ཆང་སྐྱེས།
ཁ་ན་བོད་ཀྱི་སྐད་ཡིག་སྲུང་དགོས་ཟེར།།
ཁོག་ན་སྐད་དང་ཡི་གེ་གཉི་ག་མེད།།
ཁ་སྟོང་ནང་གི་ཚིག་ཀ་སྐམ་པོ་འདི།།
དོན་མེད་ཅ་ཅོ་སྒྲོག་པའི་བྲག་ཆ་ཙམ།།
བོད་སྐད་བཤད་དེ་བོད་ཡིག་འབྲི་དགོས་ཟེར།།
ལག་ལེན་དངོས་སུ་བསྟར་མཁན་ག་ཙམ་ཞིག།
རང་མགོ་རང་གིས་གཡོག་པའི་སྐྱོ་ངག་འདི།།
ཨ་བོ་ནེ་ཙོ་ངག་གི་མ་ཎི་ཙམ།།
བོད་སྐད་བོད་ཡིག་དམར་གསོད་མ་གཏོང་ཞེས།།
སྡིག་འཛུབ་གཞན་ལ་གཏད་དེ་ངུ་བ་ལས།།
རིག་པ་ནང་ལ་བཀུག་པའི་བསམ་གཞིག་གིས།།
སོ་སོས་འཇོན་དང་མ་འཇོན་འདང་རེ་རྒྱོབས།།
མི་རིགས་རང་གི་སྐད་དང་ཡི་གེ་གཉིས།།
མི་བུ་རང་གིས་མ་བཀོལ་མ་སྤྱད་ན།།
སྐད་ཡིག་དམར་གསོད་ཞེས་པའི་ནག་ཉེས་འདི།།
ངོ་མ་བཤད་ན་བདག་གིས་སུ་ལ་འགེལ།།
བོད་སྐད་དག་མ་བོ་དེ་བདག་གིས་བཤད།།
བོད་ཡིག་རྣལ་མ་བོ་དེ་ཁྱོད་ཀྱིས་ཕྲིས།།
ལག་ཟུང་གཅིག་ཏུ་སྦྲེལ་བའི་སྟོབས་ཤུགས་ཀྱིས།།
རང་གིས་ཚོད་ཀྱིས་ཞབས་ཞུ་ཅུང་ཙམ་བསྒྲུབ།།