ཐུབ་བཟང་།
ང་ཚོའི་ལས་དོན་འཐུས་ཤོར་ལས་ཀྱང་ཐུ་བ་ནི་ལས་དོན་ལ་འགོག་རྐྱེན་བྱས་པ་དེ་ཡིན། ངས་ རྟོག་འཆལ་བོད་གཞི་བྱེས་གཉིས་ཀྱི་རྒྱལ་ཕམ་ཞེས་པའི་ འདིའི་ཁ་བྱང་མཐོང་ཚེ་དྲྭ་གྲོགས་ཚོའི་སེམས་ལ་སྟབས་མ་བདེ་བ་ཞིག་འབྱུང་སྲིད་ མོད་འོན་ཅང་དེ་ནི་ཁོང་ཅག་གིས་ཞལ་ཞེས་གནང་པ་ལས་ངས་གསར་བཟོ་བྱས་པ ཞིག་མིན་པ་མུ་མཐུད་ནས་བརྗོད་བྱར་གཟིགས་དང་རྟོགས་ཐུབ། སྤྱིར་བཏང་གི་བོད་མི་རིགས་རང་གི་གོམ་གཤིས་དང་སྐད་ཡིག་རྒྱུད་འཛིན་སོགས་ཀྱི་ ཐད་ལ་གཞིས་ལུས་སྤུན་ཟླ་དག་མཆོག་ཏུ་གྱུར་བ་ཡོད། དེ་ནི་གཞི་བྱེས་གཉིས་མི་འབོར་མང་ཉུང་གིས་གཞན་གྱི་ གོམ་སྲོལ་དང་སྐད་ཡིག་གིས་བཙན་འཛུལ་བྱེད་དཀའ་སླ་ལས་གཞན་མིན། ཁྱད་པར་དུ་ཉེ་ཆར་ལོ་ངོ་ཁ ་ཤས་ནས་དམིགས་བསལ་གྱིས་བོད་སྐད་ཡིག་རྒྱུན་སྐྱོང་གི་ཆེད་དུ་སྒོ་ཀུན་ནས་ཐབས་ ལམ་འདྲ་མིན་གྱིས་དཔེ་བཟང་ལྟ་བུར་སྐྱོད་བཞིན་པ་ནི་རྒྱལ་ཁའི་སྔོན་འགྲོ་ཞིག་ ཏུ་ལྷགས། དེ་ལ་བསྡགས་བརྗོད་དང་ ཡི་རངས་འོས་པ་ཞིག་ཏུ་མཆིས་མོད། དེ་ལས་ལྡོག་སྟེ་རྒྱལ་ཕམ་གྱི་གླེང་གཞི་ཞིག་ཆགས་པ་ནི་རྒྱབ་ སྐྱོར་ལ་བལྟོས་མི་དགོས་གནོན་ཤུགས་ལ་སྐྲག་མི་དགོས་པར་རང་གིས་རང་ལ་འགོག་ རྐྱེན་བྱས་པ་ཞིག་ཡིན་པས་ནམ་ཡང་བློ་ཕམ་གྱི་ཁུར་བོ་ལྕི་མོ་ཞིག་སྟེ། དེ་ནི་གཞིས་བཞུགས་ཆོལ་གསུམ་བོད་པས་བོད་སྤྱིའི་སྐད་དུ་གཏན་ལ་ཕབས་པའི་ཐ་སྙད་ དེ་ལ་གདེང་འཇོག་མ་བྱས་པར་ཐ་སྙད་སིལ་བུའི་ལམ་བསྐྱོད་བཞིན་པའི་དབུ་འཁྱུད་འདི་ ཡིན། དང་པོ་བོད་ནང་རྒྱ་བོད་དབྱིན་གསུམ ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཀྱི་མགོ་བརྗོད་ཚིག་ཇི་བཞིན་བཀོད་པ། དེ་ཡང་སྐབས་དང་བོ་སྤྱི་ལོ་༢༠༠༥ལོའི་དབྱར་དུས་སུ་ཉེར་བསྡོགས་ཀྱི་བྱ་བ་རྣམས་ བསྒྲུབས་ཤིང་། ཟླ༡༠པར་བོད་ཆོལ་ཁ་གསུམ་མམ་ཞིང་ལྗོངས་ལྔའི་མཁས་པ་ཆེད་ལས་པ་དག་གདན་ཞུ་བྱས་ཏེ་ ཁྲིང་ཏུའུ་རུ་ཚོགས་འདུ་དང་པོ་འཚོགས་ནས་ཐ་སྙད་བསྡུ་བའི་ཁྱབ་ཁོངས་དང་མིང་ཇི་ ལྟར་གདགས་ཚུལ་གྱི་རྩ་དོན་རྣམས་གཏན་འབེབས་བྱས། སྐབས་གཉིས་པར་ཐ་སྙད་ཁྲི་ཚོ་ལྷག་ཙམ་ཞིག་གཏན་ ལ་ཕབ་ཅིང་ཐ་སྙད་དེ་རྣམས་མདོ་དབུས་ཁམས་གསུམ་གྱི་ཡིག་སྒྱུར་ལས་ཁུངས་དང་མཁས་པ་ སོ་སོའི་སྤྱན་ལམ་དུ་ཕུལ་ནས་དགོངས་འཆར་བསྡུ་ལེན་ཐེངས་དང་པོ་བྱས། སྐབས་གསུམ་པར་ཐ་སྙད་དེ་རྣམས་ཀྱི་རི་མོ་དང་འགྲེལ་བ་རྣམས་གྲུབ་པར་བགྱིས། དེའི་རིང་སྔ་ཕྱིར་ཁྲིང་ཏུའུ་རུ་མི་མཛོད་རྩོམ་སྒྲིག་པ་ཐམས་ཅད་མཉམ་འཛོམས་ཀྱི་ དཔྱར་བསྡུར་ཚོགས་འདུ་ཐེངས་བཅུ་གཉིས་འཚོགས་ནས་ཐ་སྙད་རེ་རེ་བཞིན་དུ་ལེགས་པར་ བརྟགས་ཤིང་ཡང་ཡང་བསྡུར་ནས་ཅི་ནུས་ཀྱིས་དོན་དང་འབྱོར་ཞིང་བརྗོད་བདེ་བ་སོགས་ སུ་བྱས། སྐབས་གསུམ་པའི་མཇུག་ཏུ་ ལྷ་ས་དང་ཟི་ལིང་ཁམས་དར་རྩེ་མདོ་བཅས་སུ་ཆེད་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་ འཚོགས་ནས་སླར་ཡང་དགོངས་འཆར་བསྡུ་ལེན་ཐེངས་གཉིས་པ་བྱས་ཏེ་བོད་སྤྱིའི་སྐད་དུ་ གཏན་ལ་ཕབས་པ་ཡིན་ནོ། ཞེས་བཀོད་འདུག། མཁས་དབང་མཉམ་འཛོམས་ཀྱིས་སྤྱི་སྐད་དུ་གཏན་ལ་ཕབས་པ་དེ་ སྤྱི་སྐད་དུ་ངོས་ལེན་མེད་པའི་བཙན་བྱོལ་གྱི་ཤེས་རིག་དྲུང་ཟུར་ཀརྨ་སྨོན་ལམ་ ཅན་དག་གིས། ཨིན་བོད་ཤན་སྦྱར་ཟེར་བ་ཞིག་བཏོན་པ་དང་གདོན་བཞིན་འདུག་པར་དེའི་གྲུབ་ཆ་དང་དེ་ ལྟར་བཏོན་དགོས་པའི་རྒྱུ་མཚན་ཅི་ཡིན་གསར་འགོད་པས་བཅར་འདྲི་བྱས་པར་ལན་བཏབས་པ་ འདིར་ལྟར། རྩོམ་སྒྲིག་ཚན་པའི་འགན་འཛིན་དང་ཐ་སྙད་གཏན་འབེབས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ གཅིག་ལྕོག་ང་རིང་གི་མགོར་བབས་སོང་། ཞེས་དང་། ཁོང་ཚོར་ཐོར་མར་ལྡི་ལི་ནས་ཐ་སྙད་བོད་རྒྱུར་བྱེད་སྟངས་དང་ མིང་ཚིག་གསར་བ་བཟོ་སྟངས་སྐོར་གྱི་ལམ་སྟོན་དང་ཟབ་སྦྱོང་སྤྲད་ཅིང་། དཔྱད་གཞིའི་རྒྱུ་ཆ་མཁོ་སྒྲུབ་ཀྱི་འགྲོ་གྲོན་ཆེད་སྡེ་ཁག་རེར་ཧིན་སྒོར་ཆིག་ འབུམ་ཡས་མས་ཀྱི་མཐུན་གྱུར་ཞུས་ཡོད། འོན་ཀྱང་དངོས་སུ་རོགས་ཐུབ་མཁན་རེ་ཟུང་ལས་མི་འདུག ཤེས་རིག་འོག་ནམ་རྒྱུན་ ལས་ཀ་བྱེད་མཁན་ང་ཚོ་མི་གསུམ་ལས་མེད་ཟེར། དྲིས་ལན་འདིས་ཨིན་བོད་ཤན་སྦྱར་གྲུབ་ཆ་གསལ་པོ་མཐོང་ཐུབ། ད་ནི་ཐ་སྙད་གསར་བཟོ་དགོས་པའི་རྒྱུ་མཚན་བརྗོད་པ། ༡༽བོད་ནང་ནས་ད་སྔ་གཏན་འབེབས་བྱས་པའི་ཐ་སྙད་ཆེས་ཉུང་ངུ་ཞིག་ལས་ཡོད་པ་མ་རེད་ ཟེར། ཁྱེད་ཀྱིས་བོད་ནས་སྒྱུར་ཟིན་པ་ དེ་ཆེས་ཉུང་ངུ་ཞིག་ལས་མེད་གསུང་གི་ཡོད་དམ་ཡང་ན་མ་འོངས་པར་སྒྱུར་པའི་འཆར་ གཞི་ཡོད་པ་མ་རེད་གསུང་གི་ཡོད། སྒྱུར་ཟིན་མེད་གསུང་གི་ཡོད་ན་སྒྱུར་ཟིན་པའི་མིང་མཛོད་ལ་ཐ་སྙད་ ཁྲི་གཅིག་ ལྷག་ཅིག་ ཡོད་ལ་ཁྱེད་ཀྱིས་ཨིན་བོད་ཤན་སྦྱར་སྔ་ཕྱི་གཉིས་ཀ་སྡོམས་ན་ཐ་སྙད་ཉིས་སྟོང་ ལྷག་ལས་མེད་པས་དེ་ལས་ཀྱང་ཉུང་ངུ་ཞིག་ལས་སྒྱུར་ཐུབ་མེད་པ་མ་ཡིན་ནམ། དེ་མིན་མ་འོངས་པར་སྒྱུར་བའི་འཆར་གཞི་མེད་པ་རེད་ཟེར་ན་ཐ་ སྙད་དགུ་ཁྲི་ལྷག་ཅིག་སྒྱུར་རྒྱུ་ཡིན་པ་སྔར་ནས་གསལ་བཤད་གནང་འདུག་པས་སྐུ་ངོ་ ལག་ཐུགས་ལྷོད་ལྷོད་གནང་རོགས་ཞུ། ༢༽ཡང་ཁོ་ན་རེ། འགའ་རེ་བརྗོད་བདེ་བོ་མེད་པ་དང་ཁུང་བཙན་པ་མེད་པ། ཐ་སྙད་དེའི་རྒྱབ་ལྗོངས་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་མེད་ཀྱི་དབང་གིས་དོན་ལ་ མི་འབྱོར་བ ་སོགས་ཡོང་གི་འདུག་ཟེར། སྤྱིར་དེ་འདྲ་ཁ་ཤས་ཡོད་མི་སྲིད་པ་མ་ཡིན་མོད་འོན་ཅང་ཁྱེད་ཅག་གིས་ སྒྱུར་བ་ལ་གོང་དུ་བརྗོད་པའི་སྐྱོན་ཆ་དེ་འདྲ་རྩ་བ་ནས་མེད་ངེས་པའི་ཡིད་ཆས་ བྱེད་ཆོག་པའི་གདེངས་སྤོབ་ཅི་ཡོད། ༣༽བོད་པའི་སྐད་ཀྱི་གཤིས་ཀའི་སྟེང་རྩ་བ་ནས་མེད་པ་ཞིག་ལ། བོད་ནང་དུ་༼མིས་བཟོས་འཁོར་སྐར་༽ལྟ་བུར་སྒྱུར་འདུག རང་བྱུང་མ་ཡིན་པ་དང་རང་བཞིན་མ་ཡིན་པ་ཡོངས་རྫོགས་ལ་མིས་བཟོས་ལབ་པ་ཡིན་ན། བོད་ཕྱི་ལོགས་ཀྱི་ང་ཚོས་དེ་ཁས་ལེན་གྱི་མ་རེད། དབྱིན་ཡིག་ཡིག་གི་ artificial ཟེར་ བ་དེའི་ཚབ་ལ་དེ་སྔ་བོད་ནང་བཅོས་མ་ཟེར་བ་ཞིག་ཡོད་ཡོད་པ་རེད། མིས་བཟོས་པ་ཡོངས་རྫོགས་ལ་མིས་བཟོས་ལབ་ཡིན་ན། ནམ་ཞིག་དབྱིན་ཡིག་གི་ནང་man made ཟེར་བ་ཞིག་བྱུང་ན་ཅི་ཞིག་གདགས་རྒྱུ་ཡིན། དེ་ལྟར་བྱས་པ་ཡིན་ན་སྐད་ཡིག་འཕེལ་རྒྱས་ ལ་གནོད་གི་རེད། ཅེས་ཟེར་ནས་ནོར་འཁྲུལ་ཆེན་པོ་ཞིག་ཐེར་འདོན་བྱས་ཡོད་ཁུལ་བཤད་འདུག གལ་སྲིད་དེ་ལྟར་ཡིན་ན་ནི་བོད་ཕྱི་ནང་གཉིས་ཀས་ཀྱང་ཁས་མི་ལེན་ངེས་མོད་འོན་ ཀྱང་རང་བྱུང་མ་ཡིན་པ་དང་རང་བཞིན་མ་ཡིན་པ་ཚང་མ་མིས་བཟོས་ཞེས་སྒྱུར་འདུག་གམ། མེད་ན་འབེན་མེད་སར་མདའ་འཕངས་ནས་འབེན་ལ་ཕོག་རེ་བྱས་པ་འདྲ་འདུག ༼མིས་བཟོས་འཁོར་སྐར་༽ཞེས་པའི་ཐ་སྙད་གཅིག་ཁོ་ན་འདུག་ཀྱང་དེ་ནི་དབྱིན་ཡིག་ཏུ་ བསྒྱུར་བྱ་ man-made satellite ཟེར་བ་ཞིག་རེད། ཁྱེད་ཀྱིས་གོང་དུ་བཀོད་པའི་དབྱིན་ཇིའི་ཚིག་གྲུབ་དེ་དེ་ལྟར་བསྒྱུར་བ་གསར་ བྱུང་རྒྱུན་བཀོལ་མིང་མཛོད་དུ་མི་འདུག གལ་སྲིད་དེ་ལས་གཞན་པའི་མིང་མཛོད་ཞིག་ཏུ་ཡོད་ན་ཁྱོད་ཀྱིས་གཞིས་ལུས་མཁས་དབང་ ལྷན་ཚོགས་ཀྱིས་སྤྱི་སྐད་གཏན་འབེབས་ལས་ལོགས་སུ་ཨིན་བོད་ཤན་སྦྱར་བཟོ་དགོས་ པའི་རྒྱུ་མཚན་དུ་མི་འགྲོའོ། གཞན་ཡང་ཁྱོད་ཀྱིས་བོད་པའི་སྐད་ཀྱི་གཤིས་ཀའི་སྟེང་རྩ་བ་ནས་མེད་པ་ཞིག་ལ་ཟེར་ བ་ནི་རྒྱ་མིས་བོད་སྐད་བཤད་པ་བཞིན་ལྡབ་ལྡིབ་ལས་སྨྲ་མི་ཐུབ་པ་ལ་ཟེར་ན་མངོན་ སུམ་དང་འགལ་ལ། དེ་མ་ཡིན་པར་ད་སྔོན་དེའི་ཐ་སྙད་མེད་པ་ཞིག་ལ་ཟེར་ན་དེ་ནི་ཐ་སྙད་གསར་བཟོའི་ དགོས་པ་ཡིན་པས་སྐྱོན་དུ་ག་ལ་འགྱུར། གོང་དུ་ཁྱོད་ཀྱིས་ཤེས་ཡོན་པ་དང་ཐ་སྙད་སྐོར་ལ་ལས་ཀ་བྱེད་མཁན་དེ་བཞིན་བེད་ སྤྱོད་ གཏོང་མཁན་སོགས་བོད་ནང་དུ་མང་བ་ཡོད་པ་རྩོད་མེད་རེད། དམངས་གཙོའི་ལྟ་གྲུབ་ཀྱི་ཐོག་ནས་ ཀྱང་བོད་ནང་གཙོ་བོར་འཛིན་དགོས་པ་ཆགས་ཡོད་ཅེས་མ་བཤད་དམ། བཤད་ན་དེ་ལྟར་ཡིན་པ་ མཁྱེན་བཞིན་དུ་ཐ་སྙད་གསར་བཟོའི་རྒྱལ་ཕམ་གཏུག་དགོས་པ་ཁྱེད་ལ་སུས་བཀའ་ཕབ་ སོང་། ཡང་ཁོ་ན་རེ། རིམ་གྱིས་སྤྱི་ཚོགས་ཀྱིས་སྲེག་བརྡར་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ་ཀྱི་རེད་ཟེར། གཞིས་ལས་མཁས་དབང་ལྷན་ཚོགས་དང་བཙན་བྱོལ་ཤེས་རིག་དྲུང་ཟུར་སོགས་མཁས་དབང་དག་ གི་ཐ་སྙད་རྒྱལ་ཕམ་གྱི་དཔང་བོ་ཡིག་རྨོང་རྒྱ་ཆེའི་མི་མང་གིས་བྱེད་དགོས་པ་ནི་ དགོད་ཤོད་བའི་རྒྱུ་ལས་གཞན་མེད།དེ་ལྟར་ཡིན་ན་ཁྱེད་ཀྱིས་ཐ་སྙད་གསར་བཟོ་དགོས་ པའི་རྒྱུ་མཚན་ཙམ་ཡང་མ་མཐོང་ལྟ་བུ་གསུངས་འདུག དོན་དུ་ཐ་སྙད་གཅིག་གྱུར་ལ་འགོག་རྐྱེན་ཤིག་ལས་རྒྱལ་ཕམ་གྱི་དབྱེ་བ་ནམ་ཡང་སུས་ འབྱེད་མི་ནུས། མིང་མཛོད་རྩོམ་སྒྲིག་ཚོགས་ཆུང་གིས་མིང་མཛོད་དང་ལྷན་དུ་བོད་མི་ཡོངས་ལ་འབོད་ སྐུལ་ཅིག་བྱས་ཡོད་པ་ནི་འཆི་ལ་མངོན་པར་ཕྱོགས་པའི་སྐད་ཡིག་མྱུར་སྐྱོབ་ཀྱི་ ཚོགས་པའི་ཁུངས་སུ་བོད་མི་ཡོད་དོ་ཅོག་ཞུགས་དགོས་པ་དང་དེ་བཞིན་བོད་སྐད་ཡིག་ གཅིག་གྱུར་ལ་གནོད་པས་གཞན་དག་གིས་རེ་ཞིག་མིང་མཛོད་དང་ཐ་སྙད་གསར་སྒྱུར་མ་ བྱེད་རོགས་གལ་སྲིད་མིང་མཛོད་འདིའི་ནང་བཀོད་ཡོད ་པའི་མིང་རྣམས་ལ་དོན་དང་མཐུན་མིན་གྱི་དོགས་པ་དང་བརྗོད་ཚུལ་ལེགས་པ་གཞན་ཅི་ ཡོད་ན་རེའུ་མིག་ཏུ་བྲིས་ནས་རྩོམ་སྒྲིག་མི་སྣར་སྐུར་བའམ་ཡང་ན་ཁ་པར་དང་དྲྭ་ ཡིག་བརྒྱུད་ནས་འབྲེལ་གཏུག་གནང་བར་འཚལ་ཞུ་ཞེས་པ་ནི་བོད་མི་རིགས་ཀྱི་སྐད་ཡིག་ གི་ ཆེད་དུ་བོད་མི་རང་ལ་འབོད་སྐུལ་ཞུ་གི་ཡོད་པ་ལས་གཞན་རྒྱ་ནག་མི་མང་དང་ཡང་ན་ མཉམ་འབྲེལ་རྒྱལ་ཚོགས་ལྟ་བུ་ལ་ཞུ་གི་ཡོད་པ་མིན། ད་དུང་ཁྱེད་ཀྱིས་རྒྱ་གར་དང་བོད་གཉིས་ཀྱི་འབྲེལ་བར་མཚོན་ན་ལོ་སྟོང་ཕྲག་གི་ ལོ་རྒྱུས་ཡོད་ལ། བཀའ་སྟན་འགྱུར་སོགས་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་བ་རྒྱུ་མཚན་དུ་བྱས་ཏེ་ རྒྱ་གར་སྐད་བོད་སྐད་ལ་ཤན་ཞུགས་ན་ཉེན་འཚབ་ཆུང་བ་ཡོད་ཚུལ་དང་། བོད་སྐད་དང་རྒྱ་གར་སྐད་གཉིས་ཀྱི་གཤིས་ཀ་ཐག་ཉེ་བོ་དང་བོད་སྐད་ནང་སྤྱོད་བདེ་ བོ་སོགས་ཀྱི་ཁྱད་ཆོས་ཡོད་ཚུལ་བཤད་པ་ནི་ཕྱོགས་ཞེན་དང་། བོད་ནང་གིས་ཆོས་རིག་གི་ཚབ་ཏུ་སློབ་གསོ་ལ་བསྒྱུར་བ་དེར་སྡང་ཟུག་བྱས་པ་འདྲ་ བོ་ཐོན་འདུག་པ་ལས་གཞན་དོན་སྙིང་ལྡན་པའི་དྲིས་ལན་ཅིག་མཐོང་མ་སོང་། དེས་ན་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་སྐུལ་བོད་མི་ རང་ངོས་ནས་རྩིས་མེད་ལྡོག་རོལ་དུ་བཏངས་ན་གཞན་སྟོབས་ཆེན་ཁབ་དག་ལ་བོད་དོན་ རྒྱབ་སྐྱོར་ཆེད་དུ་འབོད་བསྐུལ་ཇི་ལྟར་བྱེད་དགོས་སམ། བོད་ནང་དུ་བོད་སྤྱི་སྐད་འདི་ལ་གཞི་བཅོལ་ནས་སྐད་ཡིག་རྒྱུན་འཛིན་གྱི་ཚ་རླབས་ ཤིག་འཁྱིལ་བཞིན་ཡོད་ཀྱང་དེ་བོད་གཞུང་གིས་ངོས་ལེན་མ་གནང་པའི་སྐད་ཆ་ཐོས་ན་ཐ་ སྙད་གསར་སྦྱང་ལ་ལེ་ལྷོད་ཅིག་འབྱུང་ངེས་པས་དེ་ནི་བོད་མི་རིགས་ཀྱི་གྱོང་གུད་ ཅིག་རེད། དེ་བཞིན་ད་ལྟ་སློབ་དགེ་དང་ཆེད་ལས་པ་ཡིག་སྒྱུར་པ་སོགས་མང་པོ་ཞིག་ གི་འདི་རྩིག་ཆེན་དུ་བཟུང་ནས་སྦྱང་བསྐུལ་ བྱེད་བཞིན་པ་དག་གིས་ཀྱང་ང་ཚོ་བྱེས་འབྱོར་བར་འཛིན་སྟངས་གསར་བ་ཞིག་འབྱུང་ སྲིད་ལ། དེ་ཡང་བོད་མི་རིགས་ཀྱི་ གྱོང་གུད་ཅིག་རེད། བོད་རྒན་གཞོན་རྒྱ་ཆེའི་མི་མང་གིས་ཐ་སྙད་ཁྲི་ཁྲག་མང་པོ་ཞིག་གཞི་ནས་ སྦྱང་མགོ་བཙུགས་དགོས་པའི་དུས་འདིར་དེའི་མཐུན་རྐྱེན་དུ་གཅིག་གྱུར་གྱི་ཐ་སྙད་ དེ་བརྙན་འཕྲིན་དང་ཚགས་པར་དྲྭ་ཚུགས་ཅ་དངོས་ཀྱི་ཁ་བྱང་སོགས་སྒོ་དུ་མ་ཞིག་ནས་ མཐོང་ཐོས་རྣམས་ཡིད་འཇག་བྱེད་དགོས་པ་ལས་སློབ་ཕྲུག་ཅིག་གིས་སློབ་སྦྱོང་བྱེད་ སྟངས་ལྟ་བུ་མིན། དེས་ན་ཨིན་བོད་ཤན་སྦྱར་འདི་དང་འདི་རིགས་མང་པོ་བཏོན་ན་སྐད་ཡིག་གཅིག་གྱུར་ལ་ གནོད་མིན་དགེ་སྐྱོན་གང་ཆེ། དེ་བཞིན་བོད་མི་རིག་གི་སྐད་ཡིག་གཅིག་འགྱུར་བྱུང་ན་དགེ་མཚན་ཡོད་དང་མེད་ཡང་ན་ བོད་ནས་སྒྱུར་བའི་མིང་མཛོད་དེ་ཚོ་རེ་ཞིག་མཚམས་འཇོག་རོགས་ཞེས་འབོད་སྐུལ་དགོས་མིན་སོགས་སྨྱུག་གྲོགས་ཚོས་དགོངས་ཚུལ་རེ་འབྲི་རོགས།།
ཐ་སྙད་གཅིག་གྱུར་གལ་ཆེན་པོ་རེད། ཚང་མ་ཀློག་ཚར།
I really do support your views on the issue of translation.
ཐུབ་བཟང་ལགས་ཀྱིས་བཤད་པ་ལ་གནས་ལུགས་འདུག ཤེས་རིག་དྲུང་ཟུར་ཀརྨ་སྨོན་ལམ་ཟེར་བ་འདིས་གཞི་བཤེས་གཉིས་ཀྱི་དབར་ལ་སུ་ཕམ་སུ་རྒྱལ་གྱི་འགལ་ཟླ་བཟོས་དགོས་དོན་གང་ཡིན་ནམ། སུ་ཕམ་སུ་རྒྱལ་གྱི་འཐབ་རྩོད་ཅིག་གི་མགོ་བརྩམས་དགོས་ངེས་པའི་རྒྱུ་མཚན་ཅི་ཞིག་བགྲངས་རྒྱུ་ཡོད།
ཁོ་པས་བཤད་པ་ལྟར་ན་མཐའ་མ་དེར་གཅིག་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་ཚུལ་བྲིས་ཡོད་པ་ངས་ཀྱང་མཐོང་མྱོང་ཡོད། བོད་ནང་གི་མཁས་དབང་ཚོས་ཕྱག་ལས་གནང་སར་ཤེས་རིག་ལས་ཁུངས་ནས་སྒོར་མོ་འཕྲོ་བརླགས་མ་བཏང་ན་ཡག་ཤོས་རེད།
འདི་ཚོ་ཉོན་དང་བོད་གཞི་བྱེས་གཉིས་ཀྱི་སྐད་ཡིག་ག་ཚོད་ཕྱིན་ཡོད་ཧ་གོ་ས་རེད།
http://virtualreview.org/china/zoom/1705941/tibet-new-song-2010-from-my-sister
མཁས་དབང་ཀརྨ་སྨོན་ལམ་ལགས་ཀྱིས། ་་་་མཐའ་མ་དེར་གཅིག་ལ་རྒྱལ་ཁ་ཐོབ་རྒྱུ་་་་་ རེད་སོགས་ཚིག་དུམ་ལ་ལོག་འགྲེལ་མ་གནང་ན་མི་ལེགས་སམ།
པད་མ་ལགས། བལྟས་བཏང་ང་། ཨ་་ཨ་་་ཨ་འབྲོག་མོ་དེས་རྒྱ་སྐད་དག་མོ་བཤད་བཞག་ཡོད་ཐལ། བཤད་ས་ནོར་སོང་བ་མ་གཏོགས་བཤད་སྟངས་འགྲིག་འདུག
ཡ་དྲ་གྲོགས་ཚོ། གླེང་དགོས་པའི་རྒྱ་བོད་གཉིས་ཀྱི་རྒྱལ་ཕམ་ཞེས་མི་གླེང་བར། གླེང་མི་དགོས་པའི་བོད་གཞི་བྱེས་གཉིས་ཀྱི་རྒྱལ་ཕམ་ཞེས་གླེང་དགོས་པར་གང་ཡིན་ནམ། ལོ་གཉིས་སྔོན་གྱི་སུམ་བཅུའི་དུས་དྲན་ནས་བཟུང་སྟེ་བོད་གཞི་བྱིས་གཉིས་ནས་མི་འབོར་མང་ཉུང་དང་སྟོབས་ཆེ་ཆུང་ལ་མ་ལྟོས་པར་འཛམ་གླིང་རྒྱལ་ཁབ་ཀུན་ཏུ་བོད་ཞེས་ལབ་པ་དང་མཉམ་དུ་ཚང་མས་ཧ་གོ་རྒྱུ་ཐུབ་པ་ཞིག་བྱྭང་བ་འདི་ཉམས་ཆུང་བོད་བསད་ཀྱང་མི་འཆི་བའི་དཔང་རྟགས་ཞིག་རེད།