གནས་ཚུལ་མཁོ་སྤྲོད་པ། ཁྱུངཿསྨོན་ལམ།
ཕྱི་ལོ་༢༠༡༣ ཟླ་༧ ཚེས་༡ ཉིན་ཏེ་བོད་ཆུ་སྦྲུལ་ལོའི་ཧོར་ཟླ་༥ ཚེས་༢༤ ཉིན་འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁོངས་སུ་གནས་ཆགས་པའི་བོན་གཞིས་ཐོབ་རྒྱལ་གསར་པ་རུ་བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་འཚོགས་ཡོད་པ་རེད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩།༠༠ ཐོག་བོན་བུ་ཁྱིམ་ཁང་གི་རྩེད་ཐང་དུ་༸དཔལ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་མི་དབང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་ཚབ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་བཅས་ཚོགས་མགོན་དུ་གདན་ཞུས་ཆིབས་བསྒྱུར་གནང་ཡོད་པ་དང་། གཞན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། ས་གནས་འཐུས་མི་ཚོགས་འདུའི་ཚོགས་གཙོ། ས་གནས་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་འགོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་། ༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཉེར་པ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། བོན་གཞིས་ཉིན་སློབ་ཀྱི་དགེ་ཆེ་སོགས་སྐུ་མགྲོན་ཁག་དང་། གཞན་ཡང་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་ཕྱི་རྒྱལ་སྦྱིན་བདག་ཁག་དང་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་ཟུར་པ། ཕ་མའི་སྐུ་ཚབ་སོགས་མདོར་ན་སྐྱ་སེར་མི་མང་༦༠༠ ཙམ་འདུ་འཛོམས་བྱུང་ཡོད།
ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞུགས་མར་སྒྲོན་འབུལ་གྱིས་མཛད་སྒོ་དབུ་འབྱེད་གནང་ཡོད་པ་དང་། དེ་ནས་ཚང་མ་སྐུ་བཞེངས་ཐོག་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དང་། འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་སྐུ་མགྲོན་སོགས་སེར་སྐྱ་ཕོ་མོ་ཡོངས་ལ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ཡོད་པ་རེད། དེ་ནས་བོན་བུ་ཁྱིམ་ཁང་གི་དྲུང་ཆེ་སྐལ་བཟང་དོན་འགྲུབ་ལགས་ནས་མཛད་སྒོའི་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་དང་། བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་གིས་བོན་བུ་ཁྱིམ་ཁང་གི་འདས་མ་ད་གསུམ་གྱི་ལོ་རྒྱུས་སོགས་ངོ་སྤྲོད་དང་ལས་བསྡོམས་ཟབ་རྒྱས་གསུངས། དེ་བཞིན་ས་གནས་ཉིན་སློབ་ཁང་གི་སློབ་སྤྱི་དང་། ༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་། ས་གནས་བོན་གཞིས་ཐོབ་རྒྱལ་གསར་པའི་འགོ་འཛིན། གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བཅས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་ཟབ་རྒྱས་གནང་ཡོད་པ་དང་བར་མཚམས་རྣམས་སུ་བུ་ཁྱིམ་ཁང་གི་སློབ་ཕྲུག་ཁག་ནས་མཉམ་གཞས་དང་ཞབས་བྲོ་སོགས་ཀྱང་གཟིགས་འབུལ་ཞུས།
དེ་མཚམས་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་བཀྲིན་བསྐྱངས་པ་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་འགྲོ་བ་མི་ཡི་སྐྱེ་ལུས་ཤིག་བླངས་པ་ཚུན་དགེ་སྡིག་བླང་དོར་དང་། ཤེས་བྱ་ཡོན་ཏན་གྱི་རྣམ་བཞག་ལ་འབད་བརྩོན་བྱ་ཕྱོགས། ༸གོང་ས་དོན་གྱི་བདག་པོ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐོག་མར་བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་ས་བོན་བསྐྲུན་རྒྱུར་གལ་ཆེ་ཤོས་སུ་གཟིགས་གནང་ཡོད་པ་དང་། རང་ཅག་བོན་པོ་རྣམས་ལའང་རྒྱུན་དུ་བཀའ་དྲིན་བརྩེ་གཟིགས་སྐྱོང་ཚུལ། ཧི་མ་ལ་ཡའི་མཐོ་སྒང་འདིའི་ཁྱད་ནོར་ཞང་ཞུང་བོན་གྱི་གྲུབ་མཐའི་བྱུང་རབས་སོགས་ལ་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་རྣམས་ཀྱིས་ཆེ་མཐོང་སྤྲོད་སྟངས། ནང་པ་གཤེན་རབ་པའི་བཞེད་དགོངས་ལས་འཕྲོས་པའི་ཕྱི་ནང་གྱི་གྲུབ་མཐའི་ཡིན་ལུགས། མཐོང་རྒྱ་ཆུང་བའི་སྤྱི་ཚོགས་ནང་སྐོར་ར་གཡས་གཡོན་ལས་འཕྲོས་པའི་གྲུབ་མཐའི་རྩོད་རྙོག་ཆུང་རྩག་རིགས་ཡོང་ཉེན་ཁ་གསལ་གོ་བདེའི་གསལ་བཤད། གཞོན་སྐྱེས་སོ་སོར་ཆོས་དད་ཡོད་མེད་ཇི་ལྟར་ཡང་ཕ་མེས་ཡང་མེས་ནས་བརྒྱུད་པའི་རང་གི་རིག་གཞུང་ལ་བདག་སྐྱོང་བྱ་དགོས་ཚུལ། བུ་ཁྱིམ་གྱི་དབུ་འཛིན་གཙོས་པའི་འབྲེལ་ཡོད་ཡོངས་ནས་ཕྲུ་གུ་ལ་བདག་སྐྱོང་གིས་རིན་ཐང་ལྡན་པའི་མི་ཚེའི་འགྲོ་སྟངས་བཟོས་པ་ནི་ཕ་མ་ལས་ཀྱང་བཀའ་དྲིན་ཆེ་བ་ཡིན་པ། དཔལ་ལྡན་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་སོགས་གལ་ཆེའི་བླང་དོར་གྱི་བཀའ་སློབ་སྐྱབས་འཇུག་སྩལ།
མཐར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་གིས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མཛད་བྲེལ་དབང་གིས་ཐུགས་ཁོམ་མ་བྱུང་ཡང་། དྲུང་ཆེ་ཁོང་ཉིད་སྐུ་ཚབ་ཏུ་ཆེད་གཏོང་གནང་བ་ལྟར་བོན་གཞིས་སུ་འབྱོར་ཏེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྟེན་དང་བརྟེན་པས་གཙོས་བོན་གཞིས་གྱི་སྣོད་བཅུད་ཡོངས་ལ་མཇལ་གཟིགས་གི་གོ་སྐབས་བྱུང་བ་སྐལ་པ་བཟང་པོ་བྱུང་། བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེས་དབུས་པའི་ལས་སྣེ་ཡོངས་ནས་མི་ལོ་༢༥ རིང་སྐུ་ལས་བསྐྱོན་ཏེ་སློབ་ཕྲུག་མང་པོ་སྐྱེད་སྲིང་གནང་བར་བཀའ་དྲིན་ཆེ་ཞེས་དང་། བཀའ་ཤག་གི་ལྟ་གྲུབ་གསུམ་པོའི་སྙིང་དོན་ངོ་སྤྲོད། དམིགས་བསལ་སྲིད་སྐྱོང་མཆོག་གིས་ཤེས་ཡོན་ཐོག་ཐུགས་རེ་གནང་བ་བཞིན་སློབ་ཕྲུག་རྣམས་ནས་འགན་ཁུར་ཆེ་བཞེས་དགོས་ཚུལ། ༸གོང་ས་མཆོག་གི་དགོངས་བཞེད་ལྟར་གནའ་དེང་ཤེས་བྱ་ཟུང་ལ་སྦྱང་བརྩོན་གྱིས་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གྲུབ་མཐའ་རང་རང་གི་ལྟ་གྲུབ་ཀྱི་སྙིང་བཅུད་ལ་ཉམས་ལེན་བྱས་ཏེ་དེང་འཁྲུག་ཆ་ཆེ་བའི་དུས་ཚོད་འདིར་ཡ་རབས་བཟང་སྤྱོད་ཀྱི་ཞག་རྩི་མ་ཡལ་བ་དགོས་སྐོར། གཞིས་ཆགས་འདི་ནས་སྐྱེ་འཚར་བྱུང་བའི་ན་གཞོན་བཅུ་ཕྲག་གཉིས་མ་ཟིན་ཙམ་ཀྱིས་གངས་ཅན་སྐྱིད་གཤོངས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནང་ཕྱག་ལས་གནང་བཞིན་ཡོད་པ་རྣམས་ནི་གཞིས་ཆགས་ཀྱི་གཞི་ཁྱོན་ལ་གཞིགས་ན་ཉུང་ཉུང་མིན་པ་དང་། ཁོང་རྣམས་ནི་ཤེས་བྱ་ཡོན་ཏན་དང་ལྡན་ཞིང་། ཉམ་ཆུང་ཚུལ་མཐུན་ཅན་ཤ་སྟག་ཏུ་མཐོང་བས་འབྲེལ་ཆགས་སྐྱེད་སྲིང་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་ད་ལྟ་འཚར་ལོངས་བྱེད་བཞིན་པའི་སློབ་ཕྲུག་རྣམས་ཀྱིས་ཀྱང་ཁོང་རྣམ་པར་མིག་དཔེ་ཡར་ལྟ་དགོས་ཚུལ། མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་དབུས་བོན་བསྟན་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་པར་སྲིད་མཐར་བརྟན་ཅིང་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་བཅས་གསུང་བཤད་ཟབ་རྒྱས་གནད་དུ་སྨིན་པ་གནང་།
གཞན་ཡང་བོན་བུ་ཁྱིམ་ཁང་གི་ལས་བྱེད་རྣམས་དང་ཕྱི་རྒྱལ་རོགས་ཚོགས་སྦྱིན་བདག་ཁག་ལ་བཀའ་དྲིན་ལེགས་གསོལ་མཚོན་དོད་སོགས་གང་རྒྱས་ཕུལ་ཡོད་པ་དང་། ཉེར་ལྔའི་དྲན་དེབ་ཅིག་ཀྱང་འགྲེམས་སྤེལ་གནང་སྟེ་སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས་ནས་སྔ་དྲོའི་ལས་རིམ་མཇུག་གྲུབ། ཕྱི་དྲོའི་ཕྱག་ཚོད་ ༥།༠༠ པའི་སྐུ་མགྲོན་རྣམས་བོན་བུ་ཁྱིམ་ཁང་གི་ཁོར་ཡུག་ཁག་ལ་གདན་ཞུས་ཀྱིས་གནས་སྟངས་ངོ་སྤྲོད་དང་། དེ་རྗེས་བོན་བུ་ཁྱིམ་ཁང་གི་སློབ་མ་ལས་ཟུར་རྣམས་ཀྱིས་ད་ལན་ཆེད་དུ་གོ་སྒྲིག་ཞུས་ཡོད་པའི་གནའ་དེང་གི་གླུ་གཞས་ཞབས་བྲོ་སོགས་གཟིགས་འབུལ་ཞུས་མཐར་བོན་བུ་ཁྱིམ་ཁང་གི་འབྲེལ་མཐུད་པ་ཕུན་ཚོགས་དར་རྒྱས་ལགས་ནས་མཛད་སྒོའི་མཇུག་བསྡོམས་དང་ཐུགས་རྗེ་ཆེའི་ཞུའི་གཏམ་བཤད་སོགས་གནང་ནས་མི་ལོ་༢༥ འཁོར་བའི་མཛད་སྒོ་བདེ་བླག་ངང་གྲུབ་ཡོད་པ་རེད།
གནས་ཚུལ་ཞིབ་རྒྱས་འདི་ནས་གཟིགས་http://theyungdrungbon.com/?p=5112#more-5112
འབྲེལ་ཡོད་དྲ་ཚིགས་གཞན།
http://www.bchdolanji.org/
བཀའ་འདྲི་ཞུ་ཡུལ། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེའི་ཞལ་པར་ཨང་གྲངས་ +91-9816022412 འདི་ཡིན།
བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༢༥ འཁོར་བར་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།
བཀྲ་ཤིས་བདེ་ལེགས་དང་དགའ་བསུའི་རྟེན་འབྲེལ་ཞུ།
བོན་ཟེར་པ་དེ་ཆོས་ལུགས་ཀྱི་ལྟ་གྲུབ་ལོག་ག་ཞིག་རེད་དམ། ཡང་ན། མི་རིགས་དང་རིགས་རྒྱུད་ཡན་གར་པ་ཞིག་རེད་དམ། བོད་ཀྱི་ཆོས་རྒྱུད་སོ་སོར་རང་རང་གི་གཞིས་ཁུངས་ལོགས་སུ་ཡོད་རེད་པས།
ཀྲུང་གོ་དབུ་བརྙེས་པ་དང་བོན་རྒྱལ་རིང་ལུགས་དབུ་བརྙེས་པ་ཐལ་བ་རྡོབས།
ཨ་ཕྱི་རྩོམ་རྐུན་དེ་ཡང་སྐད་ངན་ཤོར་འདུག
བོད་ཀྱི་གཏམ་དཔེ་ལ། བཀྲ་ཤིས་པའི་གསས་མཁར་བརྩེགས་སར། ལྟས་ངན་པའི་ཀི་སྒྲ་འདེབས། ཟེར་བ་དེ་ཅིས་མི་བདེན། རྩོམ་རྐུན་ཇག་པ་དེ་རིགས་ལ་ཡ་བྱེད་ལོང་མི་འདུག
་་་་་ དེ་ནས་ཚང་མ་སྐུ་བཞེངས་ཐོག་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དང་། འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་སྐུ་མགྲོན་སོགས་སེར་སྐྱ་ཕོ་མོ་ཡོངས་ལ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ཡོད་པ་རེད། ་་་་ཟེར།
བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བར་རྟེན་འབྲེལ་ཞུ།
གོང་གི་ཨ་ཕྱི་ཟེར་བ་དེ་སྨྱོན་པ་རེད་པས།
ཨ་ཕྱི་ལགས་ཀྱིས་ག་རེ་གསུང་གི་་་འདུག་་་་་་གནའ་དཔེར་་་མི་ཚེ་གཅིག་གི་ཆ་རྒྱུས་་དེ་་་་་སྐད་ཆ་བཤད་སྟངས་གཅིག་གིས་གསལ་་་་ཞེས་པའི་དཔེ་ལྟར་་་་་་ཆཨ་ཕྱི་ལ
གས་སྡང་རྨོངས་གསུམ་ཅན་གྱི་མི་ཞིག་ཡིན་པ་ཧ་གོ་སོང
ངོ་ནས་ཡིད་སྨོན་སྐྱེས་པ་སྐྱེ་དགོས་པ་དང་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་རེད། ང་ཚོ་བོད་མི་ཚང་མས་རང་རང་ས་ནས་རང་དོན་རང་གཅེས་འདི་ལྟར་བྱས་ན། བོད་ཟེར་ནས་འཛམ་གླིང་སྟེང་ནས་སྟོབས་ཆེན་ཞིག་མ་ཆགས་ན་ཡང་། ཉམས་ཐག་ཙུག་ཆགས་རྒྱུ་མ་རེད་བསམ་གི དེ་བཞིན་དུ་བླ་སྤུལ་དགེ་བཤེས་རྣམས་ཀྱི་ཀྱང་འབངས་མི་གནས་ཁྲིད་དང་ཞབས་སྐྱོར་གནང་ནས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་ཀྱི་ཕྱོགས་སུ་ཁ་ཕྱོགས་པ་ནི། དགའ་མགུ་ཚད་མེད་སྐྱེས་ཡོང་གི་འདུག
བོད་ཀྱི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ནི་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ཆེ་བ་དང་གྲངས་མང་བ་ཞིག་མིན་ནའང་བོད་ཀྱི་གཏམ་དཔེ་ལ། ཐབ་ཆུང་ཆུང་ཆུང་མེ་ཚ་བོ་ཟེར་སྲོལ་ཡོད་པ་བཞིན་དགོན་པ་ཆེན་པོ་དང་གྲྭ་པ་མང་པོ་དེ་ཙམ་མེད་ཀྱང་ཡོད་པ་དེ་ནང་ཁུལ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དང་། བོན་བསྟན་འཛིན་སྐྱོང་སྤེལ་གསུམ་སོགས་གང་སྤྱིར་སུ་ལ་ཡང་གཞན་དྲིང་འཇོག་མི་དགོས་པ་ཞིག་ཡོད་པ་ནི་ཀུན་གྱི་མཐོང་གསལ་རེད། དེས་ན་གནའ་ནས་ད་བར་༧གོང་ས་མཆོག་གི་དབུས་བཙན་བྱོལ་དུ་གནས་པའི་གཞུང་དང་བླ་དཔོན་ཁག གཞིས་བཞུགས་པཎ་ཆེན་རིན་པོ་མཆོག་གི་དབུས་ཀྲུང་གོ་གཞུང་དང་བླ་དཔོན་རྣམས་ནས་གཡུང་དྲུང་བོན་གྱི་ཆོས་ལུགས་ལ་ཤུགས་ཆེའི་རྒྱབ་སྐྱོར་དང་འབྲེལ་ཆོས་ལུགས་སྤྱི་མཚུངས་ཀྱི་ཐོབ་སྟངས་དང་གོ་གནས་འདྲ་མཉམ་གནང་དང་གནང་བཞིན་པ་དེ་ལྟར་ཡང་། ཆོས་ལུགས་ཕྱོགས་རིས་དུག་ཀྱིས་གཟིར་བའི་དྲ་འབུ་རེ་ཟུང་ནས་ཚིག་ངན་གྱིས་བཤེ་བ་ནི་རང་ཉིད་ཡར་རྒྱས་ལྡན་པའི་སྤྱི་ཚོགས་ཁྲིད་ནས་ངོ་གནོངས་དགོས་པ་ཤིན་ཏུ་ཐ་ཆད་བྱ་ངན་ལས་མ་འདས་ན་གད་སྙིགས་དང་ལྷན་དོར་བ་ལས་ནམ་ཡང་བདག་སྤྲོད་བྱེད་མི་འོས་སོ།།
བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མོ་ལོ་ཉེར་ལྔ་འཁོར་བ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ངས་བཤད་པ་དེ་ཁ་ལ་ཐ་བར་རྒྱོབ་ཟེར་ཀྱིན་མེད་གདའ། དགའ་བའི་ཐལ་སྒྲ་རྡོབ་ཞུས་པ་ཡིན། གང་ཡིན་ན་བཙན་བྱོལ་བོན་དང་ཁ་ཆེ་གཞི་ཆགས་སོགས་དང་ཀྲུང་གོ་ཏང་འགའ་རེ་ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་ཡིན་ནྰ། དོན་མེད་བན་རྐུབ་མ་ཚ་ཨྰ།
ཨ་ཕྱི་རྩོམ་རྐུན་ཇག་པ་འདི་མ་གཏོགས་ཀུན་གྱིས་བཀྲ་ཤིས་པའི་རྟེན་འབྲེལ་ལ་དགའ་བསུ་ཞུས་འདུག་པ་ནི་སྤུན་ཟླ་མི་རིགས་འདི་ཉིད་ཆིག་བསྒྲིལ་གྱིས་རང་ཡུལ་བདེ་སྐྱིད་ཀྱི་དཔལ་ལ་རོལ་པའི་ཆ་རྐྱེན་ཞིག་ཏུ་མཐོང། ཨ་ཕྱི་འདི་ནི་་་རྟག་ཏུ་་ན་རྒྱལ་དབང་ཀརྨ་པ་མཆོག་དང་བོན་དང་དགེ་ལུགས་ལ་ཤིན་ཏུ་ནས་སྡང་ཞིང་ཁོ་ཡི་ཕ་གསོད་དགྲ་ལས་ཀྱང་སྡུག་པར་བརྩི་མཁན་ཞིག་ཡིན། སྔོན་མ་ཞིག་བོན་པོ་་་་ཞེས་སྨྱུག་མིང་བེད་སྤྱད་ནས་༧རྒྱལ་དབང་ཀརྨ་པ་མཆོག་ལ་མི་བཟོད་པའི་བསྐུར་འདེབས་བཏབ་སོང་་་་་དེ་བཞིན་སྨྱུག
མིང་ཁ་ཤ་ཞིག་བརྗེ་བོ་རྒྱབ་སྟེ་་་་རྟག་ཏུ་ཆོས་ལུགས་དང་ཆོས་ལུགས་དབར་དཀྲུགས་ཤིང་གི་མཆན་བུ་མང་པོ་བཏབ་ཡོད། གལ་སྲིད་དགོས་པ་ཞིག་ཤར་དུས་་་་ཁ་བརྡ་ཚང་ལ་རེ་བསྐུལ་ཞུས་ཏེ་མི་དེ་སུ་ཡིན་མིན་གྱི་རྩད་གཅོད་བྱ་སྲིད། ༧ རྒྱལ་དབང་ཀརྨ་པའི་སྤྲུལ་སྐུ་དང་པོ་དེ་ཐོག་མར་བོན་རྒྱུད་དུ་ཀཾ་ཚང་ཞེས་པའི་གདུང་བརྒྱུད་དུ་འཁྲུངས་ཡོད། དེ་ཡི་ལོ་རྒྱུས་རྒྱས་པ་སྨན་རིའི་མཁན་ཆེན་ཉེར་གཉིས་པ་ཀཾ་ཚང་གདུང་ལས་འཁྲུངས་པའི་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་ལས་རྒྱས་པར་གསལ་ཡོད། དེར་བརྟེན་རྒྱལ་དབང་ཀརྨ་པ་མཆོག་ཙམ་དུ་མ་ཟད་ཀཾ་ཚང་བཀའ་བརྒྱུད་དང་བོན་གཉིས་སྔར་ནས་ད་བར་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད་ནམ་ཡང་དཀྲུགས་མི་ཐུབ། དེས་ན་གཞིས་བྱས་གཉིས་ཀྱི་བོན་ཕྱོགས་ནས་ད་བར་དུ་་་་གཞིས་ཀྱི་བོན་པོ་བ་རྣམས་ཀྱིས་གོ་སྐབས་བླང་ནས་མགོ་གཉིས་འཁྲབ་པའི་ལོ་རྒྱུས་མེད་ལ། བྱེད་འཁོད་བོན་པོ་རྣམས་ནས་ཀྱང། ད་བར་དུ་༧གོང་ས་མཆོག་གིས་བཀའ་ཅི་གསུངས་སྒྲུབ་སྟེ། ཐོག་མར་ཐེ་ཝན་ཕོགས་གཟན་བྱས་ཏེ་ཐེ་བོད་དབར་ལ་སྙོག་ཁྲ་བླངས་མེད་ལ། བར་དུ་ལྷ་བསྲུང་བསྟེན་ཕྱོགས་ཀྱི་སྙོག་ཁྲས་འགོས་པ་མེད། ད་བར་དུ་བཙན་བྱོལ་བོད་མིའི་སྒྲིགས་ཚུགས་ལ་འོ་བརྒྱལ་བཟོས་པ་སྤུ་ཙམ་ཀྱང་བྱུང་མེད། དེ་ལྟའི་གནས་ཚུལ་རྣམས་བཙན་བྱོལ་བོད་མིའི་སྒྲིགས་ཚུགས་ཀྱི་མགོ་བཀའ་བློན་ནས་མ་བྱན་ཡན་ཆོད་ཀྱི་ཤེས་གསལ་ཡིན། ལྷག་པར་ཏུ་ཆོས་རིག་བཀའ་བློན་ཟུར་པ་རྙིང་མ་པ་ཚེ་རིང་ཕུན་ཚོགས་ནས་བོན་པོའི་དགོན་པ་ནས་ད་བར་དུ་བཙན་བྱོལ་ཆོས་རིག་ལྷན་ཁང་ནས་བཀོད་ཁྱབ་གནང་བ་ཁག་ལ་ངོས་ལེན་ལག་ལེན་བསྟར་མཁན་ཨང་དང་པོ་དེ་ཡིན་པ་ཚོགས་འདུའི་ནང་དུའང་གསུངས་ཡོད།
འོན་ཀྱང་དྲ་འབུ་འགའ་ཞིག་གིས་བསམ་གཟས་ཀྱིས་སྒྲོས་བསྐུར་དང་དཀྲུགས་ཤིང་རྒྱབ་རྩིས་བྱས་དང་བྱེད་བཞིན་ཡོད་ཀྱང་ད་བར་དུ་ལམ་ལྷོང་བྱུང་མེད། དེ་ལྟར་ནམ་ཡང་ལམ་ལྷོང་དུ་གཏོང་རྩིས་མེད།
མི་ཉུང་ཤས་ཞིག་གི་ཆབ་སྲིད་སྐོར་གླེང་མོལ་བཤད་པ་རི་བོང་ཅལ་འདྲོགས་པའི་དཔེར་ལྟར་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་བྱིན་མིན་ཐད་ལ་སྐད་ཆ་མང་བོ་བཤད་པ་དེ་ རྒྱ་ནག་གི་འདོད་པ་སྒྲུབ་གི་མེད་འགྲོ་བསམ་པའི་ཚོར་སྣང་བྱུང་།
ངས་དྲན་ཚོད་ལ་ཕྱི་ལོ་༡༩༣༢་ལོ་ཡིས་ནང་རྒྱ་ནག་གི་དམགས་འཁྲུགས་ཆེན་པོ་དེས་ནང་གི་གཡོ་རྒྱུ་རྣམས་ཀྱིས་དེབ་སྤྱོད་དེ་བོད་ཐོགས་ལ་སླེབ་ཚར་བ་འདྲ།
རྒྱུན་མཚན་རྒྱ་ནག་གི་ཆོས་དོན་ལས་ཁོང་ནས་གསལ་བྱེད་བཤད་སྟང་དེ་དང་རྫོང་རིན་པ་ནས་བཤད་སྟང་གཉིས་པར་ལ་ཁྱད་པར་ཆེན་པོ་ཡོད་པ་མ་ཟད་ཨ་རིའི་ནང་དུ་རྒྱུག་ཁྱི་བོད་རིགས་ལས་བྱེད་ཅིག་གིས་བཤད་སྟང་དང་རྒྱ་ནག་སྐེམ་ས་ནས་འགྲེལ་ཚབ་པའི་བཤད་སྟང་སོགས་མང་བོ་ཡོད་པའི་འདི་མ་བྲས།
ངས་རེ་སྐུར་བཤད་འདོད་པ་ནི་བཙན་བྱོལ་དང་དམངས་གཙོའི་ཁྱད་པར་མིན་ལ་དབུ་མ་དང་རང་བཙན་དེ་ལས་མིན། ངས་བསམ་པ་གཞུང་འཛིན་མི་སྣའི་དེ་རིང་བར་དུ་ཡོད་རབ་དང་འཇོན་རབ་བཤད་པ་སོགས་ཕྱི་ལ་སྟོན་རན་ཡིན་པ་མཐོང་བའི་ཆུ་ཆེན་པོ་ཡོད་མེད་ལ་མ་གཟིགས་པ་ཆུའི་ནང་དུ་འགྲོ་དགོས་བྱུང་ན་ཡང་འགྲོ་རིན་རེད།
སྤྱི་སྒེར་སུ་ཡིན་རུང་འགྲོ་བ་མའི་མགོན་སྐྱབས་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་པ་དང་འཕྲིན་ལས་མ་ནེ་བཞིན་དུ་སྒྲང་ནས་མ་སྡོད་པར་ཨ་མའི་བུ་ལ་མཇོན་ཐང་ཡོད་ན་སློབ་ཆེན་སློབ་མ་འམ་རིགས་གཅིག་རྐང་འཛིན་མི་མང་དཀྱིལ་མ་སུ་ཡིན་རུང་རྫུན་གཏམ་དང་གཡོ་རྒྱུའི་འོག་དུ་མ་སོང་བར་བོད་མི་རིགས་གི་ཤེས་མཇོན་ཕྱོགས་གཅིག་དུ་སྐྱོད་རོག་ཞུ། ལྷགས་བསམ་དཀར་བོ་ཐོགས་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གཞོན་ནུའི་ལྷན་ཚོགས་བཅས་ནས་འགན་ལེན་གནང་རོགས་ཞུ།
བོན་གཞིས་སུ་བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མི་ལོ་༢༥འཁོར་བའི་དུས་དྲན་མཛད་སྒོ་འཚོགས་པར་སྙིང་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས། ད་དུང་མ་འོངས་པར་ཡར་རྒྱས་གོང་ནས་གོང་འཕེལ་གཏོང་ཕྱོགས་ཀྱི་སྐོར་ལ་འབད་པ་རྒྱ་མ་ཆུང་རོགས། ང་ཚོ་བོན་པོ་ཚོ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་ལམ་བུ་ནས་བོནད་མི་རིགས་ལ་ཞབས་ཞུ་སྔར་སྲོལ་ལྟར་འབུལ་ཐུབ་པའི་ཡིད་ཆེས་དང་སྨོན་ལམ་ཡང་ཡང་ཞུ་བཞིན་ཡོད། །
ཧ ཧ བན་དེ་བ་ཟེར་བ་འདིས་སངས་རྒྱས་ཤྰཀྱ་ཐུབ་པ་དང་ནང་པའི་བསྟན་པ་སྡང་དགྲ་རུ་བརྩི་མཁན་ཞིག་ཡིན་ན་ཅི་ཞིག་གི་དག་སྣང་དང་ཆིག་བསྒྲིལ་ཡོད་འདོགས་བཤད་པ་གཡོ་སྒྱུའི་སྐྱག་རྫུན་རང་རེད། རྐུན་མའི་རྟ་དེ་རྐུན་མས་ཁྲིད། །སྡུག་བསྔལ་ཅི་ཡོད་རྐུན་མས་ཤེས། །ཟེར་བ་ལྟར་བོན་གྱིས་ཆོས་བརྐུས་ནས་ད་གཞན་ལ་རྐུན་མ་བརྗོད་ན་ཁྭ་ཏས་མི་གཙང་ཟོས་པའི་མཆུ་གཙང་སར་བཤུ་བ་ནང་བཞིན་རེད་ད། ངས་འདི་ནས་ཞུ་འདོད་པ་དེ་བོད་མི་བརྒྱ་ཕྲག་དག་གི་གཅེས་སྲོག་གསོན་བསྲེག་ཏུ་བཏངས་ཟིན་ནས་ང་ཚོ་བོད་མི་ཡོངས་རྫོགས་སྐྱིད་པའི་ལོ་སར་ཙམ་ཚེས་པའི་བསམ་བློ་མེད་ན་བོན་ཁྱིམ་མཛད་སྒོ་ཟབ་སྤྲོས་དང་དང་གླུ་བྲོ་གར་འཆམ་བྱེད་པ་འདི་གང་ནས་དྲན་པ་རེད། འདི་མ་འོས་པ་ཞིག་རེད། རྒྱ་པན་སྐུ་འབུམ་དགོན་དུ་ཏང་གི་མཛད་སྒོ་འཚོགས་པ་དང་གཅིག་པ་རེད། བཙན་བྱོལ་བོད་སྲིད་སྐྱོང་དང་བཀའ་བློན་ཚོས་ཁ་ཆེ་དང་ཡེ་ཤུ། བོན་པོ་ཚོ་དང་མཉམ་དུ་ཆིག་སྒྲིལ་གནང་བ་ཡག་པོ་རེད་མོད། དོལ་ཆོས་ལ་རྒྱབ་འགལ་མཐའ་གཅིག་སྨྲ་བ་འདི་ནི་མ་འོས་པ་ཞིག་རེད། ང་ཚོ་བོད་མི་རིགས་གཅིག་པ་ཡིན་པའི་ཕྱིར། དོལ་འདྲེ་ཁོ་ཡང་དུས་རབས༡༧པའི་ནང་མངའ་རིས་དོལ་ས་ཁུལ་ནས་ཕེབས་པའི་བོད་ཀྱི་བླ་མ་ཞིག་ཡིན་པ་དང་མཚན་ལ་གྲགས་པ་རྒྱལ་མཚན་ཞུ། སྐུ་གྲགས་གི་སྲས་སུ་འཁྲུངས་པ་དང་རྒྱལ་དབང་ལྔ་པས་འཁོད་གནང་བའི་རྩ་བའི་བླ་མ་བསོད་ནམས་གྲགས་པའི༼༡༤༧༨ནས་༡༥༥༤༽སྐུ་སྐྱེ་ཡང་ཡིན་པར་གྲགས། འཁོར་བ་སྤངས་རྗེས་འབྲས་སྤུངས་མགོན་པའི་ནང་དམ་ཆོས་གསན་ནས་བཞུགས་པ་དང་། རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་དགེ་ལེགས་དཔལ་སངས་ཀྱི་སྐུ་མདུན་ནས་ཟབ་ཆོས་མང་དུ་གསན་ཞིང་ཡོན་ཏན་ཕུན་སུམ་ཚོགས་པའི་དགེ་ལུགས་པའི་བླ་མ་ཞིག་གི་ཆོས་རྒྱུད་གསར་སྤེལ་དབུ་བརྙེས་ནས་༤༤༧ རེད། མདོར་ན་གནའ་ཡི་གདོན་ཆོས་དང་དེང་འདྲེ་ཆོས་འཛིན་པ་སུ་ཡིན་ཡང་ཕྱི་ནས་ཆེ་ཆེ་རྫིག་རྫིག་ཙམ་མིན་པར་གངས་ཅན་བོད་པའི་ཕན་བདེའི་བསྟན་སྲིད་སྤྱི་ལ་སེམས་ཁུལ་རེ་གནང་རོགས་ཞུ་ཡ་དེ་ཡིན། ཆོས་སྒྲོན་ནས
་་་་་་་ རྒྱ་པན་སྐུ་འབུམ་དགོན་དུ་ཏང་གི་མཛད་སྒོ་འཚོགས་པ་དང་གཅིག་པ་རེད། བཙན་བྱོལ་བོད་སྲིད་སྐྱོང་དང་བཀའ་བློན་ཚོས་ཁ་ཆེ་དང་ཡེ་ཤུ། བོན་པོ་ཚོ་དང་མཉམ་དུ་ཆིག་སྒྲིལ་གནང་བ་ཡག་པོ་རེད་མོད། དོལ་ཆོས་ལ་རྒྱབ་འགལ་མཐའ་གཅིག་སྨྲ་བ་འདི་ནི་མ་འོས་པ་ཞིག་རེད། ་་་་་་་ཟེར།
འོ་་ལགས་སོ། བོན་གྱི་སེར་སྐྱ་ཡོངས་ལ་འཚམས་འདྲིས་དང་། སྐྱེ་འགྲོ་ལ་བདེ་སྐྱིད་ཡོངས་བར་ཤོག བཀྲ་ཤིས་བདེ་ལེགས། བན་བོན་གཉིས་བོད་དུ་མཉམ་གནས་གཅིག་གཅིག་གྲོགས་ལས། དོན་མེད་ཁ་བརྡུང་དང་རྩོད་རྙོག་སོགས་དགོས་པ་མེད། བསམ་དིན་བོན་བཞིན་འགྲུབ་པའི་བཀྲིས་ཤོག།
ཨ་ཕྱི་ཟེར་བ་དེས་ལས་ངན་པའི་བྱ་བ་། དུག་ལྔ་མེ་འབར་གྱི་རང་བཞིན། ཕྲག་དོག་ཚིག་ངན་སྣ་ཚོགས་བཀོད་ཀྱིས་འདུག་ཟེར་ནས་གོ་ཐོས་སོང་བས། ད་ལན་འདིའི་ནང་མིཧ་མཐོང་བྱུང་བས། ཧ་ལད་པ་རེད་བཞག། ད་དེ་འདྲ་མ་གནང་རོག། ང་ཡང་ཆོས་རྒྱུད་ས་སྐྱ་པ་ཡིན་དགེ་ལུགས་དང་རྙིང་མ་བོན་པོ་གསུམ་ལ་གུས་བརྩི་ཡོད། བཀའ་བརྒྱུད་པ་ལ་ཆོས་ལ་དད་གུས་ཡོད་ཀྱང་། བླ་ཆེན་དང་མི་ལ་དགའ་བོ་མེད། སྙིང་རྗེ་ཞུ་ས་རེད། ད་ལྟ་བོན་འདི་ང་རང་བོད་གངས་ཅན་པའི་གདོད་མའི་རྒྱུད་པ་དག་འབྲེལ་ཡོད་རང་གི་རང་ལ་སྣ་མ་བྲེག ཁྱེད་རང་བསམ་བློ་ཐོངས་དང། ཐ་ན་ང་ཚོའི་ལོ་གསར་པའི་ལས་རྟགས་གཡར་དཀར་ལུག་གི་མར་རྒྱན་མཆོད་པ་འདིའང་བོན་ལས་རྒྱུད་པ་དང་། གངས་སྤྱིའི་རིག་གཞུང་འཐད་ཕྱོགས་རྣམས་གང་འདྲ་ཁྱོད་ཧ་གོ་ཡོད་འདོག་རེད། ཁྱེད་ཆོས་རྒྱུད་ནང་པ་ལསམ་འདས་པའི་ཚིག་ངན་ངོ་མ་ཁྱེད་རང་རང་འདོག་བསྟན་འདུག། ཐབས་སྐྱོ་བ་དེ་འདྲ་ལྷད་ནས་མ་བྲིས་རོག། དགོངས་འགལ་མེད་པ་ཞུ།
ཨ་ཕྱི་ཟེར་བ་འདི་དོན་ངོ་མ་སུ་ཡིན་པ་དང་སུས་བཏང་བ་ཡིན་ཁོ་རང་གིས་ཁ་གསལ་བྱེད་ཀྱིན་འདུག
ཁོས་ “དོལ་ཆོས་ལ་རྒྱབ་འགལ་མཐའ་གཅིག་སྨྲ་བ་འདི་ནི་མ་འོས་པ་ཞིག་རེད། ང་ཚོ་བོད་མི་རིགས་གཅིག་པ་ཡིན་པའི་ཕྱིར།” ཟེར།
ཨ་ཕྱི་ཁྱོད་རང་དོལ་རྒྱལ་བསྟེན་མཁན་ཅིག་ཡིན་ན། ཁ་བརྡར་ཁ་མང་པོ་མ་གདངས་ན་མི་ལེགས་སམ། ལགས།
ཨ་ཕྱི་རྩོམ་རྐུན་ཡིན་པར་ཉེ་ཆར་རང་་་་རྩོམ་པ་པོ་ས་འཛིན་དཀར་པོས་བྲིས་པ་ཞིག་འདྲེ་མོ་འདི་ཡིས་རྐུས་ནས་ཁ་བརྡའི་ནང་དུ་འཁྱེར་ཡོད་་་དེ་ལ་ས་འཛིན་དཀར་པོས་ཐེར་འདོན་བྱས་སོང་ད་དུང་ངོ་ཚ་རྒྱུ་མེད་ནས་་་ཡོང་གི་འདུག ཁོས་བཤད་སྟངས་ཐམས་ཅད་དུག་ལྔ་དུག་གསུམ་རྐྱང་བཤད་ནས་ཆོས་ལུགས་དབར་ལ་དཀྲུགས་ཤིང་དང་་་རྒྱལ་དབང་ཀརྨ་པ་ལ་མི་བཟོད་པའི་ཚད་མེད་བསྐུར་འདེབས་བཏབ་ཡོད་དེ་དང། དེ་རིང་འདིར་ཡང་དོལ་རྒྱལ་བཀག་བསྡོམ་བྱས་པར་མི་འོས་པའི་ཐན་སྐད་སྒྲོགས་སྟངས་འདི་ལ་ལྟས་ན་་་འདྲེ་མོ་ཁོག་རྫུས་འདི་ཡི་རང་མཚངས་ཡོངས་སུ་མངོན་པར་བཏོན་སོང། དོལ་འདྲེ་ཾཁོག་ཞུགས་་་
དོལ་རྒྱལ་ལ་དད་མ་དད་སྒེར་གྱི་གནད་དོན་རེད། དེ་ལ་བྱུས་གཏོགས་ནི་ཆོས་དད་རང་མོས་རྡོག་རོལ་རེད།
ཧིན་ཆོས་ལུགས་ནང་ལ་གླང་ཤ་དང་། ཁ་ཆེ་པས་ཕག་ཤ་ཟ་ཆོག་པ་དག ཆོས་དད་རང་དབང་སྒང་ལ་མི་འགྲོ་བར་ལྟར། ནང་ཆོས་ནང་ལ་དོལ་རྒྱལ་འཇམ་དབྱངས་དང་བླ་མ་ཙོང་ཁ་པའི་སྤྲུལ་པ་དང་། དེ་ལ་ཡིད་ཆེས་བྱ་དགོས་པ་ཡང་ཆོས་དད་རང་མོས་གྲལ་ལ། ཚུད་དཀའ་མོ་མིན་འགྲོ མ་རེད་པེ། ལགས།
བོན་བུ་ཁྱིམ་ཁང་གི་མཛད་སྒོ་ལ་བཀྲིས་བདེ་ལེགས་ཞུ
བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མི་ལོ་༢༥འཁོར་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ལྷག་དོན་བླ་ཁྲི་དགེ་བཤེས་ཉི་མ་གྲགས་པར་དམིགས་བསལ་གྱི་འཚམས་འདྲི་དང་ཐུགས་རྗེར་ལན་བརྒྱར་ཞུ་བ་ལགས། བོད་མི་རིགས་ཀྱི་བླ་མའམ་མཁན་པོ་དགེ་བཤེས་གང་ཡིན་ཀྱང་འདི་ལྟ་བུའི་རླབས་ཆེན་གྱི་མཛད་སྤྱོད་རེས་བོད་ཀྱི་སྤྱི་ཚོགས་སྟེང་ལ་དགོས་མཁོ་རེ་སྐོང་ཐུབ་ཚེ། བོད་ཀྱི་སྤྱི་ཚོགས་སྟེང་སྟོང་ཆ་འདི་འདྲའི་ཆེན་པོ་ཅིག་ལྷག་མི་སྲིད། ཆོས་སྡེ་གང་ཡིན་ཀྱང་ཆོས་རིགས་གང་ཡིན་ཀྱང་ང་ཚོ་ལ་དགོས་ངེས་པ་སྟོང་ཆ་སྐོང་བྱེད་ཤེས་ནོམ་ཡིན་པ་མ་གཏོགས། དགོས་མེད་ཀྱི་རྩོད་གླེང་མ་རེད། དགེ་བཤེས་རེ་དང་བླ་མ་གྲྭ་བ་སུ་ཡིན་ཀྱང་འདི་ལྟ་བུའི་འགན་འཁྲི་རེ་འཁུར་ཐུབ་ཚེ། ༧གོང་ས་མཆོག་གི་དཀའ་ངལ་ཀྱང་ཉུང་ངུར་འགྲོ་བ་མ་ཡིན་ནམ། དེ་བས་ངས་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་ཡོངས་ཀྱི་ལས་ཀྱི་ཕ་རུ་བཀུར་བའི་བླ་ཁྲི་ཁོང་ལ་ཡང་བསྐྱར་ཐུགས་རྗེ་ཞུ་བ་དང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཡང་ཞུ་བ་ལགས།
བོན་བུ་ཁྱིམ་ཁང་དབུ་བརྙེས་ནས་མོ་ལོ་ཉེར་ལྔ་འཁོར་བ་ལ་བཀྲ་
ཤིས་བདེ་ལེགས་ཞུ།
http://www.youtube.com/watch?v=GfslKP91wO8
http://www.rfa.org/tibetan/tamlenggiletsen/tamlengzhalpar/introduction-to-bon-settlement-and-school-07102013151815.html
ཨེ་རླུང་ཚང་གི་་་སྒྲོལ་དཀར་ལགས་ཀྱིས་བཅར་འདྲི་ཡག་པོ་གནང་འདུག། དམིགས་བསལ་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ད་དུང་མ་འོངས་པར་བོན་དང་བོན་པོའི་སྐོར་ལ་གཏམ་གླིང་གང་མང་གཙོ་སྐྱོང་ཡོང་བའི་རེ་བསྐུལ་ཞུ་བཞིན་ཡོད། བོན་པོའི་ལོ་རྒྱུས་ཁུངས་ལྡན་མང་ཆེ་བ་དེ་དབུས་གཙང་ཕྱོགས་ལ་ཡོད་པ་རེད། ལོ་རྒྱུས་ཆེ་ལ་གཟི་བརྗིད་ལྡན་པའི་བཙན་པོའི་རྒྱལ་རབས་ཐོག་མར་མགོ་ག་བ་ནས་བཙུགས་དབུས་གཙང་བས་ལོས་ཤེས། བོན་ལུགས་འདི་དང་དབུས་གཙང་བའི་བར་ལོ་རྒྱུས་ཆུང་ཆུང་མ་རེད། དངོས་ཡོད་དང་ཚན་རིག་གི་ལམ་ནས་ཁུངས་སྐྱེལ་བྱ་ཆོག། ཁྱེད་རང་ཚོའི་ལོ་རྒྱུས་དེ་ཁྱེད་ཚོས་མ་བཤད་ན་སུས་ཤོད། ཁུངས་ལྡན་རང་གི་ལོ་རྒྱུས་གླེང་བ་ལ་ངོ་ཚ་དགོས་པ་ཡོད་མ་རེད། ཤེས་ནའང་མི་ཤེས་མདོག་བྱེད་དགོས་དོན་མི་འདུག་སྙམ། དབུས་གཙང་བ་ཡིན་ནའང་འདས་པའི་ལོ་རྒྱུས་ལ་ཞིག་འཇུག་ཏོག་ཙམ་བྱས་ན་ཡག་པོ་ཡོད་འགྲོ། དེ་འདྲ་ཡིན་དུས་ངས་རིམ་པས་ངོ་སྤྲོད་བྱེད་དགོས་ནའང་སྤོབས་པ་ཆེན་པོས་རྒྱུས་ཡོད་རྒྱུས་མེད་ཀྱི་ལམ་སྟོན་ཞུ་ཆོག། །