སྤང་མདའ་སྟོབས་རྒྱས་ཀྱིས།
བོད་ཤར་ཕྱོགས་སྨར་ཁམས་སྒང་གི་ས་ཁུལ་ལྕག་སོ་སྟེང་ཞིག་པའི་ས་གནས་དེར་ཟླ་འདིའི་ཕྱི་ཚེས་བཅུ་ཡས་མས་ནས་རིར་མེ་ཤོར་ཏེ་ཉིན་བཅུ་ལྷག་ཕྱིན་འདུག དེ་ཡང་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན་མེ་དེ་བཞིན་ཐོག་མ་ནོར་ནག་དོམ་ལྷས་ཟེར་བའི་ས་གནས་དེ་ནས་འབར་འགོ་ཚུགས་འདུག རིམ་བཞིན་དེ་དང་འདབ་འབྲེལ་གྱི་ས་རྒྱ་གར་རྗེས་མཛོ་དང་ཤ་འགྱུར་ཆེ་ཆུང་ཟེར་བའི་ས་གནས་མང་པོ་ཞིག་ལ་མེ་ཤུགས་ཆེ་འབར་ཏེ་ནགས་ཚལ་མང་ཆེ་བ་ཞིག་ཚིག་ཡོད་འདུག སྐབས་དེར་ཐོག་མ་ས་གནས་མི་མང་གིས་མེ་གསོད་ཐབས་གནང་ཡང་མེ་ཤུགས་ཇི་ཆེར་འགྲོ་བཞིན་ཡོད་པས་དོན་ཕན་གསོན་མི་འདུག
མཐརལྷོ་ར་ཤང་། ཙོང་ཤོད་ཤང་། སྤང་མདའ་ཤང་ལ་སོགས་པའི་སྨར་ཁམས་ཁུལ་གྱི་ཤང་ཁག་མང་པོ་ཞིག་མཉམ་འཛོམས་བྱས་ན་མེ་བསད་ཡོད་ཀྱང་ཁུལ་དེར་གནས་བསྡོད་མི་དང་སྒོ་ཕྱུགས་ལ་གནོད་འཚེ་མ་བྱུང་བ་ཙམ་ལས་ད་དུང་གཙང་སེལ་བྱུང་མི་འདུག མེ་ཤུགས་ཆེ་བས་མེ་ལྕེ་རི་རྩེ་ཕྱི་ནང་དུ་མཐོང་རྒྱུ་ཡོད་པའི་གནས་ཚུལ་འདུག སྐབས་དེར་རྒྱ་གཞུང་གིས་དམིགས་བསལ་གྱི་རོགས་རམ་དང་མེ་གསོད་ཐབས་ཤེས་སོགས་གང་ཡང་གནང་མི་འདུག འདིའི་སྐོར་ས་གནས་མི་མང་གིས་བསམ་ཚུལ་འདྲ་མིན་བརྗོད་བཞིན་འདུག ཁག་གཅིག་གིས་རྒྱ་མི་རི་དྭགས་གསོད་མཁན་ཚོས་ཤིང་ནག་གསེས་ནས་མེ་འཇོག་སྟེ་དེ་འབར་ཡིན་ཚོད་དང་། ཡང་ཁག་ཅིག་གིས་ད་ལྟར་མེ་འབར་སའི་ས་གནས་དེ་ཚོ་བོད་ནང་གི་ཤིང་ནང་སྟོབས་ཆེ་ཤོས་གྲས་ཡིན་སྟབས་རྒྱ་ནག་གཞུང་གིས་ཉེས་ཆད་ཕོག་པའི་བོད་མི་མང་པོ་ཞིག་ད་ལྟ་ནགས་ཚལ་དེ་ཚོའི་ནང་གབ་ཡོད་པའི་དོགས་གཞིི་འོག་རྒྱ་མིའི་ཉེན་རྟོག་པས་མེ་རྒྱབ་བ་ཡིན་པའི་ཚོད་དཔག་ཀྱང་གནང་བཞིན་འདུག
ཁ་བརྡར་རྩོམ་ཡིག་འགོད་མཁན་འདིས་ཅིའི་ཕྱིར་རྩོམ་ཡིག་གི་བར་མཚམས་བཅད་ནས་ཕྲེང་འབེབས་མི་དགོས་སར་བཙན་གྱིས་མར་ཕབས་དགོས་པ་ཡིན་ནམ། འདི་ཡང་དོན་མེད་སར་བོད་ཡིག་ལ་བཟོ་བཅོས་དགོས་སྐོར་བཤད་མཁན་དེ་ཚོའི་གྲས་ཀྱི་གཅིག་མིན་ནམ་སྙམ།
གཞན་གྱི་རྩོམ་ཡིག་དང་ཀློག་མཁན་ལ་བརྩི་འཇོག་བྱེད་དགོས་པ་རེད་སྙམ།
བསམ་ཚུལ་ཙམ་ཡིན།
སྐད་ཡིག་རིག་གཞུང་དམར་པོའི་མེ་ཡིས་བསྲེགས།།
རི་ཆུ་ནགས་གསུམ་དམར་པོ་མེ་ཡིས་བསྲེགས།།
འབྱུང་བཞིའི་ལུས་ཀྱང་དམར་པོ་མེ་ཡིས་བསྲེགས།།
བོད་མིའི་ཡོད་ཚད་དམར་པོའི་མེ་ཡིས་བསྲེགས།།
སྤྱིར་རྒྱ་གཞུང་བོད་པ་ལ་ཡག་རྒྱུ་ཞིག་དང་བོད་པས་དེ་ལ་ཡིད་ཆེས་བློས་འགེལ་བྱེད་དཀའ་མོད། མ་འགྲིག་ཚང་མ་རྒྱ་གཞུང་ངམ་རྒྱ་མིས་བསམ་བཞིན་བྱེད་པ་དང་། དེ་བཞིན་རྐྱེན་ངན་བྱུང་ས་ལ་རྒྱ་མིས་ཡ་བྱས་མ་བྱུང་ཟེར་བ་འདི་འདྲ་ནི། ནེ་པ་ལི་ཚོས་ཁ་ལག་ཟས་ཚར་ཡིན་ནམ་ཞེས་མཚམས་འདྲི་བྱེད་པའི་སྲོལ་དང་འདྲ་པོ་འདུག འདི་ང་སྒེར་གྱི་བསམ་ཚུལ་ཡིན།
མི་སུ་དང་སུ་ཡིན་རིང་རླུང་རྟ་ཆག་པའི་སྐབས་ལ་བྱ་ངན་ཐམས་ཅད་མགོར་ལྷུང་བའམ་བཙན་གྱིས་འགེལ་བ་ནི་རང་རེའི་སྲོལ་ཞིག་ཏུ་འཁུམ་པས་སྐབས་འདིའི་གནས་ཚུལ་ཡང་དེ་བཞིན་ལས་མ་འདས་མོད།་་་ཕྱོགས་གཞན་ནས་བལྟས་ན་སྐད་ཆ་འདི་ལྟར་བཤད་པ་ལ་ཁུངས་ལུང་རྒྱུ་མཚན་ནི་ཅིས་ཀྱང་ཡོད་ལས་ཆེ།་་་་་དེ་མིན་ན་བོད་བཤད་དགའ་ཆེ་བ་དང་རྒྱ་ལས་དགའ་ཆེ་བ་གཉིས་ཀྱི་བར་ནས་སུ་སུ་ཞིག་ལ་ཡིད་ཆེས་གཏིང་ཟབ་མེད་པ་ཡིན་དུས་རྒྱུ་མཚན་མིག་སྟོན་ཡོད་ན་བཟང་བར་སྙམ།་་་སྒེར་གྱི་བསམ་ཚུལ་ཙམ་ཡིན།
བོད་མི་རིགས་འདི་བཞིན་ཆག་སྒོ་ཇེ་ཆེར་འགྲོ་བཞིན་འདུག་པས་ད་ནི་མི་རབས་གསར་པ་གཞོན་སྐྱེས་ཚོ་ཁ་མིག་བགྲད་པའི་དུས་ལ་སླེབ་ཡོད་པ་འདྲ།
མུ་གེ་ཐོག་ལ་ཟླ་ལྷག་རང་རེད། བོད་སྨར་ཁམས་ཕྱོགས་སུ་རང་ལུས་མེར་བསྲེགས་དང་སྐད་འབོད་གོ་རྒྱུའི་ཚབ་ཏུ་རང་བྱུང་ནགས་ཚལ་ཡོངས་རྫོགས་མེར་བསྲེགས་བྱུང་བ་ནི་བོད་པ་ལ་བྱུང་བའི་ཆག་སྒོ་རང་རེད། ཅི་ཡིན་མི་ཤེས། ལོ་གཅིག་ལོ་གཉིས་ནང་དུ་གོད་ཆག་སྣ་ཚོགས་བྱུང་བཞིན་འདུག །ད་ལོ་དང་སྔ་ལོ་བཅས་ལ་བོད་ཀྱི་ས་ཁུལ་སྟོད་ཕྱོགས་དང་ཡུལ་ཤུལ་ཕྱོགས་དང་དམིགས་བསལ་འབྲོག་པ་ས་ཁུལ་བཅས་སུ་གངས་སྐྱོན་ཤུགས་ཆེན་བྱུང་བ་དང་། ཡང་སྨར་ཁམས་ཕྱོགས་སུ་ཤིང་ནགས་མེར་བསྲེགས་བྱུང་བ་དང་། ས་ཁུལ་གཞན་དུ་བོད་མི་རང་ལུས་མེར་བསྲེགས་གྲངས་མང་བྱུང་བཞིན་པ་སོགས་ཆག་སྒོ་སྣ་ཚོགས་བྱུང་བཞིན་པ་འདི་དག་རྒྱུ་རྐྱེན་ཅིའི་ཕྱིར་བྱུང་བ་རེད་དམ། གཅིག་བྱས་ན་འགྱུར་བ་ཆེན་པོ་ཞིག་བྱུང་བའི་རེ་བ་དང་། ཡང་གཅིག་བྱས་ན་དེ་ལས་ལྡོག་སྟེ་ཆག་སྒོ་ཆེན་པོ་ཞིག་བྱུང་བ་ཞིག་ཏུ་ངོས་འཛིན་བཞིན་ཡོད། གང་ལྟར་ཡག་སྡུག་གང་ཡིན་རུང་འགྱུར་བ་ཞིག་ནི་ཡོང་ཁོ་ཐག་རེད།
༧ མཁན་པོ་དགེ་བ་འཛིན་བཟུང་བྱས་ནས་སྲིང་མོ་རྐྱེན་འདས།
བོད་ཁམས་སྟོད་་་དགེ་འབྲོང་རྫ་སྟོད་རྫོང་དུ་འདི་ལོའི་ཕྱི་ཟླ་༢་ཚེས༨་ལྷག་དཀར་ཉིན་བོད་མི་༣༠༠༠མ་ཟིན་ཙམ་ཞིག་གིས་གྲོང་སྟོད་ཞོལ་གཉིས་སུ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད། དེ་ཡང་་གཟུར་་རྫོགས་་དགེ་་གསུམ་གཙོས་དགོན་སྡེ་དང་ས་གནས་མི་མང་ཡོངས་ཀྱིས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ལོ་ལྟར་འཚོག་བཞིན་ཡོད་པར་འདི་ལོར་འཚོག་མི་ཆོག་ཅེས་དེ་སྔོན་ཆོག་མཆན་སྤྲད་པ་ཕྱིར་བསྡུ་བྱས་ཡོད་པར་བརྟེན། ཕྱི་ཟླ་༢་པའི་ཚེས་༨་ལྷག་དཀར་ཉིན་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པས། རྒྱ་གཞུང་གིས་དོག་གཞི་ཡོད་པའི་ དགེ་འབྲོང་ཞབས་ཞུ་ཚོགས་པའི་ཚོགས་གཙོ་རྫོགས་ཆེན་དགོན་པའི་མཁན་པོ་དགེ་བའམ་ཆོས་རྗེ་བླ་མ་དགེ་ལེགས་རྒྱ་མཚོ། གཟུ་རུ་དགོན་ཁོར་ཡུགས་སྲུང་སྐྱོབས་ཚོགས་པའི་དྲུང་ཡིག་་་རྨོངས་སེལ་འཛིན་གྲྭའི་་རྒན་ཀརྨ་བཀྲ་ཤིས། བཀྲ་ཤིས་ལྷ་ཕུག་དགོན་ཁོར་ཡུགས་སྲུང་སྐྱོབས་ཚོགས་པའི་ཚོགས་གཙོ་རྒན་ཨ་བོ་ལགས། དེ་བཞིན་ས་གནས་དེའི་འགོ་ཁྲིད་ཟུར་པ་ཚེ་རིང་དོན་གྲུབ། གྲྭ་ཀརྨ་སྐྱབས་སམ་རྒན་ཧྲག་པ་གཙོས་མི་མང་པོ་འཛིན་བཟུང་བཀག་ཉར་བྱས་འདུག མ་ཟད་ ཕྱི་ཟླ་༣་ཚེས་༩་མཚན་མོ་མཁན་པོ་དགེ་བ་ཉེན་རྟོག་དམག་མིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན། ཁོང་གི་སྲིང་མོ་དང་མི་ཁ་ཤས་ཤིག་ཉེན་རྟོག་ལས་ཁུངས་སུ་སོང་ནས། མཁན་པོ་དགེ་བ་ཉེས་མེད་གློད་གྲོལ་དགོས་པའི་འབོད་སྐུལ་བྱས་ཀྱང་ཉེན་རྟོག་པས་རྡུང་བརྡེག་ཚད་མེད་བཏང་རྐྱེན་ མཁན་པོས་སྲིང་མོ་དྲན་མེད་དུ་འགྱེལ་ནས་་་སྨན་ཁང་དུ་ཁུར་ཡང་དྲག་སྐྱེད་མེད་པར་འཕྲལ་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད། ཁ་སང་ཕྱི་ཚེས་༢༥་ཉིན་མཁན་པོ་དགེ་བའི་སྤུན་མཆེད་ཞིག་ཉེན་རྟོག་ལས་ཁུངས་སུ་ཁྲིད་ཏེ་ཁ་པར་རྒྱུད་མཁན་པོ་དགེ་བ་བསོན་པོར་གནས་ཡོད་མེད་ཙམ་ལས་་སྲིང་མོ་ཤི་སོང་བ་སོགས་་སྐད་ཆ་མང་པོ་བཤད་མི་ཆོག ཟེར་འདུག ཁོང་གིས་ང་ད་ལྟ་ཟི་ལིང་བཙོན་ཁང་དུ་ཡོད་་ལོ་ཤས་རིང་ཨེ་ཐུག་མི་ཤིས་སེམས་ཁྲལ་བྱས་པས་ཕན་པ་མེད་གསུང་སོང་ཟེར།
ཕྱི་ཟླ་༣་པའི་ཚེས་༢༧་ཉིན་འབྲེལ་ཡོད་ཅིག་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན་སང་ཉིན་བླ་མ་དགེ་བ་ཁྲིམས་ཐག་བཅོད་གི་ཡོད་རེད་ཟེར་པས་ང་ཚོས་དེ་རིང་སྐྱབས་འགྲོ་བར་བསམ་སྒྲོལ་མ་སོགས་བསགས་སྦྱངས་ལ་འབད་བཞིན་སྐུ་རིམ་སྒྲུབ་བཞིན་ཡོད་ཟེར་།། །།
ཕྱི་ལོ་༢༠༡༢་༣་༢༧་ཉིན་བློ་བློས་ཕུལ།།
སྨར་ཁམས་ཡུལ་ལ་མེ་ལྕེ་མཆེད་བཞིན་པ་འདི་ནི། གོང་དུ་གནས་ཚུལ་མཁོ་བསྡུ་པས་རྒྱ་རིགས་རྔོན་པ་རྣམས་ཀྱིས་སྤར་ཚུལ་བཤད་པ་ལྟར་དངོས་བདེན་ཡིན་འདུག ད་ལྟའི་ཆར་གནས་ཚུལ་གོ་ཐོས་ལྟར་ན། མེ་སྤར་མཁན་རྒྱ་མིའི་རྔོན་པ་གཅིག་འཛིན་བཟུང་བྱས་ཟིན་པ་དང་། གཞན་རྣམས་འཚོལ་བཞིན་ཡོད་ཚུལ་གོ་ཐོས་འདུག གང་ལྟར་བོད་མི་རིགས་ཀྱི་སྣོད་བཅུད་ལ་གོད་ཆགས་བཟོ་མཁན་ནི་རྒྱ་མི་རང་ཡིན་པ་གསལ་པོ་རེད་འདུག