མི་ཉག་སྐལ་བཟང་།
གཡོ་ཇུས་ཐབས་ཀྱིས་བསླུ་བའི་རྒྱ་
མིང་གི་རང་སྐྱོང་བོད་ལ་དགོས་མཁོ
གཉིས་ཕན་དབུ་མའི་ལམ་གྱི་མཛུབ་སྟ
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
བཙན་གྱིས་གནོན་པའི་རྒྱ་ཡིས་དབང་
གངས་ཅན་པ་ཚོར་འགྲོ་འདུག་རང་དབང་
རྒྱ་བོད་མི་རིགས་སོ་སོ་དབྱེར་
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
འཛམ་གླིང་རྒྱལ་སྤྱིའི་སྟེང་ན་འུ
དམར་པོས་ཁྲག་གིས་ཁ་ལོ་བསྒྱུར་
སྤུན་ཟླ་སྟོང་ཕྲག་བཙོན་ནང་འཚུད་
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
མང་གཙོའི་ལམ་བཟང་འཛམ་གླིང་ཀུན་
རང་དབང་དགོས་པའི་འདུན་པ་ཀུན་ལ་
རང་སྐྱོང་རྩོད་པའི་ཐོབ་ཐང་ང་ཚོ
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
སྐད་དང་ཡི་གེ་ཐ་དད་སོ་སོ་ཡོད།།
ཆོས་དང་རིག་གཞུང་མི་གཅིག་ཁག་ཁག་
འགྲོ་སྟངས་འདུག་སྟངས་ཡན་ཆད་ཁག་
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
རྒྱ་རིགས་རྒྱ་ནག་ཡུལ་ན་ཧ་ཅང་སྐྱ
བོད་རིགས་བོད་ཀྱི་ཡུལ་ན་དེ་བས་
རྒྱ་བོད་མི་རིགས་སྐྱིད་སྡུག་ཁག་
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
རྒྱ་མི་མགོ་གཉིས་མ་ཚོར་ངོ་ཚ་མེ
རྒྱ་རྒན་སེམས་ནག་ཅན་ཚོར་སྙིང་རྗ
རྒྱ་མོ་བདུད་མོའི་ཁ་ནས་གཏམ་སྙན་
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
དམར་པོ་ཁྲག་གིས་སྦགས་པའི་དར་
དམར་གཞུང་བདུད་སྡེ་དཔུང་གི་རྟ
ཚེ་སྲོག་མཚོན་གྱིས་བཅོམ་པའི་མཚོ
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
ཞི་བའི་ཕོ་བྲང་དམག་གི་གཏེེར་མཛོ
རྒྱལ་ས་ལྷ་ས་དམག་གི་གཡུལ་ས་མིན།
དགོན་སྡེ་ལྷ་ཁང་དམག་དཔུང་འདུག་
དོན་གྱི་རང་སྐྱོང་བོད་ལ་ད་ལྟ་
སྔོན་གྱི་མེས་པོ་དག་གིས་དཀའ་བ་བརྒྱས།
བོད་ཀྱི་སྐད་ཡིག་ཤོག་བུར་ལྷམ་མེར་བཀོད།
ད་ལྟའི་བོད་རིགས་རྣམས་དང་མ་འོངས་པའི།
སྐྱེ་བོ་བློ་ལྡན་དག་གི་བང་མཛོད་ཡིན།།
དགོས་ན་ལེན་དུ་རྒྱུགས།
སོག་པོ་ལ་འཁྱམས་ནས་བསྡད་ནས་ཡོང་གི་མ་རེད།
བཀའ་དྲིན་ཆེ་མི་ཉག་སྐལ་བཟང་། བོད་དོན་ཆེད་སེམས་ཚོར་དྲག་པོས་རང་གི་བསམ་ཚུལ་ལྷུག་པོར་སྙན་ངག་ཐོག་སྤེལ་བ་ཧ་ཅང་བཟང་ངོ་། དེ་རིང་གློ་་བུར་ཁ་བརྡ་དྲྭ་ཐོག་བརྒྱུད་ཁྱེད་ཀྱི་སྙན་རྩོམ་ཞིག་མཇལ་བར་དགའ་པོ་བྱུང་། དུས་ཡུན་རིང་པོ་ཞིག་འབྲེལ་ལམ་མ་བྱུང་བས། ད་དུང་ནོར་ཝེ་རུ་བདེ་ཐང་ངང་སྡོད་མུས་ཡིན་ཤག
དོན་གྱི་རང་སྐྱོང་ཟེར་ན་གོ་བ་དམིགས་བསལ་ཅང་མ་མཐོང་ལགས། ཚད་ལྡན་རང་སྐྱོང་དང་མིང་དོན་མཚུང་པའི་རང་སྐྱོང་ནི་༸གོང་ས་མཆོག་གིས་མ་གཏོགས་གངས་སྐྱིད་ཀྱི་གཞུང་ཞབས་པ་གླན་པ་མདོ་མེད་ཁ་ཤས་ཤིག་དང་། དེ་དང་དེའི་རྒྱུན་འཛིན་གྱི་མཁས་པ་དང་མི་ཆེན་རློམ་པའི་སྐྱེ་བོ་ཚོས། ༸གོང་ས་མཆོག་གི་བཀའི་སྒྲ་སྤྱི་ཙམ་གྱི་རྗེས་སུ་རྨོངས་ཞེན་དང་རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་རྗེས་འགྲོ་བགྱིས་དང་བྱེད་བཞིན་ཡོད་པ་ལས། ཕྱོགས་ཕན་ཚུན་གྱི་གནས་ཚུལ་ཁོང་གཏིང་ལོན་པ་ཞིག་དང་ཕུགས་ཆོད་པའི་གནས་ལུགས་རྟོགས་མཁན། དེར་ངེས་པ་བརྙེད་མཁན། ལྷག་པར་དུ་འཛམ་གླིང་གི་ཆབ་སྲིད་ཀྱི་ལོ་རྒྱུས་དང་། སྟོབས་ཆེན་རྒྱལ་ཁབ་དབྱིན་ཇི་དང་ཨ་རི་སོགས་མཚོན་པའི། ཧོང་ཀོང་དང་སི་པན་སོགས་ཀྱི་ནང་དུ་རང་སྐྱོང་གི་ཁེ་དབང་རྩོད་ལེན་གནང་པའི་བརྒྱུད་རིམ་དང་། རང་སྐྱོང་གི་ལྟ་གྲུབ། དེ་དང་དེ་ལྟ་བུའི་རང་སྐྱོང་གི་གོ་བབ་སོགས་ལ་རྒྱུས་ལོན་མཐིང་ཕྱིན་པ་བྱེད་མཁན་ནི་ཡིན་པ་མི་སྲིད་པའི་ཤེས་བྱའི་བྱེ་བྲག་ཏུ་ངེས་རིགས་སོ། ང་ཚོས་རང་གི་རྣམ་དཔྱོད་ཀྱིས་འདི་ཡིན་དེ་མིན་གྱི་དཔང་པོར་རང་ཉིད་སྡོད་དགོས་པ་ལས། ཐ་ན་གཉིས་སྨན་དབུས་མའི་ཐབས་ལམ་གྱི་བྱུང་འཕེལ་གྱི་ལོ་རྒྱུས་ཙམ་ཡང་མི་ཤེས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༣༡ ནང་གསལ་བའི་རྒྱ་ནག་གི་རྩ་ཁྲིམས་སོགས་ཀྱི་སྐོར་ལ་ནི་དེ་བས་ཨ་ལ་ལའོ། རྒྱུ་མཚན་ནི་ང་ཚོས་ཚད་ལྡན་རང་སྐྱོང་སྐོར་ལ་ཤེས་རྟོགས་ལེགས་པོར་ཡོང་སླད། རྒྱ་ནག་གི་རྩ་ཁྲིམས་ཀྱི་འགྲོ་སྟངས་དེ་ངེས་པར་དུ་ཤེས་དགོས་པ་སྔོན་འགྲོ་ལྟ་བུ་ཡིན་ན་ཨོྃ་ཨཱཧཱུ།