བོད་ལ་བླ་མ་ག་ཚོད་ཡོད།
རིན་པོ་ཆེ། རིན་པོ་ཆེ། རིན་པོ་ཆེ། བོད་ལ་བླ་མ་ག་ཚོད་ཡོད་དམ། ཆོས་དོན་ལྷན་ཁང་ལ་རིན་པོ་ཆེ་ག་ཚོད་ཡོད་པའི་ཨང་གྲངས་ཤིག་ཡོད་དམ། སྐུ་སྒེར་ཡིག་ཚང་ལ་ཨང་གྲངས་དེ་འདྲ་ཨེ་ཡོད། ཁྲི་གཅིག ཁྲི་གཉིས། སྟོང་ཕྲག་ཁ་ཤས། རིན་པོ་ཆེ། རིན་པོ་ཆེ་ག་ཚོད་ཡོད་དམ། བོད་མི་ས་ཡ་དྲུག་གི་རྩིས་བརྒྱབ་ན། བོད་མི་ག་ཚོད་ལ་རིན་པོ་ཆེ་རེ་འཐོབ་ཀྱི་ཡོད་དམ།
བོད་ལ་སྐད་ག་ཚོད་ཡོད་དམ།
བོད་ལ་བོད་སྐད་ཡོད། བོད་ལ་སྐད་རིགས་གཞན་ག་ཚོད་ཡོད། ངའི་གྲོགས་པོས་བཤད་པ་ལྟར་ན། ཏྲེ་ཧོར་ལོག་སྐད་ཟེར་བ་དེ་བོད་སྐད་ཧ་ཅང་བརྡ་རྙིང་ཞིག་རེད་ཟེར། རྒྱལ་རོང་སྐད་ཡོད་པ་རེད། རེབ་གོང་དོར་སྐད་ཡོད་པ་རེད། ད་གང་ཡོད་དམ།
ང་ཚོ་ཀི་རྟི་གྲྭ་ཚང་ལ་རིན་པོ་ཆ་ཉི་ཤུ་རྩ་བཞི་དང་གྲྭ་བ་བརྒྱ་དང་ལྔ་ཡོད
ང་རིན་པོ་ཆེ་ཐབས་ཆག་ཅིག་ཡིན། ཁ་སང་འོད་གསལ་ཟེར་བ་ཞིག་གིས་ངོས་འཛིན་ཞུས་སོང་བའི་སྐལ་བཟང་རིན་པོ་ཆེ་བརྫུན་མ། ད་ལྟ་དྷི་ལི་འགྲོན་ཁང་ཅིག་གི་གཡོག་པོ་ཡིན། ཧ་ཧ་ཧོ་ཧོ།
ཡུལ་སྐད་ནི།
དབུས་སྐད།
གཙང་པའི་སྐད།
སྟོད་པའི་སྐད།
སྡེ་དགེའི་སྐད།
གླིང་ཚང་གི་སྐད།
མེ་ཉག་གི་སྐད།
རྒྱལ་རོང་གི་སྐད།
ཨམ་སྐད།
རིན་པོ་ཆེ་ལ།
ང་རིན་པོ་ཆེ།
བཙན་དབང་གི་རིན་པོ་ཆེ།
ཆབ་སྲིད་ཀྱི་རིན་པོ་ཆེ།
རྒྱུ་ནོར་དཔལ་འབྱོར་གྱི་རིན་པོ་ཆེ།
གཡོ་སྒྱུ་ཁྲམ་གསུམ་གྱི་རིན་པོ་ཆེ།
རྨོང་དད་ཡི་ཆེས་ཀྱི་རིན་པོ་ཆེ།
ཉམས་རྟོགས་དོན་གྱི་རིན་པོ་ཆེ།
ཡོན་ཏན་གཏེར་བའི་དྲིན་ཆེ་བའི་རིན་པོ་ཆེ།
ད་མང་པོ་འདུག
འདི་དག་ནི་མཚན་གཞི་ཙམ་རེད།
ལ་སྟོད་བུ་ ཁྱེད་ཀྱི་ཡུལ་སྐད་ཁྲོད་དུ་སྟོད་མངའ་རིས་སྐད་ཚུད་མེད་པ་འདྲ་ སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་ནང་སྟོད་པ་དང་མངའ་རིས་ཀྱི་བོད་རིགས་ཕོན་ཆེན་པོ་ཡོད་ཀྱང་ཁོང་ཚོའི་སྐད་ལ་ཆེ་མཐོང་འཇོག་མཁན་ཧ་ལམ་མེད་ ཨ་རི་རླུང་འཕྲིན་ཁང་ངམ་ཡང་ན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་སུ་ཡིན་རུང་ དབུས་སྐད་ཟེར་བ་ན་ལྷ་སའི་སྐད་དང་གཞིས་ཆགས་ཀྱི་སྐད་ལ་འཛིན་པ་མ་གཏོགས་ སྟོད་པ་དང་མངའ་རིས་སྐད་དེ་དབུས་སྐད་མིན་པའི་བཟོ་འདྲ་ཞིག་ཏུ་འཛིན་ཀྱིན་ཡོད་ འདི་ནི་བྱེད་སྟངས་ཡག་པོ་ཞིག་མ་རེད་
བྱམས་པ་ལགས།
ཁྱེད་རང་གིས་གསུངས་པ་བདེན་པ་རེད།
སྟོད་མངའ་རིས་ཀྱི་མི་དང་ས་ཆ་སྐད་ཡིག་སོགས་གང་གིས་ཐད་ལའང་བོད་མི་ཚོས་དེ་ཙམ་གྱིས་དོ་སྣང་གནང་སྲོལ་མི་འདུག
འོན་ཀྱང་ངས་གོང་དུ་་་་་་་སྟོད་པའི་སྐད་་་་་་་ཅེས་པ་ནི་སྟོད་མངའ་རིས་སྐོར་གསུམ་གྱི་སྐད་ལ་བཤད་ཀྱི་ཡོད་པས་ཁྱེད་ཐུགས་ཕྲལ་གནང་མི་དགོས།
སྟོད་མངའ་རིས་ནི་བོད་མིའི་རིགས་གཞུང་གི་འབྱུང་ཁུངས་ལྟེ་གནས་ཤིག་ཡིན་པས་ང་ཚོས་ངེས་པར་དུ་དོ་སྣང་དང་ཞིབ་འཇུག་འཚོལ་བསྡུ་བྱེད་དེ་ས་གནས་དེ་གའི་སྲོལ་རྒྱུན་གྱི་གླུ་གཞས་སོགས་ལྟ་བུ་ཉར་ཚགས་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་བསམ་བཞིན་ཡོད།
བོད་མིའི་སྐད་ཀྱི་ནང་ནས་མངའ་རིས་སམ་སྟོད་པའི་སྐད་ནི་དག་ཤོས་ཤིག་ཡིན་པར་ལུང་དང་རིག་པ་སོགས་ཀྱིས་སྒྲུབ་ནུས་པས་ངོ་མ་ཁྱེད་ཀྱིས་གསུངས་པ་ལྟར་ཨ་རི་དང་ནོར་ཝེ་སོགས་ཀྱི་རླུང་འཕྲིན་ཁང་དུ་སྡེ་ཚན་འདི་མེད་པར་བློ་ཕམ་སྐྱེ་གཞི་ཞིག་རེད།
ང་ཡང་རིན་པོ་ཆེ་ཡིན། སློང་ས་ཐམས་ཅད་རྒྱ་དང་མགོ་སེར་ཡིན། སྤྲད་ས་བོད་པའི་སྤྲང་ཕྲུག་ཡིན།
ང ཡང་བོད་ཀྱི་སྤྲུལ་མིང་འཛིན་པ་ཞིག་ཡིན། སློང་ས་རྒྱ་དང་མགོ་སེར་ཡིན། སྦྱིན་ས་བོད་པའི་སྤྲང་ཕྲུག་ཡིན།
ཏྲེ་ཧོར་ལོག་སྐད་ཟེར་བ་ག་འདྲ་ཞིག་ཡོད་པ་རེད་དམ།
ང་རིན་པོ་ཆེ་ཞིག་ཐོན་བྱུང།
ད་རིན་པོ་ཆེ་གཞན་མ་་་་་་རིམ་གྱིས་་་་
སྐྱབས་བླ་མའི་ལས་དབང་བོད་ལ་ཡོད། བོད་བླ་དད་ཆེ་བས་བླ་མ་མང༌།
མགོ་ལེབ་མོ་བྱེད་ཆེད་ཕྱག་དབང་གཟེད།
བློ་རིག་པ་མི་རྙེད་རྗེས་སུ་ལུས།