གླིང་ཚ་ཚེ་བརྟན་རྡོ་རྗེ།
སྐྱིད་སྡུག་མཉམ་མྱོང་བྱེད་དུ་བོད་ལ་འགྲོ།
གཞིས་བྱེས་ལྷན་འཛོམས་བྱེད་དུ་བོད་ལ་འགྲོ།
ཤི་བོའི་ཁ་ཆེམས་སྒྲུབས་དུ་བོད་ལ་འགྲོ།
གསོན་པོའི་ལག་རྗེས་འཇོག་ཏུ་བོད་ལ་འགྲོ།
ཞི་བའི་འཐབ་རྩོད་བྱེད་དུ་བོད་ལ་འགྲོ།
རང་ས་རང་བདག་བྱེད་དུ་བོད་ལ་འགྲོ།
རང་སྐད་རྒྱུན་འཛིན་བྱེད་དུ་བོད་ལ་འགྲོ།
རྒྱ་བོད་མཐུན་སྒྲིལ་བྱེད་དུ་བོད་ལ་འགྲོ།
བཙན་པོའི་སྙིང་སྟོབས་ངོམ་ཏུ་བོད་ལ་འགྲོ།
དམ་པའི་ཤུལ་བཞག་སྐྱོང་དུ་བོད་ལ་འགྲོ།
རང་གཞན་འདྲ་མཉམ་བྱེད་དུ་བོད་ལ་འགྲོ།
ཞི་བདེའི་གླིང་ག་བསྐྲུན་ཏུ་བོད་ལ་འགྲོ།
བཙན་བྱོལ་ན་རྒྱལ་བ་མཆོག་བོད་ལ་མ་ཕེབས་བར་དང་བོད་རང་བཙན་གཙང་མའི་རྒྱལ་ཁ་མ་ཐོབ་བར་དུ་ཕྱིར་བོད་དུ་མི་ལོག་པར་འཐབ་རྩོད་བྱེད་པའི་དམ་བཅའ་བཞག་ཡོད་པ་མང་པོ་རེད།
དེ་རིང་གི་པར་འདི་ནི་སེམས་སྐྱོ་ཡ་འདྲ་ཞིག་འདུག།
གངས་ཅན་འགྲོ་བ་ཡོངས་ཀྱི་སེམས་དབུས་སུ། །
གནས་པའི་བོད་དོན་བདེན་མཐའ་མ་གསལ་ན། །
ལག་སྟོང་མཆན་ལ་བཙུར་བཞིན་རང་གི་ལུས། །
བོད་ལ་ལོག་ཀྱང་དགྲ་བོིའི་མཆེ་སྡེར་འོག །
གངས་ཅན་འགྲོ་བ་ཡོངས་ཀྱི་སེམས་དབུས་སུ། །
གནས་པའི་༧མགོན་པོ་སྤྱན་རས་གཟུགས་ཀྱི་སྐུ། །
དངོས་སུ་ཞབས་སེན་བོད་ལ་མ་བཀོད་ན ། །
རང་ཉིད་ལོག་ཀྱང་རང་སེམས་སྟོང་བ་ཡིན། །
ཤི་བོའི་ཁ་ཆེམས་སྒྲུབས་དུ་བོད་ལ་འགྲོ།
ཤི་བོའི་ཁ་ཆེམས་སྒྲུབ་ཏུ་བོད་ལ་འགྲོ།
ཤི་བོའི་ཁ་ཆེམས་སྒྲུབ་ཕྱིར་བོད་ལ་འགྲོ།
དཔའ་བོའི་ཞལ་གསུང་ལ་བྱིན་བཅུད་འདུག
བུ་གླིང་ཚ་ལགས་བཀའ་དྲིན་ཆེ།
གླིང་ཚ་ལགས། འུར་མ་རྒྱག ཁྱེད་བོད་དུ་སོང་ན་གོང་གི་འདི་ཚོ་འགྲུབ་ཐུབ་བམ??? ད་དུང་བོད་ལ་འགྲོ་ཀི་ཡིན་ལབ་ནས་སྟོང་སྐད་བསྒྲགས་པ་ལས་ཁུ་སུམ་མེར་འགྲོ་སོང་ན་མི་ལེགས་སམ། སྤྱིར་བོད་མི་རིགས་ལ་ལར་ཞེན་དང་སེམས་ཤུགས་ཡོད་པར་ཡི་རང་ཡོད་ཀྱང་། འདི་འདྲ་ཞིག་བྱས་ནས་ཕན་ཐོག་དང་གྲུབ་ཡོད་མེད་ལ་ངེས་པར་དུ་བསམ་གཞིག་བྱེད་དགོས་པར་སེམས།
དཔལ་བཟང་ལགས་ནས་རྒྱུན་ལྡན་བློ་རྒྱ་མེད་པའི་བོད་མིའི་གཤིས་སྤྱོད་ཞིག་ཕྱིར་མངོན་བྱས།
ངས་བསམ་ཚུལ་ཞིག་ལ་ལྷག་བསམ་དང་ཤེས་འཇོན་གང་གི་ཐད་ནས་དཔྱད་ན་གླིང་ཚ་འདི་བོད་མི་དཀྱུས་མ་བརྒྱ་ཡིས་དོ་ཟླ་མེད་པའི་མི་ཞིག་རེད་འདུག མི་འདིའི་རིགས་སྣང་མེད་དུ་མ་བཞག་ནས་ཆེ་མཐོང་དང་གསོ་སྐྱོང་ངེས་པར་བྱེད་དགོས། དཔེར་ན་གླིང་ཚའི་བོད་ཡིག་གཅིག་པུའི་ཆུ་ཚོད་ཀྱི་ཡོན་ཏན་ནི་དེང་སང་ཝར་ཎ་དང་ས་ར་སོགས་ནས་ཐོན་ཅིང་མིང་བྱང་གི་རྫིག་པོ་རེ་སྐེ་ལ་གཏགས་ནས་མཁས་དབང་། རབ་འབྱམས་པ་དང་། ཨ་ཅརྱ་སོགས་ཀྱི་མིང་གིས་དྲེགས་པའི་ཁུར་བའི་བོད་མི་རྣམས་དང་གཏན་ནས་མི་འདྲ། མ་འོངས་པར་ཁོང་ལྟ་བུ་སློབ་གྲྭ་གང་རུང་ཞིག་ཏུ་བོད་ཡིག་གི་དགེ་རྒན་གྱི་ལས་ཀ་ཞིག་བྱས་ན་འཕྲལ་ཕུག་གཉིས་ལས་ཕན་ཐོག་ཧ་ཅང་ཆེ། བྱས་ཙང་ལ་ལྟ་འགྲོས་བཞིན་པའི་ཞི་བའི་གོམས་བགྲོད་འདི་བཟང་ཀྱང་མཐར་གཏུགས་ན་ར་ཚེ་ཟད་སྤྱང་ཀིའི་སྒོ་ཁ་ཞེས་པའི་དཔེ་ལྟར་ལ་ཕར་ནང་བརྒལ་ཚར་ན་རྒྱ་ནག་དམར་པོའི་སྤྱང་ཀིའི་ཁ་ཟས་ཉག་གཅིག་ལས་འགྲོ་ས་མེད། དེ་བས་གླིང་ཚའི་གོས་འགྲོས་འདི་གནས་སྐབས་ཕྱི་འཐེན་དགོས་པའི་གྲ་གྲོགས་ཡོངས་ནས་འབོད་བསྐུལ་གནང་ན་གང་འདྲ་འདུག
དཔལ་བཟང་ལགས་ཀྱིས་རང་ཉིད་མ་ལྟོགས་པའི་ལྟ་བ་ཞིག་གཟུང་འདུག
ཧ་ཧ་ཧ། འུར་མ་རྒྱག། བོད་ལ་འགྲོ་ཐུབ་ཀྱི་མེད་པའི་གདེང་ཚོད་བརྒྱ་ཆ་བརྒྱ་ནས་བརྒྱ་ཡོད་བཞིན་དུ་འགྲོ་བ་ལས་གཞན་ཅི་མེད།
དཔལ་བཟང་ཟེར་མཁན་འདི་བཙན་བྱོལ་བའི་གྲུ་ཟུར་ཞིག་ན་གྲོ་ཁོག་རྒྱག་བསྡད་ཡོད་པ་འདྲ།
སྙིང་རྗེ་་་་་་་་ཁྱེད་རང་སྐད་མ་རྒྱག་དང་།
ང་ཚོའི་དཔའ་བོ་གླིང་ཚས་ཁྱེད་རང་གི་གྲོ་ཁོག་ལ་བར་ཆད་གཏོང་མདོག་ཁ་བོ་མ་རེད
བོད་ལ་འགྲོ་དང་བོད་ལ་འགྲོ།།
གླིང་ཚ་བུ་རྒོད་བོད་ལ་འགྲོ།།
གོམ་འགྲོས་ངང་ནས་བོད་ལ་འགྲོ།།
བོད་མིའི་དོན་དུ་བོད་ལ་འགྲོ།།
དྲ་འབུ་ཕུག་རོན་དང་དཔལ་དཔལ་བཟང་ཞུ་བ། ཁྱེད་གཉིས་དངོས་གནས་འུར་མ་བརྒྱབ་ན་ཡག ཁྱེད་གཉིས་ཀྱིས་རང་དབང་འཐབ་རྩོད་པ་ཁོང་ལ་འདི་ལྟར་སྨྲ་བ་བློ་ཕམ་གྱི་རང་བཞིན་རེད། དེ་ནི་རྣམ་པ་གཉིས་ལ་ཁྲེལ་དང་ངོ་ཚ་ཏུལ་ཙམ་མེད་པས་མིན་ནམ། ཁོག་ལ་སེམས་དང་སེམས་ལ་རུས་པ་ཡོད་ན། མི་རིགས་ཀྱི་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་མུ་གེའི་ཐོག་ལ་ཟླ་ལྷག་མ་སྣོན། ནུས་པ་ཐོན་གྱི་ཡོད་མེད་མི་ཤེས་ཏེ། རུས་པའི་གསེང་ལ་ཧྭ་མེད་རུང་རྩིབ་མའི་སྒུར་འགོ་མི་ལ་གཏད་ནས་འགྲོ་བཞིན་འདུག ཚེ་བརྟན་རྡོ་རྗེ་སྡུག་པའི་མཐར་ཐུག་ཀྱང་ཁོང་གི་སྙིང་སྟོབས་དང་། ཤེས་ཚད། འཇོན་ཐང་། མི་གཤིས་དག་ལ། དྲ་འབུ་ལས་ངན་ཁྱེད་ཚོས་རྩ་བ་ཉིད་ནས་བསྡུར་ཐབས་མེད། ཤེས་སོང་ངམ།
དགྲ་བོར་འཐབ་པའི་དཀའ་བ་དང་དུ་བླངས།།
འཐབ་གྲོགས་མེད་པའི་ངལ་བ་ཁྱད་དུ་བསད།།
མདུན་བསྐྱོད་གོམ་པའི་འདེག་འཇོག་རེ་རེའི་ཤུལ།།
བསུབ་ཏུ་མེད་པའི་མི་ཚེའི་རིན་ཐང་ཡོད།།
ཉིན་མ་གཅིག་ཀྱང་དཀའ་ལས་རྒྱབ་མ་མྱོང་བའི་མི་འདི་ཚོས་མི་ཚེ་བོད་དོན་གྱི་ཆེད་དུ་གཏོང་མཁན་གླིང་ཚ་ལྟ་བུ་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་པ་ནི་ངོ་ཚ་མེད་པའི་རྣམ་ཐར་རེད།
རྒྱ་བོད། -> བོད་རྒྱ།
དཔལ་བཟང་ཞུ་བ ཁ་ལས་མི་དགེ་རྒྱོ་འདིས་ཁ་ནང་ལ་གཅིན་མཆོད
ཚེ་སྲོག་གི་མར་མེ་དགོངས་ལ་བསྟོད།།རེ་བསྙག་གི་ངལ་སྐད་ནགས་ནས་གྲགས།།འཁྲེན་ཞེས་ཀྱི་མིག་ཆུ་མཚོ་ལས་བརྒལ།།ཐུགས་བསྐྱེད་ཀྱི་སེམས་པ་མཁའ་ལས་ཡངས།།
འབྲས་ལྡན་ལགས།
བྱེད་འབྲེལ་གྱི་དབྱེ་བ་ལ་ལྟ་ཡག་ཞིག་བྱོས་དང་། ད་འགྲོགས་མེད།
དཔལ་བཟང་ཞུ་བ ཁ་ལས་མི་དགེ་རྒྱོ་༼འདིས༽་ཁ་ནང་ལ་གཅིན་མཆོད།
སྐྱེ་ཡུལ་འཇིག་རྟེན་དཀར་ངོགས་ན།
དགྲ་ཞིག་ཡོད་སར་གྲོགས་ཅིག་ཡོད།
གྲོགས་དང་གྲོགས་ཀྱིས་ཚངས་སྤྱོད་ངང་།
དམ་པའི་ལས་དང་འབྲས་བུ་ལོངས།
དཔའ་གླིང་སུ་ཡི་སྙིང་ཡིན་པའི།
སྙིང་དང་སྙིང་གི་རིགས་མཐུན་ཚོས།
རང་ལ་སྐལ་པའི་དོན་ཞིག་ནས།
སྐྱེས་ཆེན་ཁོང་དང་ལྷན་དུ་སྐྱོད།
དཔའ་གླིང་སུ་ཡི་སྙིང་ཡིན་པའི།
སྙིང་དང་སྙིང་གི་རིགས་མཐུན་ཚོ།
རང་ལ་སྐལ་པའི་དོན་ཞིག་ནས།
སྐྱེས་ཆེན་ཁོང་དང་ལྷན་དུ་འགྲོ།
ཧཧཧ་་་གོང་གི་དེ་ནོར་འདུག
ཕུག་རོན་དང་དཔལ་བཟང་ཟེར་མཁན་མི་འདི་གཉིས་ནི་བོད་པའི་ཞབས་འདྲེན་རང་རེད། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོད་དུ་ཕེབས་ཐུབ་དང་མ་ཐུབ་ནི་གལ་འགངས་ཆེན་པོ་མ་རེད། འོན་ཀྱང་བཙན་བྱོལ་བོད་མི་སེམས་ཤུགས་ཅན་སྟོང་ཚོ་ནང་ནས་དངོས་སུ་རྒྱགས་རང་ཁུར་གྱིས་བོད་དོན་འཐབ་རྩོད་ཀྱི་ལམ་ལ་ཞུགས་པ་ནི་བསྔགས་བརྗོད་ཡི་རངས་དང་། མིག་དཔེར་འོས་པ་ཞིག་རེད། ཐུགས་རྗེ་ཆེ་གྲངས་མེད་ཞུ།
གོང་དུ་ཐབས་ཇུས་ཅན་དང་ཡ་མ་ཚེ་རིང་འབྲས་ལྡན་ཟེར་བ་ཁྱེད་ཚོས་ང་ལ་ཅི་ཙམ་སྡུག་ཀྱང་ང་ལ་གང་ཡང་གནོད་པ་མི་འདུག ཁྱེད་ཚོ་རི་བོང་ཅལ་འདྲོགས་བྱས་ནས་ཅི་ཕན། གླིང་ཚའི་ལས་འགུལ་དེ་གྲུབ་འབྲས་ཡོད་པ་ཞིག་མཐོང་གི་ཡོད་ན་ཁྱེད་ཚོ་ཡང་མཉམ་ཞུགས་བྱོས་དང་། མིང་རྫུན་རེའི་རྒྱབ་ནས་གབ་བསྡད་པས་ཅི་ཕན། ལར་ནས་ངས་གླིང་ཚ་ལ་རྒྱབ་སྐྱོར་མི་བྱེད་པ་ལ་རྒྱུ་མཚན་གཉིས་ཡོད། དང་པོ་དེ་ཐེངས་དང་པོ་མ་བུ་གསུམ་རྡ་ས་ནས་ཆས་དུས་སེམས་གཏེང་ནས་རྒྱབ་སྐྱོར་དང་ལུས་དངོས་སུ་སྐྱེལ་མ་བྱེད་དུ་སོང་བ་ཡིན། ང་བཞིན་མི་མང་པོས་དེ་ལྟར་བྱས་པ་ཀུན་ལ་གསལ། འོན་ཀྱང་ལྡི་ལིར་འབྱོར་སྐབས་དགྲ་བོ་རྒྱ་དམར་གྱི་དར་ཆ་ཕྱར་ནས་ཐོན་སོང་བ་མཐོང་དུས་ཞེ་གཏིང་ནས་ལོགས་སོང་། དགྲ་བོའི་དར་དམར་འདིའི་འོག་ནས་རང་གི་མི་རིགས་འདི་མགོ་འགྱོགས་མི་ཐུབ་པ་བཟོས་པ་མ་ཟད། བོད་མི་ས་ཡ་གཅིག་ལྷག་དར་དམར་འདིའི་འོག་ནས་དམར་གསོད་བཏང་ཡོད། བོད་ཀྱི་དགོན་སྡེ་སྟོང་ཕྲག་དུ་མ་གྱང་གོག་ཏུ་སྒྱུར་ནས་ཤུལ་དུ་དར་དམར་འདི་བཙུག་ཡོད། ངེད་ལྒང་པ་ཚང་གི་སེངྒེའི་དར་ཆ་མེ་ལ་བསྲེག་ནས། ཤུལ་དུ་དར་དམར་འདི་བཙུག་ཡོད་པ་སོགས་ཀྱི་ཡ་ང་བའི་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་ལྟ་མི་ཤེས་པའི་བོད་དོན་འཐབ་རྩོད་པ་འདི་འདྲ་མཐོང་དུས། ཁ་སྐྱེལ་ས་ནས་སྣབ་བཀུ་ས་རེད་བསམ་ནས་དང་། གཉིས་པ་བལ་ཡུལ་གྱི་བཙོན་ཁང་དུ་ཡོད་སྐབས་དྲ་ཐོག་ཏུ་རྩོམ་ཡིག་ཁ་ཅིག་སྤེལ་བའི་ནང་བོད་མི་ཚོས་འདོད་པ་ཁེངས་པའི་རྒྱབ་སྐྱོར་མ་བྱས་རབས་ཀྱི་སྡུག་ཡུས་བཏོན་འདུག དོན་དངོས་ཐོག་གཞན་ལ་འཁང་ར་སོགས་གང་ཡང་བྱེད་དགོས་དོན་མི་འདུག་སྙམ། མི་མང་གིས་སྐུལ་སྐུལ་སློང་བྱས་ནས་ལས་འགུལ་འདི་བརྩམས་པ་མིན་སྟབས། བྱས་མ་བྱུང་ཟེར་པའི་སྐད་ཆ་འདི་ལྷག་མེད་པར་སེམས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ལ་རྒྱབ་སྐྱོར་གྱི་འདོད་པ་མ་བྱུང་། རྒྱབ་སྐྱོར་བྱེད་དང་མི་བྱེད་དེ་རང་ཉིད་ཀྱི་འདོད་པར་སོང་ཙང་མི་གཞན་གྱིས་ངན་དམོད་དང་ཚིག་མཚོན་བཏབ་པས་ཅི་ཕན།
སྒེར་དོན་སྒྲུབ་ལ་བསམ་བློ་རྩ་བྲལ་ནས།།
སྤྱི་དོན་སྒྲུབ་ལ་སྙིང་རུས་མི་ཆུང་བར།།
རིགས་ཀྱི་སྡུག་བསྔལ་ཕྲག་པར་བླང་བ་དང་།།
རང་གི་ནུས་པའི་ལམ་འདི་མཐའ་བསྐྱེལ་བྱེད།།
བོད་ལ་ལོག་པར་ཉི་མ་བཅུ་ཙམ་འདུག
བོད་ཟས་ཟ་བར་ཉི་མ་བཅུ་ཙམ་འདུག
བོད་ལ་ལོག་པར་མཁའ་ལམ་བརྒྱུད་ནས་འགྲོ།
བོད་ལ་སླེབ་དུས་ཁྱེད་ལ་འཕྲིན་ཞིག་གཏོང་།
དཔའ་བོ་གླིང་ཚ་ཁྱེད་ལ་ཕྱོགས་དུས་ཀུན་ཏུ་སྙིང་ནས་གུས་འདུད་དང་ཡི་རངས་བསྔགས་བརྗོད་ཞུ།
རྒྱབ་སྐྱོར་བྱེད་དང་མི་བྱེད།
རང་སེམས་རང་ལ་རག་ལས།
འོན་ཀྱང་ཁ་དང་ལག་པས།
གང་ཏིག་བྱ་དབང་མེད་དོ།
དོན་དག་གང་ཞིག་འགྲུབ་རུང་མ་འགྲུབ་རུང་།
དེ་ཡི་དོན་དུ་འབད་ལ་འགལ་ཅི་ཡོད།
གལ་ཏེ་དེ་ལ་དངོས་འགལ་ཞིག་ཡོད་ན།
འབྲས་བུའི་ཆེད་ཀྱི་ཆུ་ལུད་སོགས་ལ་སྨོད།
བོད་དོན་ཆེད་དུ་བོད་པར་སྐད་བཏང་དུས།
ཐ་ཤལ་མི་ཚོའི་འུར་ལྟར་འགྱུར་འགྲོ་ན།
གཞི་བྱེས་གཉིས་ཀྱིས་ད་བར་སྒྲུབ་སྒྲུབ་པོར།
ཁྱོད་ཀྱིས་ད་ནས་བཟུང་སྟེ་རྒོལ་རྐྱང་བྱོས།
མི་རིགས་རྒྱལ་ཁབ་གང་དང་གང་ཡིན་རུང་།
ས་ཐོག་འདི་ཡི་སྐྱིད་དང་སྡུག་པོ་ཆེ།
ཕན་ཚུན་མ་འབྲེལ་བ་ཞིག་མེད་ཕྱིར་ན།
གཅིག་ལ་ངེས་གཟུང་བྱེད་པ་བླུན་པོའི་རྟགས།
དཔལ་བཟང་ཟེར་བ་ཁྱེད་ཀྱི་ཁྱི་ཁ་དེ་ཙིམ་ནས་བསྡད་ན་ཡག
དར་དམར་དེ་འོག་ནས་བོད་མི་གཅིག་པོའི་སྲོག་ཤོར་བ་ཞིག་མ་རེད། རྒྱ་བོད་སོག་གསུམ་མི་རིགས་འདྲ་མིན་གྱི་ཚེ་སྲོག་ཤོར་ཡོད་པ་རེད། འདས་ཟིན་པ་དེ་བཤད་ནས་བསྡད་ན་ཅི་ཕན། དེ་ན་དཔལ་བཟང་ཁྱེད་ཀྱི་མ་འོང་བ་ག་འདྲ་ག་ཞིག་གི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་རྩིས་ཡོད་དམ། འཆར་གཞི་ཅི་ཡང་མེད་ན་ཁ་སྟོང་ནང་ཚིག་སྟོང་བཤད་ནས་བསྡད་ན་ལས་འབྲས་ལ་ཡང་འགྲོ་གི་མ་རེད།
གླིང་ཚ་ལགས་གི་སྙིང་སྟོབས་དང་གཏོང་ཕོད་ལ་སྙིང་ནས་འདུད།
མྱི་གཅིག་གིས་མྱི་མང་པོ་ཞིག་གི་མདུན་ལམ་གི་ཆེད་དུ་ཉི་མ་དང་ཟླ་བ་གདོང་གི་བསུ་བཞིན་འགྲོ་གི་ཡོད་པ་ཞིག་ལ། རང་དོན་གི་སྣེ་མོ་མགོ་འཐོམ་ནས་ཡོད་ད་མྱི་གཟུགས་སུ་གྲུབ་པའི་ཁྱི་ཁ་ཤས་ཤིག་གིས་ཁྱུ་སྐད་རྒྱག་བཞིན་འདུག། གདོང་པོ་དེ་ཤ་ཡིན་ན་གླིང་ཚ་ལ་བསྟོད་པའི་ཐེ་མོང་མི་བགྲེང་ཀྱང་ཁོང་གི་རྗེས་སུ་ཁྱུ་སྐད་མ་རྒྱག་རོགས
དཔལ་བཟང་ལགས། ད་འོ་ན་ཁོང་གིས་སྒྱུར་བཅོས་གཏོང་ནས་ད་ཆ་དར་དམར་མི་འདུག་པ་དེ་དགའ་སྤོབས་མེད་དམ། སྤྱིར་སྐྱོན་ལ་ཀུན་བཏགས་ལྷན་རྒྱས་གཉིས་ཡོད། གང་ལྟར་སྐྱོན་མེད་པའི་མི་དཀོན། རང་སྐྱོན་མཐོང་ཐུབ་པ་དེ་བས་དཀོན། དེས་ན་ཁོང་གི་ད་ཆ་དར་དམར་མེད་པ་དེ་ད་དུང་ཁྱོད་ཀྱི་ངོར་སྐྱོན་ལྷག་ནས་ཡོད་དམ། ང་ནི་བོད་དོན་ཐོག་གོམས་པ་གསུམ་ཙམ་རྒྱབ་མཁན་ལའང་རྒྱབ་བསྐྱོར་ཡོད་ན་ཁོང་ལ་སྨྲོས་ཅི་དགོས། མཐོང་མི་ཐུབ་པའི་ཀུན་སློང་སོགས་ནས་ཚོད་དཔག་གནང་སྡད་ན། ནམ་ཞིག་བོད་དོན་རྩོད་མཁན་མེད་ཐལ།
ཁོང་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་མེད་རང་དབང་རེད། འོན་ཀྱང་ཁ་རྡུང་གཏོང་བ་ནི་མི་གཞི་དང་རྒྱུ་འབྲས་མེད་པའི་བྱ་ངན་ཞིག་རེད།
བུ་གླིང་ཚ་ལགས་བོད་དུ་བཀའ་དྲིན་ཆེ།
ནང་ཕུ་ནུའི་ཁ་ནས་གང་གསུངས་ཀྱང་།།
ང་གླིང་ཚའི་སེམས་ལ་འཕོག་མི་སྲིད།།
བུ་ང་ཡི་འགྲིམ་པའི་ལམ་ཕྲན་གྱི།།
ལས་ཡག་ཉེས་གང་གཟིགས་གསུང་རྐྱང་གནོངས།།
བོད་ལ་འགྲོ་རྒྱུ་སླ་ཡང་འགྲོ་དོན་དེ་ཚོ་འགྲུབ་རྒྱུ་དཀའ་བསམ། བོད་ལ་སོང་ནས་ཚུལ་ལོག་ཡོང་ནས་དུས་ཚོད་འགའ་འགོར་མེད། མ་གཞི་ནས་སེམས་ལ་བོད་བཅིངས་ནས་ཁ་ཡོད་ལག་ཡོད་བོད་ལ་འགྲོ་ཚོ་ལ་མཐར་ག་རེ་ཡོང་གི་ཡོད་མེད་ཨ་གོང་བླ་རྒན་ལ་གང་བྱུང་སོང་བ་དེ་ལ་ལྟ་རྒྱུ་འདུག