ཨ་མདོ་བས། སྤྱི་སྐད་གཟིགས་བཟོ་ཝ་ནི་མ་རེ། འདི་ན་འུ་ཆོས་རང་གི་བོད་སྐད་ར་མ་ཤེས་བསྡད་ཡོད་གི་མོ། ལྷ་སའི་པོད་སྐད་ཡིན་ན་དི་ཟོ་ངི་ཟིས་གཅིག་ར་མི་གོ་གི། སི་ཁྲོན་ཁམས་སྐད་གི་ནང་ན་གོ་ནིས་ཙ་གི་ཙིག་གེ་ཡོད་ཁི། ཨ་ལ་ལ་ཡིན་ན་དེ་ར་མང་ཆེ་མི་གོ་གི། དི་ངི་བསམ་ཙུལ་རེ།
ཨམ་ཕྲུག་གིས། ཨེ་མ། སྤྱི་སྐད་ཡ་སྤྱི་སྐད། ཁྱོད་ནི་ང་ཚོའི་བླ་སྲོག་རེད་ཡ། ཁྱོད་མེད་ན་ང་ཚོས་གསར་བཏོད་ཀྱི་ལམ་ཆེན་ཇི་ལྟར་བཏོད། ཁྱོད་མེད་ན་ང་ཚོས་རྙིང་ཞེན་གྱི་ལྕགས་སྒྲོགས་ཇི་ལྟར་གཏོར། ཨ་ཧ་ ཨ་ཧ་ ང་ཆང་གི་བཟི་མེད། སྤྱི་སྐད་ཡ་སྤྱི་སྐད།
ཁམས་པས། ཁོ་རེ། དཀོན་ཅོག་གསུམ། སྤྱི་སྐད་ཅིག་མི་ཡོང་བ་ཅི་ཡོད་ལེ་རེད། ང་ཚོ་བོད་གི་མཁས་པ་དང་བླ་ཆེན་ཚང་མ་འཚོགས་ནས་བཟོ་བཞག་ན་ཁོ་མི་ཡོང་བ་གཅིག་མི་འགི། ཨ་མདོ་ཁྱོད་རང་དི་འདྲ་སེམས་ཤུགས་ཆག་དགོ་ཡ་མི་རྡ། ང་ཚོ་ལ་བར་ཆད་བཟོ་འཁན་ཡོད་ན་སྐྲག་དགོས་ལེ་མ་རེད།
ཁམས་ཕྲུག་གིས། སྤྱི་སྐད་ཟོ་ན་ཅི་ཟོ་ལེ་རེ།
དབུས་པས། ལགས་ལགས་སོ། ལགས་ལགས་སོ། པེ་མི་ཟད་པའི་ཡག་པོ་འདུག ཨི་འདྲ་ཅིག་ཡིན་པ་སེམས་པའི་ནང་ལ་དྲན་མ་བྱུང༌། སྤྱི་སྐད་ལབ་ཡ་དེ་ང་ཚོ་ལ་དགོས་ཡ་ཅིག་ཏན་ཏན་རེད། ཁོ་ཨི་འདྲ་བྱས་བཟོ་ཆོག་ཆོག་ཅིག་ཡོད་བ་མ་རེད་ད། བྱས་ཙང་ཐུགས་བསམ་ཡག་པོ་གནང་དགོས་གི་འདུག ཨ་མདོ་ལགས། ཁམས་པ་ལགས། ཇ་བཞེས་གནང༌།
ལྷ་སའི་བུ་མོས། ཨ་མདོ་ཁོས་ང་རང་ཚོའི་སྐད་ལ་རྩོམ་ཡག་པོ་ཞིག་བརྒྱབས་གནང་སོང༌། ཁོང་མཁས་པ་ཡིན་ས་རེད་ད།
འདི་བོད་མི་གངས་ཉི་ཟེར་བ་ཞིག་གིས་དྲྭ་སྟེང་དུ་བཀོད་འདུག སྐད་གཤིས་དང་མི་གཤིས་ཅུང་ཞིག་མཚོན་ཡོད་ཁུལ་ཡིན་པ་འདྲ། ངས་འགྱུར་བ་ཅུང་ཞིག་བཏང་ནས་ཨ་མཚར་དུ་འདིར་བཀོད་པ་ཡིན།སྤོབས་པ།
http://tibetsharing.5d6d.com/thread-118-1-1.html
བོད་ལ་སྤྱི་སྐད་དགོས་ངེས་རེད་འདུག རྩོམ་དེ་ནས་རྒྱ་ནག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཞིག་གིས་འབྲིས།
བོད་ཀྱི་མཁས་པ་དེ་ཤི་བ་འདྲ། ད་བོད་ལ་སྤྱི་སྐད་དེ་མྱུར་དུ་དགོས་འདུག འགོ་འཁྲིད་དང་མཁས་པ་རྣམས་ཀྱི་གང་མགྱོགས་ཐབས་ཤེས་འཚལ་རོགས།