ཁྲོ་གཏུམ།
ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༢ གྱི་ཉིན་རྒྱབ། ནེའུ་སོ་ཐི་བེལ་ NSW ཁྱབ་ཁུངས་ཀྱི་མེར་ཁྲི་ལན་ཊི་Maitland ས་ཁུལ་ཏུ། ས་གནས་གཞུང་གིས་ལོ་རེར་འཆར་ཅན་གོ་སྒྲིག་བྱེད་བཞིན་པའི་River-lights multicultural festival གཙང་བོའི་གློག་ཞུའི་རིག་གཞུང་སྣ་འདུས་ཀྱི་དུས་སྟོན་ཐེངས་ ༨ པར་ཨོ་གླིང་གནས་མཁར་གསར་(Newcastle Tibetan community )བོད་རིགས་མཐུན་ཚོགས་མཉམ་ཞུགས་བྱས་ཡོད།
དེ་ཡང་ཐེངས་འདིའི་དུས་སྟོན་མཛད་སྒོའི་ལག་ཁྱེར་དེབ་ཆུང་དུ་བཀོད་པ་ལྟར་ན། རྒྱལ་ཁབ་༢༡ གིས་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གཞུང་ལས་གཞས་སྣ་འཁྲབ་སྟོན་དང་། རྒྱལ་ཁབ་རང་རང་གི་དམིགས་གསལ་ཟས་མཆོག་ཚོང་འགྲེམས་བྱེད་པ། སོ་སོའི་སྐད་ཡིག་གི་དབྱངས་གསལ་དང་མཚམས་འདྲིའི་སྐད་དོད་སློབ་འཁྲིད་བྱེད་སའི་སྡིངས་ཆ་ཡོད་པ་མ་ཟད། ལག་ཁྱེར་དེབ་ཆུང་ནང་དུ་བོད་ཀྱི་རྒྱལ་དར་དང་མཉམ་སྦྱར་གྱིས་བོད་ནི་འཛམ་གླིང་གི་ཡངས་རྩེ་རུ་ཡོད་ལ། བོད་ཀྱི་རྒྱལ་ས་ལྷ་ས་དང་མི་འབོར་ས་ཡ་ ༦ ཡོད་ཅེས་བཀོད་འདུག
སྐབས་འདིའི་དུས་སྟོན་ཐོག་འདི་ག་བོད་རིགས་མཐུན་ཚོགས་ངོས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཅ་དངོས་རིགས། ༧གོང་ས་མཆོག་གི་བཀའ་སློབ་དང་འབྲེལ་བའི་དེབ། འོད་སྡེར་སོགས་བཤམ་སྟོན་བྱེད་ཞོར་བོད་ཀྱི་ཟས་མཆོག་མོག་མོག་གི་བྲོ་བར་རྒྱ་ཁབ་འདྲ་མིན་གྱི་ཁྲོམ་འདུས་མི་སྣར་རིན་མེད་རོལ་མྱོང་བྱེད་དུ་བཅུག་ཅིང་། འདི་གའི་Tibetan Children’s School in Newcastle and Hunter Region གཟའ་ཉི་མའི་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་མངའ་རིས་སྒྲ་སྙན་རྡུང་ཞོར་༼གཞས་ར་ཕྲ་མོ༽མཉམ་ལེན་དང་ཞབས་བྲོ་འཁྲབ། དགོང་ཁའི་གཙང་བོའི་གློག་ཞུའི་བྱ་འགུལ་ཁྲོད་བོད་ཀྱི་ཁྱད་ཆོས་ལྡན་པའི་གློག་ཞུ་ཡང་རྒྱ་ཁབ་འདྲ་མིན་གྱི་གློག་ཞུའི་མཉམ་དུ་གཙང་ངོགས་སུ་གཡོར་གྲུ་ཞིག་དང་མཉམ་བརྡལ་ཞིང་། གཙང་འགྲམ་གྱི་གསེག་ངོས་སུ་བོངས་ཆེ་བའི་གླག་རྒོད་དང་འབུ་བླ་མ་ཎི་སོགས་ཀྱི་གློག་ཞུས་མཁའ་དབྱིངས་ནས་ལྡིང་སྐོར་བྱས་ཏེ་རང་དབང་གི་ལྷ་མོའི་གཟུགས་ཀྱི་གློག་ཞུ་བོངས་ཆེན་པོའི་རྟོག་ལྡིང་ལ་གཡས་སྐོར་དང་གཡོན་སྐོར་བྱེད་ཅིང་། ལྟད་མོ་བས་ཆར་སིམ་སིམ་ཁྲོད་ལྟད་མོར་གཡེང་བ་དང་དགའ་བའི་སྐད་དོད་གང་མང་ཞིག་གིས་གཙང་འགྲམ་གྱི་ལྷིང་འཇགས་གཉིད་ལས་དཀྲོགས་ཡོད་པ་ཁོ་ཐག་ཡིན། འདི་ལོ་ནི་ཨོ་གླིང་གནས་མཁར་གསར་(Newcastle Tibetan community )བོད་རིགས་མཐུན་ཚོགས་གཙང་བོའི་གློག་ཞུའི་རིག་གཞུང་སྣ་འདུས་ཀྱི་དུས་སྟོན་ལ་མཉམ་ཞུགས་བྱས་པ་ཐེངས་ལྔ་བ་ཆགས་ཡོད།
ཨོ་གླིང་བོད་པ་ཚོས། ནང་འཁྲུགས་ཅང་་ལ་དུས་ཚོད་གཏོང་།
བོད་པ་ནང་འཁྲུགས་རྒྱབ་མཁན་གྱི་ས་གནས། ཆབ་སྲིད་བརྫུན་མ་ཅན་གྱི་བོད་པ་ཨོ་གླིང་།
ཧཧཧཧཧཧ།
ཨོ་གླིང་ནང་གི་བོད་པ་ཚོ་ནང་འཁྲུགས་དང་ཕྱོགས་རིས་བྱེད་པ་ལ་སྐད་གྲགས་ཡོད་པ་མ་ཟད་མཐུན་ཚོགས་ཀྱི་མིང་འབོད་ཀྱིས་མི་མང་འཛོམས་སར་ཤ་མོག་མོག་བཙོང་ནས་ཤ་ཟ་ཁྲག་འཐུང་བྱེད་སྟང་འདིས་དམིགས་ཡུལ་ག་རེ་ཡིན་ནམ། རྒྱལ་བའི་བཀའ་སྒྲུབ་ཁུལ་རེད་པས།