རིག་ཆེད་ལས་པའམ་སྒྲུང་རིག་ཆེད་མཁས་པར་འཇོག་ཐུབ་པས། བོད་ལ་ཆེད་ལས་པའམ་ཆེད་མཁའ་པ་མེད་པའི་མུ་གེ་ད་སྔ་ཡན་ཆད་བྱུང་མྱོང་མི་འདུག་ལ། ད་ལྟ་ནི་བོད་ཕྱི་ནང་གང་སར་བོད་པ་གང་མང་ཞིག་གིས་སློབ་གྲྭ་འགྲིམ་སྟེ་དེང་དུས་ཀྱི་རིགས་གཅིག་རྐང་འཛིན་སློབ་སློབ་བྱེད་བཞིན་ཡོད་པས། བོད་པ་དེང་རབས་ཆེད་ལས་པའམ་ཆེད་མཁས་པ་ཡང་གཅིག་ཐོན་གཉིས་ཐོན་རེད། ཡིན་ན་ཡང་བོད་མི་རིགས་དང་ཇུའུ་མི་རིགས་གཉིས་བསྡུར་བ་ཡིན་ན་བོད་པ་ལ་ཆེད་མཁས་ལས་པའམ་ཆེད་མཁས་པ་ཧ་ཅང་ཉུང་ཉུང་རེད།
ད་ལྟ་རྒྱ་གར་གྱི་བོད་པའི་དགོན་སྡེ་དང་རྡ་སའི་སྨན་རྩིས་ཁང་། ནོར་གླིང་སོགས་ནས་བོད་རིག་ཆེད་མཁས་པ་གང་མང་ཞིག་ཐོན་དང་འཐོན་བཞིན་པ་རེད། ཡིན་ན་ཡང་བོད་པ་ཚན་རིག་ཆེད་མཁས་པ་དང་དཔལ་འབྱོར་ཆེད་མཁས་པ། སོ་ནམ་ཞིང་ལས་ཆེད་མཁས་པ་སོགས་ཧ་ཅང་དཀོན་པོ་ཡིན་པ་ལོས་ཤེས། དམིགས་བསལ་བཤད་རྒྱུ་ཞིག་ལ་བོད་པའི་ལོ་རྒྱུས་སྟེང་ལོ་རྒྱུས་འབྲི་མཁན་དེ་ཚོ་མང་ཆེ་བའི་ཆེད་ལས་དེ་ལོ་རྒྱུས་མིན་པར་གཞན་དག་རེད། ལོ་རྒྱུས་ནི་ཞར་དང་ཞོར་ལ་འབྲི་གིན་ཡོད་པས། ལོ་རྒྱུས་འབྲི་མཁན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དེ་དག་མ་རེག་པར་རྟག་པར་གཞན་གྱིས་གང་བཤད་ནས་ལེན་རྐྱང་གནང་གིན་ཡོད་པས། ལོ་རྒྱུས་ཞིབ་ཚགས་པོ་ཅུང་ཟད་དཀོན་པོ་རེད། ཡིན་ན་ཡང་བྲག་དགོན་པས་མདོ་སྨད་ཆོས་འབྱུང་འབྲི་དུས་ཀྱི་དཀའ་ལས་ལྟ་བུ་ཞིག་བོད་ཀྱི་ལོ་རྒྱུས་པ་མང་པོས་བརྒྱབ་ཡོད་ཚེ་བོད་པའི་ལོ་རྒྱུས་ཀྱི་ལྷ་སྒྲུང་རང་བཞིན་དེ་ཏོག་ཙམ་ཉུང་བ་ཡོད་ཀྱི་རེད་བསམས། གསོ་རིག་པ་ཚོ་ནི་དེ་བཞིན་མ་ཡིན་པར་སྔོ་སྨན་ངོས་འཛིན་དེ་དམར་ཁྲིད་ལྟ་བུར་བྱེད་དགོས་པས། རང་གི་ཤེས་རབ་ཀྱི་རྩལ་ཁ་ཕྱེ་དགོས་པ་ཞིག་ཏུ་སྣང་། དེ་མིན་ནང་དོན་རིག་པའི་མཁས་པ་ཚོས་ཀྱང་རང་རང་གི་དགོན་པ་དེའི་ཡིག་ཆ་གཙོ་ཆེར་བཟུང་སྟེ་དེ་ལ་དམིགས་བསལ་ཞེས་པའི་ལན་ཞིག་འདེབ་ཆོག་པ་མགཏོགས་འགལ་ཁྱབ་ཀྱི་ལན་བཏབ་ན་ལྷ་མི་གཉིས་ཀའི་རྩ་ནས་འགྲམ་ལྕག་རེག་རྒྱུའི་ཉེན་པ་ཤིན་ཏུ་ཆེ། གང་ལྟར་ཆེད་ལས་པ་དང་ཆེད་མཁས་པ་མེད་པ་མིན་ཡང་སློབ་ཁྲིད་ལམ་ལུགས་དེ་འཐུས་ཚང་ཞིག་མ་ཡིན་པར་སྔ་མ་ཚོའི་ལམ་ལུགས་ལས་འདའ་མི་ཆོག་པའི་རྐྱེན་གྱིས་ལེགས་ཆ་ཞན་ཆ་གཉིས་ཀ་ལོས་ཀྱང་ཡོད། ད་མི་བཤད་ནི་བྱེད། མྱི་ལོ་ལོན་གྱིས་བཤད་ཀིན་བཤད་ཀིན་འཆོལ་འགྲོ་གི་འདུག
ནོར་བཅོས། ཉེན་པ། ཉེན་ཁ
ཨ་རོ་ཀླུ་སྨྱོན་ལགས།
ཉིད་ཀྱིས་མཆན་གཉིས་པའི་ནང་གསུངས་པའི་ཆེད་ལས་རིགས་དེ་ཚོ་ནི་ངེད་ཀྱིས་དཀོན་རབས་དང་དཀོན་དགོས་པའི་རྒྱུ་མཚན་བཅས་བཤད་པའི་དོན་དེ་ཡིན་ལགས། ཁྱེད་ཀྱི་མཆན་དང་པོ་དེར་བཀོད་པའི་ཤེས་ཡོན་གྱི་རྣམ་གྲངས་དེ་ཚོ་ནི་ང་ཚོ་ལ་ངོམ་རུང་བ་ཞིག་ཡོད་པ་རེད་ལགས། ངས་༧གོང་ས་མཆོག་གི་བཀའ་སློབ་དེ་བཙལ་ནས་འདིར་འགོད་དགོས་བསམས་མོད། ད་རྙེད་ཀྱི་མི་འདུག་ལགས། དུས་བབ་ཐོག་བཀོད་པའི་གསལ་བསྒྲགས་དེ་འདིར་འགོད་འདྲེན་བྱས་པ་གཤམ་གསལ་ལྟར་ལགས།
———————————-=====================================
——————————–
བོད་གཞུང་གིས་ཆེད་ལས་སློབ་ཐོན་པ་དག་འཚོལ་ཞིབ་བྱེད་པ།
འདོན་སྤེལ། ༢༠༠༩/༠༡/༡༣
ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆེད་ལས་སློབ་ཐོན་གནས་ཚུལ་རྟོགས་ཞིབ་ཀྱི་ལས་གཞི་དང་འབྲེལ་བའི་འབོད་བསྐུལ་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་མིའི་ཆེད་ལས་སློབ་ཐོན་པ་རྣམས་ཀྱི་གནས་ཚུལ་རྟོགས་ཞིབ་ཐད་ཚང་མས་མཐུན་འགྱུར་གནང་རོགས་ཟེར།
ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་ནི་གཤམ་གསལ་ལྟར་བཀོད་འདུག ༄༅།། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་འབུམ་ལ་ཉེ་བ་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་ནང་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་ལ་ཉེ་ཞིང༌། དུས་ཡུན་དེའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་འཁྲིད་ལམ་སྟོན་འོག་སྐྱབས་བཅོལ་ལ་འབྱོར་བ་ནས་བཟུང་བོད་ཕྲུག་ཚོར་འདབ་ཤོག་གཉིས་ལྡན་གྱི་ཤེས་ཡོན་མཁོ་སྤྲོད་ཞུ་རྒྱུ་དེ་བཞིན་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་གྱིས་ཐོག་མར་མ་སུ་རི་སློབ་གྲ་གསར་བཙུགས་གནང༌། རིམ་བཞིན་རྒྱ་བལ་འབྲུག་གསུམ་བོད་མིའི་སྡོད་སྒར་སོགས་ཀྱི་ནང་གཏན་ཉིན་སློབ་གྲྭ་རྒྱ་བསྐྱེད་དང་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཤེས་ཡོན་སྦྱོང་བརྡར་ཆེད་བོད་ཕྲུག་ཆེད་རྫོང་བྱེད་རྒྱུ་སོགས་ཤེས་ཡོན་ཡར་རྒྱས་གཏོང་ཐབས་འབྲེལ་ཡོད་ཚང་མས་ཐབས་ཤེས་འབད་བརྩོན་གནང་འབྲས་སུ་སྤྱི་ཡོངས་ཀྱི་ཆ་ནས་གྲུབ་འབྲས་ཀྱང་ཧ་ཅང་ཆེན་པོ་སོན་ཡོད་པ་ཚང་མས་མཐོང་ཆོས་སུ་ཡོད་ནའང༌། ད་བར་བོད་ཕྲུག་ཇི་ཙམ་ཞིག་གིས་ཤེས་ཡོན་སྡེ་ཚན་གང་ཞིག་དང༌། གཞན་ལས་རིགས་འདྲ་མིན་སོགས་ཀྱི་ནང་སློབ་གཉེར་མཐར་ཕྱིན་གནང་པའི་གྲངས་ཐོ་ཐར་ཐོར་ཙམ་ལས་མེད་པ། ལྷག་པར་བོད་ཕྲུག་སློབ་ཐོན་ནས་ཁྱད་ལས་ཇི་ཡོད་ཀྱི་གྲངས་ཐོ་ཆ་ཚང་ཞིག་མེད་པ་བཅས་ལ་བརྟེན། དེ་དག་གི་གནས་ཚུལ་ཞིབ་ཆ་ཞིག་དགོས་གལ་ཡོད་པ་དེ་སྔ་ནས་བཀའ་ཕེབས་དགོངས་དོན་བཞིན་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ནང་ཞུས་ཏེ་སྔ་ལོ་ནས་དེའི་ལས་རིམ་འགྲོ་བཞིན་པ་དང༌། ད་ལན་གྱི་མཐོ་སློབ་ཐོན་པའི་གནས་ཚུལ་གྲངས་ཐོ་བསྡུ་ལེན་འདྀ་བརྒྱུད་ནས་བཙན་བྱོལ་བོད་མིའི་འཁྲོད་ཆེད་ལས་ཐོན་པ་ཇི་ཡོད་བཙན་བྱོལ་གཞུང་མང་ནས་ཤེས་རྟོགས་ཡོང་རྒྱུའི་ཐོག་ཤེས་ཡོན་དང་ནུས་ལྡན་གྱི་མི་སྣ་ཁག་ལ་འབྲེལ་ལམ་དང་ནུས་པ་བེད་སྤྱོད་ལ་དམིགས་སྟེ་ལས་གཞི་འདི་སྤེལ་བ་ཡིན་པས་ཚང་མས་མཐུན་འགྱུར་གནང་སྐྱོང་ཡོང་བ། གྲངས་ཐོ་འདིའི་ནང་བཙན་བྱོལ་ལ་འབྱོར་ནས་ད་བར་གང་ན་སུས་གཙུག་ལག་རབ་འབྱམས་སམ་དེ་དང་ཚད་མཉམ་པ་Master Degree or Equivalent in any subject) རིགས་གཅིག་རྐང་འཛིན། (PhD or M.Phil, Chartered Accountant) བོད་སྨན་དང་ཕྱི་སྨན། འཕྲུལ་རིགEngineering) སོགས་ཆེད་ལས་ཐོན་མཁན་རྣམས་ནས་མཉམ་སྦྱར་འགེངས་ཤོག་གཞི་བཟུང་བཀང་སྟེ་རྒྱ་བོད་འབྲུག་གསུམ་ནང་གནས་འཁོད་རྣམས་ནས་ཁྱབ་ཁོངས་ས་གནས་འགོ་འཛིན་དང༌། ཕྱི་རྒྱལ་དུ་གནས་འཁོད་རྣམས་ནས་ཁྱབ་ཁོངས་བོད་གཞུང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་དང་བོད་རིགས་སྤྱི་མཐུན་ཚོགས་པ་གང་རུང་བརྒྱུད། ཡང་ན་ཤེས་རིག་ལས་ཁུངས་སུ་ཐད་ཀར་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༣༠ འགྱངས་མེད་གཤམ་གསལ་ཞལ་བྱང་ཐོག་གམ་ཨི་མལ་བརྒྱུད་འབུལ་གནང་ཡོད་པ། འགེངས་ཤོག་འདི་བཞིན་བཙན་བྱོལ་བོད་གཞུང་དང༌། ཤེས་རིག་གི་དྲ་རྒྱ། http://www.tibet.net./www.sherig.org ནང་ལའང་ཡོད་པས་ཕབ་ལེན་གྱིས་འགེང་བཀང་གནང་ནའང་འཐུས་རྒྱུ་བཅས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༦ ལ།།
སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་འདི་བོད་ཀྱི་བང་ཆེན་ནས་རྙེད་བྱུང་།
དེང་སང་ང་རང་ཚོ་བོད་ནང་ལ་རྒྱ་མིའི་ངོས་ནས་བོད་པའི་ཆོས་དང་རིག་གཞུང་ཐོག་ མཐོང་ཆུང་ཁྱད་བསད་བྱས་པས་མ་ཚད། ཇི་སྲིད་བོད་ཀྱི་ཆོས་དང་རིག་གཞུང་ཐུན་མོང་མ་ཡིན་པ་དེ་གནས་པ་དེ་སྲིད་དུ་བོད་ ཁ་བྲལ་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་པར་བལྟས་ཏེ་ཧ་ལམ་འཆར་གཞི་ལྡན་པའི་ཐོག་ནས་ མེད་པ་བཟོ་རྒྱུའི་རྣམ་འགྱུར་ཐོན་གྱི་འདུག
དེ་འདྲ་ཞིག་གི་དུས་ཚོད་ལ་ང་ཚོ་བཙན་བྱོལ་བའི་སློབ་ཕྲུག་ཚོས་བོད་ཡིག་དང༌། ང་ཚོའི་བོད་ཀྱི་རིག་གཞུང་ལ་དམིགས་བསལ་གྱི་དོ་སྣང་བྱས་ཏེ་སློབ་སྦྱོང་བྱེད་ རྒྱུ་གལ་ཆེན་པོ་འདུག སྐབས་རེ་ང་ཚོ་རྒྱ་གར་ནང་གི་སློབ་གྲྭའི་བོད་ཡིག་གི་གནས་ཚད་ཞན་པོ་ཡོད་པའི་ གནས་ཚུལ་ཐོན་པ་དེ་ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོས་བོད་ཀྱི་ནང་ང་ཚོའི་ཆོས་དང་རིག་གཞུང་རྩ་མེད་འགྲོ་གི་འདུག་ཅེས་འཛམ་ གླིང་གི་སྒང་ལ་སྐད་འབོད་བྱེད་ཀྱི་ཡོད་ཀྱང༌། རང་དབང་ལུང་པའི་ནང་ལ་ཡོད་པའི་བོད་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་དང༌། དང་དོད་མ་བྱས་པར་བོད་པའི་ཤེས་ཚད་དང་རིག་གཞུང་སྐྱོ་པོ་ཆགས་པ་ཡིན་ན་རྒྱ་མིར་ བཤད་ས་གང་ཡང་བསྡད་མ་སོང་ངམ། དེས་ན་ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་པའི་སློབ་ཕྲུག་ཁྱེད་རང་ཚོས་དམིགས་བསལ་ གྱི་བོད་ཡིག་ལ་དོ་སྣང་བྱེད་དགོས་ཀྱི་འདུག །
༡༩༩༧ ལོའི་ཟླ་༡༡ ཚེས་༢༢ ཉིན་མ་སུ་རི་སློབ་ཕྲུག་ཚོར་སྩལ་བའི་བཀའ་སློབ་ལས་བཏུས།།
ཕྱི་ལུགས་པའི་ཆེད་ལས་ལ་འཇུག་པའི་གོམ་པ་དང་པོ་ཡིན་པ་དང་།
རང་ལུགས་ཆེད་སྦྱོང་རྒྱལ་སྤྱིའི་ཁྲོམ་ར་ན་བྲིན་ཆུང་བས་ལན་འདུག
དགེ་འདུན་རབ་གསལ་ལགས་ཀྱིས་གསུངས་པ་འདི་གནད་འགག་རེད། ངེད་ཚོའི་སྤྱི་ཚོགས་ལ་ཆེད་པས་པ་དཀོན་པོ་འདུག་ལ། དེ་བས་དེ་དག་ལ་བདག་པོ་རྒྱག་མཁན་དཀོན་པོ་རེད། བོད་ཀྱི་ཆེད་ལས་པ་ཚོར་བདག་པོ་རྒྱག་མཁན་མི་མཐའ་མ་དེ་རྒྱ་ལོ་དོན་གྲུབ་ལགས་རེད། ཁོང་གིས་༡༩༩༠ནང་བཀའ་ཁྲི་ཡིན་སྐབས། བོད་ནང་ནས་ཕེབས་པའི་རྒྱ་ཡིག་དང་བོད་ཡིག་གི་ཆེད་ལས་པ་འགའ་ཞིག་ཡིག་ཚད་ཐོག་གཞུང་གི་ལས་གནས་སྤྲད་ཡོད། དེའི་བྱས་རྗེས་ལ། ད་ལྟ་བཙན་བྱོན་བོད་གཞུང་ནས་རྒྱ་ཡིག་ཚད་ལྡན་ཤེས་མཁན་རེ་གཉིས་སླེབས་ཡོད། དཔེར་ན་ཚེ་རྒྱམ་སོགས་རེད།
སྤྱིར་ཆེད་ལས་པ་དང་། ཤེས་ཡོན་ཅན་བདག་པོ་རྒྱག་ཡས་དེ་ཆབ་སྲིད་པའི་ཐོག་ནས་བཤད་ན་དཀའ་ངལ་རེད། རྒྱུ་མཚན་ནི་ཆེད་ལས་པ་ཚོས་སྲིད་དོན་པ་ཚོའི་སྐྱོན་ཆ་རྣམས་སྟབས་བདེར་རྟོག་ནས། ཁོང་ཚོའི་བྱ་བར་འགག་བྱ་ཡོང་དོགས་ཀྱི་རེད་ཅེས་སྤྱི་ཚོགས་ཚན་རིག་པ་ཚོས་གསུངས་བཞིན་གདའ།
ལོ་རྒྱུས་ཐོག་ལ། ཆེས་ལས་པ་དང་། ཤེས་ཡོན་ཅན་ལ་རྒོལ་རྡུང་གཏོང་བའི་དོན་རྐྱེན་རྒྱལ་ཁབ་མང་པོའི་ནང་བྱུང་ཡོད། ལྷག་པར་དུ་རང་དབང་དང་དམངས་གཙོ་མིན་པའི་རྒྱལ་ཁབ་ནང་ཆེད་ལས་པ་དང་ཤེས་ཡོན་ཅན་གྱི་མགོ་བོ་རྡེག་བཅུག་གི་མེད། རྒྱུ་མཚན་ནི་ཁོང་ཚོའི་དཔུང་ཁག་དེར་སྲིད་དབང་སྒེར་འཛིན་གྱི་ཆབ་སྲིད་པ་རྣམས་ཤིན་དུ་འཇིགས་པས་སོ། དཔེར་ན་བོད་དང་རྒྱ་ནག་སོགས་ནང་གནས་ཚུལ་འདི་ད་ལྟ་འཐོན་མུས་ཡིན།
ངེད་ཚོའི་བཙན་བྱོལ་གཞུང་དེ་སྤྱིར་དམངས་གཙོའི་རྣམ་པར་འགྱུར་ཡོད་རུང་། ད་དུང་ཚད་ལྡན་གྱི་དམངས་གཙོར་སླེབས་མེད། རྒྱུ་མཚན་ནི་དམངས་གཙོའི་རིན་ཐང་གཙོ་བོ་དེ་འོས་འདེམས་བླུགས་རྒྱུ་དེ་གཅིག་པུ་མིན་པར། བསམ་ཚུལ་མི་འདྲ་བ་བར་གུས་ཞབས་དང་ཉན་འཇོག་བྱེད་རྒྱུ་དེ་རེད། དེའི་ལམབརྟེན་ལེགས་ཤོས་དེ་ཆབ་སྲིད་ཀྱི་ཚོགས་པ་འཛུགས་རྒྱུ་དེ་རེད། ཡིན་ནའི་དེ་ངེད་ཚོར་མེད།
དེ་བཞིན་ཟམ་གདོང་རིན་པོ་ཆེར་མཚོན་ན། ཁོང་གི་བསམ་བློ་དེ་ཤིན་དུ་གུ་དོག་པོ་ཞིག་རེད་འདུག སེར་མོ་བའི་འཚོ་བའི་ནང་འཚར་ལོངས་བྱུང་བ་དང་། དེའི་རིག་གནས་ཀྱིས་ཤུགས་རྐྱེན་ཆེན་པོ་བྱུང་བའི་རྐྱེན་གྱིས། སྐྱ་བོའི་རིག་གཞུང་དང་འགྲོ་སྟངས་ཁྱོན་ནས་མ་ཤེས་པས། ཁོང་གི་དགོངས་པའི་ནང་བདེ་ཐང་ཅན་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་རྒྱུར་ཉམས་མྱོང་གི་ངོས་ནས་ྩ་བ་ནས་ལྡང་གི་མེད་པ་དེ་དངོས་ཡོད་རེད།
ཁོང་ལ་མཚོན་ན། ནང་ཆོས་ལས་ཕར་ཕུད་པའི་རིག་གཞུང་གཞན་རྣམས་ནི་འཁོར་བའི་འདུ་འཛི་དང་ཟང་ཟིང་གི་ཆོས་ཅན་ཡིན་སྟབས་དེ་ལ་རིན་ཐང་མཐོང་གི་མེད། དཔེར་ན། ཁོང་གིས་བོད་མི་ཚོས་འདོད་ཆགས་ཞེ་སྡང་། གཏི་མུག་སོགས་སྤངས་ན། བོད་རང་བཙན་ཐོབ་ཟེར་བ་འདི་སྐྱ་བོ་ཞིག་གིས་ངོས་ནས་ལྟས་ན། ངུ་མི་ཤེས་གོད་མི་ཤེས་པའི་བཀའ་སློབ་ཞིག་མ་རེད་དམ།
ྩ་བའི་དགོངས་པ་འདི་ལྟར་བཞེས་མཁན་གྱིས་བཀའ་ཁྲི་ཞིག་གིས་ཆེད་ལས་པ་མིག་ལ་འཇོག་ས་ཨེ་རེད། མཐའ་སྡོམ་ལ། ངེད་ཚོས་དངོས་གནས་བདེ་ཐང་ཅན་གྱི་སྤྱི་ཚོགས་ཤིག་སྐྲུན་དགོས་ན། ང་ཚོའི་ྩ་བའི་བསམ་བློ་གཏོང་སྟངས་དེར་སྒྱུར་བ་ཞིག་གཏོང་དགོས། ཟམ་སྟོང་རིན་པོ་ཆེས་དེ་གཏོང་མི་སྲིད་པ་ཞིག་རེད། རྒྱུ་མཚན་ནི། ཁོང་ནོར་འཁྲུལ་ྩ་བ་ནས་ཁས་མི་ལེན་པའི་གོམས་གཤིས་ཞན་པ་ཞིག་འདུག
ཟམ་གདོང་རིན་ཆེ་ལ་དམིགས་བསལ་གྱི་ཁྱད་རྩལ་ཞིག་ཡོད་པ་ནི་ལན་བརྒྱག་རྒྱུ་དེ་རེད། ཞེ་ས་མ་ཞུས་ན་ཁ་བདེ་བོ་དང་ཞེ་ནག་པོ་ཡོད་པ་དེ་རེད། ཁོ་བཀའ་ཁྲི་སླེབས་པ་ད་བར་བོད་མི་ཚོས་རེ་འདོད་དང་དཀའ་སྡུག་ག་རེ་ཞུས་ནའང་སྣང་མེད་ཁྱད་གསོད་ཀྱི་འཁྱོག་བཤད་རྐྱང་བརྒྱབ་ནས་ཉི་མ་བསྐྱལ་བ་རེད། དེ་ནི་ཁོང་གི་ཚན་ཉིད་གཞུང་སྦྱངས་པའི་ནུས་པ་རེད། ཆོས་ལུགས་ཀྱི་གཞུང་ནས་གནད་དོན་ཟབ་མོ་ག་འདྲ་ཞིག་ཡིན་ནའང་ཁ་རྩོད་དང་ཐལ་མོ་བརྡབ་པ་ཁོ་ན་ལ་བརྟེན་ནས་ཐག་གཅོད་དང་གཏན་འབེབ་བྱེད་ཀྱི་ཡོད་པ་རེད། ཆོས་པ་ཚོས་གནད་དོན་གང་ཞིག་ཡིན་ཡང་ལན་འདྲ་བོ་ཞིག་ཕོག་སོང་ན་དེས་ཡོངས་སུ་འགྲིག་པ་རེད། སྤྱི་ཚོགས་ཀྱི་རྙོགས་དྲ་ནི་དངོས་ཡོད་ཀྱི་གནས་སྟངས་གཞི་རྩ་བཞག་ནས་མིག་མཐོང་ལག་ཟིན་གྱིས་དཀའ་ངལ་སེལ་ཐབས་བྱེད་དགོས་པ་རེད། ཟམ་གདོམ་རིན་པོ་ལ་ཆོས་ཕྱོགས་ནས་ཁ་བདེ་བོ་ཞིག་ཐོབ་ཡོད་པ་ཁོ་ན་ལས། ལས་རྒྱུ་འབྲས་དང་བྱམས་སྙིང་རྗེ་ཟེར་བ་དེ་འདྲ་མ་རྩ་བ་ཁོ་རང་ནས་མེད་པའི་ཆབ་སྲིད་པ་ཞེ་ནག་ཅིག་རེད། ཁོས་ནུབ་ཕྱོགས་ཁག་ཏུ་སྐྱབས་བཅོལ་ལ་འགྲོ་མཁན་གྱི་བོད་མི་ཚོའི་དངོས་ཡོད་དཀའ་ངལ་མ་ལྟོས་པར་འཁྱོག་བརྗོད་འདི་འདྲ་བྱས་འདུག ཁྱེད་ཚོའི་དཀའ་ངལ་དེ་སྒོར་འབུམ་བདུན་བརྒྱད་སྤྲད་ནས་ཆེད་ཉོས་པའི་དཀའ་ངལ་རེད། ཁྱེད་ཚོ་ལ་དངུལ་དེ་འདྲ་མང་པོ་སྤྲོད་རྒྱུ་ཡོད་ན་རྒྱ་གར་དང་བལ་བོ་སོགས་ནས་འདུག་མི་ཐུབ་པ་ག་རེ་རེད། ཁྱེད་ཚོ་ཁྲིམས་འགལ་རེད་ཅེས་བློ་ཡུལ་ལ་མི་ཤོངས་པའི་བརྙས་དམོད་བྱས་པ་རེད། དོན་དངོས་སུ་ཕྱི་རྒྱལ་ལ་འགྲོ་མཁན་མང་ཆེ་བས་དངུལ་བུ་ལོན་གཡར་ནས་འགྲོ་གི་ཡོད་པ་དང་། ཕྱི་རྒྱལ་ལ་སོང་ནས་ལོ་མང་གཡོག་ལས་སོགས་འུ་ཐུག་གི་ལས་ཀ་སྣ་ཚོགས་ལས་རྗེས་གཞི་ནས་བུ་ལོན་འཇལ་ཐུབ་ཀྱི་ཡོད་པ་རེད། དང་པོ་ནས་དངུལ་ཡོད་ཙང་ཕྱི་རྒྱལ་འགྲོ་གི་མེད་པ་ཁོས་མཁྱེན་བཞིན་དུ་བོད་མི་སྐྱབས་བཅོལ་བ་ལ་བརྙས་བཅོས་དང་མཐོང་ཆུང་བྱས་པ་རེད། བཀའ་བློན་ཁྲི་ཟམ་ལྟར་ན་བོད་མི་ནུབ་ཕྱོགས་སུ་འགྲོ་མཁན་སྐྱིད་དྲགས་པ་དང་དངུལ་འབེལ་དྲགས་ནས་འགྲོ་གི་ཡོད་པ་འདྲ་བོ་བཤད་ཀྱི་འདུག
འོན་ཀྱང་རྒྱལ་བ་རིན་པོ་ཆེ་རྒྱལ་ཁབ་གང་དུ་ཕེབས་ནའང་བོད་མི་ཚོ་ལ་རྒྱབ་སྐྱོར་དང་རོགས་པ་གནང་རོགས་ཞེས་གསུངས་བསྐུལ་གནང་གི་ཡོད་པ་ལས། བཀའ་ཁྲིའི་མི་དམངས་དཀྱུས་མ་ཞིག་གི་འཚོ་བ་དང་མི་ཚེའི་ནང་གི་དཀའ་སྡུག་ལ་ཉམས་མྱོང་མེད་པར། ཚེ་གོང་བོར་སྐབས་རེ་བླ་མ་དང་སྐབས་རེ་དཔོན་པོ་སོགས་ཀྱི་མཚན་གནས་སྤྱད་ནས་མི་བྲན་ལ་བཀོལ་ནས་ཡོང་མཁན་ཞིག་ཡིན་པས་ལན་པ་རེད། ཁོ་མི་ཚེ་ནང་ཁོ་རང་གི་ཕོར་རུ་ཐེངས་གཅིག་ལའང་འཁྲུས་མྱོང་ཡོད་མདོག་ཁ་བོ་མ་རེད། བཀའ་བློ་ཁྲི་བ་འདི་འདྲ་མགོ་མཁྲེགས་དང་ཞེ་ནག་ཅིག་བྱུང་བ་བོད་མི་འཁྱམ་པོར་སྡུག་བསྔལ་བསྣོན་མ་ཞིག་ཆགས་པ་མ་རེད་དམ།
༧རྒྱལ་བ་རིན་པོ་ཆེ་དང་རང་ཉིད་བོད་མི་ཞིག་ཡིན་སྟབས་ཨུ་ཚུགས་ཁོ་ན་བྱས་ནས་བོད་པའི་སྤྱི་ཚོགས་རྗེས་སུ་འགྲོ་གི་ཡོད་པ་ལས། གཞན་བཙན་བྱོལ་བོད་གཞུང་གི་བརྙས་བཅོས་ཁུར་དོན་མེད། ལྷག་པར་དུ་ཟམ་གདོང་གིས་ཁོ་རང་གི་ངོ་ཤེས་རྒྱ་གར་བ་ཚོའི་ངོ་སྲུང་རྒྱུ་ཨང་དང་པོ་འཇོག་གི་འདུག བོད་མི་ཚོ་ཚིག་རྩུབ་ཁོ་ནས་འདུལ་ཐབས་བྱེད་ཀྱི་ཡོད་ཀྱང་། དེ་ནི་སྤྱི་ཐོར་ཤིག་ཏུ་འགྲོ་ངེས་པའི་རྒྱ་མཚན་ཡོངས་སུ་ཚང་ཡོད་པ་རེད། བོད་མི་ལ་དགོས་པ་མཁས་མདོག་གི་ལན་རྣོ་བོ་དེ་ཚོ་མ་ཡིན་པར་དངོས་ཡོད་མིག་མཐོང་གི་དཀའ་ངལ་རིགས་སེལ་ཐབས་དགོས་པ་དེ་རེད།
བོད་གཞུང་ལ་མཚོན་ན་ཆེད་ལས་བསྐྱེད་སྲིང་གི་གནས་ཚུལ་དེ་རྒྱ་མཚོའི་ཕ་རོལ་གྱི་གྲིབ་གཟུགས་ཤིག་དང་འདྲ་བས་དེ་སྐོར་གླེང་ནས་ཡོང་ཡ་མེད་ཙང་འདིར་ཡང་བྲིས་མེད། བཀའ་ཁྲིས་བོད་མི་ཚོའི་སེམས་ནང་ན་ཟུག་གི་གཟེར་ཁ་བརྒྱབ་མྱོང་བ་ཧ་གོ་ཆེད་འདིར་བྲིས་པ་ཡིན། དྲ་ཁང་འདིར་སྤྱི་འཐུས་འདྲ་བོ་དེ་འདྲ་ཡང་ཞུགས་ཀྱི་ཡོད་པ་ཤེས་ནས་ཆེད་དུ་བྲིས་པ་ཡིན། ང་ལ་མཚོན་ན་བཀའ་ཤག་དང་སྤྱི་འཐུས་ལ་རེ་བ་དང་ཞེ་སྣང་སྐར་མ་གང་མེད། ང་ཚོ་ནམ་ཞིག་ཁ་བྲལ་སྲིད་པས་སྒུག་བསྡོད། ངས་དོན་མེད་ལ་སྐད་ཅོར་བརྒྱག་གི་འདུག་མ་དགོངས། ཁྱེད་ཚོས་བོད་དོན་རྩེད་བྱས། བོད་མིར་གཉའ་གནོན་དང་ཚིག་རྩུབ་ཁོ་ནས་དབང་བསྒྱུར་བྱེད་ཐུབ་པའི་སྟོང་རེ་ཡུན་རིང་མ་བཅིངས། བེ་རི་འཇིགས་མེད་དབང་རྒྱལ་ཁྱེད་ཀྱིས་ངས་མཆན་འདི་ཀློག་ཡིན་ན་ལན་སྤོད། བོད་མིའི་ནང་ན་གཞོན་གྱི་དཔུང་ཁག་གཞན་པ་ཞིག་འཕེལ་བཞིན་པའི་སྔོན་བརྡ་ཡིན་ད། ༧རྒྱལ་བ་རིན་པོ་ཆེར་ལ་སྐུ་ངལ་འཕར་མ་མི་བཟོད་ཆེད་ཐེ་ཚོམས་བྱས་ནས་བསྡད་ཡོད། བཀའ་སྤྱི་གཉིས་བོད་དང་བོད་མའི་ཆེད་དུ་ཕན་ཐོགས་དང་དྲང་བདེན་ཡིན་པའི་ལས་ཀ་ག་རེ་ལས་ཡོད་དམ།
མཆན་བུ་འདེབས་མཁན་དག་གིས་གང་ཞིག་གསུངས་ན་ཡང་དེ་དང་དེ་ལ་དམིགས་ཡུལ་དང་རྒྱུ་མཚན་ཡོད་ངེས་རེད། འདིར་ངེད་ཀྱིས་རང་ཉིད་སྒེར་ངོས་ནས་ཟམ་གདོང་རིན་པོ་ཆེ་ལ་འབྲེལ་འདྲིས་བྱུང་བའི་སྐོར་ནས་གསལ་བཤད་འཁྱུག་ཙམ་ཞུ་འདོད་བྱུང་། འདི་ནི་ཁྱོད་ཚོའི་སེམས་འགུག་འདོད་མིན་ལ། རིན་པོ་ཆེར་སྤྲེལ་ལད་འཁྲབ་པ་ཞིག་ནི་དེ་བས་ཀྱང་མིན། ངས་སུམ་རྟགས་དག་གསུམ་ལ་བརྟེན་ནས་རྩོམ་འཆལ་ཞིག་འབྲི་ཤེས་པ་དང་། རྒྱལ་རབས་དང་རྣམ་ཐར་ཐར་ཐོར་རེ་ཀློག་མྱོང་ཡོད་པ་འདི་གཞི་རྩ་ལ་བརྟེན་ནས་ ༡༩༩༡ ལོར་ང་ལ་ཝ་ཎ་མཐོ་སློབ་ཀྱི་ཁོངས་ཞིབ་འཇུག་སློབ་ཡོན་ཞིག་ཐོབ་བྱུང་། བོད་ཡིག་གི་ཤེས་ཚད་རང་ལ་ཆ་འཇོག་གིས་རིན་པོ་ཆེས་ང་ལ་གོ་སྐབས་དེ་གནང་བ་ལས་གཞན་ངེད་ནི་དེ་དུས་གསར་འབྱོར་ལག་ན་སྒོར་རྡོག་གཅིག་ཀྱང་མེད་མཁན་ཞིག་ཡིན། སློབ་ཡོན་དེ་ལ་བརྟེན་ནས་ང་ནི་བཙན་བྱོལ་ནང་མི་ཚེ་འཁྱོལ་ཐུབ་པ་ཞིག་བྱུང་བ་རེད། ངས་ཤེས་པའི་རིན་པོ་ཆེ་ནི་ རང་གི་ལྟ་གྲུབ་ལ་ངེས་ཤེས་དང་ཡིད་ཆེས་བརྟན་པོ་ཡོད་མཁན། ཤེས་ཡོན་དང་སློབ་སྦྱོང་ལ་ཐུགས་མཉེས་མཁན། གང་ཟག་སྒེར་པའི་མཐོ་དམན་དང་དབུལ་ཕྱུག་ལ་དབྱེ་བ་མེད་པར་ཆ་སྙོམ་གནང་མཁན། སྤུན་ཉེ་དང་དགའ་ཉེ་སོགས་ལ་ཕན་ཆེད་སྤྱི་ཚོགས་ཀྱི་གོ་གནས་དང་དབང་ཆ་བེད་སྤྱོད་མཁན་དེ་འདྲ་རྩ་ནས་མི་གནང་མཁན། སྲོལ་རྒྱུན་གྱི་མཁྱེན་ཡོན་རྩེ་ཕུད་འཛོམས་ཐོག་ལེགས་སྦྱར་དང་ཧིན་དབྱིན་སོགས་ལ་མཁྱེན་པ་རྒྱས་མཁན། དཔལ་འབྱོར་དང་ལོངས་སྤྱོད་ཆེན་པོ་ཐོབ་ཕྱིར་འབད་བརྩོན་མི་གནང་མཁན། དགེ་འདུན་ཆོས་འཕེལ་གྱི་མཁྱེན་ཡོན་ལ་ཐུགས་སྣང་ཆེ་བའི་དགེ་འདུན་ཆོས་འཕེལ་གཉིས་པ་ཞིག་ཡིན་པ་བཅས་རེད་ལགས། དེ་ནས་ཆབ་སྲིད་ཐད་ནས་དགོངས་པ་བཞེས་ཕྱོགས་མཐུན་དང་མ་མཐུན་ཡོང་བ་ནི་ཞུ་མ་དགོས་པ་ཞིག་རེད། དེ་དག་གླེང་སློང་བྱས་ན་ལེགས་ཆ་ཡོད་མོད་ཀྱང་། མཚན་སྨོད་དང་སྡིགས་རེས་བྱེད་པ་དག་ནི་དེ་ཙམ་གྱི་མཛེས་པོ་ཞིག་མི་འདུག་ཅེས་ཞུ།
བོད་གཞུང་གིས་ག་དུས་ཡིན་ན་འདི་༧རྒྱལ་བ་རིན་པོ་ཆེའི་བཀའ་རེད་ཟེར་བ་དང་ཡང་ན་ཁྱེད་རང་བོད་པ་ཚོའི་ལས་འགན་རེད་ཟེར་ནས་བོད་མི་ཚོ་བོད་དོན་ཐོག་བཙན་བསྐུལ་འདྲ་བོ་བྱེད་པ་ལས། བོད་གཞུང་གི་བོད་མའི་ད་ཡོད་ཀྱི་དཀའ་ངལ་ག་རེ་ལ་དངོས་ཡོད་སེལ་ཐབས་བྱས་མྱོང་བ་རེད་དམ། འཛམ་གླིང་གི་དབུ་ཁྲིད་ཚང་མས་ཡར་མར་ཕེབས་སྐབས་མི་དམངས་ལ་འབྲེལ་བ་དང་འཚམ་འདྲི་མཚོན་ཆེད་དབུ་དཀྲུགས་པ་དང་འཛུམ་སྟོན་པ། ཉེ་འཁྲིས་ཀྱི་མི་ལ་ཕྱག་གཏོང་བ་དང་སྐད་ཆ་འདྲི་བ་སོགས་འབངས་མི་དཀྱུས་མ་ཞིག་ལ་ཆེ་མཐོང་དང་སེམས་པ་འགུག་ཐབས་བྱེད་པ་མཐོང་བཞིན་པ་རེད། ཟམ་གདོང་བླ་མས་བོད་མི་ཞིག་མཐོང་བ་དང་མིག་ལོག་ལྟས། མཇིང་པ་སྐྱོག་ནས་ཁ་ལ་ཐང་ཆིའམ་འགྱིག་བྱི་རིལ་ཞིག་མུར་ནས་འཇིམ་སྦོམ་ཁོ་ན་བྱས་འགྲོ་གི་མི་འདུག་གམ། ང་ཚོ་ལ་ག་རེ་བྱས་གདོང་ནག་པོ་ཞིག་གི་ཐོབ་ཐང་ལས་མེད་སོང་བ་རེད་དམ།
བཀའ་ཁྲིས་བོད་མི་ལ་རྣམ་འགྱུར་སྟོན་སྟངས་དེ་ལག་དམར་ཞིག་ལ་རྣམ་འགྱུར་སྟོན་དང་འདྲ་སེ་འདུག དེ་ནི་དབུ་ཁྲིད་ཚད་ལྡན་དང་མི་དམངས་ཀྱི་བསམ་བློ་རྟོགས་མཁན་ཞིག་གི་བྱ་སྤྱོད་ག་ལ་ཡིན། ང་ཚོ་ལ་སྤྲོ་སྣང་ཁོ་ན་ལས་ཚིག་རྩུབ་དང་གདུག་རྩུབ་ཀྱི་རྣམ་འགྱུར་མཐོང་འདོད་མེད།
Hey, Red faced man,
Then why do you think Tibetan refugees elected Smadhong Rinpoche for the supreme leader of exiled Tibetan society for two terms?
Please read “why” as “what”.
ནག་ཕྱོགས་བདུད་ཀྱི་ཁ་དར་བ་དང་བོད་ཀྱི་བསོད་ནམས་ཉམས་བཞིན་པའི་རྟགས་རེད། བཀའ་བློ་ཁྲི་བ་སྤྱི་ཚོགས་དངོས་ཡོད་གནས་ཚུལ་ལ་མཁས་དགོས་པ་ལས། ཆོས་ལ་མཁས་མ་མཁས་ཁྱད་མེད་པ་མ་ཟད། ཁ་ཆེའི་ཆོས་དཔོན་ཚོ་དང་འདྲ་བར་མི་དམངས་ལ་ཚད་ལས་འདས་པའི་ཁྲིམས་བཀལ་བ་ཡིན་ན་ཆོས་ཤེས་པ་ལས་མ་ཤེས་བཟང་གི་རེད། ཟམ་གདོང་འདི་ཞེ་ནག་ལུགས་ལ་ལྟོས་ན་ནང་བ་ཞིག་ཡིན་འགྲོ་སྙམ། ཡང་མིན་ན་ནང་བའི་བླ་མ་ཚོ་དེ་འདྲ་ཡིན་སྲིད།
Alas, people like red faced man have nothing but hatred and ignorance.
Hateful people always live in a world of jealousy, anger, and small mindedness, having strong desire for creation of unpleasant images on others; even Buddha can not help this type of four legged in form of two legs, alive and walking vigorously among us.
The Red faced man, although born and grew amongst fine brained breed of good looking beings with good humanness, but unfortunately man like red faced internally seriously deformed and see things always in wronged direction, also unfortunately this kind of internal illness can not be taken care of without reborn with right views and with culture of humanness.
However , he is not the only one, there are hundreds , thousands and millions living with and within us with different shapes, varied colors and confusing titles, after all, a red faced man covered his face with layers of shit and pointing an Shiva- linga like finger to the other red faced man, after all, at different levels, all in the way is a read faced man I’m bringing forth for the topic of a red faced man who in reality representing each and everyone of us.
བློ་ཕུགས་ཆོས་ལ་གཏད།།
ཆོས་ཕུགས་སྤྲང་ལ་གཏད།།
སྤྲང་ཕུགས་ཤི་ལ་གཏད།།
ཤི་ཕུགས་གྲོག་སྟོང་ལ་གཏད།།
ཟེར་བ་འདི་ཆོས་ཀྱི་ཉམས་ལེན་ཡང་དག་པ་རེད། བསམ་བློ་འདི་འདྲ་ཤུགས་ཆེན་ཡོད་པ་ཞིག་བཀའ་ཁྲིར་སླེབས་པ་ཡིན་ན།།
བོད་དོན་ཆོས་ལ་གཏད།།
ཆོས་དོན་སྤྲང་ལ་གཏད།།
སྤྲང་ཕུགས་ཤི་ལ་གཏད།།
ཤི་ཕུགས་གྲོང་སྟོང་ལ་གཏད།། ཟེར་ནས་མཐར་བོད་འདི་གྲོང་སྟོང་ཞིག་གི་ནང་དུ་གཏད་པ་ཆོས་པ་དབུ་ཁྲིད་ཚོས་བསུས་པ་རེད།
སླར་ཡང་།
བོད་སྲིད་ཆོས་པར་གཏད།།
ཆོས་དཔོན་རྒྱ་ལ་གཏད།།
རྒྱ་དམག་བོད་ལ་གཏད།།
བོད་སྲིད་གྲོང་སྟོང་ལ་གཏད།།
ད་ནི་ཆོས་ཀྱི་བསླབ་བྱ་བཞིན་བོད་འདི་གྲོང་སྟོང་ལ་གཏད་ནས་གདའ། ཡིད་ཚིམས་པར་གྱིས་ཤིག
Desel. Don’t talk anything about that useless Indian man, Buddha, you don’t need to tell me that he can not help me. I know before you that Buddha can do nothing for anybody.
གདོང་དམར་གྱི་བུ་ཟེར་བ་འདི་སྨྱོས་ཡོད་པ་འདྲ། ཁོ་རང་གིས་ཅི་ཞིག་བཤད་ཀྱི་ཡོད་པ་ཁོ་རང་གིས་ཧ་གོ་གི་མེད་ཚོད་འདུག དཔེར་ན། བྷེ་འཇམ་ན་ཡོད་པའི་བོད་རིགས་རྒྱལ་ཁབ་དེའི་ལག་འཁྱེར་ཚད་ལྡན་མེད་མཁན་དེ་ཚོ་ཁྲིམས་འགལ་མ་ཡིན་བཞིན་དུ་ཟམ་གདོང་བླ་མས་ཁྲིམས་རེད་ཟེར་ནས་གསུངས་པ་རེད་དམ། ཁྲིམས་འགལ་ཡིན་རུང་ཁྲིམས་འགལ་བ་དེ་ཚོ་ལ་བོད་གཞུང་གིས་ཀྱང་རྐྱག་རྫུན་བཤད་ནས་ཁྲིམས་འགལ་གྱིས་རྒྱབ་བྱ་དགོས་ཟེར་གྱི་ཡོད། བློ་གཟུ་བོས་རྟོག་དཔྱོད་བྱེད་པ་དང་སྐད་ཆ་བཤད་མཁན་ཞིག་ཡིན་ན། ཟམ་གདོང་བླ་མའི་མཛད་སྤྱོད་འདིའི་ཐོག་ནས་ཟམ་གདོང་བླ་མ་ཡུལ་གྱལ་བའི་བོད་རིགས་སྤུན་ཟླ་དེ་ཚོ་ལ་དགའ་ཞེན་མེད་པ་མཚོན་མི་ཐུབ་པར་མ་ཟད། ཁོང་རང་རིགས་ལ་ཕུག་རྒྱང་རིང་པོའི་ཐོག་ནས་ཤ་ཚ་ལུགས་མཁྱེན་པའི་རྒྱང་གཟིགས་པ་ཞིག་དང་། དྲང་བདེན་གྱི་དམ་ཚིག་གཅེས་པར་འཛིན་པའི་དྲང་སྲོང་དམ་པ་ཞིག དཀའ་ངལ་ཡོད་ཚད་བདེན་པ་ལ་རྒྱབ་བཅོལ་ནས་སེལ་དགོས་པའི་ལྟ་གྲུབ་དངོས་ཡོད་ལག་ལེན་ལ་འགེལ་བའི་འགྲན་ཟླ་མེད་པའི་ཆབ་སྲིད་པ་ཞིག་ཡིན་པ་གསལ་པོ་རྟོགས་མི་ཐུབ་བམ།
འོ་ན་༧སྐུ་མདུན་རྒྱལ་སྤྱི་ཐོག་གི་ཁྲིམས་འགལ་དང་ནག་ཅན་པ་ཞིག་ཟེར་འདོད་པ་ཡིན་ནམ། ཁོང་གིས་བོད་རིགས་གར་ཡོད་ས་ལ་ཕེབས་སྐབས་དེ་གའི་གཞུང་ལ་ངའི་མི་དམངས་ལ་རོགས་པ་གནང་བར་ཐུགས་རྗེ་ཆེ། མུ་མཐུན་ནས་ངའི་མི་དམངས་ལ་རོགས་པ་ཡག་པོ་གནང་རོགས་ཞེས་གསུང་བསྐུལ་གནང་བ་ལས། ཟམ་གདོང་ནང་བཞིན་ཁྱེད་ཚོ་ཁྲིམས་འགལ་རེད་ད་ངུས་ན་སྡུག་གྱོང་རེད་ཟེར་བ་སེམས་པའི་ནང་དྲན་ཕོད་ཀྱང་ཞལ་ནས་གསུངས་མི་ཕོད་པའི་གནས་ཚུལ་ཞིག་རེད། བོད་མི་སུ་ཞིག་སྐྱིད་དྲགས་པའམ་དངུལ་འབེལ་དྲགས་ནས་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་འགྲོ་གི་ཡོད་པ་རེད་དམ། ཟམ་གདོང་གིས་ཁྱེད་ཚོ་སྐྱིད་དྲགས་པ་དང་དངུལ་འབེལ་དྲགས་ནས་ཆེད་དུ་ཉོས་པའི་སྡུག་གྱོང་རེད་ཟེར་བ་ལས་རྒྱུ་འབྲས་སྦྱངས་མྱོང་མཁན་ཞིག་གིས་གསུངས་རེད་དམ། བོད་མི་ནུབ་ཕྱོགས་ལ་འགྲོ་མཁན་ཚང་འུ་ཐུག་ནས་ཕྱི་རྒྱལ་ལ་གཡོག་ལས་རྒྱལ་ཁབ་ཡོད་མཁན་གྱི་མི་ལ་མི་དགོས་པ་དེ་ཚོ་ལས་རུ་འགྲོ་གི་ཡོད་པ་ལས་སྐྱིད་པོ་གཏོང་མཁན་ཡོད་པ་མ་རེད། ཁྲིམས་འགལ་ཡིན་མིན་རྒྱལ་ཁབ་སོ་སོའི་ཁྲིམས་ཀྱིས་ཐག་གཅོད་ཀྱི་ཡོད་པས་ཟམ་གདོང་ལ་ཁྲལ་བབ་པ་ཞིག་མ་རེད་བསམ། ཁོས་བོད་མའི་སྤྱི་ཡོངས་ཀྱི་དཀའ་སྡུག་ཐུགས་ལ་ཉར་ནས་ཕན་ན་མ་ཕན་ན་བོད་མི་ལ་གང་ཡོང་རོགས་མགོན་གནང་རོགས་ཞེས་ཞུ་བསྐུལ་གནང་ཙམ་རེད། ཁོས་དེ་ལས་ལྡོག་ཏེ་ཁྱེད་ཚོ་ཁྲིམས་འགལ་རེད་གསུངས་པ་རེད། ད་དུང་ཁྲིམས་འགལ་ཆེན་པོ་ཞིག་ཡིན་མིན་བཤད་ཁག་པོ་ཆགས་ཡོད་པ་རེད།
བོད་པ་ཚང་ལ་ཆེད་ལས་པ་གཏན་ནས་མེད་པ་མིན་ཡང་། འབུར་དུ་ཐོན་པའི་ཆེད་ལས་པ་མི་ཐོན་པའི་རྒྱུ་རྐྱེན་ཁ་ཕར་ལ་ཕྱོགས་ན་ཕར་ངོ་ན་བགྲང་རྒྱུ་མང་པོ་ཡོད་སྲིད་ཀྱང་། འཛུབ་མོ་རང་སྟེང་དུ་བཙུགས་ན་བློ་སེམས་བརྟན་པོ་མེད་པས་གཞན་གྱིས་བྱས་ཚད་ལད་ཟློས་བྱ་དགོས་པ་དང་། རིགས་གཅིག་རྐང་འཛིན་གྱི་སློབ་ཚན་ལེན་མཁན་ཕལ་མོ་ཆེས་སློབ་ཚན་དེ་ལ་སྦྱང་འབྲས་ཕུལ་བྱུང་ཐོབ་པ་གཙོ་གནད་དུ་མི་འཛིན་པར། དེའི་སློབ་ཐོབ་པ་གལ་གནད་དུ་འཛིན། ཉེ་རབས་ཀྱི་ལོ་དུས་ནང་དུ་གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་སློབ་ཡོན་མཐུན་རྐྱེན་འོག་རིགས་གཅིག་རྐང་འཛིན་པ་ཐོན་འགའ་ཤས་བྱུང་ཟིན་ཡང་དེ་དག་གི་ཤེས་ཚད་དང་གནས་སྟངས་ཕལ་མོ་ཆེས་གསལ་པོ་རྟོགས་ཀྱི་ཡོད་ཚོད། ཉེ་ལམ་དྲ་ལམ་ཞིག་ནས་སྐད་ཆ་བཤད་བཞིན་པ་ལྟར་ཨ་འབྲུག་དཀོན་མཆོག་ཟེར་བ་ཞིག་གིས་གོང་ས་མཆོག་གིས་རིགས་རྐང་འཛིན་པའི་སློབ་ཡོན་དུ་བསྩལ་པའི་དཀོར་ཟས་ལ་སྤྱོད་བཞིན་དུ་དེའི་སློབ་ཚན་ལ་རང་ཚོད་ཀྱིས་ནུས་པ་ཨེ་ཐོན་མི་བལྟ་བར་ཕོགས་ཅན་གྱི་ལས་ཀ་གཞན་ཞིག་ཀྱང་བཙལ་ཡོད་རབས་ཟེར་བ་འདུག འདི་རིགས་ཁ་ཧམ་གྱིས་སྟོང་ལབ་རྒྱབ་པར་དགའ་སྒོར་མོ་ལ་ཐུག་ན་ཅི་ཡང་བྱེད་ཐུབ་ངེས་འདི་འདྲ་ཞིག་རེད། ཁོ་གྲ་པ་ཞིག་ཡིན་ན་བྱེད་ཐབས་འདི་ལོག་འཚོལ་ཡིན་པར་མ་ཟད། མ་བྱིན་པ་ལེན་པར་ཡང་འགྱུར་སྲིད། འདི་བདག་པོའི་ལག་ནས་གཡོ་ཐབས་ཀྱིས་བླངས་པ་ཡིན་པ་ཤིན་ཏུ་མི་གསལ་ལམ། འདི་རིགས་ལ་ཤེས་རིག་གིས་སྒྲིག་གཞིའི་ནང་དོན་ལྟར་རྒྱ་གཡན་དུ་མ་སོང་བའི་དོ་དམ་ནན་པོ་གནང་དགོས།
བོད་ཀྱི་བླ་དཔོན་ཚོས།
བློ་ཕུགས་ཆོས་ལ་གཏད།།
ཆོས་ཕུགས་སྤྲང་ལ་གཏད།།
སྤྲང་ཕུགས་ཤི་ལ་གཏད།།
ཤི་ཕུགས་གྲོང་སྟོང་ལ་གཏད།། ཟེར་བ་ལྟར་ད་ནི་དངོས་སུ་བོད་ཆོས་ལྡན་གྱི་ཞིང་ཟེར་ནས་སྨོན་ཁུལ་ཙམ་ལས་དོན་གྱིས་བོད་ཆོས་པ་ལ་གཏད། ཆོས་པ་ཚོ་རྒྱ་དཔོན་ལ་གཏད་ནས་རྒྱ་དམག་བོད་ལ་གཏད་ནས་བོད་ཁམས་སྤྲངས་ལ་གཏད། སྤྲངས་ཕུགས་ཤི་ལ་གཏད་ཟེར་བ་ལྟར་བོད་མི་འབུམ་ཕྲག་མང་ནད་མཚོན་མུ་གེ་བརྡུང་གདེག་གི་མནར་གཅོད་འོག་ཤི་བའི་རོ་གྲོང་སྟོང་སོགས་གཏད་ནས་བདག་མེད་ངང་ལུས་བཞིན་པ་དང་། ད་དུང་ཡང་མུ་མཐུད་བཀའ་ཁྲིའི་ཆོས་ཕྱོགས་ཀྱི་ཉམས་ལེན་གཙོ་བོ་བྱས་ནས་བོད་ཀྱི་སྲིད་དོན་རྐྱང་བ་ཡིན་ན། བོད་འཇིག་ནས་གྲོང་སྟོང་རོ་ཡིས་ཁེངས་ནས་གདའ་འོ།
གངས་ཐིགས་ཀྱིས་བཤད་པ་ལྟར་ང་སྨྱོས་ཡོད། དང་པོ་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་འབུ་ཞིག་གི་རིན་ཐང་ཡང་མི་འཇོག་པར་གམར་གསོད་གཏོང་བཞིན་པ་མཐོང་བ་དང་། ༧རྒྱལ་བ་རིན་པོ་ཆེ་དགོངས་ལོ་བགྲེས་པོ་ཆགས་པ་སྨན་ཁང་ལ་ཡང་ཡང་ཕེབས་པ་དང་། ཟམ་གདོང་གིས་སེམས་སྡུག་གིས་ནོན་པའི་བོད་མི་སྐྱབས་བཅོལ་བ་ཚོ་ལ་སེམས་གསོ་ཙམ་ཡང་མི་གནང་བར་ལྗིག་ཏིག་ཏིག་གི་ཁྲིམས་ཚིག་དང་སྐད་ཆ་རྫིག་པོ་བཤད་ནས། བོད་མི་སེམས་ནང་བོད་གཞུང་ལ་རེ་བ་ཞུ་ས་མི་འདུག་བསམ་པའི་བག་ཆགས་ཟབ་མི་འཇོག་བཞིན་པ་སོགས་ཡིད་ཆད་དང་སྐྱོ་སྡུག་ཁོ་ན་ལས་གོ་རྒྱུ་མེད་པས་སྨྱོས་ཡོད་པ་བདེན་པ་ཡིན་སྲིད། བཀའ་ཁྲི་བོད་མི་ཡུལ་གྱར་བ་ཚོར་སེམས་ཐག་ཉེ་བོས་འཚམ་འདྲ་ཞིག་ཀྱང་མི་བྱེད་པར་ཁོ་རང་མཁས་ཉམས་ངོམ་བཞིན་གདོང་ནག་དབུ་སྐྱོག་ནས་བོད་མི་ལ་འགྲམ་པ་དང་ལྟག་གཉའ་ལས་མི་སྟོན་པ་བློ་ཕམ་རེད། སྐྱིད་ན་གད་མོ་མཉམ་དགོད་དང་སྡུག་ན་མིག་ཆུ་མཉམ་གཏོང་བྱེད་མཁན་གྱི་བཀའ་ཁྲི་ཞིག་དགོས་ཡོད། སེམས་པ་ཐང་པོ་གནས་ཐབས་ཀྱི་རྒྱུ་རྐྱེན་མེད་པས་སྨྱོས་པ་ཡིན་རྒྱུ་རེད། ད་དུང་སྤྱི་འཐུས་སོགས་ལ་ལྟོས་དང་ང་ཚོས་རེ་བ་སུ་ལ་བྱེད་དམ། ཀརྨ་པ་ག་འདྲ་ཡིན་འགྲོ་བསམ་ནས་སེམས་ལ་སྤྲོ་ཐིགས་རེ་འོང་ཡང་། བོད་མི་ལ་ཞལ་ནག་རོག་རོག་ཅིག་ལས་སྟོན་མི་གནང་བའི་བླ་མ་འདི་ང་རྒྱལ་ཁེངས་དྲེགས་དང་ཉེ་རིང་ཅན་ཞིག་མིན་རོགས་བྱུང་བ་བསམ་ནས་སེམས་ཁྲལ་ཆེ། སུ་ཞིག་ལ་རེ་བ་བྱེད་དམ། གངས་ཐིགས་ཁྱེད་ཀྱིས་༧གོང་ས་མཆོག་མ་རྩིས་པའི་བོད་མའི་རེ་བཅོལ་བྱེད་ས་དང་། སྐིད་སྡུག་བཤད་ས་དང་སྐྱི་སྡུག་ཉན། ཕན་ཐོགས་མཁན་ཞིག་བགྲང་རྒྱུ་ཡོད་ན་ང་སྨྱོ་དངས་ས་རེད། སྨྱོ་བཤད་ཀྱང་མཚམས་བཞག་ཆོག ཁྱེད་ཀྱི་སེམས་ཤུགས་ལ་ཡི་རང་ཡོད་ཀྱང་། མོག་མོག་གི་ཡིད་ཆེས་དང་རབ་རིབ་ཀྱི་གདེང་ཚོད་ཅིག་གིས་ཅི་ཡང་མི་ཕན།
དགེ་འདུན་པ་ཚོ་ཆབ་སྲིད་ཀྱི་ལས་ཀའི་ནང་ཞུགས་རྒྱུ་མི་འདུག་ཟེར་བ་དེ་ལ་ང་ཡང་རྒྱབ་སྐྱོར་ཡོད། དགེ་འདུན་པའི་ཆེད་ལས་དེ་ངོ་མ་ཆབ་སྲིད་མ་རེད། འདི་དེ་རིང་གི་ནོར་འཁྲུལ་ཞིག་མ་རེད། འདི་ཉུང་མཐའ་ལ་ཡང་ལོ་ངོ་བདུན་བརྒྱ་དང་བརྒྱད་བརྒྱ་ལྷག་གི་རིང་ལ་བོད་མི་ཚོས་གང་བྱས་པ་དེ་རེད། ཁ་སང་དེ་རིང་ཡང་བོད་ནང་གི་ཆབ་སྲིད་ཀྱི་ལས་འགུལ་འདིའི་དཔུང་ཆེ་བ་ཞིག་གྲྭ་པས་བཟུང་འདུག དེ་ཅི་བྱེད།
དགེ་འདུན་ལགས་ཀྱི་གསུངས་པ་དེ་ཧ་ཅང་བདེན། དེང་སང་བོད་མི་རྒན་གཞོན་མང་པོས་ནོར་འཁྲུལ་ཅན་གྱི་བསམ་བློ་ཞིག་གཏོང་གིན་འདུག བླ་མ་ཚོས་ཆབ་སྲིད་ཀྱི་ལས་དོན་མཛད་ཀྱིན་མི་འདུག་ཟེར་ནས་ལེ་བརྡ་བྱེད་ཀྱིན་ཡོད་པ་དེ་རེད། སྤྱིར་བཏང་བླ་མ་གྲྭ་བ་ཚོས་ཆབ་སྲིད་ཀྱི་ལས་དོན་ལ་ཐེ་བྱུས་གཏན་ནས་མ་གནང་ན་ཡག་པོ་འདུག བླ་མ་ཚོ་ཆབ་སྲིད་ལ་ཞུགས་པ་དེས་རང་རང་གི་ཆོས་སྤེལ་བའི་བྱ་བ་ལ་ཡང་བར་ཆད་ཐེབས་ཀྱིན་འདུག གལ་སྲིད་ཆབ་སྲིད་ལ་ཐེ་བྱུས་མཛད་ན་བོད་རང་གི་ཕྱོགས་སུ་བཞུགས་ན་ལེགས་པ་འདུག གནའ་ནས་བཟུང་བླ་མ་ལ་ལ་ཞིག་རྒྱ་མིའི་ལག་ཆ་ཆགས་འགྲོ་བ་དེ་དེ་ལས་ཀྱང་ཧ་ཅང་སྐྱོ་བོ་རེད་འདུག དེ་བཞིན་བླ་མ་ཚོས་སློབ་གྲྭ་རྒྱག་པ་དང་སྤྱི་ཚོགས་ཀྱི་བདེ་རྩ་ཡིན་ཟེར་ནས་ཕྱིའི་སྤྱི་ཚོགས་སུ་སློང་མོ་མང་པོ་རྒྱག་པ་དེ་ཡང་དེ་ཙམ་ཆོས་དང་མཐུན་པ་ཞིག་མ་ཡིན་པ་འདྲ།
དགེ་འདུན་གྱིས། “་་་་་་་་ དཔལ་འབྱོར་དང་ལོངས་སྤྱོད་ཆེན་པོ་ཐོབ་ཕྱིར་འབད་བརྩོན་མི་གནང་མཁན།” འདི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་ལ་ཡོད་མི་རུང་བའི་ཁྱད་ཆོས་ཤིག་རེད། འདི་བྲག་ཕུགས་སུ་སྒོམ་མཁན་རྒྱལ་ཁབ་དང་ནང་མི་བཟའ་ཚང་སོགས་འཇིག་རྟེན་འདིར་འགན་གང་ཡང་མེད་མཁན་ཚོར་དགོས་པའི་ཡོན་ཏན་ཞིག་རེད། བཀའ་ཁྲི་ཁོང་ལ་ཡིད་ཐང་ཆད་དོན་ཡང་ཁོང་ལ་སྐུ་ཡོན་འདི་འདྲ་སྤྱི་ཚོགས་ལ་གནོད་ལྡན་མང་པོ་ཡོད་པས་རེད། ཁོང་གི་ཐུགས་ལ་རྒྱུ་མཚན་ཡང་དག་ཡོད་ཀྱང་འགྲན་རྩོད་དང་བྲེལ་ཟིང་ཁོ་ནའི་དར་རྒྱུས་འགྲོ་བཞིན་པའི་འཛམ་གླིང་འདི་ནང་གོམས་བྱང་འདི་འདྲ་ཡོད་མཁན་གྱི་དབུ་ཁྲིད་དེས་རང་གི་མི་རིགས་སྤྲངས་པོ་དང་གྲོང་སྟོང་ལ་གཏད་ཉེན་ཆེ་བ་རེད།
བོད་ནང་གི་དགེ་འདུན་པ་དེ་ཚོ་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཡིན་པ་ལས་སྲིད་དབང་རྩོད་མཁན་གྱི་ཆབ་སྲིད་པ་མ་རེད། ཁོང་ཚོ་གཞན་གྱི་ཐོབ་ཐང་ཆེད་ལུས་སྲོག་གཏོང་མཁན་རེད།
དགེ་འདུན་རབ་གསལ་གྱིས་བླ་མ་དང་གྲ་པས་ཆབ་སྲིད་བསྐྱངས་ན་མི་མཛའ་ཟེར། སྐད་ཆ་འདི་བོད་རིགས་གཞོན་སྐྱེས་མང་པོས་བཤད་ཀྱི་ཡོད། རྩོད་པ་འདིའི་དངོས་གཞིར་མ་བབ་པའི་གོང་དུ་ཆབ་སྲིད་ཀྱི་ངོ་བོ་གཏན་འཁེལ་དགོས། ངས་བལྟས་ན་ཆབ་སྲིད་ཟེར་ན་ཡང་འཇིག་རྟེན་གྱི་མི་སྡེ་ལ་བདེ་སྐྱིད་བསྐྲུན་པའི་ཐབས་ཀྱི་ཆ་ཞིག་ཡིན་པས་སྤྱིར་བཏང་བའི་བླ་མ་གྲ་པ་ཙམ་དུ་་མ་ཟད། ས་མཐོན་པོར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་གཞན་དོན་སྒྲུབ་པའི་ཐབས་སུ་ཆབ་སྲིད་ཀྱི་རུང་ཞིང་འོས་པ་རིགས་པས་ཚགས་སླ་བོས་བསྒྲུབས་ཐུབ།
དངོས་གནས་གདོང་དམར་གྱི་བུ་ཟེར་བ་འདི་གདོང་དམར་བ་སྨྱོན་རྟགས་ཡིན་པར་ངེས། ཉག་ཉོག་མང་པོ་ཞིག་འབྲི་བ་ལ་དགའ་བ་རེད་འདུག་ཀྱང་། བྲིས་པའི་ཡི་གེའི་གོ་དོན་ལོན་པ་ཤིན་ཏུ་དཀའ། དངོས་གནས་ཁྲིམས་འགལ་ཡིན་ན་ཁྲིམས་ཆད་བཅད་ནས་ནག་ཉེས་དག་ཏུ་འཇུག་དགོས་པ་མ་གཏོགས་ཟམ་གདོང་བླ་མས་ཞུ་བ་འཐེན་ནས་ཁྲིམས་འགལ་གྱི་ནག་ཉེས་འདག་ག་ལ་ཐུབ། རྒྱལ་བ་རིན་པོ་ཆེས་ཁྲིམས་དང་མཐུན་པའི་སྒོ་ནས་བདེན་པའི་རྒྱབ་རྩ་ཡོད་པའི་བོད་མི་རིགས་ཀྱི་བདེན་དོན་ལ་རྒྱབ་སྐྱོར་བྱེད་རོགས་གསུངས་པ་མ་གཏོགས། ཁྲིམས་འགལ་གྱིས་གཞན་པའི་ས་ཐོག་ཏུ་འཛུལ་བའི་ཁྲིམས་འགལ་བ་ཚོ་ལ་ཁྲིམས་མཐུན་གྱིས་རྒྱབ་སྐྱོར་བྱེད་རོགས་ཟེར་ནས་འབོད་སྐུལ་གང་དུ་གནང་། ཁྱེད་ཀྱིས་བཤད་ལུགས་ལྟར་ན་འཛམ་གླིང་གི་འགྱུར་བ་ཡོངས་རྫོགས་ང་ཚོས་དང་དུ་ལེན་དགོས་ཚོད་འདུག འདི་ཐལ་ཆེ་བའི་གླེན་རྟགས་ཡིན། ཟམ་གདོང་བླ་མར་ཉེས་འདོགས་བྱེད་མ་སྔ་བར་སྔོན་དུ་ཁོང་གི་དགོངས་པའི་བཞེངས་ཕྱོགས་དང་། ལྟ་གྲུབ་ཀྱི་རྒྱབ་ལྗོངས། ལག་ལེན་གྱི་དངོས་ཡོད་བཅས་ལ་ཞིབ་ཏུ་རྟོགས་དང་བློ་དང་ལྡན་པ་ཞིག་ཡིན་ན་དང་བ་ཁོང་ནས་འཕྱོ་བ་ཞིག་འོང་། གདོང་དམར་གྱི་བུ་ཕན་པའི་བསླབ་བྱ་ཡིན།
སྤྱིར་བཏང་ནས། Íསོ་སོར་བདེན་པ་བཤད་རྒྱུ་ཡོད་ན། བདེན་པ་དེ་ཡང་ཁུངས་སྐྱེལ་རྒྱུ་ཡོད་ན།
ད་དུང་དེའི་ཐོག་ལ་ཁུངས་སྐྱེལ་ཞིབ་འཇུག་བྱས་ཡོད་ན། སོ་སོའི་མིང་རྫུན་མ་འདྲ་བོ་མ་སྤྱད་པར་། གདོང་ལ་ཐོན་ཐུབ་ན་ཡག་པོ་རེད།
ཚང་མས་མིང་རྫུན་མ་འདྲ་བོ་སྤྱད་ནས། རྒྱབ་ལོགས་ནས་སྐད་ཆ་བཤད་བསྡད་ན། མང་གཙོའི་གཤིས་ཀ་མ་རེད་ལ་འདི་ལྟའི་གོམས་གཤིས་དེ་འཇགས་པ་ཡིན་ན།
མང་གཙོའི་ལམ་ལ་འགྲོ་རྒྱུར་ད་དུང་འགོར་ཀྱི་རེད་ཡ། གདོང་དམར་གྱི་བུས་ཀྱང་གང་ཟག་སྒེར་བའི་ཚོར་བ་བཤད་ཀྱི་ཡོད་པ་འདྲ།
ཏན་ཏན་བཤད་དགོས་བའི་རྒྱུ་མཚན་དང་རྒྱབ་ལྗོངས་ཤིག་ཀྱང་ཡོད་པ་འདྲ། དེས་ན། གང་ཟག་སྒེར་བའི་ཚོར་བ་འདི་ཚོ་ཡང་ཡིག་སྣོད་འདྲ་བོ་ཤིག་ལ་བླུགས་ནས་བཀའ་བློན་ཁྲི་བའི་མཚན་ཐོག་ལ་བཏང་ན་ཡག་པོ་འདུག གཞན། ཀུ་ཅོ་འདྲ་བོ་བརྒྱབ་བསྡད་ན། ལག་རེག་གི་མ་རེད་།
མཚང་འབྱིན་ཉ་ལགས་དང་དགེ་འདུན་རབ་གསལ་ལགས།
ཁྱེད་གཉིས་ཀས་ཟམ་གདོང་རིན་པོ་ཆེའི་སྐུ་ཡོན་གསུངས་ཀྱི་འདུག བྱས་ཙང་གུས་པས། དེའི་ལྡོག་ཕྱོགས་ཀྱི་དངོས་ཡོད་འགའ་ཞིག་དྲངས་ནས། ཀློག་མཁན་རྣམས་ལ་ཟམ་གདོང་རིན་པོ་ཆེའི་སྐྱོན་ཡོན་གཉིས་ཀ་མཐོང་ཐུབ་པའི་འབད་པ་བྱེད་ཀྱི་ཡོད། བོད་པའི་སྐྱོན་ཆེ་ཤོས་དེ་དཀར་པོ་དང་ནག་པོ་གཉིས་ཀྱི་མཐར་ལྷུངས་བ་ལས། དེའི་དཀྱིལ་གྱི་ཐལ་མདོག་གི་ཚོས་གཞི་དེ་བདག་པོ་རྒྱག་གི་མིན་འདུག་ྙམ།
ཟམ་གདོང་རིན་པོ་ཆེའཻ་རྒྱབ་ལྗོངས་ཀྱི་དངོས་ཡོད་ལ་གཅིག་ཞུ་ཡས་ཡོད།
ཁོང་གི་ལྟ་བ་ཡང་གལ་འདུ་ཆེན་པོ་ཞིག་གི་ནང་ལ་ལྷུང་གི་ཡོད། དཔེ་གཉིས་ཞུས་ཆོག ༡༽ ཁོང་གི་ལྟ་བ་གཅིག་གི་ནང་ལ། དཔྱད་པ་བྱེད་པ་དང་བློ་ཟུར་བོར་གནས་པའི་ཐོག་ནས་དངོས་ཡོད་འཚོལ་དགོས་པ་འདི་ཁོང་གི་བདམ་ཟིན་པའི་ལམ་ལུགས་ཡིན་ཞེས་གསུངས་འདུག གསུངས་གཞན་པའི་ནང་ལ། རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་བ་དེ་ལག་ལེན་བསྟར་རྒྱུ་ཡིན་པ་དང་། རྒྱལ་བ་རིན་པོ་ཆེར་སྐྱོན་གྱི་དྲི་མས་མ་སྦོགས་པའི་བླ་མ་ཚད་ལྡན་ཞིག་ཡིན་པའི་རྒྱུ་མཚན་བྱས་ནས། རྒྱལ་བ་རིན་པོ་ཆེའི་རྗེས་ལ་ཐལ་རྒྱུག་བྱེད་པའི་ལྟ་བ་གཅིག་འདུག ད་གོང་གི་ལྟ་བ་གཉིས་ལ་གལ་ཟླ་ཏོག་ཙམ་མིན་འདུག་གམ། དཔེ་༢པ་ལ། ཁོང་རྡ་སར་ཆབ་སྲིད་ཀྱི་གོ་གནས་མ་བཞེས་པའི་གོང་ལ་”བདེན་པའི་ཨུ་ཚུགས་ཟེར་བའི་ལས་འགུལ་ཞིག་སྤེལ་གནང་བ་རེད། དེ་མ་ཧ་མ་གན་རྡིའི་གཞུང་ལུགས་ཡིན་པར་སྨྲོས་ནས། བོད་དོན་མ་སེལ་བར་ལ་བདེན་པའི་ཨུ་ཚུགས་གཅིག་པུའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་ཡིན་གསུངས་འདུག རྗེས་མ་ཆབ་སྲིད་ཀྱི་གོ་གནས་བཞེས་རྗེས། དབུ་མའི་ལམ་ལ་འགྲོ་རྒྱུ་ཡིན། སྒྱུར་བ་གཏོང་ཡས་མེད་ཟེར་ནས། ལམ་དེ་གོས་བརྗེས་པ་ལས་མགྱོགས་པར་དོར་བ་རེད། ཁྱེད་གཉིས་ཀྱི་གནད་འགག་འདི་གཟིགས་ཀྱི་འདུག་གམ།
ད་དུང་གོ་ཡས་གཅིག་ལ་ྔོན་མ་ཟམ་གདོང་རིན་པོ་ཆེས་ཆབ་སྲིད་ཀྱི་གོ་གནས་མ་བཞེས་པའི་གོང་ལ་ཝ་ར་ན་སིར་ཞུགས་སྐབས་རྒྱལ་གཅེས་མ་དངུལ་ྩ་བ་ནས་ཕུལ་གྱི་མེད་ཟེར། རྗེས་མ་སྤྱི་ཐུས་ཀྱི་ཚོགས་གཙོའི་འགན་ཐོབ་སྐབས། ཉིན་མ་གཅིག་ལ་དངུལ་ཚང་མ་སྤྲད་པ་རེད་ཟེར། དེ་བདེན་པ་རེད་དམ།
ད་དགེ་འདུན་རབ་གསལ་ལགས་དང་མཚང་བྱིན་ལགས་ཀྱིས་ཁོང་གི་ཡོན་ཏན་གཞན་གསུངས་པ་དེ་ཚོ་བདེན་ཤས་ཆེ་ལ་ཡིད་རངས་ཡོད། རིན་པོ་ཆེ་ཁོང་ལ་དེང་དུས་ཀྱི་ཤེས་བྱ་ལེགས་པོ་ཐོབ་ཡོད་པ་དང་། བོད་ཀྱི་བརྡ་སྤྲོད་དང་། ལོ་རྒྱུས། ྙན་ངག དེ་བཞིན་སྒྲ་སོགས་ཡག་པོ་མཁྱེན་གྱི་ཡོད་ཚོད། དེ་དག་ལ་རྟེན་ནས་ཁོང་ལ་མཁས་དབང་ཞེས་པའི་མཚན་གསོལ་ཞིག་འབུལ་གྱི་འདུག དེ་བཞིན་དབྱིན་སྐད་དང་ཧིན་སྐད་ཡག་པོ་མཁྱེན་གྱི་འདུག
ཡིན་ནའི་གདན་སའི་མཁན་པོ་འགའི་དྲུང་ནས་ཤེས་པར། ཟམ་གདོང་རིན་པོ་ཆེ་ཆོས་ཕྱོགས་ཀྱི་སྐུ་ཡོན་དེ་ཙམ་ཡག་པོ་འཐོབ་མིན་འདུག ཁོང་སྐུ་ན་ཆུང་དུས་ནས་སློབ་སྤྱི་དང་ལས་འགན་གཞན་མང་པོ་བསྣམས་ནས། ཕྱག་དཔེ་གཟིགས་ལོང་དང་། རྟག་གསལ་སོགས་གཏོང་རྒྱུ་མ་བྱུང་བའི་ཁར། དབུ་ཕར་མཛོད་སོགས་ཀྱི་གཞུང་ལ་ཞིབ་ཕྲ་གཟིགས་མྱོང་མེད་ཚོད།
གུས་པར་ཟམ་གདོང་རིན་པོ་ཆེ་ལ་རང་བཞིན་གྱིས་གུས་ཞབས་དང་ཁོང་ལ་དགའ་བོ་བྱེད་པའི་རྒྱུ་གཙོ་བོ་གཅིག་ཡོད་པ་དང་། དེས་ག་དུས་ཡིན་ནའི་ཁོང་མཇལ་སྐབས་སེམས་ལ་ྙིང་སྟོབས་ཆེན་པོ་ཞིག་བསྟེར་གྱི་འདུག དེ་ནི། ཁོང་ཆུང་དུས། རིག་པ་ཡག་པོ་ཡོད་པ་དང་། དཔེ་ཆ་གཟིགས་འདོད་ཆེན་པོ་ཡོད་པའི་གྲྭ་གཞོན་མ་འོངས་པར་དགའ་ལྡན་ཁྲི་པའི་རྒྱུད་པ་འཛིན་མཁན་ཞིག་ཡིན་པ་ཚང་མས་མཐོང་འདུག ཡིན་ནའི་སྐབས་དེ་དུས་གཞུང་ཞབས་ལྡང་གི་མེད་པ་དང་། བོད་ཕྲུག་མང་པོ་དགེ་རྒན་དང་སློབ་གྲྭ་བདག་པོ་རྒྱག་མཁན་གྱི་མི་གཞུང་བཟང་པོ་དེ་འདྲ་དགོས་པའི་སྒང་ཡིན་སྟབས། ཁོང་གི་དཔེ་ཆ་དང་གྲྭ་ཚང་། དགོན་པ་བཅས་སྤངས་ནས། བོད་ཕྲུག་གི་བདེ་སྡུག་དགོངས་ནས། དྲལ་ཧའོ་སི་ལ་སློབ་སྤྱི་གནང་བར་ཕེབས་པ་དང་། སྐབས་དེ་དུས་རང་ཉིད་སྒེར་གྱི་འདོད་པ་དེ་དོར་ནས། བོད་སྤྱི་པའི་བདེ་སྡུག་བདག་གིར་བཞེས་འདུག དེ་དངོས་གནས། སེམས་ལ་ག་དུས་འཁོར་ཡང་ཁོང་གི་མཛད་རྗེས་ལ་དད་པ་དང་ྙིང་སྟོབས་འཕེལ་གྱི་འདུག
ནོར་བཅོས། ལན་རེག་གི་མ་རེད།
ངེད་ཀྱིས་མཆན་བུ་སྔ་མ་ཞིག་ཏུ། ང་ཚོས་རྩོམ་ཡིག་སྤེལ་དུས་ཞིབ་འཇུག་ལས་ཚོར་བ་གལ་ཆེར་འཛིན་གྱི་འདུག་བརྗོད་པ་ཡིན།
སྐད་ཆ་དེ་འདིར་བསྐྱར་དུ་ཅིག་བཤད་འདོད་བྱུང་། དགེ་འདུན་རབ་གསལ་ལགས་ཀྱིས་གསུངས་ན། དགེ་འདུན་པའི་ཆེད་ལས་ངོ་མ་དེ་ཆབ་སྲིད་མ་རེད་ཟེར།
ཆེད་ལས་ངོ་མ་དེ་ཆབ་སྲིད་མ་རེད་ཟེར་བ་དེ་བདེན་པ་འདྲ། འོན་ཀྱང་། ཆེད་ལས་མིན་ན་ལས་འགུལ་སྤེལ་མི་ཆོག་པ་དང་ལས་ལ་ཞུགས་མི་ཆོག་པ་ཅི་རེད།
དྲི་བ་འདི་ཐོག་དང་པོར་འཁྱེར་ཡོང་མཁན་ཁྱེད་རང་ཡིན། ཡང་ཁྱེད་ཀྱིས་སོ་སོའི་ཆེད་ལས་མིན་ན་ལས་འགུལ་སྤེལ་མི་ཆོག་པའི་སྐད་ཆ་འདྲ་བོ་ཞིག་བཤད་ཀྱི་འདུག
ངེད་རང་ཁྱེད་ལ་དྲི་བ་ཆུང་ཆུང་ཞིག་ཡོད། ང་ཚོས་འདིར་ཆབ་སྲིད་ཕྱོགས་ནས། ཤེས་ཡོན་གྱི་ཕྱོགས་ནས། དཔལ་འབྱོར་གྱི་ཕྱོགས་ནས། ལོ་རྒྱུས་ཀྱི་ཕྱོགས་ནས་རང་རང་གི་བསམ་ཚུལ་དང་རྨོངས་འཆར་སྤེལ་གྱི་ཡོད། འོ་ན། ང་ཚོའི་ཁྲོད་ན་ཆེད་ལས་ཡིན་མཁན་ག་ཚོད་ཡོད། ལྷག་པར་དུ་ཁྱེད་ཀྱི་ཆེད་ལས་ཅི་ཞིག་ཡིན་ནམ།
ད་དུང་ཁྱེད་ཀྱིས། ཁ་སང་དེ་རིང་བོད་ནང་གི་ཆབ་སྲིད་ཀྱི་ལས་འགུལ་འདིའི་དཔུང་ཆེ་བ་ཞིག་གྲ་བས་བཟུང་འདུག། ད་ཅི་བྱེད་ཟེར། ངེད་ཀྱི་རྨོངས་འཆར་ལྟར་ན།
སྐད་ཆ་འདི་སྐད་ཅིག་གི་ཚོར་བ་ཞིག་ཡིན་པ་འདྲ། གཞན། ཁྱེད་ཀྱང་བོད་ནས་ཕེབས་པ་དེ་འདྲ་རེད། བོད་ནང་གི་གནས་སྟངས་ཤེས་ཀྱི་རེད། རྒྱའི་གཉའ་གནོན་ཚོར་མྱོང་ནི་རེད།
སོ་སོའི་ངོས་ནས་ཚེ་སྲོག་གི་འགྲོ་སོང་མེད་ས་ནས། བོད་ནང་གི་དགེ་འདུན་པའི་རླབས་ཆེའི་སྙིང་སྟོབས་ལ་ཁ་གཏོང་རྒྱུ་འདི་བསམ་བློ་སྨིན་པ་ཞིག་གི་བསམ་ཚུལ་མ་རེད་སྙམ།
གང་ལྟར་བསམ་ཚུལ་འདི་མི་ལོ་ཆུང་བསམ་བློའི་ན་ཚོད་མ་སྨིན་པ་ཞིག་གི་རྨོངས་འཆར་ཡིན།
ཁྱེད་ཚོས་ཟམ་གདོང་ནང་ཆོས་ལ་མཁས་པོ་ཡོད་ལུགས་ཡོད་ལུགས་བཤད་ནས་བཀའ་ཁྲི་སྤུས་དག་ཅིག་རག་འདུག་ཟེར་ན་རྩ་བ་ནས་ནོར་བ་རེད། བཀའ་ཁྲི་ནང་ཆོས་ལ་མཁས་མིན་རྩད་གཅོད་ཀྱང་བྱེད་ཀྱི་མེད། ཁོང་གིས་བཀའ་བསྟནའགྱུར་ཡག་པོ་སྦྱང་ཡོད་མེད་ལ་དྲི་བ་གང་ཡང་གཏོང་གི་མེད། གལ་སྲིད་ཁོང་ཆོས་ཡང་དག་པ་ཞིག་ཡིན་ན་དེ་ནི་ཁོ་རང་སྒེར་གྱི་ཁེ་ཕན་ཞིག་ཡིན་པ་ལས་ང་ཚོར་འབྲེལ་མེད། ང་ཚོ་ལ་ཁོ་བ་ཁོང་ཆབ་སྲིད་དང་ལྷག་པར་དེང་རབས་ཆབ་སྲིད་ཀྱི་འགྲོ་ལུགས་དང་བསྟུན་ནས་ཕྱག་ལས་གནང་ཐུབ་པ་ཞིག་དགོས་པ་རེད། དེ་ལས་ལྡོག་བོད་མི་རིགས་ཀྱི་ཡར་རྒྱུས་ལ་འདོད་ཆུང་མཆོག་ཤེས་བསྟེན་མཁན་ཞིག་བྱུང་ན་དེ་ནས་མི་རིགས་འདི་སྤྲངས་ལ་གཏད། སྤྲངས་ཕུགས་ཤི་ལ་གཏད་ཟེར་བ་དེ་ལས་ཡོང་རྒྱུ་མེད་ཚར་བ་རེད།
ཟམ་གདོང་ཆོས་ལ་མཁས་མིན་ཤེས་དགོས་དོན་མེད། ངས་ཁོང་གི་མདུན་ནས་གསུངས་ཆོས་ཞུ་འདོད་མེད། ང་ཆབ་སྲིད་ཀྱི་ཐོག་ནས་མཁྱེན་ཡོན་དང་འཇོན་ནུས་ལྡན་ཞིག་དགོས་ཀྱི་ཡོད། ང་ཚོའི་དཀའ་ངལ་དེ་ཆབ་སྲིད་ཀྱི་དཀའ་ངལ་ཡིན་པ་ཤེས་བཞིན་དུ། ཁོང་ཆོས་ལུགས་དང་སྐད་ཡིག་སྣ་ཚོགས་ལ་མཁས་རབས་ཤོད་མ་བསྡོད། སྐད་རིགས་སྣ་མང་ལ་མཁས་ན་སྐད་བསྒྱུར་གྱི་ལས་ཀ་འོས་རེད། བཀའ་ཁྲིའི་དགོས་ཆོས་སྐད་ཡིག་ག་ཚོད་ཤེས་མིན་ལ་འབྲེལ་བ་མེད། ལྷག་པར་ལེགས་སྦྱར་གྱི་སྐད་ནི་དེ་བས་འབྲེལ་མེད་ཅིག་རེད།
ཁོང་གི་ཐུགས་རེ་བོད་མི་ཚང་ཡ་རབས་ཉམ་ཆུང་དང་ལྟོ་གོས་ངན་ངོན་ཞིག་གིས་ཡིད་ཚིམས་པ་བྱས་ཏེ་འདུག་དགོས་པ་དང། བ་ཕྱུག་རེ་གཉིས་རེའི་འོ་མ་དང་མར་གྱི་ཡོང་འབབ་ཙམ་གྱི་འགྲིག་པ་བརྩི་གནང་གི་ཡོད་པ་རེད།
གཞན་ཁོང་ཁ་བདེ་བོ་དཔེ་རེད། ལས་ཀ་ལས་རྒྱུ་ལས་ལན་ཚ་བོ་བཏབ་ནས་ཕ་རོལ་བོ་མི་མང་མདུན་ཁྱད་གསོད་བྱེད་རྒྱུ་ངན་གོམས་ཆེན་པོ་རེད། རེ་གཉིས་ཀྱིས་མིང་དངོས་སུ་བཤད་དགོས་སོགས་རེ་བ་འདོན་གྱི་འདུག་ཀྱང་། བདེ་སྲུང་ལས་ཁང་ནས་ལས་བྱེད་གཅིག་ལས་ཁུངས་ནས་ཕྱི་འབུད་བཏང་བ་དང་། ཁོང་ནི་ཆབ་སྲིད་བཙོན་ཟུར་ལས་ངན་སེམས་ཤུགས་དང་ཁ་ཚ་སེ་ཡོད་མཁན་ཞིག་ཡིན་ཚོད་འདུག ཁོང་ལས་ཁུངས་ནས་ཕྱིར་བྱེད་དོན་བཙོན་ཟུར་ཁོང་ནད་གཅོང་ཆགས་ཡོད་པ་དང་། བོད་གཞུང་མ་གཏོགས་རེ་ས་མེད་མཁན་ཞིག་ཡིན་པས་གལ་སྲིད་ཁོ་ལས་ཁུངས་ཕྱིར་འབུད་བཏང་བ་ཡིན་ལྟོ་གོས་ཡང་ཐོབ་ས་མེད་པ་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱས་པ་དང་། བཙོན་ཟུར་ནད་པ་ཞིག་གིས་ལས་ཀ་མ་རག་ན་མི་ཡུལ་མི་ཚེ་འཁྱོལ་ཐབས་མེད་པ་ཁོང་གིས་ཤེས་ཡོད་པ་རེད།
དེ་མིན་རྒྱ་མིའི་སོ་བ་རེད་ཟེར་ནས་བོད་མི་གང་མཚམས་ཤིག་རྒྱ་གར་གསང་བའི་ལས་ཁུངས་རྩིས་སྤྲད། དེ་ནས་རྒྱ་ནག་ལ་བཏང་ནས་རྒྱ་ནག་གི་ཁྲིམས་ཁང་ནང་སྡུག་གསོད་བཏང་བའི་ལོ་རྒྱུས་ཡོད་པ་རེད། བོད་མི་དེ་ཚོའི་ཚེ་སྲོག་འཕྲོག་མཁན་གྱི་དཔོན་པོ་ངན་གཡོ་ཅན་དེ་ཚོའང་ད་དུང་རྡ་ས་ན་གསོན་པོ་ཡོད་པ་རེད། m
གྲོགས་པོ་བསམ་ཚུལ་ཀྱི་ཕྱོགས་ལ་རྨོངས་འཆར་ཐུང་ཐུང་ཞིག་བརྫངས་འདོད་སྐྱེས།
ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔྱད་པ་བྱེད་པ་དང་བློ་གཟུ་བོར་གནས་བའི་ཐོག་ནས་དངོས་ཡོད་འཚོལ་དགོས་ཞེས་པ་དང་གཞན་རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་བ་དེ་ལག་ལེན་བསྟར་རྒྱུ་ཡིན་ཞེས་པ་གཉིས་ལ་རིག་པའི་དཔྱད་ན་འགལ་འདུ་མེད་ལ་དེ་ནི་སྐྱེས་བུ་རྣམ་དཔྱོད་དང་ལྡན་པ་ཞིག་གི་སྐད་ཆ་རེད།
འཇིག་རྟེན་གྱི་ལས་ཀ་ཆེ་ཕྲ་ཆུང་གསུམ་གང་འདྲ་ཞིག་ཡིན་ཡང་། དཔྱད་པ་བྱེད་པ་དང་བློ་གཟུ་བོར་གནས་བའི་ཐོག་ནས་དངོས་ཡོད་འཚོལ་མཁན་ནི་སྐྱེས་བུ་རབ་རེད།
དེ་རིང་སང་ཉིན་སྐྱེས་བུ་དེ་འདྲ་དཀོན་པོ་རེད། གཞན་༧གོང་ས་མཆོག་ཡང་དཔྱད་པ་བྱེད་པ་དང་བློ་གཟུ་བོར་གནས་བའི་ཐོག་ནས་དངོས་ཡོད་བདེན་པ་འཚོལ་མཁན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་རེད། དེར་བརྟེན། བློ་གཟུ་བོར་གནས་མཁན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་གི་རྗེས་སུ་བློ་གཟུ་བོར་གནས་འདོད་ཀྱི་སྐྱེས་བུ་བློ་གྲོས་ཅན་ཞིག་ཞུགས་པ་ནི་འགལ་འདུ་གང་ཡང་མ་རེད། ངེད་ཀྱིས་འདི་ལྟར་ལབ་ན། ཁྱེད་ཀྱིས་ངེད་ལ་རྨོངས་དད་རེད་ལབ་ཟེར། ངེད་ནི་རྨོངས་དད་དང་རིག་པ་གཉིས་ཀ་གལ་ཆེར་འཛིན་མཁན་ཞིག་ཡིན།
ངེད་ཀྱིས་ཟམ་གདོང་རིན་པོ་ཆེ་མཆོག་ངོ་ཤེས་བའི་བརྒྱུད་རིམ་དང་ཁོང་གི་གསུངས་རྩོམ་ཁག་བྐླགས་པའི་བརྒྱུད་རིམ་ཁྲོད། ཁོང་ནི་གཞན་དྲིང་མི་འཇོག་པའི་སྐྱེས་བུ་བློ་གྲོས་ཅན་ཞིག་རེད་སྙམ་པའི་ངེས་ཤེས་ཐེངས་མང་པོར་རྙེད། ཟམ་གདོང་རིན་པོ་ཆེའི་གསུང་བཤད་འགར་ཡང་། ཁོང་གིས་འདི་འདྲ་ཞིག་གསུངས་ཡོད། ངེད་ཀྱིས་༧གོང་ས་མཆོག་གི་མཛད་འཕྲིན་ཚང་མར་བླུན་པོ་ཆུ་སྣ་གར་འཁྲིད་འདྲ་བོ་མ་ཡིན་པར་དཔྱད་པ་བྱེད་རྒྱུའི་ལམ་ཞིག་ཡོད་ཙང་། བློ་གཟུ་བོར་གནས་བའི་སྒང་ནས་དཔྱད་པ་བྱས་ཏེ་འགྲོ་བཞིན་ཡོད་གསུངས་ཡོད། དེར་བརྟེན། ཁྱེད་ཀྱིས་འགལ་འདུ་རེད་ཟེར་བ་དེ་ཁྱེད་ཀྱི་སེམས་ལ་འགལ་འདུ་འདྲ་བོ་ཞིག་ཡིན་རུང་། རིག་པས་དཔྱད་ན་འགལ་འདུ་མིན་པ་འདྲ།
གཞན་བདེན་པའི་ཨུ་ཚུགས་དང་དབུ་མའི་ལམ་གྱི་སྐོར་ནས་རེད། བོད་དོན་བདེན་མཐའ་སེལ་བར་ཐབས་ལམ་མང་པོ་ཡོད་པ་འདྲ། བོད་རང་བཙན་རྩོད་ནའང་འདྲ། རང་ཐག་རང་གཅོད་རྩོད་ནའང་འདྲ། ཆེས་མཐོའི་རང་སྲིད་རང་སྐྱོང་རྩོད་ནའང་འདྲ། མི་རིགས་ས་གནས་རང་སྐྱོང་རྩོད་ནའང་འདྲ། བདེན་པའི་ཨུ་ཚུགས་ཟེར་བ་དང་དབུ་མའི་ལམ་ཟེར་བ་འདི་གཉིས་དམིགས་ཡུལ་མ་ཡིན་པར་ཐབས་ལམ་རེད། གཉིས་ཀ་ཞི་བའི་ཐབས་ལམ་རེད། དབུ་མའི་ལམ་ལ་ཕྱིན་ན་བདེན་པའི་ཨུ་ཚུགས་སྤོང་དགོས་བ་དང་བདེན་པའི་ཨུ་ཚུགས་ཀྱི་ལམ་ལ་ཕྱིན་ན་དབུ་མའི་ལམ་དོར་དགོས་བ་དེ་འདྲ་རྩ་བ་ནས་མ་རེད། དབུ་མའི་ལམ་འདི་༧གོང་ས་མཆོག་གི་དགོངས་གཞི་ཡིན་པར་མ་ཟད་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་རེད།
ཁྱེད་རང་གཉིས་སྨན་གྱི་ལམ་འདིར་ཞུགས་ན། བདེན་པའི་ཨུ་ཚུགས་ཀྱང་མཉམ་དུ་འཁྱེར་ཆོག་ཆོག་པ་ཞིག་རེད། མདོར་ན། བདེན་པའི་ཨུ་ཚུགས་དང་དབུ་མའི་ལམ་འདི་གཉིས་ཀ།
ཆུང་ས་ནས་ཁྱེད་ཀྱི་ཉིན་རེ་ཉིན་རེའི་མི་ཚེའི་འཚོ་བའི་ཁྲོད་དུ་ལག་ལེན་བསྟར་ཆོག་པ་ཞིག་རེད་ལ་ཆེ་ས་ནས་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་དུའང་བེད་སྤྱོད་གཏོང་ཆོག་པ་ཞིག་རེད།
དེར་བརྟེན། ཡང་བསྐྱར། རིག་པས་དཔྱད་ན། དབུ་མའི་ལམ་དང་བདེན་པའི་ཨུ་ཚུགས་གཉིས་ཀྱང་ཕན་ཚུན་འགལ་བ་མ་རེད་ལ་། དབུ་མའི་ལམ་ལ་ཞུགས་པ་ཙམ་གྱིས་བདེན་པའི་ཨུ་ཚུགས་སྤོངས་དགོས་བ་དང་བདེན་པའི་ཨུ་ཚུགས་ལ་ཞུགས་པ་ཙམ་གྱིས་དབུ་མའི་ལམ་དོར་དགོས་བ་དེ་འདྲ་གཏན་ནས་མ་རེད་སྙམ།
འདི་ནི་ངེད་ཀྱི་རྨོངས་འཆར་ཡིན་ལ། གྲོགས་པོ་བསམ་ཚུལ་ཁྱེད་ལ་བསམ་ཚུལ་ཐུང་ཐུང་ཞིག་ཀྱང་ཡིན།
གདོང་དམར་གྱིས་ཉིན་ཤས་ནས་དྲ་ཐོག་ཏུ་བཀའ་ཁྲི་དང་བོད་གཞུང་ལ་ཡིད་ཆད་ཀྱིས་རྣམ་འགྱུར་དང་འུ་ཐུག་གི་རླུང་བསྟན་པ་ཙམ་ལས་ཞིབ་ཚགས་པོ་ཞིག་བརྗོད་མེད། གང་ཡིན་ཟེར་ན་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཚོར་དངོས་ཡོད་ཉམས་མྱོང་གི་ཐོག་ནས་ཆེད་ཆེས་དང་རེ་བརླག་ཚར་ཡང་། རང་ཉིས་བོད་མི་ཞིག་ཡིན་པ་དང་༧གོང་ས་མཆོག་གིས་བོད་མི་རིགས་ལ་གནང་བའི་བྱམས་བརྩེ་བཀའ་དྲིན་གྱིས་བོད་གཞུང་དང་གཏན་བྲལ་བྱེད་མ་ཐུབ། རེ་བ་དང་ཡིད་ཆེས་བརླག གནས་ལུགས་དང་རྒྱུ་མཚན་བཤད་རྒྱུར་ཐང་ཆད་ནས་འུ་ཐུག་ཏེ་རླུང་བསྟན་པ་ཙམ་ཡིན།
འོན་ཀྱང་དེ་རིང་སྡུག་རུས་ཀྱིས་གནས་ལུགས་ཁ་ཤས་བཤད་ཀྱི་ཡིན། དང་པོ་ད་ལོ་བཙན་བྱོལ་བོད་གཞུང་གིས་ཤེས་རིགས་ལས་ཁུངས་ཀྱིས་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་འཐུས་ཤོར་ཚབས་ཆེན་ཤོར་བའི་གནས་ཚུལ་འུར་འུར་ཟིང་ཟིང་གིས་དང་ལེན་བྱེད་ཁུལ་བྱེད་ཀྱི་ཡོད་ཀྱང་། དོན་གྱིས་དེ་ནི་བོད་གཞུང་གིས་༧གོང་ས་མཆོག་ཏུ་དབུ་བསྐོར་ཐབས་ཙམ་ལས། མིག་མཐོང་ལག་ཕན་གྱི་གྲུབ་འབྲས་ལྡན་པ་ཞིག་སྒྲུབ་རྒྱུའི་དམིགས་ཡུལ་ཡོད་པ་མ་རེད། ཅིག་བྱེད་ཀྱི་ཡོད་མདོག་གི་ཁྱབ་སྒྲག་ཤུགས་ཆེ་ཙམ་བྱས་པ་དེ་རེད། ད་ལོ་༧གོང་ས་མཆོག་གིས་བོད་ཁྱིམ་གྱི་མཛད་སྒོ་དང་འབྲེལ་བའི་ཐོག་ནས་ཤེས་རིགས་ལ་བཀའ་སྐྱོན་གནང་བ་ལས། ནང་སྲིད་དང་འཕྲོད་བསྟེན། བདེ་སྲུང་དང་ཆོས་རིག དཔལ་འབྱོར་དང་ཕྱི་དྲིལ་ལས་ཁུངས་བཅས་ལྷན་ཁང་བཞན་པ་གཅིག་གིས་ཀྱང་འཐུས་ཤོར་བཏང་མེད་པ་མེད། ཞིབ་མོར་བརྟག་ན་ད་དུང་ཤེས་རིགས་ལས་ཀྱང་འཐུས་ཤོར་བ་ཚབས་ཆེ་བ་ཡོད་སྲིད། དཔེར་ན་འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་མིའི་འཕྲོད་བསྟེན་ཐོག་ནུས་པ་ག་ཚོད་ཅིག་ཐོན་གྱི་ཡོད་མེད་ལས་སླ་བོ་ཤེས་ཐུབ། དེ་ཡང་༧སྐུ་མདུན་བསྙུང་གཞི་མེད་སྐབས་ཕྱི་ལུགས་དང་བོད་ལུགས་ཀྱི་སྨན་པ་མང་པོས་ང་བླ་སྨན་པ་ཡིན་ཟེར་ནས་ཆེ་མདོག་ཁ་བོ་བྱེད་མཁན་མང་པོ་ཡོད་ཀྱང་། དངོས་སུ་བསྙུང་གཞི་བཞེས་པ་སྨན་པ་དང་སྨན་ཁང་ངོ་ནས་ཞིག་ཏུ་གཏུགས་ཆེད་རྒྱ་གར་སྨན་ཁང་ལ་ཕེབས་རྒྱུ་ལས། སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གི་སྨན་པ་ཚོས་བསྙུང་གཞི་སྔོན་འགོག་དང་སྨན་བཅོས་ལ་ཕན་ཐོགས་མེད་གསལ་བོ་རེད། གནས་ཚུལ་འདི་ཐོག་ནས་འཕྲོད་བསྟེན་ལས་ཁུངས་ཀྱིས་བོད་མི་དཀྱུས་མ་དང་བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཕན་ག་ཚོད་ཅིག་ཐོགས་ཀྱི་ཡོད་མེད་ཟུར་ལྟོས་ལེབ་མཐོང་རེད། སྐབས་རེ་བདེ་སྨན་ཁང་ནས་བུད་མེད་ཕྲུ་གུ་སྐྱེས་མཁན་དེ་འདྲ་འཕྱི་བོ་བར་དུ་ཉར་ནས་མཐར་ཕྲུ་གུ་སྐྱེ་རུ་འཇུག་མ་ཐུབ་པར། ཕྲུ་གུའི་མགོ་ཕྱི་ལ་ཐོན་ཐོན་པ་ཀ་ཅ་རི་སྨན་ཁང་དུ་གཏོང་གི་ཡོད་པའི་གནས་ཚུལ་གོ་གི་འདུག དེ་ཚོ་ཡིད་སྡུག་སྤྱད་ཀྱི་གནས་ཚུལ་མ་རེད་དམ། མདོར་ན་མི་ན་གི་མེད་དུས་བོད་གཞུང་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་ཞེས་ཁང་བརྩེགས་མཐོ་བོའི་སྡེ་མཚན་རྫིག་པོ་གཉིས་ཡོད་པ་རེད། ན་ནས་འགག་རྩ་ལ་ཐུག་དུས་ཕྲུ་གུ་ཞིག་སྐྱེ་བསུ་ཐུབ་མཁན་གྱི་སྨན་པ་ལག་རྩལ་ཅན་ཞིག་ཀྱང་ཡོད་པ་མ་རེད།
བོད་གཞུང་གི་རྒྱ་གར་ནང་བོད་མི་དཀྱུས་མ་ལས་མེད་དང་འཇོན་ཐང་མེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལས་ཀ་དང་འཚོ་བའི་ཆེད་དུ་སྐྱབས་བཅོལ་ལ་འགྲོ་མཁན་ཚོ་ཁྲིམས་འགལ་རེད་ཟེར་ནས་མནར་གཅོད་གཏོང་རོགས་བྱས་པ་ལས། བོད་གཞུང་གིས་འགྲོ་སོང་ཆེན་པོ་བཏང་ནས་ཨ་རི་ལ་སོགས་ལ་སློབ་སྦྱོང་དུ་བཏང་མྱོང་བའི་སྨན་པ་དེ་ཚོའི་ཐོག་ལ་ཁྲིམས་དང་ཐོབ་ཐང་ཚགས་ཚུད་བཟོས་ནས་གང་ལྟར་བོད་མའི་འཕྲོད་བསྟེན་ཐོག་ཞབས་ཞུ་ཞུ་ཐུབ་བྱ་དགོས་པ་རེད། འོན་ཀྱང་དེ་ལས་ལྡོག་ཏེ་ནུས་མེད་ལས་མེད་བོད་མི་ཉམས་ཆུང་ཚོ་ཕྱི་རྒྱལ་ལ་འགྲོ་རྒྱུར་ཟམ་གདོང་རིན་པོ་ཆེས་བཀག་འགོག་རིམ་པ་མང་པོ་བཟོས་ཏེ་ཐར་ས་མེད་པ་བཟོས་ཡོད། གང་ལྟར་རྒྱ་གར་ནང་ལས་མེད་དང་བཟའ་ཚང་བུ་ཕྲུག་ཀྱང་ཁ་བྲལ་སོགས་མནར་གཅོད་མྱོང་དུ་འཇིག་གི་ཡོད་པ་རེད། འོན་ཀྱང་བོད་གཞུང་གི་གསོ་སྐྱོང་བྱས་པའི་ཆེད་ལས་པ་ཚོ་ནུབ་ཕྱོགས་ཁག་ཏུ་གཞུང་གིས་གནང་བའི་ལག་ཁྱེར་ནས་འབྱོར་ཡོད་པ་རེད། དོན་དངོས་སུ་ལས་མེད་དང་ཉམས་ཆུང། ལྷག་པར་དུ་ཤེས་ཡོན་མེད་མཁན་ཚོ་ཕྱི་རྒྱལ་ལ་འགྲོ་ཐུབ་ན་གཞུང་ལ་ཕན་ཐོགས་ཀྱི་ཡོད་པ་རེད། བོད་མི་ཚོ་སྐྱབས་བཅོལ་ཡིན་པ་འཛམ་གླིང་ཚང་མས་ཁས་ལེན་གྱི་ཡོད་པ་རེད། ཐ་ན་རྒྱ་གར་ནས་སྐྱེས་མཁན་ཞིག་ཡིན་ནའང་དམ་དྲགས་ཡོད་པ་ལས་རིམ་པས་སྐྱབས་བཅོལ་བར་མཁས་ལེན་གྱི་ཡོད་པ་རེད། ད་དུང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོང་སྟེ་ཁྲིམས་འགལ་གྱི་ཐོག་ནས་དུས་ཡུན་གང་མཚམས་སོང་བ་དང་ཁྲིམས་མཐུན་ཆགས་འགྲོ་གི་ཡོད་པ་རེད། ཟམ་གདོང་ནང་བཞིན་ཁྱེད་ཚོ་ཁྲིམས་འགལ་རེད་ཟེར་ནས་ཚེ་གང་བོར་ཉེས་ཆད་གཏོང་སྲོལ་ཡོད་པ་མ་རེད། དེ་ནི་ཁོང་གིས་ཁྲིམས་ལུགས་ཡག་པོ་མ་ཤེས་པ་རེད་བསམ། བོད་གཞུང་གིས་ཤེས་ཡོན་དང་འཚོ་བརྟེན་སྤྲོད་མ་ཐུབ་པ་ཞིག་ནུབ་ཕྱོགས་སུ་བུ་ལོན་གཡར་ནས་ཡོང་བ་ཡིན་ན། ལོ་ཤས་རྗེས་བུ་ལོན་སོད་ཤེས་ཡོན་དང་འཚོ་བ་ཕྲན་བུ་འགྲིག་ནས། ཕ་མ་དང་གཉེན་ཉེ་གྲོགས་པོ་སོགས་རྒྱ་གར་དང་བོད་ནང་གི་ཉམས་ཐག་མང་པོ་ཞིག་ལ་རོགས་པ་ཐུབ་ཀྱི་ཡོད་པ་རེད། གཉེན་ཉེ་ཞིག་ལ་མ་གཏོགས་ཕན་མ་ཐོགས་པ་ཡིན་ན་དེའང་བོད་མི་སྤྱི་ཚོགས་ལ་ཕན་ཐོགས་དང་བོད་གཞུང་ལ་རོགས་པ་ཞུ་བ་ཞིག་རེད། སྐྱབས་བཅོལ་ཚོས་ནུབ་ཕྱོགས་ནས་དངུལ་སོགས་ག་རེ་རག་པ་ཕལ་ཆེ་བ་བོད་ནང་དང་རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་ལ་བསྐུར་ཡོང་གི་ཡོད་པ་རེད། ཕྱི་རྒྱལ་ན་འདུག་མཁན་ཚོས་ལོ་གཅིག་ལ་ཟ་ཁང་ནང་ལ་ཐེངས་གཅིག་འགྲོ་གི་མེད་མཁན་ཡང་མང་པོ་རེད། འོན་ཀྱང་ཕྱི་རྒྱལ་ན་ཡོད་པའི་བོད་མི་ལས་ངན་ཚོའི་བཀའ་དྲིན་གྱིས་རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་ལ་དཔལ་འབྱོར་གྱི་ཐོག་ནས་ཞག་རྩི་ཡག་པོ་འཁོར་ཡོད་པ་རེད། འོན་ཀྱང་ཁོ་ཚོ་རང་ཉིད་ནི་མི་ཡུལ་གྱི་གཡོག་པོ་དང་། ཟམ་གདོང་གིས་ནག་ཅན་དང་ཁྲིམས་འགལ་བར་བརྩི་བཞིན་པའི་ཉེས་ཅན་པའི་དཔུང་ཁག་ཅིག་ཆགས་ཡོད་པ་རེད། རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་ནང་མཉམ་ཞིབ་ཅིག་གནང་བ་ཡིན་ན། ཕྱི་རྒྱལ་དུ་ཡོད་པའི་ཉེས་ཅན་དང་ཁྲིམས་འགལ་འདི་ཚོའི་ཤ་ཁྲག་ལ་བརྟེན་ནས་བོད་མི་ག་ཚོད་ཅིག་སྐྱིད་ལྷོད་ངང་བསྡད་འདུག་གམ། མ་ཟད་ཟམ་གདོང་གིས་ཉེས་ཅན་ཁྲིམས་འགལ་དུ་བརྩི་བཞིན་པ་འདི་ཚོས་དངུལ་ལ་བསྟེན་ནས་རྒྱ་གར་ནང་སློབ་གྲྭ་ཡག་པོར་འགྲོ་བཞིན་པའི་ན་གཞོན་ག་ཚོད་འདུག་གམ། འདི་ཚོ་ནག་ཅན་པར་བརྩིས་ན་ལས་རྒྱུ་འབྲས་ཟེར་བར་མཐུན་གྱི་འདུག་གམ།
༢ བདེ་སྲུང་ལས་ཁུངས་ཀྱིས་བོད་མིའི་སྤྱི་ཚོགས་ནང་ཕན་ག་རེ་ཐོགས་ཀྱི་ཡོད་མེད་མཐོང་གི་མི་འདུག གཙོ་བོ་སྐུ་མདུན་གྱི་བདེ་སྲུང་རེད། འོན་ཀྱང་རྒྱ་གར་གསང་བའི་ལས་ཁུངས་ནང་གི་མི་སྣ་གནད་ཡོད་ཅིག་གིས། བདེ་སྲུང་ལས་ཁུངས་ཀྱིས་སྐུ་མདུན་གྱི་བདེ་སྲུང་ལ་འགན་ཁྱེར་སྟངས་རྩ་བ་ནས་འདང་གི་མེད་པ་དང་། གནས་ཚུལ་མ་ལྷག་པ་རེད་མ་གཏོགས། བདེ་སྲུང་གིས་ཐོག་ནས་གྲ་སྒྲིག་གང་ཡང་མི་འདུག་ཅེས་སེམས་ཚབས་བརྗོད་སོང་། སྐད་ཆ་དེ་ལོ་ཤས་གོང་ཡིན་པས་དེང་སང་ཕྲན་བུ་ཡག་ཏུ་སོང་བའི་རེ་བ་ཡོད། ཡང་བདེ་སྲུང་གིས་བོད་མིའི་སྤྱི་ཚོགས་ནང་ཕན་ག་རེ་ཞིག་ཐོག་གི་ཡོད་མེད་ངས་མི་ཤེས། བདེ་སྲུང་གིས་བོད་མིའི་སྤྱི་ཚོགས་ནང་འགན་ག་རེ་ཁྱེར་དགོས་ཀྱི་ཡོད་མེད་ཁོ་ཚོས་ཀྱང་ཤེས་ཀྱི་མེད་པའམ། ཡང་ན་བདེ་སྲུང་གིས་ཁོ་ཚོར་བོད་མིའི་སྤྱི་ཚོགས་ལ་འགན་ཡོད་པ་ཚོར་གྱི་མེད་པ་འདྲ། དཔེར་ན་སྔོན་མ་མཚན་ཉིད་གྲྭ་ཚང་གི་རྒན་གཅིག་དང་དགེ་ཕྲུག་གཉིས་ཤུགས་ལྡན་ཚོག་པས་ཕོ་བྲང་གི་ཉེ་འཁྲིས་ནས་ས་རུབ་མ་རུབ་ཀྱི་མཚམས་ལ་དམར་གསོད་བཏང་བ་རེད། བདེ་སྲུང་གིས་ཁོར་ཡུག་གལ་ཆེ་དེའི་ནང་ལའང་དམ་སྲུང་ཡག་པོ་བྱས་མེད་པ་མཐོང་ཚར་བ་རེད། ངོ་ནས་ཡིན་ན་ཉེན་བརྡ་རག་མྱོང་མཁན་གྱི་གནད་ཡོད་མི་སྣ་ཚོ་ལ་བདེ་སྲུང་གིས་ལྟ་སྲུང་དང་གོ་སྒྲིག་ཡག་པོ་བྱེད་དགོས་པ་རེད་བསམ། གལ་ཆེའི་ཁོ་ཡུག་ཕོ་བྲང་གི་འགྲམ་ནས་གནད་ཡོད་མི་སྣ་དེ་འདྲའང་དམར་གསོད་གཏོང་རྒྱུའི་གོ་སྐབས་ལྷོད་ལྷོད་ཡོད་པའི་ཐོག་ནས་བདེ་སྲུང་གིས་འཐུས་ཤོར་འགྲོ་གི་ཡོད་མེད་བཤད་མ་དགོས་པ་རེད། ད་དུང་སྐུ་མདུན་ཕྱི་རྒྱལ་ལ་ཕེབས་སྐབས་གནམ་གྲུའི་འཛིན་གོ་སྒྲིག་ནོར་བ་སོགས་ཚབས་ཆེན་མང་པོ་ལྷག་ཡོད་པ་རེད། ད་དུང་གསང་ཡིག་ཉར་ཚགས་སོགས་ཀྱི་ཐོག་ལའང་གནས་ཚུལ་མང་པོ་ཡོད། རྒྱ་ཡིག་གི་གསང་བའི་ཡིག་ཆ་གལ་ཆེན་པོ་དེ་འདྲ་རྒྱ་གར་གྲོང་གསེབ་ན་ཡོད་པའི་གསར་འབྱོར་དེ་འདྲའི་ཁྱིམ་ནས་མཐོང་མྱོང། དེ་ནི་བདེ་སྲུང་གིས་བསྒྱུར་དུ་འཇུག་གི་ཡོད་པ་རེད་ཟེར། དེ་ཚོ་ཡིད་ཆེས་པའི་གནས་ཚུལ་ཞིག་རེད་དམ། སྔར་ལོ་བོད་ནང་ཞི་རྒོལ་བྱེད་མཁན་གནད་ཡོད་ཚོ་ཕྱི་ལོག་ལ་གདན་འདྲེན་ཞུ་ཐབས་ཀྱི་གསང་བའི་འབྲེལ་གང་ཡང་གནང་གི་མེད་ཚོད་འདུག ངོ་ནས་ཡིན་ན་བོད་ནང་གསང་བའི་ཐོག་ནས་འབྲེལ་བ་བྱས་ཏེ་ཡུབ་ནས་ཡོད་པའི་དཔའ་བོ་དེ་ཚོ་ཕྱི་ལོགས་སུ་གདན་འདྲེན་དང་སྐྱབས་ཐབས་གནང་དགོས་པ་རེད། མི་གཅིག་སྐྱབས་ཀྱང་འགྲིག་གི་ཡོད་པ་མ་ཟད་གཅིག་ཀྱང་སྐྱབས་མ་ཐུབ་ན་འགྲིག་གི་རེད། གང་ལྟར་ཁ་ཞེ་གཉིས་མེད་བོད་ནང་ལ་རོགས་པ་དང་ཐབས་ཤེས་གནང་དགོས་པ་རེད། མི་མང་བོ་བསད་སོང་ཟེར་ནས་ཁྱབ་སྒྲག་བྱས་འཁྲབ་སྟོན་ཙམ་མཐོང་།
དཔལ་འབྱོར་ལས་ཁུངས་འཐུས་ཤོར་བའི་མ་ཚད་སྒོ་བརྒྱབ་པས་ད་བཤད་སའང་ལྷག་ཡོད་པ་མ་རེད། ཆོས་རིགས་སོགས་སྡེ་མཚན་གཞན་པ་རྗེས་དུ་བརྗོད། གདོང་དམར་གྱི་བུས། ད་དུང་ཧ་ཅང་མང་། ངའི་ཁོག་ན་ན་ཟུག་ལས་སྙིང་ཞིག་ཡོད་པ་མི་ཚོར།
རྒྱ་ཡིག་གི་གསང་ཡིག་གཞན་པ་ཞིག་ཀྱང་གསར་འབྱོར་ཞིག་གི་རྗོ་ལྭ་ནང་ལ་བླུག་ནས་འགྲོ་གི་འདུག ཁོས་ང་ལ་མིག་བསྟན་སོང་། གཅིག་བྱས་ན་ཁོ་ང་ལ་ཡིད་ཆེས་དྲགས་པ་ཡིན་རྒྱུ་རེད། གཅིག་བྱས་ན་ཡིག་ཆ་དེ་གསང་བ་ཡིན་ཙང་ང་ལ་བསྟན་པ་ཡིན་རྒྱུ་རེད། གཅིག་བྱས་རང་ཉིད་ངོ་སོ་བྱད་སྤྱད་ཡིན་རྒྱུ་རེད། འདིར་དཔེ་ཕྲན་ལས་བཞག་མེད།
གདོང་དམར་ཚང་གི་བུ། ན་ཟུག་དེ་ཉིད་སྙིང་སྟོབས་དང་སེམས་ཤུགས་ལ་བསྒྱུར་ནས་རང་ཉིད་བོད་པ་ཡིན་པའི་འདུ་ཤེས་ཟབ་མོའི་འོག་མུ་མཐུད་དུ་སྐད་ཆ་འདི་འདྲ་གནས་ལུགས་དང་རྒྱུ་མཚན་དག་བཤད་རོགས་གནོང་དང་། བོད་པ་ཚང་གི་མི་མི་ཉུང་བ་ཞིག་ལ་ཕན་ཐོག་ངེས་རེད། ཁྱེད་རང་གི་བཤད་པའི་སྐད་ཆ་འདི་དག་ནི་དངོས་ནས་གོ་རིམ་ལྡན་པ་ཞིག་རེད་ལ། ཁ་ཚ་དགོས་གཏུགས་ཤིག་ཀྱང་རེད་འདུག
གདོང་དམར་གྱི་བུས་རང་གི་རྩོད་སྤོང་ལ་ལན་མ་ཐེབས་ནས་ཁ་གཞན་ཞིག་ཏུ་ཀྱོག ཡོད་ན་མཚང་འབྱིན་གྱིས་ཁྱེད་ཀྱི་ལོག་བཤད་ལ། དངོས་གནས་ཁྲིམས་འགལ་ཡིན་ན་ཁྲིམས་ཆད་བཅད་ནས་ནག་ཉེས་དག་ཏུ་འཇུག་དགོས་པ་མ་གཏོགས་ཟམ་གདོང་བླ་མས་ཞུ་བ་འཐེན་ནས་ཁྲིམས་འགལ་གྱི་ནག་ཉེས་འདག་ག་ལ་ཐུབ། རྒྱལ་བ་རིན་པོ་ཆེས་ཁྲིམས་དང་མཐུན་པའི་སྒོ་ནས་བདེན་པའི་རྒྱབ་རྩ་ཡོད་པའི་བོད་མི་རིགས་ཀྱི་བདེན་དོན་ལ་རྒྱབ་སྐྱོར་བྱེད་རོགས་གསུངས་པ་མ་གཏོགས། ཁྲིམས་འགལ་གྱིས་གཞན་པའི་ས་ཐོག་ཏུ་འཛུལ་བའི་ཁྲིམས་འགལ་བ་ཚོ་ལ་ཁྲིམས་མཐུན་གྱིས་རྒྱབ་སྐྱོར་བྱེད་རོགས་ཟེར་ནས་འབོད་སྐུལ་གང་དུ་གནང་། ཁྱེད་ཀྱིས་བཤད་ལུགས་ལྟར་ན་འཛམ་གླིང་གི་འགྱུར་བ་ཡོངས་རྫོགས་ང་ཚོས་དང་དུ་ལེན་དགོས་ཚོད་འདུག འདི་ཐལ་ཆེ་བའི་གླེན་རྟགས་ཡིན། ཟམ་གདོང་བླ་མར་ཉེས་འདོགས་བྱེད་མ་སྔ་བར་སྔོན་དུ་ཁོང་གི་དགོངས་པའི་བཞེངས་ཕྱོགས་དང་། ལྟ་གྲུབ་ཀྱི་རྒྱབ་ལྗོངས། ལག་ལེན་གྱི་དངོས་ཡོད་བཅས་ལ་ཞིབ་ཏུ་རྟོགས་དང་བློ་དང་ལྡན་པ་ཞིག་ཡིན་ན་དང་བ་ཁོང་ནས་འཕྱོ་བ་ཞིག་འོང་། ཞེས་ལན་བཏབ་པའི་གཏམ་ཟབ་པོ་དེ་ལ་ལན་ཐོབས། ལྷ་ཀླུ་གཉན་གསུམ་ཡང་གདོང་དམར་གྱི་བུའི་རྐང་རྗེས་སུ་སྙེགས། ཁོས་བོད་ཀྱི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཕ་བསད་ཀྱི་ལག་དམར་ལྟར་སྡང་དགྲ་ལྟ་བུར་འཛིན་པ་ནི་སྔོན་བསགས་ལས་ངན་གྱི་མཐུ་ཞིག་ཡིན་པར་སྣང་། ཅི་བྱེད་ལས་ངན་འདི་ཚོ་སྙིང་རེ་རྗེ།
འདིའི་སྐོར་ལ་བསམ་བློ་གཏོང་རྒྱུ་མང་པོ་ཞིག་འདུག བོད་པ་སྐྱབས་བཅོལ་བ་བལ་བོད་ས་མཚམས་བརྒལ་ནས་སྐྱབས་བཅོལ་དུ་ཡོང་མཁན་བརྒྱ་ཆའི་༩༩ལ་རྒྱལ་མཚམས་བརྒལ་ཆོག་པའི་ཡིག་ཆ་ཡོད་པ་མ་རེད། ཡིག་ཆ་མེད་པར་བལ་བོའི་ས་ཁོངས་སུ་འཛུལ་བ་དེ་ནི་ཁྲིམས་མཐུན་རེད་ཟེར་མི་ཐུབ། ཡིན་ན་ཡང་བལ་ཡུལ་དུ་བསླེབས་མ་ཐག་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་སུ་འཛུལ་ཆོག་ཆོག་འདུག ཡོ་རོབ་སོགས་སུ་སྐྱབས་བཅོལ་དུ་འགྲོ་མཁན་ཚོ་ཡང་དེ་ལྟ་བུར་རྒྱ་བལ་ནས་ཁ་མ་སོས་ནམ་ལངས་པར་རང་རང་གི་མི་ཚེའི་གནས་སྟངས་ཡག་པོ་རེའི་ཆེད་དུ་ཁྲིམས་མཐུན་ཡིན་མིན་གཉིས་ཀའི་སྒོ་ནས་བསྐྱོད་མཁན་རེད། འདི་ལ་རང་གཞུང་གིས་ཐུགས་བསམ་རེ་བཞེས་གལ་འདུག བོད་མི་ཞིག་ཁྱོད་ཀྱི་མི་དམངས་ཡིན་ཕྱིན་ཆད་ཁྲིམས་མཐུན་དང་ཁྲིམས་འགལ་གཉིས་ཀར་བདག་པོ་རྒྱག་དགོས་པ་མ་རེད་དམ། དཔེར་ན་ཨ་རིའི་མི་སེར་ཞིག་གིས་རྒྱལ་ཁབ་གཞན་ནས་ལས་ཀ་སྡུག་ཅག་ཅིག་བྱས་ནས་ཁྲིམས་ལ་ཐོགས་པ་ཡིན་ན་ཨ་རིའི་གཞུང་གིས་ཅི་རེད་གང་རེད་ཀྱི་རྩད་གཅོད་ཅིག་ངེས་པར་དུ་གཏོང་གི་རེད། རང་གཞུང་ལ་རང་བཙན་རྒྱལ་ཁབ་ཅིག་གི་ནུས་པ་མེད་པ་བདེན་ན་ཡང་། སྐྱབས་བཅོལ་སྤྱི་ཚོགས་ཤིག་གི་ནང་ནས་ནུས་པ་ཆེ་ཤོས་ཤིག་ཏུ་ཡོད་པ་ཡིན་དུས། རང་གི་མི་དམངས་ལ་ཅི་ཐུབ་ཀྱི་ལྟ་རྟོགས་རེ་བྱེད་དགོས་ངེས་རེད།
མ་མཐའ ཡང་མི་དེ་ནི་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་པ་དང་རྒྱ་བལ་ནས་འཚོ་ཐབས་བྲལ་ཏེ་ནུབ་གླིང་ག་གེ་མོ་དེར་ཨུ་ཐུག་ཐབས་ཟད་ཀྱིས་བསླེབས་པ་ཞིག་ཡིན་པས། ཁོ་ལ་གང་ནུས་ཀྱིས་བྱམས་བརྩེའི་རོགས་སྐྱོར་རེ་ཐོབ་པའི་རེ་བ་ཡོད་ལྟ་བུའི་གཞན་བརྩེའི་སློང་མོ་རེ་རྒྱག་ཆོག་གི་རེད། དཔེར་མཚོན་ཡག་ཤོས་ཤིག་ནི། ཟླ་ཤས་གོང་ཐེ་ཝན་དུ་ཡོད་པའི་བོད་པ་ཁྲིམས་མཐུན་ཡིག་ཆ་མེད་མཁན་ཚོས་ཐེ་གཞུང་ལ་སྙན་སྐུལ་བྱས་ཏེ་མི་ཚེའི་རིང་ཐེ་ཝན་དུ་སྡོད་ཆོག་པའི་ཡིག་ཆ་རེག་པ་ལྟ་བུ་རེད།
གངས་ཐིགས་ལགས། སྤྱིར་སྐྱོན་ལ་མ་བརྟག་ཡོན་ཏན་ལ་བརྟག་ཟེར་བ་ལྟར་གཞན་གྱི་ཡོན་ཏན་ལ་ལྟ་བ་ཁྱེད་རང་གི་བཟང་ཆ་ཞིག་ཏུ་བརྩི་ཆོག་མོད། ང་ཡིན་ན་ཡོན་ཏན་ལ་མ་ལྟ་སྐྱོན་ལ་ལྟོས་ཟེར་ན་འདོད་སོང་། ལྷག་པར་དབུ་ཁྲིད་ཀྱི་སྐྱོན་དང་ཞན་ཆ་ལ་བརྟག་ཀྱང་ངོས་ཟིན་དགོས་པ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་དབུ་ཁྲིད་ལ་སྐྱོན་སྣ་གཅིག་ཡོད་ནའང་དེའི་འབྲས་བུ་ངན་པ་དེ་མི་མང་གིས་མྱོང་དགོས་རེད། དབུ་ཁྲིད་ཀྱིས་ནོར་ཁྲུལ་གཅིག་བཟོ་ན་མི་དམངས་གྲངས་མེད་ཀྱི་སྡུག་བསྔལ་དང་ཐ་ན་ཚེ་སྲོག་འབུམ་ཕྲག་མང་པོ་ཡང་ཆུད་ཟོས་སུ་གཏོང་སྲིད་པ་རེད། དཔེར་ན་བོད་རྒྱལ་ཁབ་ཤོར་བ་དང་ཨི་རག་ཏུ་དོན་མེད་དམག་འཁྲུགས་གནམ་ས་གཡོ་་བ་འདི་བསླངས་པ་རེད། དེའི་ཕྱིར་སྐྱོན་ལ་བརྟག་རྒྱུ་ཧ་ཅང་གལ་ཆེ།
ཁྱེད་ཉམས་མྱོང་གང་ཡང་མེད་པའི་སྤྱི་ཚོགས་ཀྱི་གྲུ་ཟུར་དུ་ནག་འབུར་བྱེད་བཞིན་པའི་བོད་མི་གླེན་པ་དང་དྲང་པོ་ཞིག་ཡིན་སྲིད། བོད་མི་མང་པོ་ཞིག་གིས་ཟམ་གདོང་རིན་པོ་ཆེ་ཁྲིམས་ལ་མཁས་པ་རེད་ཟེར་བསྟོད་ཀྱང་། ངས་ཁྱེད་ལ་རག་པ་དང་སྟབས་བདེ་བོའི་ཐོག་ནས་བཤད་ན། ཟམ་གདོང་རིན་པོ་ཆེས་ཁྲིམས་ལུགས་ཀྱི་འགྲོ་སྟངས་བརྒྱ་ཆ་ང་ཅུ་མ་ལོན་ཙམ་ལས་མཁྱེན་གྱི་མེད་པ་མཐོང་གི་འདུག གང་ཡིན་ཟེར་ན་ཁོང་གིས་ཁྲིམས་ཀྱི་དམ་དྲགས་བྱེད་་སྟངས་ཁོ་ན་ལས། ཁྲིམས་ཐོག་ནས་གུ་ཡངས་གཏོང་ཕྱོགས་ཀྱི་ཆ་དེ་རྩ་ནས་མཁྱེན་གྱི་མི་འདུག ཁྲིམས་འགལ་གྱི་གནས་ཚུལ་ཞིག་ཡིན་ནའང་དེའི་བྱུང་རིམ་དང་རྒྱུ་མཚན་ཞིབ་བཤེར་བྱས་རྗེས་ཉེས་ཅན་པ་ལ་ཁག་མི་འདུག་ཟེར་ནས་གུ་ཡངས་གཏོང་སྟངས་ཀྱང་ཡོད་པ་རེད། དཔེར་ན་ཉེ་དུས་ཨི་རག་གིས་གསར་འགོད་པ་ཞིག་གིས་ཨ་རིའི་སྲིད་འཛིན་སྦུ་ཞི་ལ་ལྷམ་བཞུས་པ་དང་། དབྱིན་ལན་དུ་ཝིན་ཇ་པོ་ལ་སློབ་ཕྲུག་ཅིག་གིས་ལྷམ་བཞུས་པ་གཉིས་ཧ་ལམ་བྱ་སྤྱོད་གཅིག་པ་རེད། ཁོ་གཉིས་འཛམ་གླིང་གི་ཁ་གཏད་ཀྱི་རྒྱལ་ཁབ་སྟོབས་ཆེན་གཉིས་ཀྱི་དབུ་ཁྲིད་ཡིན་དང་དེ་ཡང་རྒྱལ་ཁབ་གཞན་གྱི་ནང་དུ་ཡོང་ཡོད་པ་དང་། བཞུས་མཁན་མགྲོན་བདག་རྒྱལ་ཁབ་ཀྱི་ཡུལ་མི་ཡིན་པ་སོགས་གཅིག་པ་རེད། ཡང་གཅིག་གིས་ལྷམ་མགོ་གཉིས་ཀ་བཞུས་ནས་ཕོགས་གྲབས་བྱས་པ་དང་། གཅིག་གིས་ལྷམ་མགོ་གཅིག་ལས་བཞུས་མེད་པ་དང་དེ་ཡང་ཕྲན་བུའི་ཐག་རིང་ས་འཕང་ཡོད་པ་ཙམ་ལས་ཁྱད་པར་མེད། འོན་ཀྱང་རྒྱུ་མཚན་དང་དབང་འཛིན་པ་དང་། ཁོར་ཡུག་མི་འདྲ་བའི་དབང་གིས་དེ་གཉིས་ལ་ཁྲིམས་ཐག་གཅོད་སྟངས་ས་གནམ་གྱི་བར་ཁྱད་ཤོར་ཡོད་པ་རེད། གཅིག་ཉུང་མཐར་ལོ་བཅོ་ལྔའི་བཙོན་ཆད་ཕོག་པ་དང་དེའང་མིང་ཙམ་ལས་བཙོན་ནས་ཚེ་སྲོག་ཤོར་ནས་ཕྱིར་ཡོང་རྒྱུ་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། གཅིག་ལ་གཅིག་བྱས་ན་ཟླ་བ་དྲུག་གི་བཙོན་ཆད་དང་ཨ་སྒོར་ལྔ་སྟོང་གི་ཉེས་ཆོག་ཕོག་སྲིད་པ་ཙམ་རེད། དེ་གཉིས་ཀྱི་བྱ་སྤྱོད་ལ་ཁྱད་པར་ཆེན་པོ་མེད་ཀྱི་གཅིག་ལ་ཁྲིམས་གཅོད་ལ་དེ་ལྟ་བུའི་ཁྱད་པར་ཡོང་བ་རེད། གཅིག་ལ་རྒྱུ་མཚན་དང་བྱུང་རིམ་ལ་དབྱེ་ཞིབ་ཀྱི་ཁྲིམས་ཐོག་གི་གུ་ཡངས་མེད་པ་དང་། དེ་བཞིན་གཅིག་ལ་ཁྲིམས་ཆད་གཅོད་སྟངས་དང་གུ་ཡངས་གཏོང་སྟངས་གཉིས་ཀ་དོ་མཉམ་ཡོད་པའི་ཁྱད་པར་རེད།
ཟམ་གདོང་གིས་རྒྱུ་མཚན་གྱི་ཐོག་ནས་ཕྱི་བསྡོད་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ལ་རང་བཙན་ལག་དེབ་རྩ་བ་ནས་སྤྲོད་ཀྱི་མན་པ་ཐག་བཅད་འདུག མ་ཟད་རང་བཙན་ལག་དེབ་མེད་ན་བོད་གཞུང་གིས་བོད་མི་ཡིན་པའི་ངོས་ལེན་བྱེད་ཀྱི་མིན་ཞེས་ཀྱང་ཐག་བཅད་ཡོད་པ་རེད། མདོར་ན་མི་གང་རུང་ཞིག་ཕྱི་རྒྱལ་ལ་མི་ཚེའི་ལྟོ་གོས་ངན་ངོན་ཞིག་དང་ཡང་ན་ཟ་ཁང་ནང་གི་ཕོར་བ་འཁྲུ་རྒྱུའི་ལས་ཀ་ཞིག་བཙལ་ནས་ནང་མི་བུ་ཕྲུག་གི་ལྟོ་གོས་རག་ཐབས་ཙམ་བྱས་པ་རེད། བཀའ་ཁྲིས་ཤ་ཚ་བྱེད་འོས་པའི་བྱ་སྤྱོད་དེ་ལ་ཁྲིམས་འགལ་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་ཆོག་གི་ཡོད་ཙང་ཁྲིམས་འགལ་ནས་བོད་མའི་ངོ་སྤྲོད་དེབ་ཡོད་ཆོག་པའི་ཐོབ་ཐང་དེ་མ་ཤི་བར་དུ་འཕྲོག་པ་རེད། ཐ་ན་བུ་ཕྲུག་ལའང་སྤྲོད་རྒྱུ་མིན་པ་ཡིན་སྲིད། མི་ཚང་དེ་བོད་མི་རིགས་ཀྱི་ཁྲོད་ནས་ཕྱིར་འབུད་དང་བོད་གཞུང་གི་མངའ་འོག་ནས་གཏན་ཕུད་བཏང་བ་འདྲ་བོ་རེད། ད་ནས་མི་དེ་སླར་ཡང་རིགས་རྒྱུད་དང་ཁོངས་གཏོགས་ཡོད་པའི་མི་ཞིག་བྱེད་རྒྱུའི་ཐོབ་ཐང་འཕྲོག་པ་རེད། འདི་ནི་མི་ཉམས་ཆུང་གི་མིག་རྩ་ནས་ཁྲག་ཡོང་དགོས་པའི་ཉེས་ཆད་ཞིག་མ་རེད་དམ།དེའི་ཕྱིར་བཀའ་ཁྲི་ཟམ་གདོང་གིས་ཁྲིམས་དང་ཁྲིམས་ཐག་གཅོད་སྟངས་དོ་མ་མཉམ་པ་ཆགས་པ་རེད། དེ་ནི་ཁོང་གིས་ཁྲིམས་ལུགས་ཞོར་ལ་རང་སྦྱོང་བྱས་ནས་མཁྱེན་པ་ལས་། ཆེད་དུ་ཁྲིམས་ལུགས་ལ་སྦྱངས་ནས་མཐར་ཕྱན་པའི་ཁྲིམས་ལུགས་མཁས་པ་དེ་འདྲ་མ་ཡིན་པའི་སྐྱོན་ལྷག་པ་རེད། བཀའ་ཁྲི་སྙིང་རྗེ་དང་ཤ་ཚ་མེད་པའི་ཆབ་སྲིད་པ་ཞེ་ནག་ཅིག་རེད་ཟེར་བའི་དགོས་པའི་རྒྱུ་མཚན་ཡང་འདི་འདྲ་རེད། རྩ་བའི་མི་བསད་ན་ཁྲིམས་ཐོག་ནས་ཁྲིམས་འགལ་རེད་ཟེར་ནས་ལས་སླ་བོ་ཁྲིམས་ཆད་མི་གཅོད་པར་། དེ་ལ་རྩད་གཅོད་དང་ཞིབ་མཇུག་མཐར་ཕྱིན་པ་བྱས་རྗེས་གཞི་ནས་ཁྲིམས་འགལ་ཡིན་མིན། ཉེས་པ་ལྕི་ཡང་སྣ་ཚོགས་གཅོད་པ་རེད།
མཇུག་དོན་བཀའ་ཁྲིས་ཁྲིམས་ཀྱི་དམ་དྲགས་སམ་རྩུབ་ཕྱོགས་དེ་ཡག་པོ་མཁྱེན་པ་དང་ལག་བསྟན་མ་ལུས་པ་གནང་གི་ཡོད་ཀྱང་། ཁྲིམས་ཀྱི་གུ་ཡངས་ཀྱི་ཕྱོགས་སམ་འཇམ་ཕྱོགས་དེ་རྩ་བ་ནས་དོ་སྣང་གནང་སྲོལ་མེད་པའི་ཉེན་ཁ་རེད། སྤྱི་ཡོངས་ལ་བྲིས་པ་ལས་གངས་ཐིགས་ལ་འདི་ཙམ་ལྗིད་དྲགས་པ་རེད། བཤད་ཐབས་སླ་བོ་བྲིས་ཡོད།
བོད་ལ་ཆེད་ལས་པ་མེད་དོན་གྱི་རྒྱུ་མཚན་ཅི་ཡིན་ཤེས་འདོད་ཀྱིས་མཆན་རེ་རེ་བཞིན་བཀླགས་པ་ན། གང་འཚམས་ཤིག་ནས་ཀློག་མཚམས་མི་འཇོག་རང་འཇོག་ཏུ་གྱུར་སོང་། ང་ཚོར་ཆེད་ལས་ཀྱི་སྐོར་ལ་འདིའི་ལྷག་གི་ཁ་བརྡ་བྱེད་རྒྱུ་མེད་པ་རེད་དམ།
དྲ་གྲོགས་གདོང་དམར་ལགས་ལ་འདི་འདྲ་ཞིག་ཞུས་འདོེད་བྱུང།༹༹༹༹༹
དང་པོ་དེར་རང་ལ་སྨྲ་བྱེད་ཀྱི་ལྕེ་ལི་ཞིག་ཡོད་དང་སྨྲ་བརྗོད་རང་དབང་་རེད་ཟེར་ནས་སེམས་ལ་དྲན་དྲན་དང་ཁ་ལ་ཐེབས་ཐེབས་ཁྲོམ་བསྒྲགས་བྱེད་པ་འོས་སམ་སྙམ། ཁེྱད་ཀྱིས་ཁ་ནང་ནས་ཉིན་གཅིག་་མ་དང་སྲིང་མོའང་ཨི་ཁུང་ཅན་ཡིན་པས་ངས་གཡབ་མི་རུང་བ་གང་ཡིན་ཟེར་ནས་ང་ཚོ་ལ་རྫིག་རྫིག་གཏོང་སྲིད།
ཁྱེད་སྤྱི་ཕན་ཆེ་མདོག་གིས་བསམ་གདོང་རིན་་པོ་ཆེ་ལ་སྒེར་གྱི་སྙིང་ནད་སྐྱོར་འདུག ཁྱེད་མ་དགའ་ཤི་སོང་རུང་བསམ་གདོང་བླ་མ་མི་མང་གིས་འདེམས་པའི་དབུ་ཁྲིད་རེད སྒེ་ཀྱོག་ཀྱོག་་བྱེད་ནའང་འདྲ་ཞལ་རས་་ནག་ནག་བྱེད་ནའང་འདྲ་ཁོང་བཙན་བྱོལ་བོད་མིའི་ཁྲོད་ན་ཁོྱད་ཐེ་བའི་མི་དགའ་མཁན་་སྟོང་ཡོད་ཀྱང་ཁྱོད་འཕུད་ནས་རྗེས་སུ་འབྲངས་མཁན་ཁྲི་དང་འབུམ་ཡོད་པ་རེད།གསུངས་དང་ཁྱོད་ལ་ད་བར་དུ་ཡིད་ཆེས་བཅོལ་ནས་འདི་ཕྱིའི་ལམ་སྟོན་དུ་འོས་ཤོག་འཕེན་མཁན་ག་ཚོད་བྱུང་སོང། གཅིག་བྱས་ན་ཁྱོད་བོད་ལ་ཤ་ཞེན་ཆེ་མདོག་གདོག་གི་སྐད་ཆ་རྫིག་པོ་རྐྱང་བཤད་རྒྱུའི་སྐྱག་ལངས་ལ་ཤོར་བ་ཙམ་ལས་འཇིགས་པ་ལས་ཐར་ན་སྒྲོལ་མ་བརྗེད་པའི་དཔེ་བཞིན་ཕྱི་ལ་ཐར་ནས་བཟུང་བོད་གཞུང་ལ་དངས་བླངས་དཔྱ་ཁྲལ་ཡང་འབུལ་མཚམས་བཞག་་ཡོད་རྒྱུ་རེད།
ཤེས་རིག་དང་དཔའ་འབྱོར བདེ་སྲུང་སོགས་འཐུས་ཤོར་ལ་ཕྱིན་པ་བཙན་བྱོལ་བོད་གཞུང་གཅིག་པུ་ག་ལ་ཡིན ༢༠༠༡ལོར་ནེའི་ཡོ་ནས་ཁང་བརྩེགས་ཆེན་པོ་གཏོེར་སོང་ང་ ཨ་རིའི་སྲིད་འཛིན་JFKབསད་སོང་ང་། གན་རྡི་རྗེན་དང་ཨིན་རྡི་གན་རྡི་མ་བུ་གཉིས་ཀྱང་བསད་སོང་ང་། དེ་་ཚོའང་རྡ་ས་བདེ་སྲུང་མ་འཇོན་པ་མིན་པ་མཁྱེན་པར་གྱིས འདི་དཔེ་མཚོན་ཙམ་ཡིན
ཤེས་རིག་ཐད་ནས་ཀྱང་བོད་གཞུང་རྗེས་ལུས་ཐེབས་ཨེ་ཡོད་སྙམ ཨ་རིི་དམག་དཔོན་ཟུར་བ་ཁོ་ལིན་ཕའོ་ལགས་ཀྱིས་གསུངས་བ་ལྟར་ན་ཨ་རིི་ནང་འཛིན་རིམ་༡༢་མ་ཐོན་པར་སློ་མཚམས་བཞག་པའི་གྲངས་འབོར་30-40%100་སླེབས་འདུག་ག བོད་གཞུང་ལ་འདི་འདྲ་མ་འདང་ས་ཡོད་ན་གསུངས་དང་།
དེ་བཞིན་འཕྲོད་བསྟེན་དང་དཔའ་འབྱོར་སོགས་ཀྱང་་རིགས་བསྒྲེས་བར་བྱའོ།
ཆེད་ལས་པ་མི་འདུག་ཅེས་བོད་གཞུང་ལ་མཛུབ་མོ་འཛུགས་རྐྱང་བྱས་ན་རུང་ངམ རང་ཉིད་ནས་ཀྱང་འགོ་ཁྲིད་དང་ ཨ་རིིའི་བོད་མིར་མཚོན་ན་རང་གིས་འཇོན་ན་ཁྱོད་ཚོའི་ལམ་ཁ་སུས་བཀག་འདུག ཕྲུ་གུ་དང་ནང་མི་ལ་ལྟ་སྐྱོང་བྱེད་་མི་དགོ་མཁན་མི་ལ་རས་པ་མ་གཏོགས་སུ་ཡོད་དམ། རང་ཉིད་ཀྱིས་མི་འཇོན་ན་ཕྲུ་གུ་ལ་ཆེད་ལས་སྦྱང་དུ་བཅུག་དང་།
ཁྱོད་འདྲའི་རིགས་ལ་ཁྲེལ་མེད་ཀྱི་གོམས་གཤིས་ཡོད་པ་ངས་སོྡོན་མ་ནས་ཤེས་གི་ཡོད ཕྱི་རྒྱལ་ལ་སློང་མོ་རྒྱག་པ་དང་ཨ་རིར་བེ་བཟའ་ཞུས་པ། ཕྱི་རྒྱལ་ནས་སྐྱབས་འཅོལ་ཞུས་བ་སོགས་རང་གི་འཚོ་ལས་ཀྱི་ཆ་ཚང་མ་བོད་དང་བོད་གཞུང་ རྒྱལ་བ་རིན་པོ་ཆེའི་ཉི་ཟེར་ལ་བསྟེན་ཡོད་བཞིན་དུ་ད་དུང་དྲིན་མི་ཚོར་བར་རང་གིས་འཇོན་མདོག་མདོག་དང་རང་་མཁས་མདོག་མདོག་བྱེད་པའི་གཤིས་ངན་དེ་་ད་དུང་འདོར་ཐུབ་ཀི་མེད།
བོད་གཞུང་གིས་་འཇོན་གི་མེད་ན དང་ལངས་་སྤྱི་འཐུས་ལ་ཐོན་དང་ དང་ལངས་་བཀའ་བློན་ལ་བུད་དང་ མི་གང་གི་སྣེ་འཁྲིད་ནས་ལས་འགུལ་རྩོམ་དང་། དེ་མིན་མདའ་མོ་ལྐོག་འཕེན་འདིས་གང་ཡང་མི་ཕན་ནོ་རིགས་ཀྱི་བུ།
རི་སྤྱང་ཁེར་འགྲོས་བཤད་པ་ལ་རྒྱུ་མཚན་ཆེན་པོ་འདུག སྤྱིར་བཏང་བོད་མི་སྐྱབས་བཅོལ་བ་རྒྱ་གར་དུ་བསྡད་པ་དང་ནུབ་ཕྱོགས་རྒྱལ་ཁབ་གཞན་ལ་ཕྱིན་པ་གཉིས་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་དེ་ནི་བོད་མིའི་ངོ་བོའི་ཐོག་ནས་བསྡད་ཡོད་མེད་ཀྱི་ཁྱད་པར་ཏན་ཏན་འདུག ཕྱིར་བསྐྱོད་ལག་ཁྱེར་དེབ་སེར་པོ་དེའི་སྟེང་དུ་རྒྱལ་ཁོངས་གི་དུ་གཏོགས་མིན་གྱི་ཐད་དུ་བོད་མི་ཞེས་བྲིས་ཡོད་པ་རེད། ནུབ་ཕྱོགས་སོགས་རྒྱལ་ཁབ་གཞན་གྱི་མི་སེར་ཆགས་ཚར་བའི་རྗེས་སུ་ལག་ཁྱེར་སྟེང་གི་བོད་མི་ཟེར་བའི་མིང་དེ་བརླགས་ཟིན་པ་རེད། གནད་དོན་དེས་རྒྱ་བལ་འབྲུག་གསུམ་དུ་སྡོད་བཞིན་པའི་བོད་མི་རྣམས་ཆབ་སྲིད་ཀྱི་གནས་སྟངས་འོག་ནས་བོད་མི་རྣལ་མ་ཡིན་པ་དང་རྒྱལ་ཁབ་གཞན་གྱི་མི་སེར་ཆགས་ཟིན་པ་རྣམས་ཆབ་སྲིད་ཀྱི་གནས་སྟངས་འོག་ནས་བོད་མིའི་ཁོངས་ནས་བུད་ཚར་བ་ཞིག་སྟོན་གྱིན་ཡོད་པ་རེད། དེལྟར་ལྟ་སྐབས་རྒྱལ་འབྲུག་གསུམ་ནས་ཁ་མ་སོས་པར་ནུབ་ཕྱོགས་སུ་ཕྱིན་པ་ཚོར་བོད་གཞུང་གིས་རོགས་སྐྱོར་བྱེད་དགོས་ཚུལ་དེ་ཡང་མི་རིགས་ཀྱི་ཤ་ཞེན་ཙམ་ལས་བྱས་ན་དགག་བྱ་མེད་པ་ལས་ཆབ་སྲིད་ཀྱི་གནས་སྟངས་འོག་ནས་དེ་ཚོ་ད་དུང་རྒྱ་གར་གཞུང་གི་གཟིགས་སྐྱོང་འོག་ནས་བཙུགས་པའི་བཙན་བྱོལ་བོད་གཞུང་གི་མི་སེར་རེད་ཅེས་བརྗོད་ན་ཁྲིམས་དང་མི་མཐུན་པ་གསལ་པོ་མ་རེད་དམ།
སྤྱིར་བཏང་སེམས་སྐྱོ་འོས་པ་ཞིག་ནི་གདོང་དམར་བ་སོགས་ཀྱིས་བོད་གཞུང་དང་བཀའ་ཁྲིའི་ངའི་ལྟོ་གོས་ཐད་ལ་རོགས་སྐྱོར་བྱེད་ཀྱིན་མི་འདུག་ཅེས་པའི་ཞབས་འདྲེན་གྱི་སྐད་ཆ་དེ་རེད། བོད་གཞུང་རང་མགོ་མ་ཐོན་པར་རྒྱ་གར་ལ་སྐྱབས་བཅོལ་ལ་ཡོང་བ་རེད། ང་ཚོ་བོད་གངས་ཅན་པ་ཚང་གི་བུ་རྒྱུད་ཚོ་ཡང་དེའི་རྗེས་འབྲངས་ནས་བོད་གཞུང་བསྐྱབ་ཏུ་ཡོང་བ་རེད་མ་གཏོགས་བོད་གཞུང་གིས་ང་ཚོ་ཨེ་བསྐྱབ་ལྟ་རུ་ཡོང་བ་ཡིན་ན་ནོར་བ་རེད།
བོད་ལ་ཆེད་ལས་པ་ཡོད་མེད་ཀྱི་སྐོར་ནས་རྨོངས་འཆར་མང་ཙམ་སྤེལ་ཚར་བ་ཡིན།
ད་ཡང་ནས་བསྐྱར་དུ་མི་སྤེལ་། ངེད་ཀྱི་བསམ་ཚུལ་ལྟར་ན།
བོད་རིགས་སྨྱུག་ཐོགས་པ་ཚོས་གང་ཟག་སྒེར་བའི་ན་ཚ་དང་ཚོར་བ་འདྲ་བོ་རྐྱང་བཤད་ནས་མ་བསྡད་པར།
ཞིབ་འཇུག་འདྲ་བྱས་ནས་རྩོམ་ཡིག་སྤེལ་ན་དགེ་མཚན་ཆེ་བར་མཐོང་། དཔེར་ན། དགེ་འདུན་རབ་གསལ་ལགས་ཀྱིས་བྲིས་བའི་རྩོམ་ཡིག་འདིའི་དུམ་མཚམས་དང་པོ་ཆེ་མཐོང་ཞེས་བ་དང་དུམ་མཚམས་ལྔ་བ་གོམས་གཤིས་ཟེར་བ་འདི་གཉིས་ཀ་གང་ཟག་སྒེར་གྱི་ཚོར་བའི་ངོས་ནས་བྲིས་བ་ཤུགས་ཆེ་གི་མ་གཏོགས་ཞིབ་འཇུག་བྱས་བའི་ངོས་ཧ་ཅང་ཆུང་གི
ངེད་ཀྱི་རྨོངས་འཆར་འདི་འདྲ་ཡིན།
༄༅། །བོད་མི་ཆེད་ལས་མེད་དོན་ཅི་ཞེས་པའི་འགོ་བརྗོད་དེ་ཧ་ཅང་སྙན་པོ་འདུག ངས་ལན་དུམ་དུམ་ཞིག་འབྲི་འདོད་བྱུང༌། བོད་མི་ཆེད་ལས་མེད་དོན་ནི་བོད་མི་སོ་སོ་ཆེད་ལས་པ་བྱེད་འདོད་མེད་པས་རེད། ཆེད་ལས་ཀྱི་ལས་རིགས་བྱེད་མཁན་ཚང་མས་རྩ་ཁ་བཟང་ས་དང་ཆུ་ཁ་བཟང་སར་ཁོ་ནར་འཁྱུད་ནས་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ངུ་དེ་ནས་རྒྱང་རིང་ཙམ་འཁྱམ་སྟེ་ཁ་བདེ་ཙམ་བྱེད་ཞོར་སྐྱོན་བཙུགས་བྱས་ཏེ་སྡོད་རྒྱུར་བདམས་ག་བྱ་གི་ཡོད། དེའི་ཁོངས་སུ་ཆེད་ལས་མེད་དོན་ཅི་ཡིན་པའི་བརྗོད་གཞི་འདོན་མཁན་ཁྱོད་ཀྱང་ཚུད་ཡོད། ང་ཚོར་ཆེད་ལས་པ་བྱེད་པའི་ནུས་པ་དང་མི་ཡོད་ཀྱང་ཁོང་ཚོས་སོ་སོའི་མི་རིགས་འབའ་ཞིག་བསམ་སྟེ་ཞབས་འདེགས་བྱ་རྒྱུའི་སྙིང་རུས་མེད་རྐྱེན་གཤོག་རྩལ་གང་མཚམས་རྒྱས་མཚམས་འཕུར་མཆོངས་བྱས་ཏེ་ནུབ་ཕྱོགས་ཀྱི་དངུལ་སྒོར་ཁྲོད་དུ་གཉའ་འཁུར་ཏེ་སོ་སོའི་མི་རིགས་ལ་འཕྱ་སྨོད་དང་མེད་རབས་བཤད་དེ་ཧ་ལམ་རང་ཉིད་སྟོང་ཉིད་རྟོགས་ཟིན་པའི་སངས་རྒྱས་གཉིས་པ་ཡིན་པར་རློམས་ཏེ་ཡོངས་རྫོགས་ང་ཚོའི་སྤྱི་ཚོགས་ནང་མ་འཐུས་པ་དང་མེད་རབས་བཤད་དེ་ཧ་ལམ་རང་ཉིད་དེའི་སློབ་སྟོན་པ་ཞིག་ཡིན་མདོག་མདོག་བྱ་གི་ཡོད། ད་ཆ་བཤད་མཁན་མང་ཆེ་བར་གོ་སྐབས་དེ་ཡོད་པས་ཁྱོད་རང་ཉིད་ཆེད་ལས་པ་ཞིག་བྱ་རྒྱུར་འབད་བརྩོན་བྱ་དགོས།།
ཁྱེད་ཀྱིས་ཚོར་བ་ཞིག་གླེང་གི་འདུག་མ་གཏོགས། ཞིབ་འཇུག་བྱས་མི་འདུག་ཞེས་བརྗོད་མཁན་དེ་ཕལ་ཆེར་ང་ཡིན།
དེའི་སྐོར་ནས་ངེད་ཀྱི་མཆན་བུ་སྔ་མ་དག་ཏུ་ཉིད་ཀྱི་བསམ་ཚུལ་ཞིབ་པར་བྐླགས་ནས་བྲིས་ཡོད།
འདིར་མཆན་བུ་གཅིག་བསྐྱར་འགོད་བྱས་ན་བསམ་སོང་།
ངེད་ཀྱི་མཆན་བུ་འདི་ཡང་སོ་སོའི་རྨོངས་འཆར་འདྲ་བོ་ཞིག་ཡིན།
ཁྱེད་ཀྱིས་གོམས་གཤིས་དང་འབྲེལ་བའི་སྐོར་ནས་བསམ་ཚུལ་ཞིག་སྤེལ་འདུག
ངེད་ལ་ཉིད་ཀྱི་བསམ་ཚུལ་འདིར་རྨོངས་འཆར་འགའ་ཡོད། ཁྱེད་ཀྱིས་གསུངས་ན། བཙན་བྱོལ་ནང་གི་སློབ་གསོའི་ལམ་ལུགས་ལ་ཡང་བསྐྱར་ཞིབ་ཅིག་གནང་རྒྱུ་ཡོད་པ་རེད་ཟེར།
དེ་དངོས་གནས་རེད། བཙན་བྱོལ་ནང་གི་སློབ་གསོའི་ལམ་ལུགས་ལ་བསྐྱར་ཞིབ་གནང་ལོས་དགོས། བསྐྱར་ཞིབ་དེ་ཡང་གཞུང་ལས་ཁང་གི་ཡིག་སྣོད་དེ་ཚོའི་གདོང་ལ་བལྟས་ནས་་བསྐྱར་ཞིབ་གནང་རྒྱུ་མ་ཡིན་པར་ས་གནས་ས་གནས་ལ་སོང་ནས་ཞིབ་འཇུག་གནང་རྒྱུ་གལ་ཆེ། ཁྱེད་ཀྱིས་གསུངས་བཞིན་པའི་སློབ་གསོ་དེ་དགོན་པའི་སློབ་གསོ་ཡིན་དང་སློབ་གྲའི་སློབ་གསོ་ཡིན་མིན་ངས་ཤེས་མ་སོང་། སློབ་གྲ་ཁག་གི་སློབ་གསོ་ཡིན་ན་ནི། ཚེ་འདི་དང་ཕྱི་མ་གཉིས་ལས་ཚེ་ཕྱི་མ་གལ་ཆེར་འཛིན་པའི་གོམས་གཤིས་དེས་ང་ཚོར་སློབ་གསོ་ཐེབས་མེད་ལ་དེས་ང་ཚོ་ལོ་ཆུང་རྣམས་ཆེད་ལས་ལ་འཇུག་རྒྱུར་ཕྱིར་འཐེན་ཡང་བྱས་མེད། གཞི་རིམ་སློབ་གྲ་ཁག་ཏུ་ཚེ་ཕྱི་མའི་ཆེད་དུ་ཚོགས་བསགས་དགེ་སྦྱོང་བྱེད་དགོས་བའི་སྐུལ་མ་ཆེན་པོ་ཞིག་གཏོང་གི་མེད་ལབ་ན་ཡང་ང་ཧམ་པ་མི་ཆེ་སྙམ། སྔ་དགོང་ལ་ཞལ་འདོན་འདྲ་སྐྱོར། དུས་ཆེན་དམིགས་བསལ་དེ་འདྲ་ལ་གཞུང་ནས་ཚོགས་གཏོང་གི་རེད། དེ་ཙམ་རེད།
གཞན། བོད་ཡིག་མ་གཏོགས་སྦྱངས་བྱའི་སློབ་ཚན་དེ་ཚོའི་ནང་ན་ཚེ་འདི་ལས་ཕྱི་མ་གལ་ཆེན་པོ་ཡིན་ཚུལ་དང་དེའི་ཆེད་དུ་ཧུར་ཐག་བྱེད་དགོས་བའི་གནད་དོན་མེད།
བོད་ཡིག་གི་ྐློག་དེབ་དེ་ཚོའི་ནང་ན་ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་སྐོར་ནས་སྐད་ཆ་ཡོད་རུང་། དེས་སློབ་ཕྲུག་རྣམས་རྒྱུད་ལ་བག་ཆགས་ཅི་ཙམ་བཞག་ཡོད་མེད་ནི་ངས་བཤད་མ་དགོས་བར་ཞིབ་འཇུག་བྱས་ན་ཧ་ཅང་གསལ་བོ་རེད། གཞན། དགེ་རྒན་རྣམས་ཀྱིས་སློབ་གསོ་མང་ཆེ་བ་ནི་ཚེ་འདི་དང་འབྲེལ་བའི་སྐོར་རེད་མ་གཏོགས་གཞན་ཚེ་ཕྱི་མའི་སྐོར་ནས་སློབ་གསོ་རྒྱག་མཁན་ཉུང་ཉུང་རེད་ལ་། གལ་སྲིད་དེ་ལྟར་སློབ་གསོ་རྒྱག་མཁན་གྱི་དགེ་རྒན་འདྲ་ཡོད་ན། སློབ་གསོ་དེས་སློབ་ཕྲུག་ཚོའི་རྒྱུད་ལ་བག་ཆགས་འཇོག་རྒྱུ་ཕར་ཞོག། ཐ་ན་སློབ་ཕྲུག་ཚོས་དགེ་རྒན་དེ་ལ་མིང་ཐོ་གསར་བ་འདོགས་རྒྱུའི་ཉེན་ཁ་ཡོད། འདི་ལྟར་བསམ་དུས། ཁྱེད་ཀྱིས་གསུངས་བཞིན་པའི་གོམས་གཤིས་འདིས་སློབ་གྲའི་སློབ་གསོར་ཤུགས་རྐྱེན་ཆེན་པོཐེབས་་མེད་པ་འདྲ། གཞན་སློབ་ཕྲུག་རྣམས་ལ་ཕ་མའི་སློབ་གསོ་རྒྱག་སྟངས་ཐད་ནས་ཁྱེད་ཀྱིས་ཀྱང་བསམ་ཚུལ་ཞིག་བཤད་འདུག གནས་སྟངས་ཤིག་གི་འོག་ནས་ཕ་མ་ཕལ་ཆེ་དེ་འདྲ་མིན་འགྲོ། ཁྱེད་ཀྱི་བསམ་ཚུལ་དེ་ཡིན་པའི་དབང་དུ་བཏང་ནའང་། དེ་ཚེ་འདིའི་ཆེད་དུ་རེད་འདུག་མ་གཏོགས་ཕྱི་མའི་ཆེད་དུ་རེད་མི་འདུག
གང་ལྟར། འདི་ཚོ་ཞིབ་འཇུག་བྱེད་དགོས་རྒྱུའི་རིགས་རེད་མ་གཏོགས་ཁ་ཚོན་བཤད་ནས་བཤད་ཐུབ་ཡ་དེ་འདྲ་རེད་མི་འདུག
ངེད་ལ་ད་དུང་ཡང་རྨོངས་འཆར་གཞན་ཞིག་ཡོད། བོད་མིའི་ཁྲོད་ན་ཆེད་ལས་པ་མེད་པའི་རྒྱུ་རྐྱེན་གཞན་ཞིག་ནི། བོད་མི་ཕལ་མོ་ཆེར་ཞིབ་འཇུག་གི་གོམས་གཤིས་མེད་པ་འདི་ལ་ཡང་འབྲེལ་བ་འདུག་སྙམ། གནད་དོན་ཆེ་ཆུང་ཇི་འདྲ་ཞིག་ཡིན་རུང་། ཞིབ་འཇུག་བྱེད་རྒྱུའི་གོམས་གཤིས་མི་འདུག རྩོམ་འདྲ་བོ་ཞིག་འབྲི་ན་ཡང་། ཚོར་བ་དེ་ཤུགས་ཆེར་གླེང་གི་འདུག་མ་གཏོགས་ཞིབ་འཇུག་བྱས་ནས་སྐད་ཆ་བཤད་ཀྱི་མི་འདུག ངེད་ཀྱི་རྨོངས་འཆར་འདི་འདྲ་ཡིན།
དེ་རིང་ཁ་བརྡ་དྲ་དེབ་ཀྱི་མཉེན་ཆས་ཡར་མཐུད་བརྒྱབ་པ་ལ་བརྟེན་ནས་ལག་པ་ཤོར་ཏེ་ངེད་ཀྱི་མཆན་གཅིག་གསུབ་ཐལ་ཤོར་སོང་། དེ་གསལ་བཤད་ཙམ་ཞུ་བ་ཡིན།
ཆེད་ལས་གི་སྐོར་ལ་ཁྱེད་རང་གིས་ཉམས་ཞིབ་ག་ཚོད་ཅིག་བྱས་པ་ཡིན།
ངས་ཤེས་པའི་ཆེད་ལས་པ་མང་དྲགས་འདུག་པ་དང་། ངས་ཤེས་པའི་ཆེད་ལས་པ་བོད་གཞུང་ལ་ལས་ཀ་བྱེད་མཁན་ཉུང་དྲགས་འདུག མཚམས་རེར་བསམ་བློ་རེ་གཏོང་ཁུལ་བྱས་ན། བཙན་བྱོལགི་མི་འབོར་ལ་བསྡུར་ན་ཆེད་ལས་པ་ཉུང་དྲགས་འདུག་མི་བསམ། འཛིན་གྲྭ་བཅུ་བཅུ་གཅིག་གི་དགེ་རྒན་ཆེད་ལས་པ་དེ་ཚོ། རྒྱ་གར་དབུས་གཞུང་ལ་ལས་ཀ་བྱེད་མཁན་ཆེད་ལས་པ་དེ་ཚོ། ཕྱི་རྒྱལ་གི་གྲོང་ཁྱེར་རེ་རེ་ནས་རྙེད་ཐུབ་པའི་ཆེད་ལས་པ་དེ་ཚོ། རང་རང་གི་འཚོ་དོན་སྙེགས་བཞིན་པའི་ཆེད་ལས་པ་དེ་ཚོ། རྒྱལ་ཁབ་གཞན་དང་གཞན་གི་ཆེད་ལ་རྔུལ་ཁྲག་གཏོར་བཞིན་པའི་ཆེད་ལས་པ་དེ་ཚོ། ངས་ང་རང་གི་འཁྲིས་ལ་ཉེ་བར་བཅར་མྱོང་བའི་ཚན་རིག་གི་པ་ལགས་དང་སྐྱེ་བ་སྔ་ཕྱི་ཡོད་མེད་ནུབ་ཕྱོགས་གི་རིགས་པ་དང་བསྒྲེས་ནས་རྗོད་མཁན་རྒན་ཐོགས་མེད་དྲན་གི་འདུག ཁྱེད་གཉིས་ཁ་སང་དེ་རིང་གང་ན་ཡོད།
ཨོ་དགོངས་དག ང་ང་རང་སྡོད་སའི་གྲོང་ཁྱེར་འདིར་ཡང་་ལོ་ཤས་སྔོན་བོད་གི་བུ་མོ་ཅིག་དང་ཕྲད་སོང་། མོའི་ཆེད་ལས་ཚན་རིག་ཡིན་ཟེར། དེ་ནས་ང་མོ་ལ་ཐུག་མ་སོང་། ད་ལྟ་མོས་ས་ཆ་གང་ཞིག་ན་ཚན་རིག་སྦྱོང་བཞིན་པའམ་ཚན་རིག་ལག་ལེན་ལ་བསྟར་བཞིན་པ་ངས་ཚོད་དཔག་བྱེད་གི་ཡོད།
རྒན་མགོན་པོ་ལགས།
ཁྱེད་ཀྱིས་བརྗོད་བཞིན་པའི་རྒན་ཐོགས་མེད་ཟེར་བ་ཁོང་ཝ་ར་ནྰ་སི་མཐོ་སློབ་མཐར་ཕྱིན་མཚམས་སྦི་རི་སློབ་གྲའི་ནང་འཁྱུག་ཙམ་རིང་ཟབ་སྦྱོང་དུ་བཞུགས་རིང་ང་ཚོ་སློབ་ཕྲུག་ཚོར་ནང་ཆོས་ཚན་རིག་གི་ལམ་ནས་ངོ་སྤྲོད་གནང་མཁན་ཁོང་ཡིན་ནམ། ཁོང་ཡིན་ན་ཁོས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་། རྗེས་སུ་ཁོང་གི་ངྲ་རྒྱ་དང་ཞིབ་འཇུག་གི་དེབ་འདྲ་གཟིགས་སོང་ན་ཅིག་གསུང་རོགས་གནང།
…………………………………………………………………
གོང་དུ་སྤོབས་པ་ལགས་ཀྱིས་ཕྱི་སྡོད་བོད་མི་ཚོ་རང་སྡོད་སའི་རྒྱལ་ཁབ་གང་དེེའི་་མི་སེར་ཆགས་རྗེས་ད་དུང་བོད་ཀྱི་ཁུངས་ན་་ཡོད་མིན་ཐད་ཅིག་གསུངས་འདུག དེར་ཨ་རིའི་ནང་གི་གནས་སྟངས་རང་གི་གང་ཤེས་ཚིག་འགའ་ཞུས་ན། གང་ཟག་གང་རུང་ཞིག་དུས་གཅིག་ལ་རྒྱལ་ཁབ་གཉིས་ཀྱི་མི་སེར་ཡིན་པའི་རྒྱལ་ཁོངས་གཉིས་འཇུག་གི་མི་སེར་ཐོབ་ཐང་ཟེར་བ་ཞིག་ཀྱང་ཡོད་འདུག ཨ་རི་ལ་མཚོན་ན་རྒྱལ་་ཁོངས་གཉིས་འཇུག་གི་ཁྲིམས་ལ་གསལ་ཁ་ཆེར་མེད་ཀྱང་། རྒྱལ་ཁོངས་གཉིས་འཇུག་ངོས་ལེན་ཡོད་པའི་ཐོག་ཨ་རིའི་མི་སེར་ཐོབ་ཐང་ལེན་དུས་རང་སྐྱེས་སའི་རྒྱལ་ཁབ་ཀྱི་མི་སེར་ཐོབ་ཐང་ཡིན་གཅིག་མིན་གཉིས་འདོར་དགོས་གི་མེད། ཡིན་ནའང་ རྒྱལ་ཁོངས་གཉིས་འཇུག་འདིར་ཨ་རི་གཞུང་འདོད་པ་ཆེར་མེདཔའི་ཐོག་རྐང་བཙུགས་ནས་རྒྱལ་ཁོངས་གཞན་པའི་མི་སེར་ཁོངས་སུ་འཛུལ་བ་ཡིན་ན་ཨ་རིའི་མི་སེར་ཐོབ་ཐང་བརླག་ཀྱང་སྲིད།
ཨ་རིའི་སྐྱབས་བཅོལ་བོད་མིས་དང་པོ་དེར་མི་ཚེ་ལ་ཆབ་སྲིད་སྐྱབས་བཅོལ་གཅིག་པུ་ལས་མ་བརྒལ་ནའང་འགྲིག་གི་ཡོད། དེ་ནས་སྒི་རིན་ཁྰ་ཊིའམ་་མིང་གཞན་ལ་གཏན་སྡོད་ཕྱི་མིའི་ལག་འཁྱེར་སྒང་ནས་བསྡད་ནའང་འགྲིག་གི་ཡོད། དེ་ནས་ཨ་རིའི་མི་སེར་ཁོངས་སུ་འཛུལ་ནས་ཀྱང་རང་གི་རྒྱལ་ཁའི་ཁོངས་ནས་ཕྱིར་མ་ཐོན་ནའང་འགྲིག་མོད། ད་ལམ་ང་ཚོར་དཀའ་ངལ་ཞིག་ཡོད་པ་ནི་རང་བཙན་ལག་དེབ་ཙམ་ལས་བོད་རྒྱལ་ཁའི་མི་སེར་ལག་འཁྱེར་མེད་པ་དང་རྒྱལ་་ཁོངས་དེ་ནམ་ཡང་ཀྲུང་གོའི་ཁོངས་སུ་ཕུད་རྒྱག་གཏོང་གི་ཡོད་པ་འདི་ཡིན།
མ་སྲིང་གི་ཨུ་ཁུང་ཟེར་རྒྱུར་ངོ་ཚ་མེད་པ་ཁྱི་སྤྱང་གི་སྤྱོད་པ་རེད། བཀའ་ཁྲི་སོགས་མི་རིགས་དང་རྒྱལ་ཁབ་ཅིག་གི་རྩ་དོན་བཤད་ཀྱི་ཡོད་ཁུལ་ཀྱང་། མ་སྲིང་གི་ཨུ་ཁུང་དང་སྡུག་གྱོང་རེད་ཟེར་བ་མི་ཆེས་འུ་ཐུག་དང་བློ་དོག དེ་ནི་རྒྱ་སྤྲང་པོ་ཚོའི་སྐད་ཆ་རེད། ཁྱི་སྤྱང་ཁེར་འགྲོ་མིང་ཅན་སྤྲོ་ཐུང་རང་ཚུགས་མི་ཟིན་པར་སྐྱག་དྲི་ཅན་གྱི་སྐད་བཤད་རྒྱུར་ངོ་ཚ་ཙམ་ཡང་བྱེད་མི་ཤེས་པའི་དུད་འགྲོའི་ཕྲུ་གུ་ཞིག་ཡིན་སྲིད།
དེང་རབས་ཆབ་སྲིད་དང་དམངས་གཙོའི་རྒྱལ་ཁབ་ཏུ་ཁ་གཏད་ཀྱི་ཆབ་སྲིད་ཚོགས་པ་མི་འདྲ་བ་ཆེད་དུ་བཙུགས་ཏེ། རྒྱལ་ཁབ་དང་མི་རིགས་ཀྱི་སྤྱི་དོན་ཆེད་ཕན་ཚུན་སྐྱོན་བརྗོད་དང་། དགག་པ་ཁོ་ན་བརྒྱབ་ནས་གཞུང་གི་འཛིན་སྐྱོང་ལ་སྟངས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་དང་རིག་པ་ཡོད་ཚད་སྤྱད་ནས་ཕ་རོལ་བོའི་སྐད་ཆ་ཚིག་ཀྱང་ནོར་ས་མེད་པ་བཟོ་གི་ཡོད་པ་རེད། ཡིད་འཕང་བ་ཞིག་ལ་བོད་པའི་ཀླ་ཀློ་དང་རྨོངས་དད་ཆེ་བའི་ཆབ་སྲིད་པས། བཀའ་ཁྲིའི་སྐྱོན་བརྗོད་མཁན་ལ་”མ་སྲིང་གི་སྟུ་དང་ཁྱོད་ཀྱིས་མི་འདོད་ན་སྡུག་གྱོང”རེད་ཟེར་ནས་བཀའ་ཁྲི་ཟམ་གདོང་ལ་རྒྱབ་སྐྱོར་བྱེད་པ་ཟམ་གདོང་གི་རྒྱབ་སྐྱོར་དུ་མི་འགྲོ་བར་ཟམ་གདོང་ལ་ཞབས་འདྲེན་ཞུ་བ་རེད།
ཨ་རི་སོགས་ལ་མཚོན་ཚོགས་པ་གང་རུང་ཞིག་གི་ཚོགས་མི་སུ་རུང་ཞིག་གིས་ཐ་ཤལ་གྱི་སྐད་ཆ་དེ་འདྲ་བཤད་པ་ཡིན་ན་ཚོགས་པ་དེ་རྦད་དུ་ནག་པོ་ཆགས་ཏེ་མི་དམངས་ཀྱི་རྒྱབ་སྐྱོར་བརླག་འགྲོ་གི་རེད། བྱེད་སྤྱོད་དེ་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་སྒོ་ལྕགས་བརྒྱག་མཁན་གྱི་ཉེས་ཅན་པའི་གྲས་རེད། དཔེར་ན་ཟམ་གདོང་རིན་པོ་ཆེས་ལེགས་སྦྱར་གྱི་སྐད་ཡག་པོ་མཁྱེན་པ་རྒྱུ་མཚན་དུ་བྱས་ཏེ་ཁོང་ལ་འོས་ཤོག་ལྡུག་མཁན་ཡང་ཡོད་པ་རེད། དེ་ནི་མི་དམངས་ཀྱི་རང་གི་དགོས་མཁོ་དང་བཀའ་ཁྲིའི་ལས་འགན་རྩ་ནས་མ་ཤེས་པའི་ཉེན་ཁ་རེད།
ང་ཚོ་ལ་དགོས་པ་ཆབ་སྲིད་ལ་མཁས་པའི་བཀའ་ཁྲི་ཞིག་དགོས་པ་ལས། ལེགས་སྦྱར་ལ་མཁས་པའི་བཀའ་ཁྲི་དགོས་ཡོད་པ་མརེད། བཀའ་ཁྲི་ལ་བསྟོད་པ་རྐྱང་ལས་བྱེད་མི་ཆོག་བཙན་དབང་དེ་བས་ཀྱང་བཤད་མི་ཆོག གལ་སྲིད་བཤད་པ་ཡིན་ན་དེ་ནི་དམངས་གཙོ་ལ་འགལ་བ་རེད། ཁྱི་སྤྱང་གི་ཕྲུ་གུ་ལ་བྲིས།
རི་སྤྱང་ལགས། དཔེར་ན། ཉི་ཧོང་གི་མི་ཞིག་ཁ་ན་སྒྲའི་མི་སེར་ཆགས་དགོས་ཕྱིན་ཉི་ཧོན་གྱི་མི་ཁོངས་ནས་འབུད་དགོས་ཀྱིན་ཡོད་པ་འདྲ། ཡིན་ན་ཡང་ཨིང་ལན་གྱི་མི་ཞིག་ཁ་ན་སྒྲའི་མི་སེར་ཆགས་ཀྱང་ད་དུང་ཨིང་ལན་གྱི་མི་སེར་གྱི་ཐོབ་ཐང་དོར་མི་དགོས་པར་ལག་ཁྱེར་མི་འདྲ་བ་གཉིས་ཀ་སྟབས་གང་བདེ་བྱས་ནས་བེད་སྤྱོད་བྱེད་ཆོག་གིན་འདུག ཡུལ་ལུང་དེ་ཚོའི་ཁྲིམས་ལུགས་མི་གཅིག་པ་ཡིན་ནམ། བོད་མི་ལ་མཚོན་ན་ལག་ཁྱེར་གྱི་སྟེང་དུ་བོད་མི་ཞེས་འཁོད་ཡོད་ས་ཞིག་རྒྱ་གར་གཞུང་གི་གནང་བའི་ལག་ཁྱེར་སེར་པོ་འདི་མ་གཏོགས་གཏན་ནས་མེད་ངེས་རེད། རྒྱ་ནག་གི་ལག་ཁྱེར་སྟེང་དུ་རྒྱ་ནག་པ་ཡིན་ཞེས་འཁོད་ཡོད་པ་དང་ནུབ་ཕྱོགས་སོགས་ཀྱི་མི་སེར་ཆགས་ཕྱིན་ཡུལ་ལུང་དེའི་མི་སེར་ཡིན་པར་འཁོད་ཡོད་པ་དེ་རེད། དེ་ཡིན་སྟབས་ངས་ད་ལྟའི་ལག་ཁྱེར་སེར་པོ་འདི་ལ་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཞིག་མེད་དམ་སྙམ། རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན་ཞེས་པ་དེ་ཡང་འདི་ཚོ་ལ་ངོས་འཛིན་བྱེད་དགོས་པ་ཨེ་ཡིན། བོད་མི་ཕྱི་རྒྱལ་གཞན་གྱི་མི་སེར་ཆགས་འདོད་ཡོད་མཁན་ཚོར་འདི་གླེང་ན་མི་དགའ་བ་ངས་ཤེས་མོད་འདི་ལ་གནད་ཅུང་ཞིག་ཡོད་པ་འདྲ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པ་དེ་བོད་ཀྱི་ཡུལ་མིའི་སྐོར་རེད། དེར་འདི་ལྟར། “བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་གྱི་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་ཁུར་འགན་ཁག་འགལ་མེད་བསྒྲུབས་ཕྱིན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས།”ཞེས་གསལ། དོན་ཚན་བཅུ་གསུམ་པ་དེ་ནི་ཡུལ་མིའི་ལས་འགན་སྐོར་རེད།
སྤོབས་པ་ལགས།
ཨ་རིའི་State Department་ཡི་དྲ་ངོས་ན་མི་གཅིག་དུས་མཉམ་དུ་རྒྱལ་ཁོངས་གཉིས་སུ་སྡོད་ཆོག་མིན་དེ་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་གི་དྲ་རྒྱའི་སྟེང་ཞིབ་གཟིགས་གནང་འཚལ་ཞེས་བར་གཞིགས་ན་ཁྱེད་ཀྱིས་གསུངས་བ་བཞིན་རྒྱལ་ཁོངས་གཉིས་སུ་དུས་མཉམ་དུ་བཞུགས་ཆོག་མིན་ཐད་རྒྱལ་ཁབ་སོ་སོའི་་ཁྲིམས་སྣ་་ཚོགས་ཡིན་ས་རེད།
ཨ་རི་ནང་སྐྱབས་བཅོལ་ཐོང་ཐང་གི་དམ་ཕྲུག་འཁོད་ཡོད་་པའི་I-94 Card ་སྟེང་རྒྱལ་ཁོངས་དེ་བོད་ཞེས་བྲིས་ཡོད་པ་མང་པོ་དངོས་སུ་མཐོང་སོང་ལ་Green Card སྟེང་བོད་ཞེས་་བྲིས་ཡོད་པའང་མཐོང་སོང་།གཅིག་དེ་ང་དང་ཕ་ཡུལ་གཅིག་པ་ཞིག་ཡིན། ཡིན་ནའང་ཨ་རིའི་Passport་སྟེང་བོད་ཞེས་བྲིས་ཡོད་པ་ད་བར་མཐོང་མ་སོང་།
………………………………………………………………..
དགེ་རབ་ལགས།
དོན་ཚན་བཅུ་གསུམ་པ་ཡུལ་མིའི་ལས་འགན་སྐོར་དེ་ལག་སྣེ་ན་ཡོད་ན་འདིར་གཅིག་མི་འགོད་ལ།
དོན་ཚན་༡༣་འགལ་མེད་སྒྲུབ་བཞིན་་དང་བླངས་ངང་རྒྱལ་ཁབ་གཞན་གྱི་མི་སེར་ཁོངས་སུ་འཛུལ་ཞུགས་བྱས་ན་བོད་མིིིིའི་་སེར་ཐོབ་ཐང་ཤོར་གི་ཨེ་ཡོད། འདི་དྲི་བ་ཡིན།
དྲི་བ་གཞན་ཞིག་ནི་ཨ་རི་ལྟ་བུ་རྒྱལ་ཁོངས་གཉིས་འཇུག་གི་མི་སེར་ཐོབ་ཐང་ངོས་ལེན་ཡོད་པའི་ཡུལ་དུ་བོད་མི་སྐྱབས་བཅོལ་བ་ཕ་མ་ཟུང་གི་ཕྲུ་གུར་་སྐྱེས་བ་ཡིན་ན་བོད་མིའི་མི་སེར་ཐོང་ཐང་རག་གི་ཡོད་དམ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གསུམ་པ་དེ་འདི་ལྟར།
དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན།
བོད་ཀྱི་ཡུལ་མི་ཚང་མས་བསྒྲུབ་དགོས་པའི་ལས་འགན་གཤམ་གསལ།
༡ བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད།
༢ བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན།
༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།
༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ།
༥ རྒྱལ་ཁབ་དང་། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས།
ཞེས་གསལ་འདུག
ཨིང་ལན་གྱི་མི་སེར་ཞིག་ལུང་པ་གཞན་གྱི་མི་སེར་བྱས་ནས་ཡུན་རིང་པོར་འགོར་རུང་དེའི་རྒྱལ་ཁབ་ལ་དཔྱ་ཁྲལ་ལྟ་བུའི་དངུལ་ཉུང་ཤས་ཤིག་མ་སྤྲད་ན་ཡུལ་མིའི་ཁེ་ཕན་མང་པོ་ཞིག་ཤོར་འགྲོ་རུང་མི་སེར་གྱི་ཐོབ་ཐང་ནི་ནམ་ཡང་ཡོད་ཡོད་པ་རེད།
༥ རྒྱལ་ཁབ་དང་། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས།
གོང་གི་དོན་ཚན་འདི་ལ་བཅའ་ཁྲིམས་ནང་ཟུར་མཆན་ཡོད་མེད་ཨེ་ཤེས།
ཨོ་ད་ང་ཡང་ཉལ་རན་སོང།
རྗེས་མའི་གཟའ་པ་སངས་ཉིན་ཡང་བསྐྱར་ཕྱིར་སྐོར་རྒྱག་ཡཱ།
དྲ་གྲོགས་ཚོས་བྲིས་བའི་བསམ་ཚུལ་ཧ་ཅང་ལེགས་ལ་ད་དུང་རྒྱུན་ཆད་མེད་བར་འབྲི་རོགས་གནང་ཕན་ཐོག་ཤིན་ཏུ་ནས་ཆེ་ལགས། བོད་ལ་ཆེད་ལས་པ་མེད་དོན་ནི་འགལ་རྐྱེན་མང་དག་ཞིག་མཆིས་ཀྱང་དོན་ངོ་མ་དེ་ནི་སོ་སོ་རང་ལ་ཐུག་འདུག་སྙམ།་ བོད་པ་མི་རེ་ངོ་རེའི་འགན་ཡིན་པ་ནི་སྨོས་ག་དགོས་།
སོ་སོ་གཅིག་བུ་ལ་རེག་ལས་པ་ཞིག་རེད་ཅེས་ཚིག་ཐག་བཅད་ནས་བཤད་རྒྱུ་ནི་དངོས་ནས་ཁག་པོ་རེད། གང་ཡིན་ཟེར་ན། བོད་པ་ཚང་གི་རང་གི་སྐད་ཡིག་ལ་དོན་སྣང་ཤུགས་ཆེན་བྱེད་པ་ལས་གཞན་གྱིས་སྐད་ཡིག་ལ་འགྲམ་ཆུ་ཤོར་བས་དུས་སྐབས་འདི་ལ་ཁོར་ཡུག་དང་མཐུན་རྐྱེན་སོགས་མང་བོ་ཞིག་འཛོམ་དགོས་པ་ནི་བཤད་ག་ལ་དགོས། དེ་ལས་ཀྱང་གལ་ཆེ་བ་ནི་བོད་པ་རང་ཉིད་ཀྱིས་རང་གི་སྐད་ཡིག་ལ་རིན་ཐང་དང་གོང་ཚད་མཐོན་པོ་ཆགས་དུས་སུ་ཆེད་ལས་མི་སྣ་མི་དགོས་ཟེར་ནས་བཤད་ཀྱང་རང་བཞིན་མེད་པར་འབུར་དུ་ཐོན་ནས་ཡོང་ངེས་ཡིན་ནོ། དེ་མིན་ན་སྐད་ག་ཚོད་ཅིག་བརྒྱབ་ཀྱང་།
ཁྱེད་ཀྱིས་གསུངས་པ་དེ་བདེན་ནོ་། ཚིག་ཐག་བཅད་ནས་བཤད་ན་མ་འགྲིགས་ན་དོན་དངོས་ཐོག་ལ་བསམ་ཞིབ་བྱེད་དགོས་བསམ་། དྲ་གྲོགས་ཚོ་ཡིས་གསུངས་བ་ལྟར་ང་ཚོའི་སྤྱི་ཚོགས་ནང་དུ་མི་འབུར་ལ་ཞིག་བའི་ཆེད་ལས་པ་མང་དག་ཞིག་མཆིས་ཀྱང་དེ་དག་ལ་ང་ཚོའི་སྤྱི་ཚོགས་ཀྱི་བདག་པོི་མ་རྒྱབ་བའི་སྐྱོན་ཡིན་འགྲོ་ཡང་ན་མིང་རྐམ་པོ་ཞིག་དང་ལག་ཁྱེར་ཡོད་པ་ཙམ་ཡིན་འགྲོ་བསམ་གིས་འདུག་་ཉེ་སྟོངས་
བརྒྱད་ལ་ཁོང་ཚོའི་བོད་པ་ཚང་གི་མིང་ཁུར་ནས་རྒྱལ་སྤྱིད་ལྡེང་ཆ་སྟེང་དུ་ཐོན་མ་ཐུབ་པ་དངོས་དོན་བཤད་མ་ཐུབ་པ་བོད་པ་ཚང་གི་གནད་དོན་ཇི་འདྲ་ཞིག་ཡིན་ན་འགྲིགས་གི་དེ་དག་གང་ལ་ཐུག་ཡོད་ན།
ཆེད་ལས་པ་དེ་དག་གི་བསམ་བློའི་འཁྱེར་ཕྱོགས་དེ་ནི་ད་ལྟའི་བོད་པའི་གནས་སྟངས་ཀྱི་ཁོར་ཡུག་ལ་ཕན་པའི་ལེགས་སྐྱེད་ཞིག་ཕུལ་མ་ཐུབ་བ་དེ་འགག་རྩ་གང་ལ་ཐུག་ཡོད་ཤེས་དགོས་ཀྱི་འདུག་སྙམ་།
ཆེད་ལས་པ་བྱེད་ནས་བོད་པ་ཚང་གི་འཕྲལ་ཕུགས་རྒྱང་གསུམ་ལ་དམིགས་པ་དང་དུས་ཚོད་གཉན་འཕྲང་གི་སྐབས་འདི་ལ་ཕན་པའི་ཆེད་དུ་ཡིན་དགོས་བསམ་། དེ་མིན་མཁའ་ཡང་ནས་ཚིག་སྙན་པོ་ཞིག་བསྒྲོགས་ནས་བཞུགས་པ་ཡིན་ན་བོད་པ་ཚང་གི་ཅི་བྱེད།་ དྲ་གྲོགས་ཚོ་བསམ་ཚུལ་མང་ཙམ་འབྲི་རོགས་གནང༌། ཚིག་རྩུབ་དང་ལུང་ཚན་མི་སྒེར་གྱི་འཐེན་ཆར་སོགས་ཀྱི་སྐོར་ལ་མ་འབྲི་རོགས་གནང་་བོད་པ་ཚང་གི་གནད་དོན་སྐོར་ལ་འབྲི་རོགས་། དྲ་གྲོགས་ཚོ།
གོང་དུ་བྲིས་པ་འདི་ནི་རང་ཉིད་ཀྱི་རྨོངས་འཆར་ཡིན་མ་གཏོགས་ གཅིག་ཡིན་འདོག་བྱེད་ནས་བྲིས་པ་ཞིག་མིན།
very good topic and every body don’t stop with this great ……
this is very great topic and every body don’t stop tolk with this thig …..
གདོང་དམར་བུ་ཟེར་བ་འདི་གནས་ལུགས་ཀྱི་ཐོག་ནས་སྐད་ཆ་བཤད་ནས་གོ་བརྡ་འཕྲོད་ས་ཞིག་ཡིན་པའི་ཟོལ་མི་འདུག རང་ཤེད་ཀྱིས་མཁྲེགས་འཛིན་བྱེད་པ་དང་མི་ཤེས་ཤེས་འདོད་ཀྱི་བྱེད་པི་ནི་ཁོའི་ཁྱད་ཆོའ་ཡོད་ན་མེད་ན་དེ་ཡིན་ཚོད་འདུག ཁོའི་བླུན་རྟགས་ཚ་ཤོས་སུ་བོད་ནས་ཐད་ཀར་རྒྱ་བལ་སོགས་སུ་བཙན་བྱོལ་དུ་ཡོང་བ་དང་། རྒྱ་གར་ལྟ་བུ་ནས་སླར་ཡང་རིགས་སད་པ་ལྟ་བུས་དཔལ་འབྱོར་གྱི་གནས་སྟངས་འགྲིགས་བསྡད་པའི་རྒྱལ་ཁབ་གསུམ་པ་ཞིག་ལ་ཐེངས་གཉིས་པའི་བྲོས་བྱོལ་ལ་འགྲོ་བ་མཚུངས་བྱེད་ཁུལ་བྱས་འདུག དྲ་གྲོགས་ཚོས་གཟིགས་དང་འདི་གཉིས་མཚུངས་བསྡུར་བྱེད་འེ་ནུས། ཐེངས་དང་པོ་རྒྱ་དམར་གྱི་བཙན་གནོན་མ་བཟོད་ནས་བོད་མི་རིགས་ཀྱི་ཆེད་དུ་བཙན་བྱོལ་དུ་ཡོང་བ་རེད། ཐེངས་གཉིས་པ་རང་གི་འཚོ་གོས་སྣུམ་པོའི་ཆེད་དུ་སྒྲུང་རྫུན་མ་བཟོས་ཏེ་བྲོས་བྱོལ་དུ་ཕྱིན་པ་རེད།
ཁྲིམས་འགལ་གྱི་ནག་ཉེས་ཕོགས་པའི་མི་དག་འདོན་ནམ་ཉེས་མེད་བྱེད་པའི་ཐབས་གཅིག་ཏུ་ངེས་པ་ནི། ནག་ཉེས་དང་འཚམས་པའི་ཁྲིམས་ཆད་ཁུར་དགོས་པ་ཡིན་པ་ཁྱེད་ཀྱིས་ཤེས་ཐུབ་པའི་རེ་བ་ཡོད། བཤད་རྒྱུ་མང་ཡང་ཁྱེད་གོ་ཐུབ་ངེས་ཤིག་ཡིན་རེ་མི་འདུག་
གངས་ཐིགས་གིས་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ཟུར་ཙམ་མ་གྲགས་པའི་ཆབ་སྲིད་པ་གླེན་དད་ཅན་ཡིན་ཚོར་བྱུང་། མི་འདི་འདྲ་ལ་ཁག་གང་ཡང་མེད་པས་སྙིང་རྗེའི་ཡུལ་གྱུར་འདུག
གངས་བུ་ལགས། ཁྱེད་རང་གིས་ཅིག་ཤེས་འདོག་གིས་བཤད་ཀྱི་འདུག་ཟེར་ནས་ངས་ཁྱེད་རང་ལ་དམིགས་གསལ་གྱིས་སྐྱོན་བརྗོད་གང་ཡང་བྱས་མེད། གལ་ཏེ། ཚིགས་ཐད་དྲགས་སོང་བ་ཡིན་ན་དགོངས་དག། ང་རང་ལ་ནམ་རྒྱུན་དུ་བོད་པ་ཚང་གི་ཆེད་ལས་མི་སྣ་མི་བྱུང་བའི་ཐད་དུ་བསམ་བློ་མི་ཉུང་བ་རེ་འཁོར་མྱོང་ཡོད་ལ་དེ་ནི་ཕྱོགས་གང་ནས་བཤད་པ་ཡིན་ན་ནི་རབ་གསལ་ལགས་ཀྱིས་གོང་ནས་གསུང་བ་ལྟར་མི་སྒེར་ལ་ཆེད་ལས་བྱེད་འདོད་ཀྱི་འདུན་པ་ཡོད་མེད་དེ་ནི་ཕྱོགས་གཅིག་རེད་ལ། ཕྱོགས་གཉིས་པ་འམ་གལ་ཆེན་པོ་ཞིག་ནི་བོད་ཡིག་གི་རིན་གོང་ཧ་ཅང་དམའ་བ་དེ་རེད། གལ་སྲིད་ཉིན་ཞིག་བོད་ཡིག་རིན་གོང་སྐད་ཡིག་གཞན་གྱིས་རིན་གོང་དང་འདྲ་མཚུངས་སུ་གྱུར་ནས་འོང་དུས་སུས་ཀྱང་རྩོད་གླེང་བྱེད་མི་དགོས་པར་བོད་པ་ཚང་ལ་ཆེད་ལས་པ་ཡོང་རྒྱུ་ནི་གདོན་མི་ཟ་བ་ཡིན། དེས་ན་འུ་ཅག་གིས་ད་ལྟའི་འཆར་ཤུགས་རྒྱག་དགོས་སའི་གནད་འགག་དེ་ནི་བོད་པ་ཚང་གི་སྐད་ཡིག་ཕྱོགས་གང་ཐད་ནས་ཕྱུག་པོ་བཟོ་རྒྱུ་དེ་རེད། ཨོ་རེད། དེ་ཡང་སྒོར་མོ་བྱིན་ནས་ཉོ་ས་ཡོད་པ་མ་རེད། རང་རང་གི་འགན་ཞིག་བླངས་དེ་འབད་བརྩོན་བྱེད་རྒྱུ་དེ་གཅིག་ཡིན།
ལྷ་ཀླུ་གཉན་གསུམ་ལགས་ ཁྱེད་རང་གིས་བོད་པ་ཚང་གི་འགན་ཁུར་ནས་མང་དག་ཞིག་འབྲི་གནང་གི་འདུག་བར་དགའ་བོ་བྱུང་དྲ་གྲོགས་ལགས།་ ཕྲན་རང་བོད་ཡིག་ཀློག་ཡག་ལ་དགའ་བོ་ཡོད་མཁན་ཞིག་ཡིན་། དུས་རྟག་ཏུ་བོད་པ་ཚང་གི་སྐོར་བསམས་བློ་གཏོང་མཁན་ཡིན། ཚིག་ཐད་དྲགས་མི་འདུག་ད་དུང་མུས་མཐུན་ནས་བྲིས་ཤོག་་ ཁྱེད་རང་གི་གསུངས་པ་ལྟར་སྐད་ཕྱུག་པོ་བཟོ་རྒྱུ་དེ་རེད་དངོས་གནས་བདེན་པ་རེད་འོན་ཀྱང་ང་ཚོ་ཚང་མས་
ལས་འགན་ཆེན་པོ་རེད་། བདེན་ནོ་བདེན་ནོ་མུས་མཐུན་ནས་ཕེབས་ཤོག་
ཕྱོགས་གཅིག་ནས་ལྟས་ན་འདྲི་བ་འདིར་བསམ་བློ་ཞིབ་མོ་གཏོང་དགོས་མིན་འདུག བོད་ལ་ཆེད་ལས་མ་མེད་པ་འདི་བོད་འདི་རྒྱ་མིས་སྐྱོང་བཞིན་ཡོད་སྟབས། ཅིའི་ཕྱིར་ཆེད་ལས་པ་དགོས། རང་གི་བཟའ་ཐུང་རྒྲུན་སྐྱག་ཚང་མ་གཞན་གྱི་དབང་ཡོད་འོག་གཏོང་དགོས་སྟབས། ཆེད་ལས་དབྱུགས་ཞོག ཉལ་ས་ཡག་པོ་ཞིག་ཀྱང་རག་གི་མེད།
ད་འདི་གསལ་པོ་མ་རེད་པས།