གནས་ཚུལ་གཏོང་མཁན། ཁྱུངཿསྨོན་ལམ།
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་ས་ཡོམ་གྱིས་གནོད་སྐྱོན་ཕོག་པའི་ཡུལ་མིར་རོགས་མགོན་གནང་གནས།
༄༅། །དེ་ཡང་ཕྱི་ལོ་༢༠༡༥ ཟླ་༤ ཚེས་༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༥༦ ཙམ་གྱི་ཐོག་བལ་ཡུལ་དུ་ཤུགས་ཚད་རིམ་པ་ ༧༌༩ ཅན་གྱི་ས་ཡོམ་བརྒྱབ་ནས་མི་གྲངས་བརྒྱད་སྟོང་ལྷག་གི་གཅེས་པའི་ཚེ་སྲོག་ཤོར་བ་དང་། མི་གྲངས་ཁྲི་ཕྲག་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་བཅོས་བྱེད་བཞིན་པ་དང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ལྷ་ཁང་། མཆོད་རྟེན། འགྲེམ་སྟོན་ཁང་སོགས་རིག་དངོས་སྲུང་སྐྱོབ་སྡེ་ཚན་མང་པོ་རྩ་བརླག་ཏུ་བཏང་བ། མི་མང་གི་སྡོད་ཁང་འབུམ་གཉིས་དང་ཁྲི་དགུ་ལྷག་རྩ་མེད་དུ་ཕྱིན་ནས་མི་མང་རྣམས་སྡོད་གནས་མེད་པ་གྱུར་བ། སྡོད་ཁང་འབུམ་གཉིས་དང་ཁྲི་བདུན་ཡས་མས་ལ་སྐྱོན་ཆག་ཚབས་ཆེན་བྱུང་སྟེ། ཡ་ང་བའི་འབྱུང་བའི་གོད་ཆག་གི་འཇིགས་སྐྲག་འོག་མི་མང་པོ་སེམས་སྐྱོན་གྱིས་སྨྱོ་བ་དང་། བླ་འཁྱར་ཏེ་གཉིད་མི་ཁུག་པའི་སྡུག་བསྔལ་སོགས་ཀྱི་དཀའ་སྡུག་བརྗོད་ལས་འདས་པ་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར།
སྐབས་དེར་བལ་ཡུལ་རྒྱལ་སའི་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་རི་བོ་གླང་རི་ལུང་བསྟན་གྱི་འདབས་ཞོལ་དུ་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགོན་གྱི་དགེ་འདུན་པ་རྣམས་ལ་སྲོག་སྐྱོན་དང་རྨས་སྐྱོན་མ་བྱུང་ཡང་། གཙུག་ལག་ཁང་དང་གྲྭ་ཤག་སོགས་ལ་གས་སྐྱོན་གང་འཚམས་བྱུང་ནས་བླ་སློབ་ཡོད་དོ་ཅོག་ཕྱི་ལོགས་ལ་གནས་སྤོས་ཏེ་ད་ལྟའི་བར་སྡོད་གུར་འོག་ཉེན་ཡོལ་དུ་གནས་བཞིན་མཆིས།
དགོན་གྱི་ཁྲི་འཛིན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གི་དབུ་ཁྲིད་ལམ་སྟོན་ལ་བརྟེན་ནས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགོན་གྱི་བླ་གྲྭ་རྣམ་པས་གདུང་སེམས་མཉམ་སྐྱེད་ཐོག་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སོང་བ་རྣམས་ཀྱི་ཆེད་དུ་གསུར་དང་བསྔོ་སྨོན། གསོན་དོན་དུ་སྐུ་རིམ་ཞབས་བརྟན་སྒྲུབ་བཞིན་ཡོད་པ་མ་ཟད། ས་ཡོམ་བྱུང་མ་ཐག་ནས་དགོན་འདིའི་དགེ་འདུན་པ་རྣམས་ཀྱིས་ཉེ་འགྲམ་ཡུལ་སྡེའི་ཁང་པ་ཞིག་ཧྲུལ་འོག་ཏུ་ལུས་པའི་རྨས་མ་རྣམས་མྱུར་སྐྱོབ་དང་། འདས་གྲོངས་ཕྱིན་པ་རྣམས་ཀྱི་ཕུང་པོ་སྔོག་འདོན་སོགས་ཀྱི་ཆེད་ཉིན་མཚན་ལྟོས་མེད་ཀྱིས་བལ་པོ་དང་། རྒྱལ་ཁབ་གཞན་གྱི་རོགས་སྐྱོར་མི་སྣའི་ལྷན་དུ་ལས་ཀར་མཉམ་ཞུགས་ཞུས་ཏེ་མིག་དཔེ་འོས་པའི་གྲུབ་འབྲས་ཐོན་པ་ཡང་བྱུང་ཡོད།
ཁྲི་བརྟན་ནོར་བུ་རྩེའི་གསོ་རིག་སྡེ་ཚན་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་ས་ཡོམ་གྱིས་གནོད་སྐྱོན་ཐེབས་པའི་ནད་པ་རྣམས་ལ་ད་ལྟའི་བར་རིན་མེད་ནད་གཞི་བརྟག་དཔྱད་དང་། སྨན་སྦྱིན་བསྩལ་བ། མི་གྲངས་སྟོང་ཕྲག་ལྔ་ལྷག་ལ་ནད་ཡམས་འགོག་སྲུང་གི་སྦྱིན་གཏོང་བྱས་དང་བྱེད་བཞིན་པ་དང་། བལ་ཡུལ་བོན་པོ་ཚོགས་པ་དང་ཁྲི་བརྟན་ནོར་རྩེའི་དགེ་རྩ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཕྱི་ལུགས་སྨན་པ་གྲགས་ཅན་གདན་ཞུ་བྱས་ནས་ཉིན་གསུམ་རིང་ཁྲི་བརྟན་ནོར་རྩེའི་ཕྱི་ལུགས་སྒོ་བསྟེན་སྨན་ཁང་དུ་ནད་གཞི་བརྟག་དཔྱད་དང་སྨན་སྦྱིན་བསྩལ་གནང་མཛད་ཡོད།
དེ་བཞིན་ས་ཡོམ་གྱིས་གནོད་སྐྱོན་ཚབས་ཆེན་ཐེབས་སྟེ་འཚོ་ཐབས་ཞན་ཞིང་རོགས་སྐྱོར་ཉུང་བའི་ལུང་ཀྱོག་Sindhupalchock སི་དྷུ་པར་ཅོག་རྫོང་ཁོངས་ཀྱི་ Helambuvdc ཡོལ་མོ་གྲོང་ཚོ་དང་པོའི་དུད་ཁྱིམ་བརྒྱ་དང་ཉི་ཤུ་རྩ་ལྔ་དང་། ཀི་ཝལ་ Kwal གྲོང་ཚོ་དགུ་པའི་དུད་ཁྱིམ་བརྒྱ་དང་གཉིས་ལ་འབྲས་དང་། ཚྭ། ཟ་སྣུམ་བཅས་ཀྱི་རོགས་སྐྱོར་གནང་བ་དང་། Kathmandu རྫོང་ཁོངས་ཀྱི་ Nangle Bhare གྲོང་ཚོ་སྤྱི་ལ་སྡོད་གུར་ལྔ་བཅུ་ལྷག་དང་། འབྲས་དང་། སྐམ་ཟས་རླངས་འཁོར་གང་བཅས་རོགས་རམ་བྱས་ཡོད། དགོན་གྱི་ཉེ་སྐོར་གྱི་གྲོང་མི་ཁག་ལ་སྡོད་གནས་གཡར་ཞིང་། སྡོད་གུར་སོགས་ཀྱི་མཐུན་སྦྱོར་གང་ནུས་ཞུས་ཡོད་པ་མ་ཟད། བླ་གྲྭ་སྒེར་ངོས་ནས་ཀྱང་ཡུལ་མི་ལ་ཟས་གོས་ཀྱི་རོགས་སྐྱོར་རྒྱ་གང་ཆེ་གནང་མཁན་ཡང་མི་ཉུང་བ་བྱུང་ཡོད། མ་འོངས་པའི་ཆར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགོན་གྱིས་རང་བྱུང་གི་འབྱུང་བའི་གནོད་སྐྱོན་ཐེབས་པའི་ཉམ་ཐག་དེ་རིགས་ལ་རོགས་སྐྱོར་གང་ནུས་མུ་མཐུད་བྱེད་འཆར་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
ཏི་སེའི་བུ་ནས་ ༢༠༡༥།༥།༡༢ ཉིན་སྤེལ།
་་་་་་་་་་་ ཡ་ང་བའི་འབྱུང་བའི་གོད་ཆག་གི་འཇིགས་སྐྲག་འོག་མི་མང་པོ་སེམས་སྐྱོན་གྱིས་སྨྱོ་བ་དང་། བླ་འཁྱར་ཏེ་གཉིད་མི་ཁུག་པའི་སྡུག་བསྔལ་སོགས་ཀྱི་དཀའ་སྡུག་བརྗོད་ལས་འདས་པ་བྱུང་ཡོད་པ་་་་་་་་་་་་་་་
་་་་་་་་་་་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སོང་བ་རྣམས་ཀྱི་ཆེད་དུ་གསུར་དང་བསྔོ་སྨོན། གསོན་དོན་དུ་སྐུ་རིམ་ཞབས་བརྟན་སྒྲུབ་བཞིན་ཡོད་པ་མ་ཟད། ་་་་་་་་་་་་་་
ཡག་པོ་རེད་ བོན་རྒན་ཚོས་གཞན་དོན་བསྒྲུབས་པ་བཀའ་དྲིན་ཆེ་། xxx
གཞུང་དོན་ལག་ཏུ་བླངས་བར་རྗེས་སུ་ཡི་རངས་ཞུ། བཀའ་དྲིན་ཆེ།
ཡག་པོ་རེད་དེ། འོན་ཀྱང་དྲ་ཐོག་ཏུ་ངོམས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། །
བོན་པོ་རྣམས་ཀྱི་ལེགས་བྱས་ལ་བསྔགས་བརྗོད་ཞུ། །
དྲྭ་རྒྱ་དུས་རབས་ལ་དྲྭ་ཐོག་ཏུ་འཇོག་པ་དེ་དུས་རབས་ཀྱི་ལུགས་སྲོལ་རེད། ཡང་ཅིག་བཤད་ན་བྱ་བ་བཟང་པོ་མི་ངོམས་ན་ཅི་ཞིག་ངོམས། ད་དུང་ཅིག་བཤད་ན་ཁྱོད་ཀྱིས་བྱེད་སྟངས་འདི་ཡང་དྲྭ་ཐོག་ཏུ་བཞག་འདུག་པས་དེ་ཡང་ངོམས་པ་ཡིན་ནམ།
དེང་སང་ནི་བོན་ཞུ་རྒྱུ་ནི། ལས་རྒྱུ་འབྲས་ལ་བརྩི་སྲུང་། མ་ཟད་འཕྲིན་ལས་ངག་ནུས་ཀྱང་ཤིན་ཏུ་ཡག་ཐག་ཆོད་འདུག་པས་མངོན་སུམ་རེད། ངས་གུས་ཞབས་ཆེན་པོ་ཡོད་དང་། བསྔགས་བརྗོད་ཞུ་བསྡད་ཀྱིས་ཡོད།། དེང་སང་འཛམ་གླིང་ནང་ཆོས་ལུགས་མུ་སྟེགས་དང་། ཁ་ཆེ་། ཡི་ཤུ་དང་ཏོའུ་ཅོ། སོགས་ལས་གཞལ་ཡོང་ཡག་མེད། མིང་ནང་པ་མིན་ནའང་། བོད་ཀྱི་གདོད་མིའི་ལུགས་ཀྱི་རིགས་གཞུང་གི་ཆོས་ལུགས་ཀྱི་ཡིན་པས་རང་ང་རང་ཚོས་བརྩི་བསྐུར་དགོས། དེ་མིན་ན་རང་སྣ་བག་ནས་ས་ལ་གཡུག་པ་དང་ཁྱད་མེད་པས་དགོངས་འཇག་ཞུ།
བལ་ཡུལ་དུ་སླར་ཡང་7.3ཚད་ཅན་གྱི་ས་འགུལ་རྒྱུག་པ། གནོད་འཚེ་ཕོག་ས་གཙོ་ཆེ་བ་ནི་རྡོ་ལ་ཁ་རྫོང་དང་སིན་རྡུ་པལ་ཅོག་རྫོང་ཁག་གཉིས་ཡིན་པར་ཤོད་བཞིན་འདུག རྫོང་ཁག་འདི་གཉིས་པོ་ནི། རོང་རྒན་སྣ་རིང་ཚང་གིས་མི་གྲལ་ནས་ཕུད་ཁྱི་གྲལ་དུ་བཞག་པའི་གདོད་མའི་བོད་རིགས་ཧ་ཅང་ཕོན་ཆེན་སྡོད་སའི་ཕ་ཡུལ་ཞིག་རེད། ད་ཡིན་ན་བལ་ཡུལ་གྱི་བོད་མི་ཚོ་གཅིག་པུ་མ་ཡིན་པར། འཛམ་གླིང་འདིའི་བོད་མི་ཡིན་ནོ་ཅོག་གིས་རོགས་རམ་གང་ལེགས་བྱ་དགོས་པའི་དུས་ལ་སླེབས་པར་ངེས། ལོ་ངོ་རྒྱ་ཕྲག་མང་པོར་རོང་རྒན་གྱིས་མགོ་སྐོར་དང་བསླུ་བྲིད་འོག་ཏུ་བཙུད་ནས། རང་ངོ་མི་ངོ་གང་ཡིན་མི་ཤེས་པར་བཟོས་པའི་བལ་ཡུལ་གྱི་གདོད་མའི་བོད་རིགས་ཉམ་ཐག་འདི་ཚོར་ད་ལན་ལག་ཏུ་ལེན་རྒྱུ་ཡོད་པ་ཞིག་དང་སེམས་ན་ཉར་རྒྱུ་ཡོད་པའི་རོགས་ཕན་ཚད་ལྡན་ཞིག་བྱེད་ཐུབ་ན་ང་ཚོའི་དགེ་མཚན་ལོས་ཡིན། ད་ཡིན་ན་སྔོན་གྱི་བོན་དཀར་དང་དེང་སང་གི་བན་ནག་ཚོ་ཚང་མས་ཤུགས་རྒྱོབ་ཅིག །
ཨ་ཁ་ཁ། བླ་མ་མཁྱེན། གུ་རུ་སྣང་སྲིད་ཟིལ་གནོན། གྲུབ་ཐོབ་ཨོ་རྒྱན་པ་ཆེན་པོ། ། འགྲོ་མགོན་གཙང་པར་རྒྱ་རས་མཁྱེན། ཤི་ཚད་ལ་བདེ་འགྲོ་དང་། གསོན་པོ་རྣམས་རྐྱེན་ངན་ལས་གྲོལ་བའི་སྨོན་ལམ་འདེབས། བོན་པོ་ལགས། ས་གནས་དེ་དང་ཡུལ་མི་དེ་དག་གི་སྐོར་ཅུང་ཟད་ཞིབ་གསལ་གསུང་གྲོགས་གནང་དང་། ཤེས་འདོད་ཆེ། ཐུགས་རྗེ་ཆེ།
བལ་ཡུལ་ནང་གི་ས་ཡོམ་གཉིས་པ།
http://edition.cnn.com/2015/05/12/asia/nepal-earthquake/index.html?sr=fb051215nepalquake7aVODtopVideo
བོད་ཀྱི་གདོད་མིའི་ཆོས་ལུགས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགོན་གྱིས་རང་བྱུང་གི་འབྱུང་བའི་གནོད་སྐྱོན་ཐེབས་པའི་ཉམ་ཐག་དེ་རིགས་ལ་རོགས་སྐྱོར་གང་ནུས་གནང་བཞིན་པ་ལ་བསྔགས་བརྗོད་ཞུ།
དྲི་མེད་ལྷག་བསམ་ལགས། ད་ཡིན་ན་མི་རང་གིས་མ་འཇོན་ན་མིང་སྐམ་པོ་དེ་ཚོས་མི་འཇོན་སེམས་ཐག་རེད། འཇོན་རྒྱུ་ཞིག་ཡོད་ན་འབུམ་ཚོགས་བཏང་བཏང་ཉིད་ཀྱིས་འཇོན་རན་ཚོད་ཡིན། ཧ་ཧ་ཧ ཀུ་རེ་ཡིན་ནོ། བཛྭ་སྭ་ཏོ།
དམུ་ཐག་བུ། ལེགས་སོ། །ང་འབུམ་ཚོགས་ཚང་དང་ཐ་དད་ཀྱང་། ང་ཚོའི་འབུམ་ཚོགས་ཀྱི་གྲངས་བཏང་ཡོད་ཚོད་འདུག འོན་ཀྱང་འབུམ་ལྔ་བཅུ་་ཞིག་གིས་གར་ཡང་ཕྱིན་མི་ནུས་པ་པའང་བདེན་པ་རེད། རེ་བ་ཁྱོད་ལ་བཅོལ། འཇོན་ཐང་འཕྲལ་དུ་སྟོན། སྐུ་ཚེ་རིང་། །
Thailandཐཱཡི་ལནཊ་ནང་བསྟན་རྒྱལ་ཁབ་ཏུ་གནས་གཞིར་བཟུང་བའི་བོན་ཚོགས། བོད་ཀྱི་གཡུང་དྲུང་བོན་དང་དམ་པའི་ཆོས་གཉིས་ཆར་ཉམས་སུ་ལེན་པ་དང་སློབ་ལ་བཙོན་པའི། མིག་དཔེ་ལྟ་བར་འོས་པའི་ཐཱཡི་ལནཊའི་ཡུལ་མི་ལྷག་བསམ་ཅན་འདི་ཚོས་བལ་ཡུལ་གྱི་ས་འགུལ་སྔོན་མ་དེའི་གོད་ཆག་བྱུང་མ་ཐག ཐཱཡི་ལནཊ་རྒྱལ་ཁབ་ནས་བལ་ཡུལ་རྒྱལ་ཁབ་ཏུ་རྫ་དྲག་ངང་མཆོང་རྒྱུག་གནང་སྟེ། ཅི་བྱ་ཏོལ་མེད་ངང་དུ་ལུས་པའི་ཉམ་ཐག་རྐྱེན་ཆག་ཕོག་པ་ཚོར། ངལ་སེལ་རོགས་རམ་རྒྱ་ཆེར་གནང་སོང་བས་ཁོང་ཚོའི་མཛད་པ་དང་འཕྲིན་ལས་སྐོར། ཁྱེད་རྣམ་པས་གཟིགས་འདོད་ན་འདིར་འདུག འདི་ཡང་འོ་ཅག་གཡུང་དྲུང་བོན་དང་དམ་པའི་ཆོས་ཀྱི་བླ་མ་སྐྱེ་ཆེན་དམ་པ་ཚོའི་ཐུགས་བསྐྱེད་དང་སྨོན་ལམ་ལས་བྱུང་བའི་བྱིན་རླབས་ཤིག་ལོས་ཡིན། བོད་ཀྱི་བླ་མ་དང་རིག་གཞུང་ལ་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་གི་ནང་ནས། ཐཱཡི་ལན་ཊའི་ཡུལ་གྱི་སྟོང་སྐར་ཆོགས་པ་ཞེས་པའི་རོགས་ཚོགས་འདི་བལ་ཡུལ་དུ་འབྱོར་བ་ཐོག་མའི་གྲས་ཡིན་ས་རེད། དངོས་གནས་བྱས་ན་འདི་ཚོའི་སྐོར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གསར་ལམ་ཁག་ནང་སྤེལ་ན་ཡག་པོ་ཡོད་འགྲོ་སྙམ། འོན་ཀྱང་འབྲེལ་ཡོད་ཚོར་བཀའ་འདྲི་ཞུས་ནས་ཁྱབ་སྤེལ་བྱས་ན་བཟང་བར་སེམས་སོ། ། https://www.flickr.com/photos/131362182@N04/
ཐལ་མོ་སྙིང་གར་སྦྱར་ནས། བན་བོན་གཉིས་ཀྱི་ལེགས་བྱས་ལ་མངོན་པར་བསྟོད། དུས་སུ་བབ་པའི་ཆར་རེད། བཀའ་དྲིན་ཆེ།
ལེགས་བྱས་ལ་ཡི་རང་དང་བསྔགས་བརྗོད་ཞུ།
གཞན་ཕན་གྱི་བྱ་བ་ཀུན་ལ་ཡི་རངས་དང་བསྔགས་བརྗོད་ཡོད། བྱང་ཆུབ་སེམས་བསྐྱེད་ཁ་ནས་བཏོན་པ་ལས་ཉམས་ཐག་པའི་མི་བུ་རེར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བསྒྲུབ་ཐུབ་ན་དེས་དགེ་མཚན་ཆེ། གཞན་ཡང་སྐྱབས་འགྲོ་དང་བྱང་སེམས་སྙིང་རྗེ་དང་རིས་མེད་དུ་ཁས་འཆེ་བའི་བོད་ཀྱི་ཆོས་ལུགས་ཕན་ཚུན་མཉམ་རུབ་ཀྱིས་འགྲོ་བ་མི་སྤྱི་དང་སེམས་ཅན་དག་ལ་ཁ་དོན་མཚུངས་པའི་བྱ་གཞག་སྤེལ་ཐུབ་ན་མི་སྨོན་རང་སྐྱིད་དང་གཞན་གྱིས་བསྔགས་ཡུལ་དུ་གྱུར་པའི་ཆོས་ལུགས་དང་བསྟན་པ་ཞིག་ཏུ་ཀུན་གྱིས་མཐོང་སྲིད། དེ་མིན་རང་བསྟོད་གཞན་སྨད་རང་མཆོག་གཞན་དམན་གྱིས་ཀུན་ནས་སླངས་ཏེ་མར་འགྱུར་འགྲོ་ཀུན་བདེ་བ་ཐོབ་པར་ཤོག་ཅེས་ཁ་ན་ན་བཏོན་ཀྱང་དགེ་མཚན་ཅི་ཡང་མེད་
དྲི་མེད་ལྷག་བསམ་ལགས། འབུམ་ལྔ་བཅུ་ཟེར་བ་གང་ཡིན་ཤེས་མ་སོང་། ཁྱོད་གཞན་ལ་རེ་རྒྱུར་ངན་ལོབ་ཡོད་པ་འདྲ། ད་ཡང་ང་ལ་སྐྱབས་འཇུག་འདྲ་ཞིག་ཞུ་ཡོང་གི་འདུག ཧ་ཧ་ཧ
མཁྱེན་ལྡན་དྲི་མེད་ལྷག་བསམ་ལགས།
སིན་རྡུ་པལ་ཅོག་རྫོང་ངམ་བལ་སྐད་དུ་འཇིལ་ལཱ་ཞེས་པ་དེའི་ནང་དུ་ཡུལ་སྡེ་ཡར་རྒྱས་ཚོགས་ཆུང་༧༩་ཡོད་རབས་ཤོད་ཀྱི་འདུག ཏག་ཏག་ཡིན་མིན་ནི་མི་ཤེས། གྲོང་སྡེ་དེ་རྣམས་ཀྱི་ཡུལ་དང་ལུང་པའི་དངོས་མིང་ཕལ་ཆེ་བ་ནི་བོད་གདོད་མའི་ས་མིང་ཆུ་མིང་ཤ་སྟག་རེད། ཡིན་ནའང་རོང་རྒན་གྱི་ལྕེ་རྩེའི་སྒྲ་གདངས་དེའི་རྐྱེན་བྱས་ནས་བོད་མིན་རོང་མིན་ཁྱད་མཚར་པོ་རྐྱང་རྐྱང་བྲིས་བཞག་ཡོད་རེད། རྫོང་སྡེའི་ལྟེ་གནས་ལས་ཁུངས་ནི་Chautara་ཅཱོ་ཏཱ་ར་ཞེས་པའི་ས་གནས་སུ་ཆགས་ཡོད། ཉིས་སྟོང་དྲུག་ལོའོ་མི་གྲངས་བརྩིས་ཞིབ་ལྟར་ན་རྫོང་ཁག་འདིའི་ནང་མི་འབོར་ཁ་གྲངས་༣༣༦༤༧༨ཆགས་ཡོད་རབས་གླེང་། མི་ཕལ་ཆེ་བ་ནི་ཕ་མེས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བ་དམ་པོར་ཡོད་པའི་ཤར་པ་དང་རྟ་མང་། སྒུ་རུང་དང་ནེ་ཝར་སོགས་གཞན་ཡང་མི་རིགས་མང་པོ་གཞིས་སུ་ཆགས་པའི་ས་གནས་ཅིག་རེད་བཞག ཡུལ་འདི་བས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་ཚུལ་བཞིན་དུ་བཤད་པ་དང་སྒྲུབ་པ་ནི་མི་ཤེས་ལ། འོན་ཀྱང་བླ་སྤྲུལ་ཚོའི་རྒྱུ་འབྱོར་གྱི་འཕྲུལ་འཁོར་དེ་ལ་དགའ་རྔམ་ཆེན་པོ་ཡོད་སའི་མཐའ་འཁོབ་མིན་ཙམ་གྱི་དེང་གི་ཡུལ་ལུང་ཞིག་ཡིན་པར་སྙམ། །
ི
བོན་པོ་ལེགས། ཐུགས་རྗེ་ཆེ། ཉིད་ཀྱིས་བོད་ཀྱི་མི་རིགས་ཡིན་ཚུལ་གསུངས་པ་དེས་ཤེས་འདོད་བྱུང་བ་ཡིན།
རྟ་མང་ནི་བལ་ཡུལ་ནང་མི་འབོར་ཁ་གྲངས་༡༢༨༢༣༠༤་ཡས་མས་ཡོད་པའི་མི་རིགས་ཅིག་རེད། རྟ་མང་མི་རིགས་ནི་དེང་གི་རྒྱ་གར་འབྲས་ལྗོངས་དང་རྡོ་རྗེ་གླིང་བཅས་ལ་མང་པོ་ཡོད་རབས་འདུག དེ་བཞིན་གང་མཚམས་ཅིག་ནི་འབྲུག་ཡུལ་ནང་ལའང་ཡོད་རབས་གླེང། དེང་སང་ནི་ཕྱི་རྒྱལ་གང་སར་གྲམ་པའི་མི་རིགས་ཅིག་རེད། ནུབ་ཕྱོགས་ཞིབ་འཇུག་པ་ཁ་ཤས་ཀྱིས་མི་རིགས་འདི་ལ་་མུར་མི་་་ཡང་ལབ་སྲོལ་བྱུང་བཞག། ཁོང་ཚོ་མང་པོ་ཞིག་གིས་མི་རིགས་འདིའི་མཆེད་ཁུངས་ངོ་མ་སོག་པོ་ནས་ཡིན་ཟེར་མཁན་ཡང་འདུག དེ་གཅིག་བྱས་ན་འཇིང་གིར་རྒྱལ་པོའི་གཡུལ་འགྱེད་ཀྱི་སྙན་གྲགས་ཕྱོགས་བཅུར་ཁྱབ་པ་ལ་བརྟེན་ནས་ཁོང་ཚོས་ཀྱང་དཔའ་གཏམ་གྱི་ཚུལ་དུ་མི་རིགས་སོག་པོ་ནས་ཡིན་རབས་གླེང་བ་ཡིན་པར་སྙམ། ཡིན་ནའང་ཁོང་ཚོའི་རྒྱག་བཞིན་པའི་ཁ་སྐད་དེ་ནི་བོད་སྐད་ཀྱི་མིང་བརྡ་རྙིང་པས་རབ་ཏུ་ཕྱུག་པའི་བོད་ཀྱི་སྐད་རིགས་རྙིང་པ་ཞིག་རེད། ད་དུང་ཁོང་ཚོ་ལ་འབྲུག་པའི་ཡི་གེ་འདྲ་པོ་བོད་ཡིག་ཡིན་པ་གང་ཞིག་ལ་་་རྟམ་ཡིག་་་ཅེས་པ་ཞིག་ཀྱང་འབྲི་རྒྱུ་ཡོད། ཁོང་ཚོ་ཁ་ཤས་ཅིག་གིས་སྲོང་བཙན་སྒམ་པོའི་རྟ་དམག་ཡིན་རབས་ཀྱང་གླེང་མཁན་ཡོད་མོད། འོན་ཀྱང་དེང་སང་བཤད་ཚུལ་དེ་བདེན་པ་མིན་རབས་གླེང་མཁན་མང་། མི་རིགས་འདིས་བོད་བརྒྱུད་ནང་བསྟན་ལ་དགའ་པོ་བྱེད་ཅིང་ལྷག་ཏུ་དུས་ཕྱིས་རྙིང་མའི་ཆོས་ལ་དད་ཞེན་ཆེ་བ་ཞིག་ཡིན་པར་སྙམ། ཁོང་ཚོ་གནས་སའི་ཡུལ་སྡེ་གང་སར་རྙིང་མ་དང་བཀའ་བརྒྱུད་པའི་དགོན་པ་ཆང་ང་ཆུང་ངེ་དེ་འདྲ་མང་པོ་ཡོད་པ་རེད། དེང་སང་རྒྱ་གར་དང་བལ་ཡུལ་བཅས་ཀྱི་བོད་ཀྱི་དགོན་སྡེ་ཕལ་ཆེ་བའི་ནང་སློབ་སྦྱོང་བྱེད་མཁན་གང་ལ་གང་མཚམས་ཡོང་མཁན་ཡོད། དེར་མ་ཚད་རྟ་མང་མི་རིགས་འདིས་གདོད་མའི་བོན་ལུགས་ལ་ཡིད་ཆེས་བྱེད་ཅིང་དེ་སྟོན་པར་བྱེད་པའི་སྲོལ་རྒྱུན་གྱི་ལྷ་བ་བོན་པོ་ཡང་ཧ་ཅང་མང་པོ་ཡོད། བལ་ཡུལ་རྒྱལ་སའི་མཆོད་རྟེན་བྱ་རུང་ཁ་ཤོར་ཀྱང་རྟ་མང་མི་རིགས་འདི་བའི་བླ་མ་ཞིག་གི་འཛིན་སྐྱོང་གི་འོག་ལ་ཡོད་པ་རེད། དེར་མ་ཟད་བལ་ཡུལ་མཆོད་རྟེན་གྱི་ཉེ་བསྐོར་དུ་གནས་བཞུགས་བྱེད་པའི་་་ཨ་མ་བོན་པོ་་་ཞུ་བའི་རྟ་མང་བུད་མེད་ཀྱི་ལྷ་བ་སྙན་གྲགས་ཅན་ཞིག་ཀྱང་ཡོད། མོའི་སྐུ་མདུན་དུ་བཅར་མཁན་ནི་བོད་རིགས་དང་ཕྱི་རྒྱལ་བ་ཚང་མ་ཉིན་ལྟར་འཚངས་ཁ་བཤིག་བཤིག་རེད། །
་་་་་་་་་ རྟ་མང་ནི་བལ་ཡུལ་ནང་མི་འབོར་ཁ་གྲངས་༡༢༨༢༣༠༤་ཡས་མས་ཡོད་པའི་མི་རིགས་ཅིག་རེད། ་་་་་་་་་
ངས་གཙང་དུ་ཡོད་སྐབས་རྡོར་གླིང་ཉེ་འགྲམ་ནས་འོངས་པའི་བལ་པོའི་མི་ཞིག་གིས་ཛ་ར་བཟོས་ཏེ་འོངས། ཞེས་དང་། ༡༩༨༧ ལོར་བོད་ནས་ལོག་སྐབས་བལ་ཡུལ་གྲོང་ཡུལ་ཞིག་ནས་རྨོ་མོ་ཞིག་གིས་ཕྲུ་གུ་བྱིས་ཆུང་ལ་མེ་མེ་བླ་མ་ཟེར་བ་་ལ་དྭགས་སུ་བཀོལ་བའི་མིང་ཚིག་གཉིས་ཐོས།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
སྐུ་ཉིད་ལ་འདྲི་རྒྱུ། དབྱིན་སྐད་དུ། བོད་ལ་TIBET་དང་། བོད་མི་ལ་TIBETANཞེས་པའི་མིང་བརྡ་གཉིས་པོ་འདི། དུས་རབས་ནམ་བྱུང་བ་ཡིན་ནམ། མཁས་པ་སུས་གསར་གཏོད་བྱས་པ་ཡིན་ནམ། ། བཀའ་དྲིན་ཆེ་ཞུ། །
བོན་པོ་ལེགས། “དབྱིན་སྐད་དུ། བོད་ལ་TIBET་དང་། བོད་མི་ལ་TIBETANཞེས་པའི་མིང་བརྡ་གཉིས་པོ་འདི། དུས་རབས་ནམ་བྱུང་བ་ཡིན་ནམ། མཁས་པ་སུས་གསར་གཏོད་བྱས་པ་ཡིན་ནམ།” འདི་ལ་བདག་གིས་ཁུངས་ལྡན་ཞིག་ཞུ་མི་ཐུབ། དགོངས་འགལ་མེད་པ་ཞུ། འོན་ཀྱང་བདག་ཅག་གིས་མ་དག་རྒྱུན་འབྱམས་ཀྱི་དབྱིན་ཞེས་པའི་ཚབ་ཏུ་ཨིན་ཞེས་པརཉེས་སྐྱོན་འདུག་གམ། བདག་གིས་ནི་བོད་ཀྱི་ཡི་གེའི་སྦྱོར་སྟངས་ལ་བལྟས་ཏེ། ཨིན་ཞེས་བཀོལ།
བོན་པོ་མཆོག་ལ་བཀའ་འདྲི་ཞུ་རྒྱུར་དབྱིན་ཞེས་པ་སུས་བྲིས་སས། ནམ་བྲིས་པ་ཡིན་ནམ། ཞེས་པ་ལན་གསལ་ཞིག་མཛད་ན། བོད་སྐད་ཡིག་སྦྱོར་ལ་ཕན་ནོ།
bonpoལགས། ངས་གོ་བ་ལྟར་ན་དབྱིན་ཡིག་གི་Tibetཟེར་ནས་འབྲི་སྲོལ་འདི་དུས་རབས་བཅོ་བརྒྱད་པའི་ནང་ཞིག་ནས་བྱུང་བ་དང་། དེ་ཡང་ཊུར་ཀེའི་སྐད་ལས་སྒྲ་སྒྱུར་བྱས་པ་རེད་ཟེར་བ་ཐོས་སོང་།
བོད་ལ། ཏི་བེད་ཅེས་པའི་ཨིན་མིང་འདི་། སོག་སྐད་ལས་སྒྲ་ཟུར་ཆགས་པ་མིན་ནམ་སྙམ་ཡང་ཁུངས་ལྔན་མི་ཤེས།
བོད་ཀྱི་ཡོད་དགུ་རྒྱ་སོག་ནས་བྱུང་བར་འདོད་ན་སྐྱོན་ཡོད་དམ།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལེགས། དེང་གི་བོད་སྐད་ཀྱི་ངག་གི་འདུ་བྱེད་ལྟར་ན་་དབྱིན་་བྲིས་པའི་སྒྲ་གདངས་འདི་བརྗོད་བདེ་བར་སེམས། ལ་དྭགས་པའི་སྔ་མོའི་ཞང་ཞུང་གི་ངག་གི་འདུ་བྱེད་ལྟར་ན་་ཨིན་་བྲིས་པའི་སྒྲ་གདངས་འདི་བརྗོད་བདེ་བར་མེད་དམ་སྙམ། ཡིན་ནའང་ཁྱེད་ཞང་ཞུང་པ་མིན་མདོག་མདོག་གནང་གི་འདུག་པས་དེ་འདྲ་མ་གནང་རོགས་ཞུ་རྒྱུ་ཡིན། །
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱི་དགོངས་ཚུལ་བཏོན་གནང་བར་བཀའ་དྲིན་ཆེ་ཞུ།
“དབྱིན་སྐད་དུ། བོད་ལ་TIBET་དང་། བོད་མི་ལ་TIBETANཞེས་པའི་མིང་བརྡ་གཉིས་པོ་འདི། དུས་རབས་ནམ་བྱུང་དང་།མཁས་པ་སུས་གསར་གཏོད་བྱས་པ་ཡིན།” ཁ་གསལ་གཏིང་གསལ་ཞིབ་འཇུག་གནང་པའི་དཔྱད་རྩོམ་བྲིས་པ་དེ་འདྲ་ཡོད་ན་རྒྱུས་སྟོན་གནང་རོགས། ཐུགས་རྗེ་ཆེ་ཞུ། །
Thibet – Thubet – Tibet
……………………………………..
Tibet
Autonomous region, China
Written by: Victor C. Falkenheim 0
READ VIEW ALL MEDIA (14) VIEW HISTORY EDIT FEEDBACK
Alternate titles: Bod; Gangs-ljongs; Hsi-tsang Tzu-chih-ch’ü; Kha-ba-can; Thibet; Thubet; Tibet Autonomous Region; Tubbat; Tufan; Xizang Zizhiqu
http://www.britannica.com/EBchecked/topic/594898/Tibet
དབྱིན་སྐད་ Tibet དང་རྒྱ་ནག་སྐད་དུ 图博 སོགས་བོད་རང་གི་སྐད་ཐུ་བོད་དམ་བོད་ཅེས་པའི་ཐ་སྙད་ལས་མཆེད་པ་ཡིན་པ་པར་བལྟས་ཚུར་གསལ་དུ་འདུག་ཅིང་། མཁས་དབང་དགེ་ཆོས་ཀྱིས་ཀྱང་དེར་འགྲེལ་བཤད་ཤིན་ཏུ་གསལ་པོ་གནང་བ་དེ་ལས་ལྷག་ཅིག་སུས་བྱེད་ནུས། རང་ས་ནས་བྱུང་བར་ངན་དུ་འཛིན་པ་དང་གཞན་ཡུལ་ནས་བྱུང་བར་བཟང་དུ་འཛིན་པར་ངན་གོམས་སུ་སོང་བའི་བོད་མི་རིགས་འདི་་་་་་་་་་་་་་་་་་་་