ཉེ་ལམ་དྲ་བ་དང་མི་སྒེར་གང་རུང་བརྒྱུད་ནས་ཤེས་གསལ་ལྟར་ན་ད་ལོ་ནས་མགོ་རྩོམ་སྟེ་བོད་ཁུལ་གྱི་ས་གནས་སོ་སོའི་སློབ་གྲྭ་ཁག་ལ་སློབ་ཆུང་ལོ་རིམ་གསུམ་པའི་ཡན་ཆད་དུ་བོད་ཡིག་སློབ་ཁྲིད་ཇེ་ཉུང་དུ་བཏང་བའམ་ཡང་ན་བོད་ཡིག་གཏན་ནས་མི་ཁྲིད་པར་རྒྱའི་སྐད་ཡིག་གཙོ་བོར་བྱེད་དགོས་པའི་བླངས་བྱ་བཏོན་འདུག ངའི་གྲོགས་པོ་སློབ་ཆེན་སློབ་མ་ཞིག་གིས་གསུང་བ་ལྟར་ན་ཁོང་ཚོའི་ཕ་ཡུལ་ནས་ས་ གནས་མགོ་ཁྲིད་ཀྱིས་དེའི་ཐད་ལ་འཐད་པ་ཡིན་མིན་མིང་རྟགས་འགོད་དགོས་གསུང་བཞིན་ འདུག་ཟེར། ང་རང་གི་རེ་བ་ཡིན་ན་བོད་མི་ཚང་མའི་དེ་ལ་དོ་སྣང་བྱས་ནས་གལ་ཏེ་འཐད་མིན་གྱི་ དྲི་བ་ཡོད་ཚེ་ཚང་མས་མི་འཐད་པའི་རེ་བ་བཏོན་ན་འགྲིག་གི་འདུག་བསམ།རྒྱུ་མཚན། འཛམ་གླིང་གི་མཁས་པ་ཚོས་མགྲིན་གཅིག་དང་དབྱངས་གཅིག་གིས་མི་རིགས་ཤིག་གི་ངོ་བོ་ དང་ཡང་ན་མི་རིགས་དེ་ལ་མི་རིགས་ཤིག་གི་ཚད་གཞི་ཚང་མི་ཚང་མི་རིགས་གང་དེའི་རིག་ གཞུང་དང་སྐད་ཡིག་ལ་གཙོ་བོ་རག་ལས་གསུང་བ་བཞིན། ང་ཚོ་བོད་ལ་དུས་རབས་དང་མཐུན་པའི་ཡི་གེ་ཡག་པོ་ཞིག་ཡོད་པ་ཚང་མས་ཤེས་གསལ་རེད། གལ་ཏེ་བོད་ཡིག་སློབ་པའི་གོ་སྐབས་དང་བྲལ་ཚེ་བོད་ཅེས་པ་མིང་གི་ལྷག་མར་གྱུར་ སོང་བ་རེད། སློབ་གསོ་བ་མཁས་ཅན་ནམ་བསམ་བློ་བ་གྲགས་ཅན་ལེ་ཉིན་གྱིས་མི་རིགས་འདྲ་མཉམ་དང་ སྐད་ཡིག་འདྲ་མཉམ་སོགས་ཁས་མ་བླངས་པ་དང་རྒྱུན་འཁྱོངས་མ་བྱས་ན། མི་རིགས་གཉའ་གནོན་དང་འདྲ་མཉམ་མིན་པས་དེ་ལ་འཐབ་རྩོད་མ་བྱས་ཚེ་གནོད་པ་སྐྱེལ་ གྱི་རེད་གསུང་བ་བཞིན།ང་ཚོས་དེ་ལ་ངོ་ཡ་བྱེད་དགོས་པས་ཚད་ལ་ཐོན་ཡོད། དེ་བས། ངས་དེ་ལ་རྒྱ་ནག་གིས་བོད་ཀྱི་རིག་གནས་ལ་བཙན་འཛུལ་བྱས་པ་རེད་ཟེར་ནས་ལབ་ཀྱིན་ ཡོད། སྤྱིར་སྐད་ཆ་དྲང་མོར་བཤད་མཁན་དང་ལྷག་བསམ་རྣམ་དག་གིས་མི་རིགས་ལ་ཤ་ཚ་མཁན་ རྒྱལ་ཕྱི་ནང་ཀུན་ན་མང་མོད། སྐད་ཆ་བཤད་ཤེས་མཁན་དང་ཤ་ཚ་ཤེས་མཁན་ཧ་ཅང་ཉུང་ཉུང་རེད།ལྷག་པར་སྐུ་ཞབས་ཞོགས་ དུང་དང་གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་རྣམ་གཉིས་ལྟ་བུའི་གནས་བབ་འདི་ འདྲའི་འོག་ནས་ཁ་གྲགས་ཐུབ་མཁན་ག་ཚོད་ཡོད་རང་རང་སོ་སོས་ཤེས་རྒྱུ་རེད།ཁོང་རྣམ་ པའི་གཅེས་པའི་ཚེ་སྲོག་དང་མི་གཞི་གཏའ་མར་བཞག་དགོས་དོན་དང་ཡང་མི་རིགས་འདི་དང་ ཡང་ན་བོད་ཀྱི་མི་རབས་རྗེས་མའི་ཆེད་དུ་ཡིན་པ་ཚང་མའི་ཤེས་དགོས་པའི་དོན་ཆེན་ གྱི་གནད་འགག་ཡིན།
སྤྱིར་བོད་ནང་དུ་བོད་སྐད་ཡིག་གི་སློབ་ཁྲིད་ཆ་ཚང་མེད་པ།
བོད་ཀྱི་ས་གནས་སོ་སོ་ན་བོད་ཡིག་སློབ་ཆུང་དང་བོད་ཡིག་སློབ་འབྲིང་མཐོ་རིམ་ སློབ་ཆེན་དང་དགེ་ཐོན་སློབ་ཆེན་མི་རིགས་སློབ་ཆེན་སོགས་མིང་གི་རྣམ་གྲངས་ལ་ཁ་ ཤས་ཤིག་ཡོད་མོད། དོན་དངོས་སུ། སྒོ་བྱང་རྫིག་པོ་དང་མིང་གྲགས་སྐམ་པོ་ལས་མེད།དངོས་ལུགས་དང་། རྫས་སྒྱུར། ས་ཁམས། ལོ་རྒྱུས་སོགས་ཆ་ཚང་ཞིག་གང་ན་ཡོད་མཐའ་ན་སྐད་ཡིག་སློབ་དེབ་གཅིག་པུའང་མགོ་རྔ་ ཚང་མོ་ཞིག་མེད་པར་མ་ཟད། སྙན་ངག་དང་སུམ་རྟགས་སོགས་གཙབ་ནས་གང་ནས་མགོ་ཡིན་པ་དང་གང་འཇུག་ཡིན་པ་ཧ་མི་གོ་ བར་བཟོས་ཡོད། སློབ་ཚན་མང་ཕྱོགས་རྒྱ་ཡིག་ནས་བོད་སྒྱུར་མ་ཤ་ཏག་ཡིན་ལ། ནང་དོན་མང་ཆེ་བ་སྒེར་གཅོད་རང་ལུགས་པར་བསྟོད་པ་དང་ལོ་རྒྱུས་རྫུན་མ་ཡང་ན་མི་ རིགས་གཞན་གྱི་ལྟ་བ་དང་སློབ་གསོ་ལས་བོད་རང་གི་རྩམ་དྲི་མ་ཡལ་བའི་ཨ་མའི་བསླབ་ བྱ་དང་རྒྱངཐག་ལེ་བར་ཁྲི་སྟོང་གིས་བཅད་ཡོད། སློབ་ཁྲིད་གནང་སྐབས་སུ་འཛམ་གླིང་གི་ཁ་ཕྱོགས་དང་ཚན་རིག་གི་ལྟ་བ་སྔོན་ཐོན་མི་ རིགས་མིག་དཔེར་བྱས་ནས་སློབ་གསོ་མི་གཏོང་བར། སྒེར་གཅོད་རང་ལུགས་པའི་ལྟ་བ་མཁྲེགས་འཛིན་དང་སློབ་གསོ་ནག་ཉེས་ཅན་སྤེལ་གྱིན་ འདུགཆ་མི་ཚང་བའི་སློབ་གསོ་དེའི་ཆ་མི་ཚང་བའི་མི་གཞི་ཞིག་སྐྱེད་བསྲིང་བྱས་ ཡོད་ལ་གནས་ལུགས་དང་མི་མཐུན་པའི་འགྲོ་སྟངས་དེས་འགྲོ་བ་མིའི་རང་དབང་ལ་སྒེར་ གཅོད་པའི་ཐེ་གཏོགས་བྱས་ཡོད།
ང་ཚོས་ངེས་པར་ན་བོད་ཡིག་སློབ་དགོས།
ཡི་གེ་ནི་མི་རྣམས་ཀྱི་བསམ་བློ་ཕན་ཚུན་བརྗེ་རེས་བྱེད་པའི་ཡོ་བྱད་གལ་ཆེན་ཞིག་ དང་སྒྲ་གདངས་མཚོན་བྱེད་ཀྱི་བརྡ་རྟགས་ཤིག་ཡིན་པས་ཡི་གེ་ཡོད་པའི་མི་རིགས་ རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་།ཡི་གེ་མེད་པའི་ མི་རིགས་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད། སི་ཏ་ལེན་གྱིས།མི་རིགས་སུ་ཞིག་ཡིན་ཡང་ངེས་པར་དུ་རང་ཉིད་ཀྱི་སྐད་དང་ཡི་གེ་ བཀོལ་སྤྱོད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེ་ནི་རང་ཉིད་ཀྱི་སྐད་དང་ཡི་གེ་ནི་མི་རིགས་དེའི་རིག་གནས་དང་ཆབ་སྲིད།དཔལ་ འབྱོར་གོང་སྤེལ་གྱི་ཐབས་ལམ་ཉག་གཅིག་ཡིན་པས་སོ་གསུང་བ་ཇི་བཞིན་ང་ཚོས་ལག་ བསྟར་བྱེད་དགོས་སོ།
རྩོམ་པ་པོས་བསྐུར་འབྱོར་བྱུང་བ་ལྟར་བཀོད།
རྒྱལ་གཅེས་པ་འཇིགས་བྱེད་ཚེ་རིང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ།
བོད་ཀྱི་སྐད་ཡིག་གཅེས་སྐྱོངས་དགོས་པའི་གདམས་ངག་རེད་འདུག