ཁྲོ་གཏུམ།
སྐད་ཡིག་གི་ཁྱབ་ཁོངས་སུ་མེད་དུ་མི་རུང་ཞིང་མེད་ན་མི་ཆོག་པ་ནི་བརྡ་སྤྲོད་ཞེས་བ་འདི་ཡིན་ལ། གལ་སྲིད་བརྡ་སྤྲོད་ཀྱི་ནུས་པ་མེད་ན་མི་རིགས་འདིའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས། མེས་པོའི་མཛད་རྗེས་སོགས་ཇི་ལྟར་ལོ་ངོ་ཁྲི་འབུམ་ལ་གནས་ཐུབ་བམ། རྒྱལ་ཁབ་དང་མི་རིགས་ཞེས་ལོགས་སུ་ཡོད་པ་ཞིག་ཡིན་དུས་རྒྱལ་ཁབ་དེ་ལ་དཔག་པའི་སྐད་ཡིག་ཞེས་པ་ཞིག་དང་འབྲེལ་ནས་བརྡ་སྤྲོད་ཞིག་གི་འགྲོས་རིམ་ཡོད་པ་ནི་སྐད་ཡིག་དེའི་སྲོག་རེད། དེ་བས་ད་ལྟ་འཛམ་གླིང་གི་སྐད་གྲགས་ཆེ་བའི་རྩོམ་ཡིག་སྟེ<>ལྟ་བུ་ལས་སྐད་ཡིག་ལ་རིན་ཐང་ཡོད་པའི་གསན་ལུགས་བསྟན་པ་བཞིན་གྱིས་མཐོང་ལ། ད་དུང་ཁ་ཤགས་བཤད་མཁན་ཟླ་བྷེ་ལགས་ཀྱིས‘སྐད་ཡིག་མེད་ན་མི་རིགས་འདིའི་སྐལ་ཆད་སོང་བ་རེད’ཟེར་བ་སོགས་ཀྱིས་བརྡ་སྤྲོད་ཀྱི་རིན་ཐང་མཚོན་ཡོད་པར་འདུག སྤྱིར་ཀི་ང་ཚོའི་སྤྱི་ཚོགས་སུ་བརྡ་སྤྲོད་དང་སྐད་ཆའི་བར་མཚམས་སུ་ཧེ་བག་ཆེན་པོ་ཞིག་འདུག་མོད། འོན་ཀྱང་། སུམ་རྟགས་གཉིས་ཀྱིས་འབྲི་ཀློག་བཤད་གསུམ་གྱི་སྒང་ལ་ནུས་པ་ཐོན་འདུག་པ་ནི་བརྒྱ་ཆའི་བདུན་ཅུ(70%)ཡན་ཟིན་པས་ན། ལྷག་པར་དུ་རྒྱལ་ཁབ་གཞན་གྱི་མི་ཞིག་གིས་ང་ཚོའི་སྐད་ཡིག་སྦྱང་ན་ངེས་པར་དུ་གལ་ཆེ་བ་ནི་ཐོག་མར་བོད་ཀྱི་བརྡ་སྤྲོད་དེ་སུམ་རྟགས་དག་གསུམ་མ་སྦྱང་རང་སྦྱང་རེད་ལ། འདི་རྒྱལ་ཁབ་གང་ཞིག་ཡིན་རུང་སོ་སོིའི་སྐད་ཀྱི་རྒྱུ་སྤུས་མངོན་ཆེད་རེད། རྩོམ་པ་པོ་མི་ལ་ཙི་ཙི་ཡིས<>ལྟ་བུ་ཡིས་ཀྱང་སྐད་ཡིག་གི་རིན་དོད་བྱེད་ཐུབ་པ་རེད། ང་རང་གཏན་བྲལ་བྱེད་མི་འདོད་པ་ནི་ཆུང་ལོབ་ཀྱི་སྐད་ཆ་དེ་དེའི་བསྐྱེད་པའི་ཕ་མའི་བྱམས་སྐྱོང་གི་གཅེས་སྐད་གཉོམ་པོ་དེ་ཡིན་སོང་བས་ན་ངས་རང་གི་སྐད་ལ་དུངས་བ་ལྷག་མ་སྤྲད་ཡོད།
བོད་སྐད་དག་མ་གཞན་སྐད་ལས་རྒྱལ་ཐབས།
ལོ་རྒྱུས་རང་བཞིན་ཅན་གྱི་བོད་སྐད་ཡིག་གིས་དུས་རབས་འདི་ཉོ་མི་ཐུབ་པའི་ཞན་ཆ་མེད་པ་འདྲ། རྒྱལ་ཁབ་གཞན་དང་བསྡུར་ན་ཡང་ང་ཚོས་རང་གི་སྐད་ཡིག་སྲུང་སྐྱོབས་བྱེད་པའི་ཐབས་ཤེས་ཀྱིས་མ་འདང་བ་མ་གཏོགས། ཐབས་ཟད་འུ་ཐུག་གི་སྒོ་ཁ་ནས་ཤི་མིག་ལྟ་བཞིན་པ་ཞིག་མ་རེད། ངས་སྐབས་འདི་ནས་བོད་སྐད་བསྲེས་སྦྱོར་དང་རང་སྐད་ལ་དུང་བ་བརླག་པའི་ཉེན་ཁ་གཉིས་གླེང་ཏེ་ཐབས་ཤེས་སུ་བསྒྱུར་ན།
གཅིག ཕྲུ་གུས་སྐད་ཆ་བཤད་ཤེས་ཙམ་ནས།
ང་ཚོའི་གཡས་གཡོན་སོགས་སུ་བོད་པའི་ཁྱིམ་ཆང་འདུག་ལ། དེ་རུ་བྱིས་པ་རེ་གཉིས་མེད་མི་སྲིད་པས། དེ་དག་གི་སྐད་ཆའི་ས་བོན་འདེབས་ས་ནི་རང་རང་གི་ཕ་མ་དང་བུ་བཅོལ་ཁང་གི་དགེ་རྒན་དག་ལས་གཞན་གང་ཡང་མ་རེད། གནད་དོན་ཞིག་ནི་ཁོ་ཚོའི་སུ་ཡིན་རུང་ངེས་པར་ལག་ལེན་བྱེད་དགོས་པའི་བཟའ་བཏུང་ཅ་དངོས་སོགས་སུ་མིང་འདོགས་སྐབས་རང་སྐད་ལས་གཞན་སྐད་གཙོར་འདོན་བྱེད་པ་དང་བྱིས་པའི་སྐད་ཆའི་འཕེལ་རིམ་ལ་བསམ་བློ་མི་གཏོང་པ། བྱིས་བའི་འགྲོ་འདུག་སྤྱོད་གསུམ་ལ་བདག་པོ་རྒྱགས་སྐབས་ཡང་གཞན་ལུགས་དང་གཞན་སྐད་ཀྱི་བྱ་བ་སྤྱོད་པ་ཤུགས་ཆེ་རུ་འགྲོ་བ་འདི་ནི་དེང་དུས་མགོ་མཁས་པ་དང་བར་ལས་བྱེད། མཐའ་མ་ཞིང་མཁན་ཕྱུགས་མཁན་སོགས་སུ་ཁྱབ་བརྡལ་འགྲོ་གིན་འདུག དེ་བས་འདི་དག་ནི་བོད་པའི་སྐད་ཀྱི་དྭངས་མ་འཕྲོགས་བྱེད་ཡིན་པས་བོད་མཁས་བླུན་ཚང་མས་རྗེས་རབས་པའི་སྟེང་ལ་འགན་ཁུར་དགོས་པ་རེད། བྱིས་བའི་སྐད་ཆའི་བརྒྱུད་རིམ་ལ་སྟང་འཛིན་བྱས་ཏེ་བོད་སྐད་དྭངས་མོའི་སྦྱོར་ཀློག་རྗེས་གསུམ་ལ་བསླབ་བྱ་དང་བཅས་ཏེ་རག་མིན་གསེར་མིན་ལྟ་བུའི་སྐད་ཆའི་ཉེན་ཚབ་ལ་ཚོད་འགོག་མ་བྱས་ན། ཕ་མ་དང་དགེ་རྒན་གྱི་བཏང་བའི་འཐུས་ཤོར་རེད།
གཉིས། བཅའ་དངོས་གསར་ཐོན་ཙམ་ནས།
དུས་རབས་འདིའི་ངོ་གདོང་ན་དངོས་པོ་གསར་བསྐྲུན་དང་ཡོ་ཆས་བྲིན་རྒྱུགས་ཀྱི་རླུང་འཚུབ་ཀོར་མོ་ཞིག་འཛམ་གླིང་སྟོབས་ཅན་རྒྱལ་ཁབ་དག་གིས་གཏོང་གིན་འདུག་པ་དང། ང་ཚོའི་སྤྱི་ཚོགས་སུ་བཅའ་དངོས་གསར་བའི་བྲིན་རྒྱུགས་དེ་ནི་ཧ་ཅང་གི་ཚད་མཐོ་ཤོས་ཡིན་ལ། དེ་དག་ནི་རྒྱལ་ཁབ་གཞན་གྱིས་གསར་བཟོ་བྱས་པས་ན་མིང་གཙོས་སྟེང་གི་གསལ་བཤད་ཡི་གེ་སོགས་ཀྱང་རྒྱལ་ཁབ་དེའི་ཡིག་རིགས་ཀྱིས་བཟུང་ཡོད་རེད། བཅའ་དངོས་ཆུང་ཙག་རིགས་ཀྱི་མིང་སྣ་ཆོགས་ཀྱིས་སྐད་ཀྱི་སྒང་ལ་ཤུགས་རྐྱེན་ཆེ་རུ་འགྲོ། ད་ལྟའི་ང་ཚོའི་ཁོར་ཡུག་གི་རྒན་དར་གཞོན་གསུམ་གྱིས་བེད་སྤྱོད་བྱེད་བཞིན་པའི་སྐད་ཆ་ཚིག་གྲུབ་གཅིག་ལ་མཉམ་བཞག་ན་བསྲེས་སླད་ཀྱི་རྒྱ་ཚད་འཇལ་ཐུབ་ངེས། དེ་བས་འདི་དག་ནི་མིང་ཚིག་གསར་བཟོ་དང་ཅ་དངོས་གསར་ཐོན་ལ་མིང་གསར་བ་བྱེད་པའི་གོ་སྒྲིག་མེད་པའི་སྐྱོན་དང་། ལྷག་པར་དུ་བོད་སྐད་ཡིིག་གི་སློབ་གསོའི་ཁྱབ་ཁོངས་སུ་སུམ་རྟགས་དག་གསུམ་ལས་གཞན་མིང་ཚིག་གསར་བ་སོགས་ཀྱི་བརྡ་གསར་སྦྱང་ཐབས་ཀྱི་སྣེ་ཁྲིད་མཁན་དཀོན་པའི་སྐྱོན་སོགས་ཀྱིས་རང་གི་སྐད་ཀྱི་འཕོ་འགྱུར་ལ་གསོན་ཤུགས་ཆགས་མ་ཐུབ་པ་རེད། འདི་འདྲའི་དངོས་མཐོང་གི་སྐྱོན་ཆའི་ཁྲོད་ནས་ང་ཆོས་བཅའ་དངོས་གསར་ཐོན་ལ་བོད་ཀྱི་བརྡ་སྐད་དང་མཐུན་པའི་མིང་འདོགས་བྱེད་པ། མིང་གསར་སྤྱི་ཚོགས་སུ་དར་སྤེལ་དང་གསབ་སྦྱོང་གི་ལས་འགུལ་སྣ་ཚོགས་བྱས་ན། ད་གཟོད་སྐད་ཀྱི་རིན་ཐང་ཆེ་རུ་འགྲོ་བ་རེད།
དེ་བས་འདི་དག་ནི་ད་ལྟའི་ང་ཚོའི་སྐད་ཡིག་སྲུང་སྐྱོབས་ཐབས་ཤེས་ཁྲོད་ལ་མེད་དུ་རུང་བ་ཞིག་རེད་བསམ་ལ། རྒྱལ་ཁབ་གཞན་ལྟར་རང་སྐད་སྲུང་སྐྱོབས་ཀྱི་ལས་སུ་ཞུགས་ན་ཡང་ཐབས་འདི་གཉིས་ལས་རྒྱལ་ན་རྒྱལ་ཤ་སྟག་རེད་བསམ་པའི་སྟོང་བསམ་ཞིག་འདུག
༢༠༡༢།༧།༥ལ།
བཀའ་བསྟན་གྱི་སྒྲ་རྣམས་སྔར་གྱི་མཁས་པ་རྣམས་ཀྱིས་བསྐྲུན་པ་དེ་དག་བོད་པས་བདག་པོ་མི་རྒྱབ་པ་ལྟ་བུར་མཐོང་ནས། བོད་སྐད་དེ་མ་ནུབ་གོང་ནས། བཀའ་བསྟན་རྣམས་ཨིན་སྐད་སོགས་སུ་སྒྱུར་བར་མགོ་བརྩམས་འདུག དེས་ན། བདག་གིས་ཀྱིས་ཀྱང་ཨིན་སྐད་དུ་སྒྱུར་བར་གྲོགས་བྱེད་པར་བཀའ་བསྟན་་དཔེ་ཆ་རྣམས་ཀློག་དགོས་པས། བཀའ་བསྟན་གྱི་དག་ཆ་རྣམས་མཐོང་བ་བཞིན་དུ་སྒྲོགས་དང་། སྒྲོག་གཉིས་ལ་དོན་མི་འདྲ་བ་མཐོང་། ཕལ་ཆེར་བོད་ཀྱི་ཆོས་ལུགས་ཡོངས་ཀྱིས་འཇམ་དབྱང་གང་བློ་མ་བློ་འཛིན་མཛད་ངེས། དེ་ན་འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་ལས་ཀྱི་ལྕགས་སྒྲོག་སྒྲོལ་མཛད། ཅེས་དང་། བཀའ་བསྟན་དག་ཆ་ལ་གཞིར་བཟུང་སྟེ། དག་ཡིག་ཟ་མ་ཏོག་སོགས་སུ་ཡང་སྒྲོགས་དང་སྒྲོག་གི་གོ་དོན་གསལ་བར་གསུངས་པ་དང་། མོད་པོ་ཡོད་པའི་དོན་ལ་ལྡང་ཞེས་བཀའ་བསྟན་ན་ཡོད་པར་མ་ཟད་ཟ་མ་ཏོག་དང་། ངག་སྒྲོན་གཉིས་ཀ་ན་ཡོད་པ་ལྟར་། འདང་མ་ཡིན་ལྡང་ཞེས་དགོས་ལན་མང་བྲིས་ཀྱང་། བོད་ཀྱི་འབྲི་བ་པོ་དག་གི་རྣ་བར་མི་འགྲོའོ།།
ལྷམ་སྒྲོག་སྒྲོག་པ་ལ་རྐུད་པ་མི་ལྡང་བ་ལ་འདང་ཞེས་བྲིས་ན་ནོར་བ་ཡིན་པར་རྒན་ལ་དྭགས་པས་ཁ་བརྡར་འབྲུག་ལྟར་ཆེར་སྒྲོགས་གནང་བཞིན་འདུག་པས་ཀུན་གྱི་ཡིད་ལ་འཇགས་པར་འཚལ།
བོད་ལ་སྐད་གསར་བཅད་ཐེངས་གསུམ་ཙམ་བྱུང་བ་དང་། ཐེངས་གཉིས་པ་དང་གསུམ་པའི་སྐབས་བརྡ་རྙིང་གོ་བདེར་བཏང་བ་དང་བརྡ་རྙིང་སྐད་གསར་འགྱུར་དང་བསྟུན་ནས་དག་བཅོས་སོགས་གནང་ཡོད་ཚོད་འདུག ངའི་དྲི་བ་ནི་དེ་འདྲ་ཡིན་ན་བཀའ་བསྟན་ནས་བྱུང་བའི་ཚིག་ཁ་ཤས་བརྡ་རྙིང་ཙམ་དུ་མ་ཟད། ཆེས་བརྡ་རྙིང་ཡིན་མི་སྲིད་པ་མི་འདུག་པས། བརྡ་གསར་གྱི་འདང་བརྡ་རྙིང་གི་ལྡང་ཡིན་སྲིད་པ་ཞིག་མ་རེད་དམ། དཔེར་ན་བརྡ་རྙིང་གི་དཀོན་ཅོག་བརྡ་གསར་དུ་དཀོན་མཆོག་ཡིན་པ་ལྟ་བུའོ། ངའི་རེ་བ་ལ་རྒན་ལ་དྭགས་ལགས་ནས་དགོངས་ཚུལ་གཏོགས་ཙམ་གསུང་པའི་རེ་བ་ཡོད། ཐུགས་རྗེ་ཆེ།
ཤེས་དགའ་ལེགས།
དིང་སང་བོད་སྐད་ཉམས་པའི་དབང་གིས་བརྡ་གསར་གྱི་ཁྱད་པར་ཤེས་མཁན་དཀོན། ལྡང་ལས་འདང་བྱུང་བ་ནི། བོད་སྐད་ཀྱི་སྦྱོར་ཀློག་ལ་མ་སྦྱངས་པ་ཞིག་གིས། ལྡང་ལ་འདང་ཞེས་བྲིས་པ་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན། དེ་ལ་ལྡང་ཞེས་འབྲི་ན། སྤྱོད་འཇུག་ན།
ས་ཕྱོགས་འདི་ཀོ་ཀོས་གཡོག་ཏུ།
དེ་སྙེད་ཀོ་བས་ག་ལ་ལང་།།
ཞེས་པའི་གོ་རྟོགས་ལ་ཕན། ལྡང་ཞེས་བོད་མཐའ་མཚམས་ན་གནའ་བོའི་འབོད་སྟངས་དེ་ལུས་པ་ནི། བདག་གི་སྤུན་མཆེད་ཅིག་གིས་ཐབ་པོ་ནི་པག་བུ་མ་ལྡངས་པར་ལུས་ཡོད། ཅེས་པ་བརྡ་རྙིང་མ་ཡིན་པ་ལས་བྱུང་། བཀའ་བསྟན་གསུང་འབུམ་བཅས་ཀྱི་ཡི་གེའི་དག་ཆ་རྣམས་རང་རེས་སྲུང་དགོས་པ། བདག་ནི་སོ་སོའི་སྐྱེ་བོ་ཡིན་པས་ནོར་བ་ལོས་ཡོད། དེ་དག་བསྟན་ན་བདག་གི་བློ་སྐྱེད་ལ་ཕན། དེ་མིན་འགའ་ཞིག་ཞབས་འདྲེན། ཞེས་འབྲི་བས་རང་གཞན་སུལ་ཡང་ཕན་པ་མེད། ལ་དྭགས་པ་འགའ་ཞིག་གིས་བཀའ་བསྟན་གསུང་འབུམ་རྣམས་དགོས་པར་མེད་པ་མཐོང་བ་དང་། བོད་མི་འགའ་ཞིག་གིས་བོད་སིལ་བུར་གཏོང་བ་འདོད་པ་དག་གིས་ཇི་ལྟར་འབྲི་ཡང་དེ་ལ་དགག་པ་སུས་རྒྱབ་ཐུབ་སྟེ། མི་ཐུབ་བོ།།