ངག་དབང་བློ་བཟང་།
ཕྱི་ལོ་༢༠༡༡།ཕྱི་ཟླ༦།ཚེས་༡༥།དང་། ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ། སྟོན་པ་ཐུབ་པའི་དབང་པོ་ལྷུམས་སུ་ཞུགས་པ་སོགས་དུས་ཆེེན་སུམ་འཛོམས་ཀྱི་ཉིན་མོར་ཆོས་ལྡན་བོད་མི་རྣམས་རྣམ་དཀར་དགེ་སྦྱོང་ལ་ཤིན་ཏུ་བརྩོན་པའི་དུས་ཚིགས་དེར། མདོ་ཁམས་ཏྲེ་ཧོར་དཀར་མཛེས་ཡུལ་ལུང་དར་རྒྱས་དགོན་གྱི་གྲྭ་རང་ལོ་༣༧་དགེ་སློང་ངག་དབང་བློ་བཟང་ཁོང་སངས་རྒྱས་ཀྱི་བསྟན་པ་དང་། བོད་སྤྱིའི་རང་དབང་གི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་འཕངས་མེད་དུ་བཏང་སྟེ། དཀར་མཛེས་རྫོང་ཐོག་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་མི་དམངས་འདུ་འཛོམས་ཆེ་བའི་སར་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་པའི་ཡིི་གེ་མང་པོ་བཀྲམས་ཏེ། ཁྲོམ་དབུས་སུ་པུས་མོ་ས་ལ་བཙུགས་ལག་གཉིསཐལ་མོ་སྦྱར་ཏེ་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོདལ་རང་དབང་དགོས། ཞེས་སྐད་ཤུགས་ཆེན་པོས་འབོད་ཚིག་ལན་འགའ་སྒྲོགས་པ་ན། རྒྱ་མའི་སྐོར་སྲུང་བ་དུས་རྒྱུན་དུ་ཁྱི་སྤྱང་བཞིན་གང་སར་ཉུལ་བཞིན་ཡོད་སྟབས་ལམ་སེང་ལྕགས་རྒྱུགས་ཀྱིས་ས་རྡོ་རྡུང་བ་བཞིན་འཛིན་བཟུང་བྱས་ནས་ད་ཆར་གནས་ཚུལ་གང་འགྱུར་གསལ་ཁ་མ་ཤེས། དེ་ཡང་བོད་ཚེས་བཅུ་བཞི་སྟེ་སྔ་ཉིན་དཀར་མཛེས་རྫོང་དུ་སོང་སྟེ། རྒྱ་སྒོར་༨༠༠ཙམ་གྱིས་༧གོང་ས༧མཆོག་གི་སྐུ་པར་བཀྲུས་ནས་དགོན་ནང་རང་ཤག་ཏུ་བཤམས་པ་དང་། དགེ་འདུན་ཞོགས་ཚོགས་སྐབས་སུ་སྐུ་འགྱེད་འབུལ་བ་དང་། ཚོགས་འདབས་ནས་གསོལ་འདེབས་སྨོན་ལམ་ཤུགས་དྲག་བྱས་ཚུལ་གྲྭ་གྲོགས་རྣམས་ཀྱིས་མཐོང་། གྲྭ་གྲོགས་ཤིག་ལ་ངའི་བྱ་བ་ལམ་འགྲོ་ཡོང་བའི་ཆེད་དུ་ཡིན་ཞེས་བཤད་འདུག དེ་སོགས་ལ་དཔགས་ན་གོང་ཞུས་བཞིན་སངས་རྒྱས་ཀྱི་བསྟན་པ་དང་། བོད་སྤྱིའི་རང་དབང་སོགས་ཀྱི་ཆེད་དུ་ཀུན་སློང་སྔོན་དུ་བཏང་ཡོད་པ་རགས་ཙམ་ཤེས་ཐུབ།
དགེ་སློང་ངག་དབང་བློ་བཟང་ལགས་ཀྱི་དགོངས་པའི་བསམ་དོན་འགྲུབ་པ་དང་ བྱ་བ་ལམ་འགྲོ་ཡོང་ལེ་ཡི་སྨོན་ལམ་གསོལ་བ་རྩེ་གཅིག་དུ་འདེབས་ཞི་ཡོད་ བོད་མདོ་དང་ཁམས་ཀྱི་དཔའ་བོ་དཔའ་མོ་ཁྱེད་རྣམས་པར་གུས་བཏུད་ཀྱི་ཕྱག་འཚལ་ཞུ་ལེ་ཡིན་།
དགེ་སློང་ངག་དབང་བློ་བཟང་ལགས་ཀྱི་དགོངས་པའི་བསམ་དོན་འགྲུབ་པ་དང་ བྱ་བ་ལམ་འགྲོ་ཡོང་ལེ་ཡི་སྨོན་ལམ་གསོལ་བ་རྩེ་གཅིག་དུ་འདེབས་ཞི་ཡོད་ བོད་མདོ་དང་ཁམས་ཀྱི་དཔའ་བོ་དཔའ་མོ་ཁྱེད་རྣམས་པར་གུས་བཏུད་ཀྱི་ཕྱག་འཚལ་ཞུ་ལེ་ཡིན་།
བོད་ལ་སྡུག་བསྔལ་ཡོད། སྡུག་སེམས་མཉམ་སྐྱེས་ཡོད། རྗེས་སུ་ཡིད་རང་ཡོད།
དགེ་སློང་འདིས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་བྱེད་སྟངས་མི་འདྲ་བ་ཞིག་བྱས་འདུག ཧ་ཅང་ཡག་པོ་རེད།
དངོས་གནས་དཀར་མཛེས་རྫོང་འདི་ནི་བོད་ཀྱི་དཔའ་བོ་རྫོགས་རྒྱུ་མེད་པ་ཞིག་གི་འབྱུང་ཁུངས་ཡིན་པས་ད་ནི་ངས་རྫོང་འདིའི་མིང་ལ་དཔའ་བོའི་རྫོང་ཞེས་འདོགས་འདོད་པས་འཐབ་གྲོགས་རྣམས་ཀྱིས་གཟིགས་ན་གང་འདྲ་འདུག།
དཀར་མཛེས་དཔའ་བོ་རྫོང་། འདི་མིང་དོན་མཐུན་ཞིག་རེད། ཚང་མས་དགའ་བསུ་ཞུ།
ཨ་ལ་ལ། མི་འདི་ཚོས་ཡང་མིང་གསར་ཞིག་བཟོས་འདུག
མ་རེད་ལབ་རྒྱུ་ཡང་མི་འདུག
དཔའ་བོའི་རྫོང་གི་དཔའ་བོ་དཔའ་མོ་རྣམས་ཀྱི་བསམ་དོན་འགྲུབ་པར་ཤོག
དུས་ཆེན་ལ་སྲུང་བརྩི་རྣམ་དག་ཅིག་བྱུང་འདུག རྗེས་སུ་ཡི་རང་ཞུ་འོས།
རྒྱལ་བཅེས་ལྷག་བསམ་གྱི་ཕྱུག་པའི་ཁམས་ཀྱི་བུ་རྒོད་ལགས། ཁྱེད་ཀྱི་ཕྱག་ལས་གནང་སྟང་དེ་འགྲིགས་སོང་། སྤྱིར་ན་འདི་ལྟར་ཞུ་མི་འོས་རང་གི་ལས་སྣ་གཅིག་མི་འཇོན་པར་མི་ལ་འདི་ལྟར་ཞུས་མི་འོས།འོན་ཀྱང་གཞིས་ལུས་ཀྱི་སྤུན་ཟླ་ཚོས་བློས་བཏོང་དང་ལ་རྒྱ། སེམས་ཤུགས་དང་ཆོད་སེམས་སོགས་ལ་གུས་བཀུར་ཡིད་རང་བླ་མེད་ཞུ་བཞིན་ཡོད་ལགས། ཁྱེད་རང་ནམ་ཡང་འཚོ་བར་ཤོག ཁྱེད་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག།
དགེ་སློང་ཁྱེད་ཀྱི་ངོ་མ་སངས་རྒྱས་ཀྱི་བསྟན་དོན་དུ་འདི་འདྲའི་བྱ་འགུར་ཞིག་གནང་བ་རིན་ཐང་མེད་པ་ཞིག་རེད། འོན་ཀྱང་དམར་གཞུང་དྲག་དམག་གིས་ཁྱེད་ལ་བཟོད་མི་ཐུབ་པའི་ན་ཟུག་ཞིག་སྤྲོད་ཀྱི་ཡོད་པ་དངོས་ཡོད་རེད། དགེ་སློང་ལགས་ཁྱེད་ཀྱི་བསམ་དོན་ལྷུན་གྱི་འགྲུབ་པ་དང་ནད་མེད་ཚེ་རིང་ངང་དྲག་དམག་ལས་ཐར་བའི་སྨོད་འདུན་གྲངས་མེད་ཞུ། བོད་རྒྱལ་ལོ། དཔའ་རྒོད་ཁྱེད་རྒྱལ་ལོ། དཀར་མཛེས་མི་མང་རྒྱལ་ལོ།