སློབ་དཔོན་ཨརཅྱ་གཟི་གཡང་།
༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༢པའི་ཉིན་བཞི་པའི་བརྗོད་བྱ་སྙིང་བསྡུས
བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ་ཞེས་པའི་བརྗོད་བྱ་དངོས་གཞིའི་སྐོར་དངོས་སུ་མ་གླེང་སྔོན་དང་ཐོག་བརྡ་སྤྲོད་རིག་པ་ཞེས་པ་དེ་ཅི་འདྲ་ཞིག་ལ་བརྗོད་དགོས་མིན་དང་། རིག་གནས་ཆེ་ཆུང་བཅུ་ཡི་ནང་གང་གི་ཁོངས་སུ་འདུས་པ་དང་། ལེགས་སྦྱར་གྱི་ཚིག་བིདྱཱ་དང་དབྱིན་ཚིག་ལོ་ཇི་ཞེས་པ་དེ་བོད་ཚིག་“རིག་པ་”ཞེས་པར་བསྒྱུར་སྲོལ་དར་འགོ་ཚུགས་ཡོད་པའི་དཔེ་མཚོན་བཅས་སྔོན་འགྲོའི་གཏམ་གྱི་ཚུལ་དུ་གླེང་སློང་བྱ་རྒྱུ་ཡིན། སྤྱིར་དོན་གོ་བར་བྱེད་པའམ་བརྡ་སྤྲོད་པར་བྱེད་པའི་ཐབས་ལ།ལག་བརྡ་དང་། མིག་བརྡ། ལུས་བརྡ། རི་མོའི་བརྡ་སོགས་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་ཐབས་མང་ཡང་། སྐབས་བབས་ཀྱི་བསྟན་དོན་ནི་ངག་གི་རྣམ་པར་རིག་བྱེད་དུ་གྱུར་པའི་བརྡ་སྤྲོད་ཡིན།
བརྡ་སྤྲོད་པའི་རིག་པ་ཞེས་པ་དེ་ཡི་གེའི་བརྡ་དག་སྟོན་པའི་རིག་གནས་ལ་གོ་བ་དང་། རིག་གནས་ཆེ་བ་ལྔ་ཡི་ནང་ནས་སྒྲ་ཡི་རིག་པའི་ཁོངས་སུ་གཏོགས། སྤྱིར་བོན་དང་ཆོས་ཀྱི་ལུགས་ཀྱི་བར་རིག་པའི་གནས་ཆེན་ལྔའི་སྐོར་འདོད་ཚུལ་ཧེ་བག་ཆེན་པོ་ཡོད་པས། རིག་གནས་དེ་དག་སོ་སོའི་རྣམ་བཞག་དང་བྱུང་ཚུལ་སོགས་སྐབས་འདིར་བཤད་ན་གཏམ་ཚོགས་ཆེ་ཞིང་བརྗོད་དོན་དངོས་གཞི་དང་ཆེར་འབྲེལ་མེད་རྐྱེན་རྒྱས་སྤྲོས་བྱེད་རྒྱུ་མིན།
བོན་གྱི་ལུགས་སུ་རིག་གནས་ཆེ་བ་ལྔ་ཡི་བྱུང་ཚུལ་རོབ་ཙམ་ཞིག་ས་བཅད་མ་སྟོང་ཙམ་དུ་མདོར་ལ་བསྡུས་པ་ཤིག་སྤྲོས་ན། ཀུན་འབུམ་ཁྲ་འོ་བཞུགས་པའི་དབུ་ཕྱོགས་ལེགས་སྷོ་ནང་། བརླབས་ཆེན་བྱ་ཁྱུང་རྒྱལ་པོའི་གདན་ཁྲི་ལ། སྲིད་པའི་རྒྱལ་པོ་འབུམ་ཁྲི་བཞུགས། དེ་ལས་སྤྲུལ་པའི་སྐུ་མཆོག་བཞི་བསྐྱེད། བར་ལྷ་འོད་གསལ་གཡུང་དྲུང་ས་གནས་ན། རྩོད་བྲལ་ཕྱོགས་མེད་རྒྱལ་པོའི་གསས་མཁར་དུ། མཁའ་ལྡིང་བྱ་རྒྱལ་ཁྱུང་གི་ཁྲི་སྟེང་ན། སྲིད་པ་ཡེ་སངས་དཀར་པོ་ཞེས་ཀྱང་བྱ། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་སྐུ་བཞུགས་ནས། བར་ལྷ་འོད་གསལ་གཡུང་དྲུང་སེམས་དཔའ་ལ། ཀུན་རྫོབ་བདེན་པ་སྒྲ་ཡི་རིག་པ་སྟོན། དོན་དམ་བདེན་པར་ཡེ་མཁྱེན་ཐེག་པའི། མི་འཇིག་སྟོབས་བཅུ་བསྐྱེད་པར་མཛད་པའོ།
འོག་མིན་ལྷའི་གནས་མགོན་དམ་པ་ནས། ཕྲིན་ལས་ཀུན་གྲུབ་སྔགས་ཀྱི་གསས་མཁར་དུ། ཆུ་སྲིན་མ་ཧ་ཀ་རིའི་ཁྲི་སྟེང་ནས། སྲིད་པ་ཡེ་མུ་རྒྱུང་ཕྱོད་པ་ཞེས་ཀྱང་བྱ། ཡེ་དབལ་མཐུ་སྟོབས་རྒྱལ་པོ་སྐུ་བཞུགས་ན། འོག་མིན་གནམ་གྱི་མཐུ་སྟོབས་ཅན་རྣམས་ལ། ཀུན་རྫོབ་བདེན་པར་ནང་གི་རིག་པ་སྟོན། དོན་དམ་བདེན་པར་ཡེ་དབལ་ཐེག་པའི། ཏིང་འཛིན་ཡན་ལག་དྲུག་ཅུ་བསྐྱེད། མགོན་བཙུན་ཕྱའི་གྲོང་ཁྱེར་ཆེན་པོ་ནས། ཐུགས་རྗེ་ཀུན་སྐྱོབས་སྨན་གྱི་གསས་མཁར་དུ། ནམ་མཁའ་བ་མོ་ཆེའི་གདན་ཁྲི་ལ། སྲིད་པ་དཔག་མེད་ཀུན་སྙོམས་ཞེས་ཀྱང་བྱ། ཡེ་རྗེ་སྨན་ལྷའི་རྒྱལ་པོ་སྐུ་བཞུགས་ན། བསྐོ་བ་དམ་པའི་ཕྱ་རྗེ་ཐམས་ཅད་ལ། ཀུན་རྫོབ་དམ་པར་གསོ་བ་རིག་པ་སྟོན། དོན་དམ་བདེན་པར་ཡེ་རྗེའི་ཐིག་པའི། གཤེན་རབ་ལམ་བཞི་རྫོགས་པར་མཛད་པའོ། སྲིད་པ་ཡེ་སངས་ཡུལ་མཆོག་ཞིང་ཁམས་ཀྱི། འབྱུང་ལྔ་ལྷུན་གྲུབ་རྫོགས་པའི་གསས་མཁར་དུ། གསེར་གྱི་རུས་སྦལ་བསྣོལ་བའི་ཁྲི་སྟེང་ནས། སྲིད་པ་བརྟེན་པའི་ས་འཛིན་ཞེས་ཀྱང་བྱ། ཡེ་དབང་སའི་རྒྱལ་པོ་སྐུ་བཞུགས་པས། སྲིད་འཁོར་སྡེ་བསམ་དུ་མེད་པ་ལ། ཀུན་རྫོབས་བདེན་པར་ཕྱིའི་རིག་པ་སྟོན། དོན་དམ་བདེན་པར་ཡེ་དབང་ཐིག་པའི། ཡེ་ཤེས་དབང་པོ་དྲུག་ཉིད་བསྐྱེད་པའོ། དགུང་དྲུག་ལྷ་རྩེ་སྲིད་པའི་ཞིང་ཁམས་ཀྱིས། སྔོན་བུ་གཡུ་རྩེ་ཤེལ་གྱིས་གསས་མཁར་ནས། སྲིད་པ་བརླབས་གཅོད་སྤྱི་རྗེའི་ཁྲི་སྟེང་དུ། སྲིད་པའི་རྒྱལ་པོ་སངས་པོ་སྐུ་བཞུགས་པས། དག་པའི་སྲིད་པའི་རྒྱལ་པོ་མུ་མེད་ལ། ཀུན་རྫོབས་བདེན་པར་འཁོར་ལོ་རྣམས་བཞི་སྟོན། དོན་དམ་བདེན་པར་ཡེ་བསྲིད་ཐེག་པའི། ཐར་པའི་ལམ་བརྒྱད་འབྱེད་པར་མཛད་པའོ་ཞེས་རིག་པའི་གནས་ལྔ་ཡི་བྱུང་ཚུལ་སོགས་བཤད་ཡོད། (ཤོག་གྲངས།༧-༨)དེ་དག་ཞིབ་ཏུ་མཁྱེན་པར་འདོད་ན། མ་རྒྱུད་སྐྱེ་མེད་ཐིག་ལེ་དང་། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་དང་། གཙུག་ལག་དཔའ་འབུམ་དཀར་པོ་དང་། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་དང་། ཀུན་འབུམ་གོ་འབྱེད་དང་། རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་དང་། ཤེར་ཕྱིན་སྐབས་དང་པོ་ལ་སོགས་བོན་དཔེ་ཁག་ནང་གཟིགས་ན་འཐུས།།
དེང་སང་བོད་ནང་ཡོད་པའི་བརྡ་སྤྲོད་མཁས་དབང་འགའ་ཞིག་གིས་སྒྲ་རིག་པ་དེ་ལ་སྐད་བརྡ་རིག་པ་ཞེས་འབྲི་སྲོལ་གསར་གཏོད་གནང་འདུག་པས། ངོས་ཀྱིས་བསམ་ན། སྒྲ་རིག་པ་ཞེས་པའི་ཐ་སྙད་དེ་དག་པ་རྒྱུན་འབྱམས་སུ་གནས་ཡོད་པས་དགེ་མཚན་ཆེ་བར་མཐོང་། སྒྲ་བསྒྱུར་མཁས་དབང་ཐུབ་བསྟན་སྦྱིན་པ་མཆོག་གིས་ཀྱང་དེ་ལྟར་ཐུགས་མོས་གནང་གི་ཡོད། ས་པཎ་མཆོག་གིས་རིག་གནས་ཆེ་བ་ལྔའི་ནང་། སྒྲ་རིག་པ་ལ་བརྡ་སྤྲོད་རིག་པ་དང་བཟོ་རིག་པ་ལ་ཕྱི་རིག་པ་ཞེས་འདོགས་ཤིང་། སྒྲ་རིག་པ་དང་བརྡ་སྤྲོད་རིག་པ་རྣམ་གྲངས་སུ་བཞག་ཡོད།
སྤྱིར་སྒྲ་རིག་པ་ལ་སློབ་གཉེར་གནང་ན་སྤྱིའི་ཆ་ནས་དང་བྱེ་བྲག་གི་ཆ་ནས་ཀྱང་དབྱེ་ཆོག དཔེར་ན་སྒྲ་རིག་པའི་སྐོར་ལ་སློབ་གཉེར་གནང་ན་སྐད་རིག་སྤྱིའི་ཁྱབ་སྤེལ་དང་དར་རྒུད་སོགས་དང་། སྐད་རིག་བྱེ་བྲག་ཅིག་གི་ཁྱབ་སྤེལ་དར་རྒུད་ཀྱི་སྐོར་ལའང་སྦྱོང་བརྡར་གནང་སྲོལ་ཡོད།
བརྡ་སྤྲོད་ཅེས་པའི་སྐད་དོད་དུ་ཞང་སྐད་ནང་། ཕྱོ་ཉིལ་དང་། བྱཱཀརཎཿ ཞེས་ལེགས་སྦྱར་གྱི་སྐད་དེ་བོད་སྐད་དུ་ལུང་དུ་སྟོན་པ་ཞེས་བསྒྱུར་ཡོད་པ་ལས་བརྡ་སྤྲོད་ཅེས་བསྒྱུར་མེད། དབྱིན་ཇིའི་སྐད་དོད་དུ“grammar”ཞེས་ཡོད། བརྡ་སྤྲོད་རིག་པ་ཞེས་པའི་“རིག་པ་”དེ་བྱེད་མེད་ལས་ཚིག་གཅིག་ཡིན། དེ་ཡང་མཐོང་བའི་དོན་དང་། རྟོགས་པའམ་ཤེས་པའི་དོན་དང་། བློ་གྲོས་སམ་ཤེས་པའི་མིང་དང་། བསླབ་པར་བྱ་བའི་གཞི་སྟེ་ཀུན་ལ་འཇུག་གི་ཡོད། སྒྲ་རིག་པའི་སྐད་དོད་དུ་ཞང་སྐད་ནང་སློང་སྒྱུར་ཧྲོ་ཡེ་དང་། ལེགས་སྦྱར་སྐད་དུ་ཤབྡ་བིདྱཱ་དང་། དབྱིན་སྐད་ནང་ཕི་ལོ་ལོ་ཇི།(philology)ཞེས་ཡོད།
བོན་གྱི་ལུགས་སུ་རིག་གནས་ཆེ་བ་ལྔའི་ནང་སྒྲ་རིག་པ་ལ། སྒྲ་ཚད་ཀྱི་འབུམ་གསུམ་ཡོད། དེ་གསུམ་ནི། ལྷ་སྲིན་འཁྲུག་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་བཅས་ཡིན། ལེགས་སྦྱར་དུ་སྒྲ་རིག་པའི་སྐད་དོད་ཤབྡབིདྷཡཱ་ཞེས་པ་སྐད་ཡིག་དང་རྩོམ་རིག་གཉིས་ཀར་ཁྱབ་པའི་སྤྱི་མིང་ཡིན་པ་དང་། དེའི་ནང་ཚན་དུ་བྱཱཀརཎ་སྟེ་ལུང་དུ་སྟོན་པ་ནི་སྐད་ཀྱི་རིག་པ་ཡིན་པ་དང་། སཱཧིཏཡ་སྟེ་རྩོམ་རིག་ནི་ཚིག་རྒྱན་གྱི་རིག་པའི་ཁོངས་སུ་འདུ་བ་ཡོངས་གྲགས་ཡིན།
ལེགས་སྦྱར་ནང་བིདྱཱ་ཞེས་པ་དེ་བོད་སྐད་དུ་རིག་པ་ཞེས་བསྒྱུར་ཡོད་པ་དཔེར་ན་ཤབྡ་ལ་སྒྲ་དང་། བིདྱཱ་ལ་རིག་པ་ཞེས་བསྒྱུར་གནང་ཡོད། དབྱིན་ཚིག་ནང་logy ཞེས་པའི་ཐ་སྙད་ལ་བོད་སྐད་དུ་“རིག་པ”ཞེས་བསྒྱུར་སྲོལ་དར་ཡོད། དཔེ་མཚོན་གྱི་ཚུལ་དུ་དབྱིན་ཇིའི་ཐ་སྙད་ཁ་ཤས་ཤིག་ཞུ་ན། དེ་ཡང་cosmology ལ་འཇིག་རྟེན་ཆགས་རབས་རིག་པ་དང་། ontology ལ་འབྱུང་ཁམས་རིག་པ་དང་། epistemology ལ་ཤེས་བྱ་རིག་པ་དང་། psychology ལ་སེམས་ཁམས་རིག་པ་དང་། mythology ལ་ལྷ་སྒྲུང་རིག་པ་ཞེས་བསྒྱུར་གནང་ཡོད། སྤྱིར་ལོ་ཇི་ཐ་སྙད་རང་དགར་བ་ལའང་འཇུག་སྟངས་འདྲ་མིན་ཡོད་ཀྱང་། སྐབས་བབས་བརྗོད་དོན་དང་འབྲེལ་མེད་པས་བཏང་སྙོམས་སུ་བཞག
བརྡ་སྤྲོད་རིག་པ་ཞེས་པའི་ཐ་སྙད་དང་འབྲེལ་བའི་སྐོར་རོབ་ཙམ་ཞིག་ཞུས་པའི་མཚམས་སུ། བོད་ཀྱི་བརྡ་སྤྲོད་རིག་པ་ཞེས་པ་དེ་ཡང་དག་གང་ཞིག་ལ་ངོས་འཛིན་གནང་གི་ཡོད། ཡོངས་གྲགས་ལྟར་ན་<>དང་།<><><><< མིང་གི་རྣམ་གྲངས་>>བཅས་བརྡ་སྤྲོད་རིག་པ་ཡིན་ཞེས་གསུངས་སྲོལ་ཡོད། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ནི་མཁས་པ་ཀུན་གྱིས་ཡིད་རངས་བྱེད་པའི་གཞུང་ཞིག་ཡིན།
དེ་ཡང་ཐོན་མི་ཨ་ནུས་མཛད་ཡིན་པ་སོགས་ནི་ས་ཁྱབ་གནམ་ཁྱབ་ཡིན་མོད། འོན་ཀྱང་དུས་རབས་བདུན་པའི་སྐབས་སུ་ཐོན་མིས་བརྩམས་པའི་སུམ་རྟགས་གཞུང་ལ་དུས་ཚིགས་རྙིང་པའི་དྲི་མི་འཐུལ་བ་དང་།བསྒྱུར་བཅོས་མཁན་གྱི་སྨྱུག་རྩེས་མ་རེག་པའི་བཙན་པོའི་གཞུང་ཐོག་ནས་བཞེངས་པའི་རྡོ་རིང་དང་བྲག་བརྐོས་ཡི་གེ་གནའ་ཡིག་བཅས་དང་བསྡུར་ན་གང་ཅིའི་ཐད་ནས་སུམ་ཅུ་པའི་གཞུང་གི་ཚིག་ཕྲད་སྦྱོར་ཚུལ་དང་། རྟགས་ཀྱི་འཇུག་པའི་གཞུང་གི་མིང་གཞི་དང་སྔོན་རྗེས་སོ་སོའི་ཕོ་མོ་མ་ནིང་སོགས་ཕན་ཚུན་རྟགས་ཀྱི་འཇུག་ཚུལ་རྣམས་རྩ་བ་དང་མི་མཐུན་པ་ཇི་སྙེད་ཅིག་མཆིས་པས་དེ་དག་ལ་གཞིགས་ན་སུམ་རྟགས་ཀྱི་གཞུང་དེ་ཐོན་མིས་མ་མཛད་པ་གསལ་པོར་རྟོགས་ཐུབ།
རྣམ་དབྱེ་འགྲོ་སྟངས་ཀྱི་ཁུངས་བཅོལ་ས་གནའ་བོའི་ཡིག་རྒན་དེ་ཚོའི་ཚིག་འགྲོས་ནས་ཁུངས་འཚོལ་དགོས་པ་ཞིག་རེད། དཔེར་ན། འབྲེལ་སྒྲའི་ཕྲད་ལ་གི་གྱི་ཀྱི་འི་ཡི་ཅི་ཏི་ནི་ཙི་རི་སི། དེ་རྣམས་ཡིག་རྒན་གྱི་དཔེ་ཆའི་ནང་ནས་འབྲེལ་སྒྲའི་ཕྲད་ལ་བེད་སྤྱོད་གཏོང་གི་ཡོད་པ་དང་། ལ་དོན་གྱི་ཕྲད་ལ་གུ་ཅུ་ད་དུ་ཏུ་ཨུ་སུ་ཏུར་སུར་བེད་སྤྱོད་གཏོང་སྲོལ་ཡོད་པ་དང་། ན་ལ་གཉིས་ལ་ལུ་ལེ་བཅས་གང་ལྟར་རྣམ་དབྱེ་དང་ལ་དོན་ལ་གྲངས་ཀའི་ཐག་བཅད་པ་དེ་འདྲ་ཡོད་མདོག་མ་རེད་དེ། རྣམ་དབྱེ་དང་ལ་དོན་གྱི་ཚིག་ཐམས་ཅད་ད་ལྟ་ལས་མང་བ་ཡོད་པར་འདོད།
ད་དུང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་། བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང་སོགས་ལས་སྔོན་འཇུག་གི་ཡི་གེ་དག་མིང་གཞི་ལ་འཇུག་སྟངས་སུམ་རྟགས་ཀྱི་རྩ་གཞུང་དང་འགལ་བ་ལྟག་སྤྲོད་དུ་གནས་ཡོད། དེ་ཡང་སུམ་རྟགས་ཀྱི་རྩ་ཚིག་ནང་། མི་འཇུག་པ་ནི་འདི་ལྟ་སྟེ། ཕོ་ནི་མ་ནིང་ལ་མི་འཇུག མོ་ནི་ཕོ་ལ་འཇུག་པ་མིན། མ་ནིང་རང་ལ་རང་མི་འཇུགརང་གི་སྡེ་དང་འཕྲད་པ་ན། ཕོ་ཡང་མོ་ལ་འཇུག་མི་འགྱུར།
མ་ནིང་མོ་ཡང་དེ་བཞིན་ནོ་ཞེས་སོགས་སྔོན་འཇུག་ལྔ་པོ་དེ་མིང་གཞིའི་ཡི་གེ་ཆེས་མང་པོ་ཞིག་ལ་མི་འཇུག་པར་བཤད་ན་ཡང་། ཏུན་ཧོང་ནས་ཐོན་པའི་ཡིག་ཆ་སོགས་ན་དེ་ལས་ལྡོག་སྟེ། སྔོན་འཇུག་གི་ཕོ་བ་ཡིག་མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་སོགས་ལ་འཇུག་པ་ནི། “ཐང་ལ་ནི་རྩེ་བཆད་ཅིང་།” “ཁོང་ཏ་རྣམས་ཀྱི་སུག་རྒྱ་དང་སུག་ཡིག་ཚད་ཀྱིས་བཐབ་ཕ།” “ནས་ཀལ་ཕྱེད་དང་བཆུ་བདུན་དང་བྲེ་གསུམ” “བང་མོཿབང་ཀར་དུཿབློ་ཁྲྀ་འབྲྀང་བཙན་བྲོད་བློན།ཆེན་བོར་བཆུག”ཅེས་དང་། སྔོན་འཇུག་གི་མོ་འ་ཡིག་དང་ཤིན་ཏུ་མོ་མ་ཡིག་གཉིས་མིང་གཞིའི་ཡི་གེ་ཀ་ཅ་ཏ་པ་ཙ་བཅས་ ཀྱི་ཡི་གེ་ལ་འཇུག་པ།“སྟོད་པྱོགས་གྱྀ་ཕོ་ཉ་པྱག་འཙལད” “ཁྲོམ་གྱྀ་མཀོས་ཆེན་པ་བགྱྀས” ཡང་སྔོན་འཇུག་མ་ནིང་གི་ཡི་གེ་ག་ད་གཉིས་མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་རྣམས་ལ་འཇུག་པ་ནི། “དགུན་བཙན་པོ་བྲག་མར་ན་བཞུགས་པར་ལོ་གཆིག” ལྟ་བུ་དང་། “ཁྱེད་གློ་བ་རིངས་ན་དབུ་སྙུང་ལས་གཐོགས།” “ཆུ་མྱིག་གཆྀག་གི་དངོའ་ནའ།”ལྟ་བུ་དང་། མ་ཡིག་ཀྱང་མ་ནིང་གི་ཡི་གེ་ལ་འཇུག་པ་ནི། “དབའས་ཁྲི་གཟིགས་ཞང་ཉེན་བློན་ཆེན་པོར་བཀའ་སྩལ་དེ། སེ་རིབ་ལོག་པར་ལོ་མཆིག”སོགས་འདི་ལྟ་བུའི་དཔེ་མཚོན་ཅན་འདི་དག་བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་བཅས་གང་གི་ཆ་ནས་བལྟས་ན་ཡོངས་སུ་གྲགས་པའི་ཐོན་མིའི་སུམ་རྟགས་ཀྱི་ཕྱི་མོ་དང་ཁྱོན་ནས་མཐུན་གྱི་མེད།
རྡོ་རིང་ཡི་གེ་སོགས་བཙན་པོའི་དུས་ཀྱི་ཕྲད་དང་སུམ་རྟགས་ཀྱི་རྩ་གཞུང་ནང་ཡོད་པའི་ཕྲད་ཀྱི་འགྲོ་སྟངས་སོགས་ཀྱང་མཚུངས་ཀྱི་མེད། སུམ་རྟགས་ཀྱི་རྩ་གཞུང་ལྟར་ན། ད་བ་ས་ད་དྲག་གི་རྗེས་སུ་ཨི་ལྡན་གྱི་ཕྲད་ཀྱི་ཐོབ་པ་གསལ་བར་བསྟན་ཡོད་ནའང་། བཙན་པོའི་རྡོ་རིང་སོགས་སུ་དེ་ལས་ལྡོག་སྟེ། ད་བ་ས་ཡི་རྗེས་སུ་གྱི་ཐོབ་པ་མང་པོ་ཡོད། དཔེར་ན། “རབས་ཚད་ན་རབས་ཆད་གྱྀ་ཁོལ་ཡུལ་དང་།” ཡང་ “བློན་སྟག་སྒྲ་ཀླུ་ཁོང་གི་པ་ཟླ་གོང་གི་བུ་ཚ་རྒྱུད་འཕེལད་གྱི་རྣམས་ཞང་ལོན་ཡི་གེ་པའི་ཐང་དང་།” དེ་བཞིན་ “གཙེར་བློན་ཁྲྀ་སྒྲ་སྟག་ཚབ་གྱྀས་བསྡུས།” ལ་སོགས་དཔེ་མཚོན་མང་དག་ཞིག་ཡོད་ཀྱང་།འདིར་ཚང་མ་འདྲེན་ན་གཏམ་ཚོགས་ཆེ་ཞིང་དུས་ཐོག་ཏུ་མི་ཟིན་པས། དེ་དག་ཞིབ་ཏུ་མཁྱེན་པར་འདོད་ན། ཏུན་ཧོང་ཡིག་རྙིང་དང་། བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་།དྲིལ་བུའི་ཁ་བྱང་སོགས་ལ་བློ་གཟུ་བོར་ངང་ནས་ལེགས་པར་གཟིགས་ཞིབ་གནང་ན། དེང་སྐབས་རང་ཅག་རྣམས་ཀྱིས་སྦྱོང་སྤྱོད་བྱེད་བཞིན་པའི་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་གཉིས་དུས་རབས་བདུན་པའི་སྐབས་མཚམས་སུ་ཐོན་མིས་མཛད་པའི་བརྡ་སྤྲོད་ཀྱི་གཞུང་ཡིན་ཟེར་བའི་ནམ་རྒྱུན་ཡོངས་གྲགས་ཀྱི་གཏམ་འདི་དོན་དངོས་དང་མཐུན་པ་ཞིག་མ་ཡིན་པ་གསལ་པོར་རྟོགས་ཐུབ།
གལ་ཏེ་སུམ་རྟགས་ཀྱི་གཞུང་དེ་ཐོན་མིས་མཛད་ཡོད་ན། ཁོང་གིས་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་རྣམས་རྒྱལ་པོའི་བཀའ་འཁྲོལ་འོག་ནས་བསྒྲུབས་པ་ཞིག་ཡིན་དགོས་པ་ལས། རང་སྣང་གང་ཤར་གྱི་བརྩམས་པ་ཞིག་ག་ལ་སྲིད། དེ་ལྟར་གྱི་གཞུང་ཆེན་མོའི་འགྲོས་དེ་དག་བཀའ་བརྩིགས་ཀྱི་རྡོ་རིང་སོགས་ནང་བཀོལ་དགོས་པ་ནི་ལྟ་ཅི་སྨོས། གང་ལྟར་གཞུང་ཐོག་ནས་བཞེངས་པའི་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་ནང་དེ་ལས་ལྡོག་ཕྱོགས་སུ་གནས་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས་སུ་དང་གང་གིས་བསྙོན་མི་ཐུབ།
ས་པཎ་གྱིས་མཛད་པའི་ཡི་གེའི་སྦྱོར་བ་དང་སུམ་རྟགས་ཀྱི་རྩ་བ་གཉིས་ཕན་ཚུན་ཁ་བསྒྲིགས་ན་གཅིག་མཚུངས་སུ་ཡོད། དེས་མ་ཚད་ས་པཎ་གྱིས་ཡི་གེའི་སྦྱོར་བ་ནང་བྲིས་ཡོད་པའི་བརྩམས་པར་དམ་བཅའ་བའང་སུམ་རྟགས་གཞུང་ནང་ཡོད་པའི་བརྩམས་པར་དམ་བཅའ་བ་དང་གཅིག་པ་ཡིན། ས་པཎ་མཆོག་ནི་གཞན་དྲིང་འཇོག་མི་དགོས་པའི་མཁས་པའི་དབང་པོ་ཞིག་ཡིན་པ་ནི་རྩོད་བྲལ་ཡིན་པས། ཁོང་གིས་བརྩམས་པར་དམ་བཅའ་སོགས་ལན་འབྲི་གནང་བ་ནི་ག་ལ་སྲིད།
ས་པཎ་གྱིས་མཛད་པའི་རྟགས་ཀྱི་སྦྱོར་བ་དང་། སུམ་རྟགས་ཀྱི་རྩ་གཞུང་བར་གཟབ་གནན་ཆེན་མོས་ཞིབ་བསྡུར་ཞིག་བྱས་ན་ངོ་མཚར་དང་རྒྱུ་མཚན་ཆེ་བའི་གནད་ཕུགས་ལ་འཁེལ་བ་མང་དག་ཅིག་ཡོད་པ་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བྲིས་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ་ཞེས་པའི་དཔྱད་རྩོམ་དེ་གཟིགས་ན་སྔར་ཐོས་མ་མྱོང་བའི་རྒྱུ་མཚན་ལྡན་པའི་གཏམ་གསར་མང་པོ་ཞིག་མཆིས་པས། ངེས་པར་དུ་གཟིགས་གནང་ཡོང་བར་ཞུ།
བོད་བཙན་པོའི་དུས་སྐབས་ཀྱི་ཡི་གེའི་སྦྱོར་བ་ཀུན་བོན་དང་འབྲེལ་བའི་བརྡ་སྤྲོད་རིག་པ་ཤ་སྟག་ཡིན་ཅེས་བརྗོད་ན་ཐལ་བར་མི་འགྲོ་སྙམ། ཁྲོ་བོ་དབང་ཆེན་གྱི་གཞུང་སོགས་ལས་བོན་གྱི་བརྡ་ཆད་ཡིག་རྙིང་མང་དག་ཅིག་ཡོད། དཔེར་མཚོན་ཙམ་ཞུ་ན། བཁའ་ལ་འཁྲོ་པི་རྟགས་ཞེས་པ་ལྟ་བུ།བོན་ལ་བརྡ་སྤྲོད་ཀྱི་གཞུང་ཞེས་བྱེ་བྲག་དམིགས་སུ་བཀར་ནས་བརྩམས་པའི་གཞུང་ཞིག་ད་སྔོན་མཐོང་ལམ་དུ་མ་གྱུར་ཡང་། ཡིན་ནའང་བོན་དཔེ་གང་ཞིག་ཡིན་ནའང་རྗོད་བྱེད་ཀྱི་ཚིག་དེས་བརྗོད་བྱ་དེ་ཉིད་གོ་བ་ལོན་ཐུབ་པའི་ཐ་སྙད་ཅིག་ཡོད་པ་དེའི་ཐོག་ནས་བོན་གྱི་དཔེ་ཆ་ལ་བརྡ་སྤྲོད་ཡོད་ཅེས་བརྗོད་པར་འདོད།
གལ་སྲིད་ཤ་རིའི་སྒྲ་མདོ་ཞེས་པ་དེ་ཡོད་པའི་དབང་དུ་བྱས་ན་མིང་དེ་གཅིག་པུའི་བརྡ་སྤྲོད་དང་ཚིག་མཛོད་གཉིས་ཀའི་གོ་ཆོད་པའི་དཔེ་ཆ་དམིགས་བསལ་བ་ཞིག་ཡོད་ཆོག་ཀྱང་ལག་ཏུ་མ་སོན་བར་དུ་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་མི་ཐུབ། བོན་གྱི་དཔེ་རྙིང་སྲིད་པའི་མཛོད་ཕུགས་དང་དེ་མཚུངས་ཀྱི་གཞུང་མང་པོ་ཞིག་གིས་ནང་ཡི་གེའི་རྣམ་གྲངས་དང་། ཡི་གེ་རེ་རེའི་གོ་དོན། སྒྲ་ཡི་སྐྱེ་གནས། འབྱུང་བ་ཆེ་ཆུང་གི་སྒོ་ནས་སྒྲ་དྲག་ཞན་སོགས་མང་པོ་ཞིག་གཞུང་གི་གསེབ་ན་ཡོད་པ་དེ་དག་ལ་གཟིགས་ཞིབ་གནང་ཐུབ་ན་བོན་གྱི་བརྡ་སྤྲོད་རིག་པའི་འགྲོས་ལ་རྒྱུས་ལོན་ཐུབ།
སྤྱིར་བོན་གྱི་ལུགས་སུ་འཕྲུལ་ཆེན་ཡི་གེ་བཞི་བཅུ་དཔའ་བོ་འབྲུ་ལྔ་ལས་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས་ཀྱི་ཕུགས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་དང་འབྲེལ་ནས་བཤད་ཀྱི་ཡོད། དེ་ཡང་སྟོན་པའི་མཛད་ཆེན་བདུན་པ་རྣམ་པར་འཇོམས་པའི་མཛད་པའི་སྐབས་སུ། བདུད་རྗེ་ཁྱབ་པ་ལག་རིང་གིས་གཤེན་ལ་བར་ཆད་བརྩམ་ཕྱིར་བཙུན་མོ་དཔོ་བཟའ་ཐང་པོ་དང་། ཀོང་བཟའ་ཁྲི་ལྕམ་གཉིས་གཡོ་ཐབས་ཀྱིས་བྲིད་དེ།སྲིད་པ་སངས་པོ་འབུམ་ཁྲིའི་ཐུགས་ཀྱི་ཡང་བཅུད་ཡིག་འབྲུ་ཁྲི་དང་འབུམ་གྱི་གང་བུ་ཅན་གཏོ་ཡི་བཀའ་སྒྲོམ་ཡང་ཆུང་ཞེས་པ་དེ་དུག་ཚེར་གྱི་མེར་སྲེག་སྐབས་སངས་པོའི་ཐུགས་སྤྲུལ་ཡིད་ཀྱི་ཁྱེའུ་ཆུང་གིས་མེར་བརྙབས་པས། བེའུ་འབུམ་ཚིགས་འཕྲོ་སྤར་གང་ཐོབ་པ་དེའི་ནང་དཔའ་བོ་འབྲུ་ལྔ་རྣམས་མ་ཚིགས་པར་ཟིན་པ་རྣམས་གཤེན་རབ་མི་བོའི་ཐུགས་རྗེ་བྱིན་རླབས་ཀྱིས་ཡིག་འབྲུ་དེ་དག་ལས་འཕྲུལ་ཆེན་ཡི་གེ་བཞི་བཅུ་རྣམས་བྱུང་བ་དང་། དཔའ་བོ་འབྲུ་ལྔ་དེ་ལ་ཡང་། ཕྱི་ནང་གསང་གསུམ་དུ་ཡོད་པས། དང་པོ་ཡཾ་རཾ་ཁཾ་ སྲུཾ་ཨཱོྃ་དང་། གཉིས་པ། ཨ་ཨཱོྃ་ཧཱུྃ་རཾ་ཛ། གསུམ་པ། བསཱོ་ཨཱོྃ་ཧཱུྃ་ཧེ་བྷྱོའམ། ཡང་ན་ཨ་ཨཱོྃ་ཧཱུྃ་ཏྲཾ་ཧྲི་བཅས་ལ་རིམ་བཞིན་ཕྱི་ནང་གསང་གསུམ་གྱི་དཔའ་བོ་འབྲུ་ལྔ་ཞེས་བྱ་སྟེ། དྲི་མེད་གཟི་བརྗིད་ལས། ལྷ་ལྔ་ཐུགས་ཀྱི་དཀྱིལ་འཁོར་ནས། ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས། ཁཾ་ཡཾ་རཾ་དང་སྲུཾ་དང་ཨཱོྃ། ཨ་ཨཱོྃ་ཧཱུྃ་དང་རཾ་ཛ་ལྔ། བསྭོ་ཨཱོྃ་ཧཱུྃ་དང་ཧེ་དང་བྷྱོ། ཕྱི་ནང་གསང་བའི་དཔའ་བོ་ལྔ་ཞེས་དང་།
ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་བདེ་བར་གཤེགས་པའི་ཐུགས་རྟེན་ཕྱག་མཚན་གྱི་ངོས་འཛིན་གསལ་བའི་ཉི་མ་ལས། དཔའ་བོ་འབྲུ་ལྔ་ནི། འདི་ལ་ཕྱི་ནང་གསང་གསུམ་སྟེ། དང་པོ་ནི། ཨཱོྃ་ཡཾ་རཾ་ཁཾ་སྲུཾ། གཉིས་པ་ནི། ཨ་ཨཱོྃ་ཧཱུྃ་རཾ་ཛ། གསུམ་པ་ནི། ཨ་ཨཱོྃ་ཧཱུྃ་ཏྲཾ་ཧྲི། ཞེས་གསུངས་པའི་ཕྱིར།
འབྲུ་ལྔ་པོ་དེ་དག་ཕྱི་ནང་གསང་གསུམ་དུ་དབྱེ་བའི་དོན་ཡང་། གསང་སྔགས་ཕྱི་ནང་གསང་བའི་བདེར་གཤེགས་རིགས་ལྔ་སོ་སོའི་ས་བོན་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་སྙིང་པོ་ཡིན་པས་སོ་ཞེས། བོན་སྒོ་ཨང་དགུ་པ། ཁྱུང་དཀར་བ་སྨོན་ལམ་མཐར་ཕྱིན་གྱིས་བྲིས་པའི་དཔའ་བོ་འབྲུ་ལྔའི་ཡིན་ཚུལ་ལ་ཟུར་ཙམ་དཔྱད་པ་ཞེས་པའི་ནང་དཔའ་བོ་འབྲུ་ལྔའི་སྐོར་གསལ་བར་བྲིས་གནང་འདུག་པས།དེར་གཟིགས་གནང་ཡོང་བར་ཞུ།
བོན་གྱི་ལུགས་སུ་དཔའ་བོ་འབྲུ་དགུ་ཞེས་པ་ཞིག་ཀྱང་འདོད་ཚུལ་འདུག་པས། དེ་ཡང་ཀུན་འབུམ་ཁྲ་འོ་བཞུགས་པའི་དབུ་ཕྱོགས་ལེགས་སྷོ་ལས། དེ་ཚེ་དེའི་དུས་ཤེད་ན། བདེ་གཤེགས་ཀུན་འབུམ་གོ་འབྱེད་ཀྱིས། རིན་ཆེན་གསེར་གྱི་བྱང་བུ་ལ།དབུ་སྐྲ་ཉག་མའི་སྤུ་མདང་དང་། ཞལ་གྱིས་མཆིལ་མ་ལྗགས་གང་དང་། ཕྱག་གིས་སེམས་མོ་ལྕགས་འོད་དང་། སྐུའི་དྲོད་དང་ཁའི་དབུག ལུས་ཀྱི་དྲི་དང་ཐུགས་ཀྱི་མདངས། ཐམས་ཅད་བསྡུས་པས་འབྱུང་བའི་ས། ཡིག་གེ་དཔའ་བོ་འབྲུ་དགུ་བྲིས། འཇིག་རྟེན་སྐྱེད་པའི་སྨོན་ལམ་གདབ་ཅེས་ཡོད།(ཤོག་གྲངས།༡༡-༡༢)
བོན་དང་འབྲེལ་བའི་བོད་ཀྱི་བརྡ་སྤྲོད་རིག་པ་ཞེས་པའི་བརྗོད་བྱ་དང་འབྲེལ་བའི་སྐོར་གཏམ་ཚོགས་ཤིག་སྤེལ་བའི་ཁུལ་ཡིན་ཀྱང་། གཏམ་རྙོག་མང་ཙམ་ཐལ་བ་ལ་བཟོད་པར་གསོལ་ཞིང་། མདོར་ན་ཆེས་ཡོངས་གྲགས་སུ་ཡོད་པའི་སུམ་རྟགས་ཀྱི་གཞུང་དེ་ཐོན་མིས་མཛད་མིན་པའི་དྭོགས་གཞིའི་ཕུང་པོ་མང་ལ་ཆེ། ནམ་རྒྱུན་བསམ་བློའི་རང་ཆས་སུ་ཡོད་པའི་སུམ་རྟགས་ཀྱི་གཞུང་དེ་དུས་རབས་བདུན་པའི་སྐབས་མཚམས་སུ་སྲོང་བཙན་གྱི་བཀའ་འོག་ཐོན་མིས་མཛད་པ་སོགས་ཀྱི་བག་ཆགས་གཏུག་པོ་དག་བདེན་པ་དངོས་པོར་མཐོང་བའི་ཏུན་ཧོང་ཡིག་ཆ་ཁག་དང་། བཙན་པོའི་རྡོ་རིང་ཡི་གེ་དང་། དྲིལ་བུའི་ཁ་བྱང་ སོགས་ལ་བརྟེན་ནས་རྨོངས་ཆ་རྣམས་དག་པར་སེལ་ཐུབ་ན། བདེན་པའི་གནས་ལུགས་ཞིག་རིག་ལ་ངེས། ཐ་ཚན་མུ་ཙུག་སྨར་རོ།
སུམ་རྟགས་དང་། བོད་ཡིག་གཉིས་ཀ་ཐོན་མིས་གསར་དུ་བརྩམས་ཟེར་བར་བརྩམས་པའི་དཔང་རྟགས་བཙན་པོ་གང་ཡང་མ་མཐོང་བས་དྲ་འབུ་དག་ལ་དཔང་རྟགས་ཡོད་ན་གསུངས་རོགས་གནང་།
དཔང་རྟགས་ཁྱོད་རའི་ཨ་མའི་རྐུབ་བསྟེན་ན་མ་གཏོགས་དཔང་རྟགས་བསྟེན་ན་མི་ཁྱོད་ཚོའི་གྲལ་གྱི་རྒྱུ་མཚན་ཁས་མི་ལེན་པས་དུས་ཚོད་འཕྲོ་བརླགས་རེད།
སུམ་རྟགས་བློན་ཐོན་མིས་བརྩམས་པའི་དཔང་རྟགས་མི་འདུག་ཟེར་བ་ནི་དགོད་བྲོ་བ་ཞིག་རེད། དཔེར་ན་རྩ་ཤེས་ཀླུ་སྒྲུབ་ཀྱིས་བརྩམས་ཟེར་བ་ལ་དཔང་རྟགས་མི་འདུག་ཟེར་བ་དང་གཅིག་པ་རེད། ཧཧཧཧཧཧཧཧཧཧཧཧཧ བོན་གྱི་བརྡ་སྤྲོད་རིག་པ་བཤད་དུས་ལྷ་སྒྲུང་ཞིག་བཤད་དགོས་པ་ད་རེས་གཞི་ནས་ཧ་གོ་སོང་།
འོ་ནས་སུས་བརྩམས་པ་རེད། ཕལ་ཆེར་ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་ཞེས་པ་དེས་བརྩམས་པ་རེད།
བོན་པོ་ཞིག་གིས་བལྟས་ན་ང་ནི་སྐལ་ཆད་ཅིག་ལོས་ཡིན་ཏེ། བོན་པོས་ཅིག་ཅིག་མུག་མུག་བཤད་དུས་མགོ་ཡོམ་འཁོར་ཡོང་གི་འདུག
ཟས་ཀྱི་དངས་ཁ་འགག་གི
སྤྱན་ཀུ་ཤ་ཟན་དང་རི་བོང་རྩ་ཟན་གཉིས་སོ་སོས་ཟས་ལ་སོ་སོས་སྤྱོད་པ་ལས་འདི་ཞིམ་དང་དེ་མིན་ཞེས་པའི་བགྲོ་བ་ནི་དུས་ཚོད་འཕྲོ་བརླག་ཡིན་སོང་།
ཏུན་ཧོང་ལས། “བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས„ ཞེས་དང་་། ཐང་ཡིག་གསར་རྙིང་ལས། “ཡི་གེ་མེད་ཅིང་། ཐག་པ་ལ་འདྲུད་པ་དང་། ཤིང་ལ་རྟགས་སུ་བཏབ་ཏེ་རྩིས་བྱེད„ ཅེས་པ་སོགས་ལ་བལྟས་ན་སྤུར་རྒྱལ་བར་ཡི་གེ་མེད་པ་ཤེས། འདིས་སྐབས་ཀྱི་བོད་ཟེར་བ་ནི་ཡུལ་ཡར་ལུང་བོད་ཀ་གཡག་དྲུག་གི་ཚོ་རྒྱུད་ལ་གོ་དགོས། ཞང་ཞུང་དུ་ཡི་གེ་མེད་པར་བརྗོད་པ་ག་ལ་ཡིན། ཡོངས་གྲགས་ལྟར་ན་ཞང་ཞུང་གི་ཡི་གེ་ནི་གདོད་མའི་གཟུགས་མཚོན་ཡི་གེ་ཡིན་པར་གནའ་རྫས་རིག་པ་བ་དང་བརྡ་སྤྲོད་མཁས་ཅན་རྣམས་ཀྱིས་གསུངས་པ་དེ་རང་རེད། ང་ཚོའི་བོན་པོ་དག་གིས་ཞིབ་འཇུག་བྱེད་སྟངས་བོན་གཞུང་གཅིག་བུའི་སྟེང་ནས་མ་ཡིན་པར་གཞན་དང་བསྡུར་བ་གལ་ཆེན་པོ་མཐོང་གི་འདུག །དེ་མིན་ཞང་ཞུང་གི་ཡི་གེ་དེ་བོད་ཡིག་མ་རེད་ཅེས་ལབ་མི་ཕོད། ཡིན་ཡང་བོད་སྐད་དང་མཚུངས་པའི་སྒྲ་མཚོན་ཡི་གེ་ཀ་ཁ་ག་ང་སོགས་གསལ་བྱེད་ཀྱི་ཡི་གེ་འདི་དག་གཏན་ནས་མ་རེད། ཐོན་མིའི་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་ན་མེད་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ཀྱི་ཡིག་ཆ་ཁག་ལ་ལྟ་དགོས་བ་རེད། རབ་ཡིན་ན་རང་ལྟ་མཆོག་འཛིན་དོར་ནས་སྐབས་དེ་མཚུངས་ཀྱི་སྒྲ་སྦྱོར་བམ་གཉིས་དང་མ་ནི་བཀའ་འབུམ། པདྨ་བཀའ་ཐང་སོགས་ལ་གཟིགས་ནས་ཞིབ་བསྡུར་ཞིག་བྱེད་ན་སྔོན་གྱི་བརྡ་རྙིང་རྣམས་སྐད་གསར་བཅད་མཛད་སྟངས་དང་ཐོན་མིས་བརྡ་སྤྲོད་ཀྱི་གཞུང་ཇི་ལྟར་མཛད་ཚུལ་དཔང་རྟགས་གསལ་བོར་རྙེད་ངེས་རེད་འདུག །དེ་མིན་ཡོད་པ་བཞག་ནས་མེད་པ་འཚོལ་བ་དང་འདྲ་བས་ནམ་ཡང་རྙེད་སྲིད་ཀྱི་མ་རེད།
ཁ་བརྡ་ཚང་། བོན་གྱི་སྐོར་དྲ་ཐོག་ཏུ་མ་བཀོད་ན་ག་འདྲ་འདུག རྒྱུ་མཚན་ནི། དྲ་འབུ་མང་པོ་ཞིག་གིས་མི་ཤེས་ཤེས་མདོག་གིས་བན་བོན་གྱི་གྲུབ་མཐའ་ལ་བསྐུལ་འདེབས་བྱ་བའི་རྒྱུ་ལས་མ་འདས་སོ། །
ཁྱོད་དྲ་འབུ་མིན་པར་ཤོག
ཧམ་ཆེན། རང་དང་མ་མཐུན་ན་ལམ་རྐྱང་དྲྭ་འབུ་ཟེར་ཤག་ཤག
ཐོན་མིས་ཟེར་བའི་མི་དེ་སྐྱེ་ས་གནས་གང་ན་ཡོད་དམ་????????????
དེ་འདྲ་བའི་མཁས་དབང་དེ་༸རྒྱལ་བ་རིན་པོ་ཆེའི་མ་མཁྱེན་པ་ཡིན་ནམ་????????????
བོད་ཀྱི་བང་ཆེན་ཀྱི་འདོན་ཐེངས་༣༨༨པའི་ཤོག་གྲངས་༥པའི་ནང་དུ་བོད་ཀྱི་སྐད་ཡིག་དེ་ཡང་རྒྱལ་ཁབ་གཞན་ནས་ཚུར་བཤུས་པ་ཞིག་མ་ཡིན་པར། སོ་སོ་རང་ཉིད་ཀྱི་ས་ནས་དར་བ་དང་མི་རིགས་རང་ཉིད་ཀྱི་རང་མགོ་ཐོན་པའི་སྐད་ཡིག་ཅིག་ཡིན། མ་ཟད་ས་བབས་ཀྱི་ཆ་ནས་ཀྱང་དམིགས་བསལ་ཞིག་ཆགས་ཡོད། དེར་རྟེན་རང་ཉིད་བོད་པ་ཞིག་ཡིན་བསམ་ནས་སྤོབས་པ་ལྡན་པ་ཞིག་དགོས། འོན་ཀྱང་སྤོབས་པ་ལྡན་པ་ཟེར་དུས་ང་རྒྱ་དང་གཞན་ལ་མཐོང་ཆུང་བྱས་པ་མ་ཡིན་པ་ཡ་རབས་དང་ཉམ་ཆུང་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་འདུག
ཐོན་མིའི་སྐྱེས་ཡུལ་གཤེན་རབ་མི་བོ་ཆེ་ཟེར་བའི་མིའམ་ཅི་དེའི་སྐྱེས་སའི་འགྲམ་ནས་རེད།*.£\>||£|^#^\+
པར་ངོས་བཞི་པ། བོད་མིའི་རང་དབང་བདུན་རེའི་གསར་ཤོག
༸ གོང་ས་མཆོག་ནས་སྨར་ཡིག་ནི་མི་ལོ་སུམ་སྟོང་གི་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པར་ར་འཕྲོད་ཀྱི་བཀའ་སྩལ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུལ་བྱ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་ཆེ་བའི་སྐབས་ལ་སྨར་ཡིག་ནི་མི་ལོ་སུམ་སྟོང་བཞི་སྟོང་གོང་གི་བོད་ཀྱི་ཡི་གེ་ཐོག་མར་ཡིན་པའི་ར་འཕྲོད་བྱུང་ཡོད་པའི་སྐོར་ལ་བཀའ་སློབ་ཕེབས་པ་གནང་སོང། དེ་ནི་སྤྱི་ནོ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་བཞུགས་སྒར་དུ་གདུལ་བྱ་རྣམས་ལ་ཕྱི་ནང་གྲུབ་མཐའི་རྣམ་བཞག་དང་ལམ་རིམ་མདོིར་བསྡུས་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བའི་མུར་ཉེ་ལམ་བོད་ཀྱི་ས་འོག་ནས་དངོས་པོ་སྨར་ཡིག་འཁོད་པ་ཞིག་རྙེད་འདུག་པར་གཞིགས་ན། དེ་སྔ་མི་ལོ་སུམ་སྟོང་བཞི་སྟོང་གི་གོང་དུ་བོད་ཀྱི་ཡི་གེ་ཐོག་མ་དེ་སྨར་ཡིག་ཡིན་པ་ནི་ར་སྤྲོད་བྱུང་ཡོད་པའི་སྐོར་ལ་བཀའ་གནང་འདུག
༸གོང་ས་མཆོག་ནས་གསུང་དོན། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སྩལ་འདུག
ཧཧཧཧདགོད་བྲོ་བའི་གཏམ་རང་རེད། རང་གི་རིག་པས་ཁུངས་མ་ཆོད་ལ། མེས་དབོན་རྣམ་གསུམ་སྐབས་ཀྱི་ཡིག་ཆ་དེ་དག་ཁུངས་ཡིན་ཁུལ་བྱས་ཀྱང་། དེ་དག་སྐབས་དེ་དུས་དབང་བསྒྱུར་སྲིད་དབང་གི་དགོས་མཁོར་དམིགས་ཏེ་བསྒྲིགས་པའི་མི་རབས་ཕྱི་མར་བོད་ཀྱི་ལོ་རྒྱུས་ཐོག་ལ་ཆེས་རྨོངས་སུ་བཅུགས་པའི་རྫུན་ཐབས་ཉག་གཅིག་ཡིན་པར། དེང་དུས་རྨོངས་གཉིད་ལས་སད་བཞིན་དུ་སུ་ཡིས་ཀྱང་ཁུངས་མི་བཅོལ་བས། ཧཧཧཧཧ རྙེད་པའི་དོན་ངོ་མ་བཞག་ནས་རྫུན་ཐབས་་དེ་ལས་བདེན་དོན་ཅི་ཞིག་རྙེད་རྒྱུད་ཡོད།
སློབ་དཔོན་ཐོན་མིའི་ལོ་རྒྱུས་དང་དེ་འབྲེལ་གྱི་ཡིག་ཆ་རྣམས་དུས་རབས་བདུན་པའི་སྔོན་ལ་ཡོད་པ་ཞིག་མ་ཡིན་པར། ཁུངས་གཏུགས་ས་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་ཀྱི་ཚད་ལྡན་ཡིག་ཆ་ཁག་རེད། དེ་བཞིན་ཁོང་གི་བརྩམས་ཆོས་ཁག་དང་སྒྲ་མཚོན་ཡི་གེ་གསར་གཏོད་ཀྱི་ལོ་རྒྱུས་ཁག་གི་དཔང་རྟགས་ཀྱང་དེ་དག་རེད་ལ། བོད་སིལ་བུར་ཐོར་རྗེས་ཀྱི་ཡིག་འཇོག་ཕལ་མོ་ཆེའི་རྒྱབ་རྟེན་ས་ཡང་དེ་དག་ཡིན་པ་སྨོས་མེད་རེད། དེ་ལ་མ་རེག་པར་བླ་མ་ག་གེ་མོ་ཞིག་གིས་གསུངས་པ་དང་མཁས་པ་ག་གེ་མོ་ཞིག་གསུངས་པ་རེད་ཅེས་དེ་ལ་མཐའ་གཅིག་ཏུ་ཤི་སྤར་འཐམས་ནས་བྱེད་དགོས་དོན་མེད་ག །ཐོན་མིའི་རིགས་རུས་ནི། སྨོན་འགྲོ་པཎ་ཆེན་གྱིས། གཡོར་བོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་རིགས་ལས་འཁྲུངས་ཚུལ་གསུངས་པ་ལྟར་རེད།
ད་ཅི་བྱེད། སྔོན་གྱི་ཡིག་ཆ་ཁག་བཞག་ནས་བོད་ཀྱི་བང་ཆེན་ཚགས་པར་ལ་ཁུངས་གཏུགས་ས་རེད།
ཡུན་རིང་གོམས་པའི་ལྟ་བ་ཞིག་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུར་ལས་སླ་བོ་མེད། ཁྱེད་ཅག་ལ་ཁག་མི་འདུག “མེས་དབོན་རྣམ་གསུམ”་དང་”ཐོན་མི་”དང་”རྒྱ་གར་” སོགས་གླེང་གླེང་བའི་མཐར། “སྟོན་པ་གཤེན་རབ”་དང་”བོན་”། “ཞང་ཞུང་”སོགས་བཤད་ན་མགོ་ན་བ་སྨྲོས་ཅི་དགོས་ཁོང་ཁྲོ་ལང་ནས་འགད་འགྲོ་ནའང་ཐང་། སྔོན་ཆད་ཚན་རིག་གསར་དུ་དར་བའི་དུས་སྐབས་སུའང་ཡེ་ཤུའི་ཆོས་ལུགས་པར་དེ་ལྟར་བྱུང་མྱོང་འདུག འདི་བོད་ཀྱི་བན་སྡེ་གཅིག་པོའི་ནད་ཡམས་མ་རེད། ག་ལེ་ག་ལེར་དྲགས་འགྲོ་གི་རེད། ན་ཚ་འདི་ལ་སྨན་ཡོད་ནི་རེད། དྲགས་སོང་བའང་ཧ་ཅང་མང་གི། དཔེར་ན་ཨ་ལགས་དོར་ཞི་ལྟ་བུ་རེད། ཧ་ཧ་ཧ།
བོད་ཀྱི་བང་ཆེན་ཚགས་པར་ལ་ཁུངས་གཏུགས་ས་བཞགས་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་ལ་ཁུངས་གཏུགས་ཡོད་པ་རེད་དེ་དག་ལ་མགོ་འཁོར་ནས་སྐད་ངན་མ་བརྗོད་རོགས།
བརྒྱ་བཤད་ཚིག་གི་རྩ་བར་བོད་ཀྱི་བུད་མེད་ཅིག་གི་གསུང་བཤད་སློབ་དཔོན་གྱི་མཚན་གནས་བཞེས་ཏེ་ཁ་མར་འཁོར་ནས་འདི་ལྟར་བཤད་ཡོང་དུས་གུས་མོ་ཧ་ཅང་གི་དགའ་བོ་བྱུང་། བན་བོན་ཆོས་ལུགས་སོགས་ཁྱད་པར་གཏན་ནས་མེད་ངས་ཁྱེད་ལ་༼བོད་ཀྱི་ཕུལ་བྱུང་གི་བློ་གྲོས་ལྡན་པའི་བོད་ཀྱི་མཛངས་མ་༽ཞེས་མཚན་གྱི་ཅོད་པཎ་ལེགས་སྐྱེས་སུ་ཕུལ་བ་ཡིན།
ད་གཞི་ནས་བོན་པོ་ཚོ་ཁ་གྲག་པའི་དུས་ཚོད་རེད། བཀའ་རྙིང་གཉིས་བཏང་སྙོམས། ས་སྐྱ་བ་ཚོ་ཁ་ཅུང་ཟད་གྲག་གི་ཡོད། དགེ་ལུགས་པ་ཚོ་ཁག་གྲག་རྒྱུ་མང་སོང་ནས་ཁུ་སིམ་མེར་བསྡད་ཡོད། བོན་པོས་ཁ་གྲག་སྟངས་ནི་དེ་ཡང་ངེད་རེད། འདི་ཡང་ངེད་རེད། འདི་ཁྱོད་ཀྱི་མ་རེད། ངེད་ཀྱི་རེད་ཟེར་བ་ལྟ་བུའི་ཁ་གྲག་བསྡད་ན་དེ་ལ་དོན་སྙིང་མེད་ག །ཡ་རབས་ཀྱི་ཁ་གྲག་སྟངས་ཤིག་ཡོད་ན་བོན་བསྟན་ལ་མཛེས་བར་འགྱུར་རོ།།
རེད་རེད། འདི་འདྲ་རིགས་བོན་གྱི་ཕྱོགས་འཐེན་རིགས་དང་མེས་དབོན་ཆོས་རྒྱལ་ཚོ་ལ་ངན་སྨོན་འགའ་རེ་ཕྲིས་དང་གྲུབ་མཐའ་ཕན་ཚུར། མདོ་དབུས་ཁམས་པ། གཞི་བྱེས་བར་གྱི་བསྟན་དཀྲུགས་དངོས་རེད། ས་དགེ་བཀའ་རྙིང་བོན་ཁ་ཆེ་དང་ཡེ་ཤུ་ཚང་མ་བོད་ཀྱི་གྲུབ་མཐའ་རུ་སྒྲུབས་དང་། རྟོག་སྒྲུང་རང་མགོ་རང་གིས་གཡོགས། མགོ་སྐོར་རང་ཆོས་བརླགས་བྱེད་ཀྱི་གདོན་གཟུགས་ཀྱི་བསྟན་པ་ཞིག་ཡིན་པ་གདོན་མི་ཟའོ། །
ཨ་རོ་མུན་འཇོམས་དང་།བོད་ཞེན་ཟེར་བ་རྣམས་ཐུགས་རྒྱལ་མ་གནང་། དཔང་རྟགས་སྟོན་རྒྱུ་སྟོན་མ་ཐུབ་ན་ད་ཚ་འདྲི་བྱེད་ཀྱི་མིན།
རྟུག་དྲི་འདི་ཡས་པ་ལ་རང་སར་ནས་ཡས་དགོས་པ་ལས་མྱི་ཞིག་གིས་མྱི་ཞིག་ལ་བཤད་ཁུལ་གྱིས་ཡས་མི་ནུས།
བོན་དང་འབྲེལ་བའི་བརྡ་སྤྲོད་རིག་པའི་སྐོར་བརྗོད་མཁན་དག་ལ་ཞུ་རྒྱུར། རིག་གནས་བཅུའི་གྲངས་འདྲེན་དང་དེའི་ནང་གསེས་རིག་གནས་རེ་རེའི་ཁྱད་པར་གསེད་བཀྲོལ་བྱེད་སྟངས། བན་དྷེའི་རིག་གནས་དང་བོན་པོའི་རིག་གནས་བར་ཁྱད་པར་ཡོད་མེད། ལྷག་པར་སྙན་གཞུང་དང་སྡེབ་སྦྱོར་རིག་པ། སྒྲ་རིག་པ་དེ་ཚོ་ས་སྐྱེས་རྡོ་སྐྱེས་ལྟ་བུའི་རིག་གནས་ཤིག་ཡིན་ནམ་རྒྱ་གར་ནས་ཚུར་ནང་འདྲེན་ཞུས་པ་ཡིན་ཁ་གསལ་གསུངས་རོགས། །གོང་ནས་མཆན་བུ་བཏབ་པ་དག་ལ་དགག་བཞག་བྱེད་ཐུབ་ན་ཡག་གི་རེད། དེ་མིན་བོན་གཞུང་གི་འགྲོས་དང་བསྟུན་ནས་གསུངས་ན་འགྲིག་གི་རེད་པ། དེ་ལྟར་བགྲོ་གླེང་གནང་ཚེ་མི་མང་པོ་ཞིག་ལ་བློ་སྐྱེད་ཡོང་ངེས་རེད། དེ་མིན་ས་རྩོད་ཆུ་རྩོད་ལྟ་བུས་རང་རྒྱུད་ཆགས་སྡང་གི་དབང་དུ་མ་སོང་བར་ཚིག་འཇམ་པོས་གནད་ལ་འཁེལ་བའི་གསུང་སྐད་རེ་བསྐྱོན་ན་ཡག་ག །རང་དང་མི་མཐུན་པ་ཞིག་ལབ་ཡོང་དུས་ལམ་སེང་སྨྱོན་པས་རིབ་བརྒྱབ་པ་ལྟ་བུ་བྱེད་ན་ལེགས་པོ་ཞིག་མི་མཐོང་ངོ་། །
བྱིས་པ་ལང་ཤོར་འདི་ཚོ། ངེད་ཚོས་ཐོན་མིའི་གོང་དུ་བོད་ཡིག་ཅིག་ཡོད་ལ་ལེགས་པ་ལས་མེད་པས་དེའི་ཁུངས་སྟོན་ཤོག་ཟེར་དུས། ཐོན་མིས་བོད་ཡིག་བཟོས་པའི་ཁུངས་ཁྱེར་ཤོག་ཟེར། སྐབས་རེ་ཐོན་མི་ཡང་ལྷ་སྒྲུང་ཙམ་ལས་དངོས་བྱུང་མིན་མདོག་བཤད། ཡིན་རྒྱུ་ད་ལྟ་ང་ཚོས་འབྲི་བཞིན་པ་འདི་དུས་རབས་བདུན་པའི་གོང་དུ་ཡོད་ཡོད་ཟེར་གྲེ་བ་འགག་འགག་བཤད་པའི་ཡི་གེ་དེ་རེད་དམ། དེ་ཡིན་ན་གོང་གི་དཔར་རིས་ནང་གསལ་བའི་སྨྲར་ཡིག་ཡིན་ན་ཅིག་དེ་དང་ནི་མི་འདྲ་གི ད་འོ་ན་ད་ལྟ་ང་ཚོས་སྤྱོད་པའི་ཡི་གེ་འདི་སུའ་བཟོས་པ་རེད། རྨུ་ཐག་ནས་བབ་བམ། སྒོ་ང་ལས་སྐྱེས་སམ། ཡེ་གཤེན་གྱི་རྐུབ་ལས་སྐྱེས་སམ། རང་ཉིད་རྟ་ལ་བཞོན་བཞིན་དུ། རྟ་ཉིད་རྗེད་པར་འགྱུར་བ་བཞིན། །ཞེས་པ་འདི་ཅིས་མ་བདེན།
བོད་རང་གི་སྐད་དུ་སྨར་ཁྲག་ཟོང་གསུམ་ཞེས་འབོད་སྲོལ་ཡོད་པ་ལྟར་སོགས་དངོས་པོ་རྩ་ཆེ་རིགས་ལ་སྨར་དང་། འབྲུ་ནོར་སོགས་དངོས་པོ་གོ་ཆོད་རིགས་ལ་ཁྲག་དང་། དངོས་རིགས་མཁོ་མེད་སྤུས་ཞན་རིགས་ལ་ཟོང་ཞེས་གསུམ་དུ་ཕྱེ་སྲོལ་ཡོད་པ་ལྟར། སྨར་ཡིག་ནི་བོད་ཡིག་གི་རྩ་བ་ཡིན་གསུངས་པ་ཞང་ཞུང་གི་ཡི་གེ་གཟུགས་མཚོན་དེ་དག་མིན་ན་ཁུངས་འདེད་དཀའ་བར་གྱུར། ཐོན་མིས་མཛད་པའི་ཀ་ཁ་ག་ང་སོགས་ནི་དེའི་རྨང་གཞིའི་ཐོག་ནས་གཏན་ལ་ཕབ་པ་ཡིན་མིན་དཔྱད་པར་བྱའོ།།
ན་རཀ་གི་དམྱལ་བར་གཏོང་མཁན་དང་།།
དག་ཞིང་གི་གནས་ལ་འདྲེན་མཁན་དེ།།
སངས་རྒྱས་དང་བྱང་སེམས་འཁྲུལ་མེད་ཚོ།།
སྐུ་སྐྱེས་ཚོའི་འདོམས་ཀྱང་གུས་པའི་ཡུལ།།
ཚད་མེད་སོགས་ཉེས་ལྷུང་ལྕི་མོ་ཅན།།
མིག་བཙུམས་དང་ཕཊ་སྒྲ་ཙམ་གྱིས་ཀྱང་།།
ཐར་པ་ཡི་ས་ལ་ཁྲིགས་སེ་འཇོག།
སྐུ་སྐྱེས་ཚོར་ཉམས་རྟོགས་མཐོན་པོ་ཡོད།།
འབྱུང་འགྱུར་གྱི་ལེགས་ཉེས་བླང་དོར་དང་།།
འདས་པོ་ཡི་སྐྱེ་མཐའ་བཟང་ངན་སོགས།།
ལྐོག་གྱུར་དང་མ་འོངས་ཐར་གྱིས་མཐོང་།།
སྐུ་སྐྱེས་ཚོར་ལྷ་ཡི་སྤྱན་རས་མཆིས།།
ཐོས་བསམ་ལ་ངལ་བ་ཤིན་ཏུ་ཆེ།།
སྒོམ་པ་ནི་དེ་ལས་ལྡབ་ཀྱིས་ཐུ།།
དཀའ་ཚེགས་ཀྱི་ལས་འདི་མི་དགོས་པ།།
སྐུ་སྐྱེས་ཚོར་གྲུབ་རྟགས་ཚ་བོ་གདའ།།
སེམས་ཅན་དག་མ་རྒན་དྲིན་ཅན་ཟེར།།
སེམས་ཅན་ལ་བདེ་སྨོན་རིང་བོ་གསུངས།།
སེམས་ཅན་གྱི་ཤ་དེ་བཞེས་སུ་གསོལ།།
སྐུ་སྐྱེས་ཚོར་སྐུ་ཤ་རྒྱགས་པོ་འདུག།
ནང་ཆེན་གྱི་ཕྱི་ནང་ཧ་ཅང་ཡག།
བཞུགས་ཁྲི་དང་འབོལ་གདན་བཟང་བོ་ཡིན།།
རླངས་འཁོར་གྱི་རིན་ཐང་མཐོན་པོར་ངེས།།
སྐུ་སྐྱེས་ཚོ་འགྲོ་འདུག་སྟབས་བདེ་་ཡིན།།
ལྔ་བདོ་ཡི་འགྲོ་འདི་འཁྲུལ་བ་ཉིད།།
སྐུ་སྐྱེས་ཚོའི་མཛད་པ་རྩིང་བོ་ཉིད།།
སེམས་ཅན་གྱི་འགྲོ་དོན་ཁོ་ན་སྟེ།།
ཐམས་ཅད་ཀུན་དག་སྣང་བསྒོམ་ཡུལ་ཡིན།།
ཐོན་མིའི་སྔོན་དུ་བོད་ལ་བོད་ཡིག་ཡོད་བཞིན་དུ་ཁྱོད་ཚོས་ཡོད་མེད་ཅིའི་ཕྱིར་རྩོད་པ་རྒྱབ་ཀྱི་ཡོད་པས།
གལ་སྲིད་དབྱངས་གསལ་སོ་བཞིའི་བོད་ཡིག་ཐོན་མིས་བཟོས་པ་མིན་ན་བོན་པོའི་ཡིན་དོན་ཅི།
གལ་སྲིད་ཐོན་མིའི་ཡར་སྔོན་དུ་བོད་ཡིག་ཡོད་ན་བོན་པོ་ལ་ཁེ་ཕན་ག་རེ་ཡོད་རེད།
གལ་སྲིད་སུམ་རྟགས་ཀྱི་འཇུག་ཚུལ་ནོར་བའི་ཡི་གེ་ཡིན་ན་ཐོན་མིས་མ་བཟོས་པར་བསྒྲུབ་ཐུབ་བམ།
བཙན་བྱོལ་ནང་འཚར་ལོངས་བྱུང་བའི་བོད་ཀྱི་བུ་མོ་ཤོས་ཡིན་ཅན་ཞིག་གིས་འདི་ལྟར་རང་རིགས་གི་བརྡ་སྤྲོད་རིག་པའི་སྐོར་ལ་གསུངས་བཤད་ལེགས་པར་གནང་བར་བཀའ་དྲིན་ཆེ་ཞུ། བཀྲ་ཤིས་བདེ་ལེགས་ཡོད། ཡང་འདིར་ཞུ་འདོད་པ་ཞིག་ལ་བོད་ཀྱི་བུ་མེད་ཚོགས་པ་ཟེར་བ་དེ་ཚོས་ཕལ་ཆེར་བོད་ཀྱི་བོན་པོའི་བུ་མེད་རྣམས་ཚོགས་པ་དེས་སྣང་བའི་ཡིད་ལ་འཁོར་མྱོང་ཨ་ཡོད་ན། བོད་ཀྱི་བུ་མེད་ཚོགས་པས་བོན་པོའི་གཞིས་ཆགས་སུ་ཡོད་པའི་བོན་གྱི་བཙུན་དགོན་སློབ་གཉེར་བ་དེ་ཚོ་ལ་ལྟ་རྟོགས་འདྲ་གནང་གི་ཡོད་དམ། ཡང་ན་བོད་ཀྱི་བུ་མེད་གང་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ལ་བོད་ཀྱི་བུ་མེད་གང་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་མི་དགོས་ལབ་རྒྱུ་ཡིན། །
གང་ལྟར་སྐད་ཅ་མང་པོ་བཤད་ས་ལྷག་མི་འདུག། དུས་རབས་བདུན་པ་དང་བརྒྱད་པའི་ཡར་སྔོན་གྱི་བོད་ཡིག་འབྲི་སྟངས་དང་། དུས་རབསབཅུ་གཅིག་དང་བཅུ་གཉིས་མར་རྗེས་ཀྱི་བོད་ཡིག་འབྲི་ཚུལ་གཉིས་ལ་གནམ་སའི་ཁྱད་པར་འདུག། རང་ལུགས་བོན་ལུགས་ཡིན་ནའང་འདྲ་གཞན་ལུགས་བན་ལུགས་ཡིན་ནའང་འདྲ་རྒྱ་གར་ཚང་ལ་འབྲེལ་བ་གཏན་ནས་མེད་ཟེར་ན་དེ་ཡང་དངོས་པོའི་གནས་ཚུལ་དང་མི་མཐུན། སྔོན་ཁ་བ་ཅན་གྱི་རྒྱལ་ཁམས་འདི་བོན་པོའི་དབང་བསྒྱུར་བའི་དུས་སྐབས་སུ་རྒྱ་གར་གྱི་ཤེས་རིག་མི་སྣ་བྲམ་ཟེ་ཚོ་ལ་འབྲེལ་བ་ཆེན་པོ་བྱུང་མྱོང་ཡོད་པ་རེད། བྲམ་ཟེ་ཚངས་སྤྱོད་པ་དེ་ཚོ་ལའང་རིམ་གྲོ་དང་ཆོ་ག་མང་པོ་ཞིག་ཡོད་པ་དང་ལྷག་པར་དུ་ཁྲུས་དང་གཙང་བྲའི་ཆོ་ག་དེ་ཚོ་བྲམ་ཟེའི་དྲང་སྲོང་དེ་ཚོས་བྱེད་སྲོལ་ཡང་ཡོད་པ་འདྲ། སྔོན་མའི་མི་དེ་ཚོ་ལ་དེང་སང་གི་བོད་ཀྱི་བན་དེ་ཚང་འདྲ་པོ་འདི་འདྲའི་ཆོས་ལུགས་ཀྱི་ཆགས་སྡང་ཆེན་པོ་ཞིག་ཡོད་བཟོ་མི་འདུག། མི་རྒྱུད་སོ་སོའི་བདག་ཏུ་གཉེར་བའི་ལམ་ལུགས་ལྡན་པའི་ཆོ་ག་དང་རིམ་གྲོ་དེ་ཚོ་དགོས་མཁོ་བྱུང་ཚེ་ཕར་ཚུར་གདན་འདྲེན་ཞུ་སྲོལ་ཡོད་པ་འདྲ། གང་ལྟར་ང་མ་གཏོགས་གཞན་ཚང་མ་ཡག་པོ་མིན་པར་ལྟ་མཁན་དེ་བན་དེ་ཚང་རེད་དོ། ཁྱེད་ཚོ་རྩ་བའི་ཆ་ནས་རྒྱ་གར་དུ་བྲམ་ཟེ་དང་བན་དེའི་བར་འཁོན་འགྲས་ཆེ་ཐག་ཆོད་ཅིག་བྱུང་ནས་དེའི་གཤིས་ངན་དེ་བོད་ཀྱི་ནང་ལའང་ཡར་འཁྱེར་ཡོང་བ་ཞིག་རེད་འདུག་བ། །
དགོངས་དག་བྲིས་ནོར་ཤོར་སོང་འདུག། ་་་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་བོད་ཀྱི་བུ་མོ་ཤེས་ཡོན་ཅན་་་ཞེས་སུ་བཅོ་རོགས་གནང་།
བོན་པོ་འདི་ཚོས་བཤད་བཤད་ནས་གྲུབ་འབྲས་ལ་རང་གི་སྟོན་པ་དེ་མི་རིགས་གང་ཡིན་དང་། དུས་ནམ་ཡིན། ས་ཆ་ག་ནས་ཡིན་སྟོན་རྒྱུ་མེད་པས་སྡུག་ཡུས་དེ་ནང་པ་ལ་འདྲེན་གི་འདུག ཤ་ཚ་འདི་ཚོ།
ཁོམ་པ་ཡོད་ན་ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་ཚུལ་འདི་ཚོར་ཡང་ཟུར་ལྟ་ཞིག་གནང་དང་། ནང་ན་ལེན་རྒྱུ་ཡོད་ན་ཐང་།
http://www.himalayabon.com/article/history/story/20120325784.html
http://tb.tibet.cn/2010zyw/xslw/201203/t20120320_1728224_3.htm
ཐོན་མི་ཡིས་བོད་ཡིག་བཟོས་མིན་མ་ནི་བཀའ་འབུམ་ལས་སོགས་ལ་ལྟོས་ཟེར་འདུགཧཧཧཧཧ
མ་ནི་བཀའ་འབུམ་ནང་ནས་ཤཀྱྭ་ཐུབ་པ་སྐུ་དངོས་སུ་བཞུགས་དུས་ཆུ་ཡིས་གང་བར་མ་བཤད་དམ།
དེ་ལོ་རྒྱུས་བདེན་པ་རེད་དམ། དེ་ལྟར་ན། བོད་ཀྱི་ས་འོག་ནས་ཐོན་པའི་མིས་སྤྱད་དངོས་རྫས་མང་པོ་ཞིག་བཏོན་དང་ཐོན་བཞིན་པ་དག་ལ་ཚན་རིག་པས་དཔྱད་འབྲས་སུ། མ་མཐར་ལོ་ངོ་བདུན་སྟོང་དྲུང་སྟོང་དང་འགའ་ཞིག་མི་ལོ་གཅིག་ཁྲི་ལྷག་ཕྱིན་པ་བཤད་པར་ཁྱེད་ཚོས་ཅི་ཞིག་ལན་འདེབ་རྒྱུ་ཡིན་ནམ། མ་ནི་བཀའ་འབུམ་མཁྱེན། མེས་དབོན་རྣམ་གསུམ་མཁྱེན་ཟེར་ནས་འགྲིག་གི་མ་རེད་པ། ལོ་རྒྱུས་ནི་ལོ་རྒྱུས་རེད། རིགས་པ་ནི་རིགས་པ་རེད།
བོན་པོ་ཚོས་དུས་རབས་བདུན་པའི་སྔོན་གྱི་བོད་ཡིག་ཡོད་རེད་ཅེས་བཤད་ཀྱི་ཡོད་མ་གཏོགས། བོན་ཡིག་ཡོད་ཅེས་བཤད་ཀྱི་མི་འདུག་ག། ཁྱེད་ཚོས་དེ་ལ་སྙིང་རླུང་ཁྲག་རླུང་ལང་དགོས་དོན་གང་ཡིན་ནམ། ༸གོང་ས༸་མཆོག་གིས་རྒྱ་མིས་བོད་ཀྱི་ལོ་རྒྱུས་ཤོད་དུས་ག་ཚོད་ཀྱིས་ལོ་རྒྱུས་ཀྱི་ཕུག་ཐག་ཐུང་་དུ་གཏོང་ཐབས་བྱེད་ཀྱི་རེད་ཅེས་གསུངས་པ་མ་གོ་འམ།
དངོས་གནས་ཡིན་ན། བོད་ཀྱི་ཡོད་ཚད་ཐམས་ཅད་རྒྱ་གར་གྱི་ཡིན་ལབ་དུས་བོད་པ་ཚོ་སྙིང་རླུང་ལང་དགོས་པ་ཞིག་ཆགས་ཡོད། འོན་ཀྱང་ཚ་རུལ་བུ་རུལ་ཁྱོད་ཚོས་དེ་ལས་ལྡོག་སྟེ། བོད་ཀྱི་ཆོས་རིག་ལོ་རྒྱུས་རིག་གཞུང་ཐམས་ཅད་རྒྱ་གར་ནས་བྱུང་ཅེས། ས་འཕག་གནམ་འཕག་གིས་གཞན་ལ་ངོམས་ཏེ་ལྡིང་མཆོང་བྱེད། བོད་རང་ས་ནས་བྱུང་ཟེར་དུས་མགོ་བོ་ས་ལ་ལྷུང་སྟེ་སྙིང་རླུང་ཁྲག་རླུང་ཁོག་སྟོད་དུ་རྒྱ་མཚོའི་རྦ་རླབས་བཞིན་དུ་འཕྱུར་དགོས་དོན་གང་ཡིན་ནམ། ལན་ཐོབ་ཤོག
འོ་ན་ང་ཚོས་བོད་ཀྱི་ཡོད་ཚད་ཕྱི་རྒྱལ་ནས་བྱུང་ཟེར་དགོས་སམ། ད་དུང་ཕྱི་རྒྱལ་ལ་ཤོད་དུས་ང་ཚོར་ཐུན་མོངས་མ་ཡིན་པའི་ཆོས་དང་རིག་གཞུང་ཡོད། དེ་རྒྱ་མིས་མེད་པ་བཟོ་གི་འདུག ཁྱེད་ཚོས་རོགས་རམ་གནང་རོགས་ཞེས་མཐེ་མོ་གནམ་ལ་བསྒྲེང་གི་མེད་དམ།
དོལ་རྒྱལ་ཚོགས་པས་༸་གོང་ས་༸་མཆོག་གིས་ཅི་གསུང་ལ་བརྩི་གི་མི་འདུག་དེ་ལ་དྲང་ངེས་མང་པོ་འགྲེལ་གྱིན་འདུག་ཅེས་ས་འཕག་གནམ་འཕག་བྱེད་ཀྱི་མེད་དམ། ད་རང་གི་སྣང་བར་མ་བབས་པའི་༸་གོང་ས་༸་མཆོག་གིས་གསུང་ཞིག་གོ་དུས་དེ་ལ་ཆ་འཇོག་དང་ཡིད་ཆེས་བརྩི་གསུང་མི་བྱེད་སྟངས་འདི་དང་དོལ་རྒྱལ་བས་བྱེད་བབས་གཉིས་ལ་ཁྱད་པར་འདྲ་འདུག་གམ། ཅིག་ཤོད་དང། བང་ཆེན་ལས་སོགས་གསར་ཤོག་ཏུ་གསལ་བའི་བོད་ཡིག་སྐོར་གྱི་གནས་ཚུལ་དེ་གསར་ཤོག་རྩོམ་སྒྲིག་གིས་བཤད་པར་དཔང་རྟགས་དང་རྒྱབ་བསྟེན་གྱི་སྐད་ཆ་བཤད་ཀྱི་མི་འདུག་ག། དེར་གསལ་བའི་༸་གོང་ས༸་མཆོག་གི་བཀའ་སློབ་དེ་འདི་ན་རྒྱབ་བསྟེན་བྱེད་ཀྱི་མི་འདུག་གམ། ཡག་པོ་བྱེད་སྟེ་ལྟོས་ལ་ཤོག ཕ་རོལ་འདོད་པ་མ་གོ་བར། དགག་པའི་ཉི་མ་ཅི་ལ་ཤར། ཅེས་པ་དེ་ཁྱེད་ཚོར་གདམས་མི་འདུག་གམ། འོལ་ཚོད་དང་འཚུབ་ཆ་མ་བྱེད། དུས་ཚོད་ཡོད་རེད།
མེ་དཀར་དང་། མིག་བརྒྱད། ལ་ཞེན་ལས་སོགས་དྲ་འབུ་ཁྱེད་ཚོར་དྲི་བ་འདི་བཏང་བ་ཡིན། རེ་རེ་བཞིན་དུ་ལན་ཅིག་དགོས།
ཡང་མེས་དབོན་རྣམ་གསུམ་གྱིས་གསུངས་རེད། ཅེས་བཤད་ནས་མ་ཡོང་། རྒྱུ་མཚན་དེ་ནི། བོད་ཀྱི་གཏམ་དཔེར། ཕོར་བ་འདི་གཙང་མ་ཡིན་ཏེ། ང་ཡི་ཨ་མའི་ཕོར་པ་རེད། ཅེས་པའི་རྒྱུ་མཚན་ཐེབ་ཆག་དེ་འདྲ་ཆགས་འགྲོ་གི་རེད་པ། ཁྱོད་ཚོས་མེས་དབོན་རྣམ་གསུམ་རྒྱབ་བསྟེན་ཁྱེར་ཡོང་ན། བོན་པོས་མཁས་པ་མི་བཞི། འཛམ་གླིང་མཁས་པའི་རྒྱན་དྲུག་ལས་སོགས་ཁྱེད་ཚོས་ལས་མང་བར་ཁྱེར་ཡོང་གི་རེད། དེ་དུས་ངས་བཤད་པ་དེ་བདེན། ཁྱོས་བཤད་པ་དེ་རྫུན་རེད་ཅེས་བཤད་ན་མི་ཚོས་གད་མོ་ཤོར་བའི་རྒྱུ་རུ་མི་འགྲོ་འམ།
ཡང་ས་ག་ཟླ་བ་འདིར་ཁྱེད་ཚོས་ཆོས་རྒྱུད་ཆོས་ལུགས་དཀྲུག་འདོད་བྱེད་རྒྱུ་ཡིན་ནམ། གོང་དུ་དྲ་འབུ་ཞིག་གིས་དགེ་ལུགས་ཁུ་སིམ་མེར་དང། ས་སྐྱ་ཅུང་ཁ་གྲག་གི་ཡོད་ཚུལ་བཤད་མི་འདུག་གམ། མིག་བརྒྱད་པ་ནི་རྙིང་མ་པ་རེད། ཁ་སྔོན་ཁོས་སྤོབས་པ་མཐའ་ཡས་ཀྱི་རྩོམ་ཞིག་ཏུ་ཏིལ་མགོ་ཞེས་བརྗོད་དུས་ཁོ་རླུང་ལངས་སོང་ང། ད་མཛུབ་མོ་མི་འཛུགས།
ཡང་མིག་བརྒྱད་ཀྱིས་སྟོན་པ་གཤེན་རབ་ཀྱི་སྐོར་ལ་ཅིག་བཤད་ཀྱི་འདུག
ཅི་ཞིག་བྱེད་འདོད་ཡོད་མེད་མ་ཤེས། དེ་མིན་འདི་ན་བོད་ཡིག་སྐོར་ལ་སྒྲོག་གླེང་བྱེད་ཀྱི་ཡོད།
བཙན་བྱོལ་དུ་འབྱོར་དུས་བོད་ཀྱི་སློབ་གྲྭ་ཁག་ཏུ་ཐོན་མིས་བོད་ཡིག་བཟོས་ཚུལ་གྱི་གཏམ་བརྗོད་གད་མོ་འཆོར་དགོས་པ་དེ་འདྲ་མང་པོ་འཁྲབ་རྒྱུ་ཡོད། དེ་རྗེས་ཐུན་མིས་བོད་ཡིག་ལ་ལེགས་བཅོས་བྱས་པ་རེད་ཅེས་བཤད་དེ། ད་ལོ་ཤས་གོང་ནས་མཇའ་ལྟར་རང་ཡལ་དུ་ཕྱིན་སོང། གཅིག་བྱེད་ན་ལུང་པ་ཁུག་སྐྱོག་དང་དེང་ཚན་རིག་གིས་དབུལ་པའི་སྤྱི་ཚོགས་དང། ཆགས་སྡང་རྨོང་གསུམ་གྱིས་བཟི་བའི་མི་ཚོགས་འགའ་ཞིག་ལ་ཡོད་སྲིད། འོན་ཀྱང་མངོན་གསལ་དུ་མེད་པར་ཕྱིན་འདུག་དེ་ཡང་ཡག་རྟགས་ཞིག་རེད།
ཡང་ལོ་ཤས་གོང་དུ་ཞང་ཞུང་གི་སྨར་ཡིག་ཟེར་བ་བོན་གཞིས་རྡོ་ལན་འཇི་ཟེར་བ་དང་སྨན་རི་དགོན་ནས་བཟོས་རབས་ཅིག་བཤད་སོང། དེ་རྗེས་གཏམ་དེ་རིགས་མཇའ་ལྟར་ཡལ་སོང། ཡང་ལོ་ཤས་གོང་ནས་དུས་རབས་བདུན་པའི་ཡར་སྔོན་དུ་བོད་ཡིག་ཡོད་ཀྱང་དེ་ཆ་ཚང་བ་དང་འཐུས་སྒོ་ཚང་བའི་ཡི་གེ་མ་རེད། ཅེས་བཤད་ནས་དེ་ཡང་མཇའ་ལྟར་ཡལ་སོང།
ད་རྫུན་གྱིས་རང་ཕུང་རང་གིས་བཤིག་ཟེར་བ་ལྟར་རིམ་པས་བན་དེའི་ལོ་རྒྱུས་ཁག་ནས་བཤད་པའི་བོད་ཀྱི་ལོ་རྒྱུས་དེ་རིགས་དེ་འདྲ་བོ་ཞིག་ཏུ་འགྲོ་རྒྱུ་ཉག་ཅིག་རེད། བློ་ཕམ་དགོས་པ་མ་རེད། ཁྱེད་ཚོས་མ་འཇོན་པ་མ་རེད། མེས་དབོན་རྣམ་གསུམ་ལས་སོགས་གནའ་རབས་ཆགས་པའི་སྲིད་པའི་གངས་དཀར་ལ་དེང་སང་ཆགས་པའི་བ་མོ་དེ་ཚོས་འུག་པའི་རྫུན་དྲུག་བཤད་པའི་སྐྱོན་རེད།
ཡང་ལོ་ཤས་གོང་ནས་བོད་མཚོ་ཡིས་གང་ཟེར་བ་དེ་དྲང་དོན་ཞིག་འགྲེལ་ཏེ་ནོར་བུ་གླིང་གི་ས་སྐོར་ལ་བཤད་པ་རེད་ཅེས་བཤད་སོང། དེ་ཡང་ད་ཆ་རྣ་བར་གོ་རྒྱུ་ཅང་མེད་གི།
ཁ་བརྡ་ལགས་རྩོམ་འདི་ཡི་མཆན་སྒོ་མ་རྒྱབ་ན་ལེགས། གང་ཡིན་ཟེར་ན། ང་ཚོས་བདེན་པ་བདར་རྒྱུ་གལ་ཆེན་པོ་རེད།
སྙིང་རླུང་ལང་མཁན་ཚོ་ལང་དུ་ཆུག རིགས་པ་རྩོད་མཁན་ཚོས་རྩོད་དུ་ཆུག་ན་ཡག་པོ་འདུག ན་ཚ་འདི་ལ་བསྲེག་དཔྱད་བདར་གསུམ་ཞིག་མ་བྱས་ན་ནམ་ཡང་སླར་ཡང་ལང་རྒྱུ་ཉག་ཅིག་རེད།
དེ་རེད། དུས་རབས་བདུན་པའི་སྔོན་དུ་བོད་ཡིག་ཅིག་ཡོད་ན། ར་སྤྲོད་ཐུབ་ན་བོད་དོན་ལ་དེ་ལས་ལེགས་པ་ཅི་ཡོད། ཡིན་ནའང་དེ་འདྲ་ཞིག་ཡོད་པ་དང་ཐོན་མིས་ད་ལྟའི་བོད་ཡིག་འདི་བཟོས་པ་གཉིས་ལ་འགལ་བ་ག་རེ་འདུག ངས་ནི་འགལ་བ་མཐོང་གི་མིན་འདུག
དེ་འདྲའི་ཡི་གེ་ཞིག་ཡོད་ནའང་རྩ་ཚང་བ་ཞིག་ཡོད་མ་རེད། དེས་ན་བོད་ཡིག་འདི་བཟོས་པ་རེད།
ཁུངས་ཁྱེར་ཤོག་ཁྱེར་ཤོག་ཟེར་ན་བོན་པོ་རྒན་པ་རེད། ནང་པ་ལ་ཡོད་པའི་ཡོན་ཏན་རྣམ་གྲངས་ཚང་མ་ལྡབ་ལོག་ཡོད་མཁན་རེད་པས་གཤེན་རབ་མི་བོ་ཆེ་ཟེར་བའི་མི་འམ་ཟོག་འདིའི་ཁུངས་སྟོན་ཤོག
བོན་པོ་རྣམས་ཀྱིས་སྣ་ཇི་ལྟར་འཐེན་ཀྱང་ཁ་ནང་དུ་འོང་གི་མ་རེད།
སྟོན་པ་གཤེན་རབ་མི་བོ་ཟེར་བ་སྟེ་སྔགས་པ་བུ་ཕྲུག་མང་པོ་ཅན་ཞིག་རེད་འདུག་ཨ།
བན་དེ་ཚོའི་ལོ་རྒྱུས་རི་བོང་རྔ་མ་ལས་ཀྱང་ཐུང་ག་ཐལ།
བོན་པོ་ཚོའི་ལོ་རྒྱུས་གནམ་མཐའ་ལས་ཀྱང་ཡས་ག་ཐལ།
གཅིག་ནི་ཐུང་ག་ཐལ། ས་འགྲིབ་ནས་རྡོ་ཐུག
གཅིག་ནི་རིང་ག་ཐལ། ཕལ་བའི་ཡུལ་ལས་འདས།
རྫ་ཕྲུག་ལགས།
བན་དེ་བ་ཚོས་ཇི་ལྟར་རླུང་ལངས་ཀྱང།
ཤཀྱ་ཐུབ་པ་མནའ་མ་མང་བའི་སྔགས་རྒན་ཞིག་ཡིན་ནམ།
ཁྱབ་པ་འགྲིག ངས་ནམ་ཡང་དང་པོར་གཞན་གྱི་ཆོས་ལུགས་གྲུབ་མཐའ་དང་ལྟ་གྲུབ་དེ་སྟོན་གྱི་སྟོན་པ་སོགས་ལ་ཆོས་སྤོང་གི་ལས་བྱེད་འདོད་མེད་ལ་བྱས་པའང་མེད། དེ་ཁ་བརྡ་ཚང་གིས་མཁྱེན་གསལ་རེད།
རྫ་ཁོག་ནས་སྐྱེས་པའི་རྫ་ཕྲུག་དེ་ལ་རིགས་པ་འདི་འཕེན་ཡོད།
བོད་ཀྱི་བརྡ་སྤྲོད་པའི་གཞུང་དེ་དག་ཚང་མ་བོན་པོའི་ཡིན་ཟེར་ན་འགྲིག་གི་རེད། འོ་ན་དེ་རྩོམ་མཁན་སུ་རེད། ག་དུས་བརྩམས་པ་རེད། དེ་དང་པོར་ཞང་ཡིག་གམ་བོན་ཡིག་ནང་ལ་བརྩམས་པ་རེད་དམ། བོན་ཡིག་ནང་ལ་བརྩམས་པ་ཡིན་ན་ད་ལྟའི་བོད་ཡིག་འདིའི་ནང་ལ་ག་དུས་བསྒྱུར་བ་རེད། སྒྱུར་མཁན་སུ་རེད། དེ་ནས་ད་ལྟའི་བོད་ཡིག་འདི་ཡང་སྲོང་བཙན་སྐབས་བློན་པོ་ཐོན་མིས་གསར་བཟོ་བྱས་པ་མ་རེད་ཟེར། དེ་ཡང་འགྲིག་གི་རེད། འོ་ན་སུས་བཟོས་པ་རེད། བོན་རྒྱལ་སུའི་སྐུ་རིང་ལ་བཟོས་པ་རེད། ཚུལ་ཇི་ལྟར་བཟོས་པ་རེད། རྒྱུ་རྐྱེན་གང་གི་ཕྱིར་བཟོས་པ་རེད། འདི་དག་རེ་རེ་བྱས་ཏེ་དཔྱད་བརྗོད་ཡང་དག་པ་སྤེལ་ཐུབ་དགེ་མཚན་འདུག དེ་མིན་ཁྱོད་དང་ང་། ཁ་དང་སྣ་ཟེར་ནས་བསྡད་ན་སྙིང་པོ་གང་མི་འདུག བན་དྷེའི་ཡིན་ན་ཡང་འདྲ། བོན་པོའི་ཡིན་ན་ཡང་འདྲ། གང་ལྟར་བོད་པའི་རེད་པཱ། རང་མཆོག་གཞན་དམན་དང་རང་གཞན་ངན་གྱི་འདུ་ཤེས་རེ་ཁུར་ཏེ་ཅི་ཞིག་བཤད་ཀྱང་ཚན་རིག་པའི་དཔྱད་ཐབས་དང་མི་མཐུན་པས་ཡིད་རྟོན་ཡོད་པ་མ་རེད།
འདི་ནས་མར་མེ་ཏོག་དཀར་པོ་ང་དགོངས་པ་ཞུ་གི་ཡིན། bye bye
ཁ་ཤས་ཀྱིས་ཤཱཀ་ཐུབ་གཞང་འཚོང་མ་བརྟེན་མཁན་གྱི་འཆལ་བོ་ཞིག་ཡིན་ནམ། ཁྱབ་པ་འགྲིག་ཟེར། ཡང་ཁ་ཤས་ཀྱིས། གཤེན་རབ་བྱི་ཕྲུག་བཤན་པ་ཞིག་ཡིན་ནམ། ཁྱབ་འགྲིག་ཟེར། འདི་ཚོ་ལ་སྙིང་པོ་ཏིལ་ཙམ་མེད་པའི་བྱིས་པའི་རྩེ་མོ་ལས་སྡུག་པ་འདུག འདི་འདྲ་མཐོང་དུས་རང་བཞིན་གྱིས་ངུ་བྲོ་བ་ཞིག་མི་འདུག་གམ། གཙོ་བོ་ཁོང་གཉིས་ཀྱི་གསུང་གིས་བདུད་རྩིས་འགྲོ་བ་མང་པོར་ཕན་གྱི་ཡོད་པ་དེས་འགྲིག་པ་རེད། ཁྱབ་ཚད་ཀྱི་ཆ་ནས་བོན་ལས་ནང་པ་དར་ཁྱབ་ཆེ་བ་ཡོད་པ་རེད་ལ། དེ་བརྟུན་གྱི་ཕན་ཐོག་ཀྱང་ཡོད་ངེས་སྙམ།
ཐོན་མིས་བོད་ཡིག་བཟོས་མིན་གླེང་དུས་དོན་དང་ལྡན་པའི་ལན་དང་གསལ་བཤད་གང་ཡང་མེད་པར། སྟོན་པ་གཤེན་རབ་ཅིག་ཅིག་མིག་མིག་དང་། བོན་པོ་ཅིག་ཅིག་མིག་མིག་ཟེར་ནས་འབར་ལ་ཁད་བྱེད་ཀྱི་འདུག ཧ་ཧ་ཧཧ།
ཐོན་མི་ཡི་གེ་སྒྱུ་མཁས་སུ་འདོད་ནས༸ རྒྱལ་བའི་རིན་པོ་ཆེའི་ཞལ་གསུངས་དུ་མ་ཞིག་སྣང་མེད་དུ་འཇོག་པའི་་་་་་་་གོང་ན་སྟག་སེང་ལྟར་བུ་མཆན་འཁོད་པ་དག་ལུང་རིག་གི་ལམ་ནས་ལེན་ཡོད་ན་གསུངས་དང་དེ་ལས་གཞན་པའི་རུ་ཏྲ་དང་ཆགས་སྡང་དབང་གི་དམོད་ཚིག་དགོས་དོན་འདུག་གམ་???????????
མེ་ཏོག་དཀར་པོ་ ལགས་
ཁྱེད་རང་ལ་ངོ་འཕྲོད་ནས་དགོངས་པ་ཞུས་པ་ནི་ཡག་པོ་
སྤྱི་ཁྱེད་རང་ལ་སློབ་སྦྱང་ཀྱང་རག་ཡོད་ཚོད་དེ་ནི་ཁྱེད་ཀྱི་མི་ཚེ་ནང་གི་འབྲས་བཟང་རེད་ལོ་
ད་ཡང་མེ་ཏོག་དཀར་པོ་ཡང་དགོངས་པ་ཞུས་ཁུལ་བྱས་འདུག
དམོད་སྡིག་ཡག་ཐག་ཆོད་ཅིག་བྱས་ཏེ་ཕྱིན་སོང་།
རིགས་པའི་དྲི་བ་ལ་ལན་མེད་པས་ཡིན་ནམ།
དུས་རབས་བདུན་པའི་གོང་དུ་བོད་ལ་ཡིག་གཟུགས་ཡོད་མིན་ཐག་མི་ཆོད་ཀྱང་། བོད་ཡིག་ནི་ཡོད་དེ། རྒྱལ་པོ་གཉའ་ཁྲི་ནས་སྲོང་བཙན་བར་གྱི་བོད་པ་རྣམས་ཕན་ཚུན་གོ་བརྡ་སྤྲོད་ཡག་གི་སྐད་དེ་དེ་ཡིན་པའི་ཕྱིར། དེ་ལྟ་བུའི་བོད་སྐད་དེ་ཆོས་ཅན་བོད་ཡིག་ཡིན་ཏེ་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཡིན་པའི་ཕྱིར། ༼ཡི་གེ་ངོ་མ་དེ་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ་ཡིན་པ་ཡོངས་གྲགས་རེད་བ། ད་དུང་དུས་ཚོད་ཆུད་ཟོས་སུ་བཏང་ནས་ག་རེ་རྩོད་གླེང་བྱེད་ཀྱི་ཡོད་པས།
མཆན་བཀོད་གཉིས་པའི་མུན་འཇོམས་ལགས། ཕན་ཐོག་གང་ཡང་མེད་པའི་སྐད་ཆ་འདིར་མ་ཤོད་ན་ལེགས། ཨ་ཕའི་རྐུབ་དང་ཨ་མའི་རྐུབ་གྱིས་དཔང་རྟགས་འཕེར་བ་ཞིག་གཏན་ནས་མི་འོང། ཁུངས་མེད་ལུང་མེད་ཀྱི་སྦིར་གཏམ་དེ་ཚོ་སྟག་སེང་འགྲན་པའི་གར་སྟེགས་འདིར་མ་སླེལ་ན་ལེགས། མ་གཞི་ཁྱེད་ཅག་ཚོའི་ཁར་གྲགས་ཆེ་ཞིང་བརླབས་ཆེན་གྱི་མི་སྣ་ཟེར་ནས་འབོད་པའི་ཐོན་མི་ཟེར་བ་དེས། རྒྱ་གར་གྱི་སྐད་ཡིག་སོགས་ལ་སློབ་བརྩོན་གནང་བའི་སྐོར་རྒྱ་གར་གྱི་ཡིག་ཚང་ནང་འཁོད་མྱོང་བ་ཞིག་ཡིན་ནམ། དེའི་དཔང་རྟགས་ཡོད་ན་ལུང་དང་རིག་པའི་ལམ་ནས་སྟོན་གནང་རོགས། ཨ་མའི་རྐུབ་ཀྱི་ས་མི་ཆོད་ཐག་གཅོད་ཡིན། ཐོན་མིས་བོད་ཡིག་གསར་བཟོས་བྱས་ཞེས་པ་དེ་དེང་སང་ཁྱེད་ཀྱིས་དེ་སྒྲ་ཇི་བཞིན་དུ་ཁས་ལེན་ནམ། ཡང་ན་དེ་ལ་དགོངས་པའི་རྡུལ་ཕྲན་བརྩེགས། ཚིག་གི་ལྷན་པ་བཏབ་ནས་མགོ་གཉིས་འཁྲབ་རྒྱུའི་གྲ་སྒྲིག་ཨང་གསར་བྱ་རྒྱུ་ཡིན། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གི་དཔར་མ་པོད་ཕྲེང་༡༣༥དང། སྡེ་དགེའི་པར་མ་ཨེ་པོད་ལས། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་མཁར་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་དུས་སུ། གསེར་གྱི་གའུ་ཁ་སྦྱར་གྱི་ནང་དུ་ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་གཅིག གསེར་གྱི་གླེགས་བམ་ལ་བེེཌཱུརྱ་ཞུན་མས་བོད་ཡིག་ཏུ་བྲིས་པའི་མདོ་ཟ་མ་ཏོག་བཀོད་པ་དང། སྤང་ཀོང་ཕྱག་རྒྱ་པ་དང་རྟེན་འབྲེལ་བཅུ་གཉིས་ཀྱི་མདོ། དགེ་བཅུའི་མདོ་དང་བཅས་བཅུག་སྟེ་ཉི་མའི་འོད་ཟེར་དང་འགྲོགས་ཏེ། ཕོ་བྲང་གི་སྟེང་དུ་བབས་པ་དང། ཞེས་པའི་མ་ཎི་རིན་པོ་ཆེའི་བཀའ་འབུམ་ལས་གསལ་བའི་བསླུ་མེད་རྡོ་རྗེའི་ཚིག་དོན་དུ་གྲགས་པ་དེ་རྣམས་ལ། མ་ཎའི་རྡོ་རྗེའི་ཞབས་འབྲིང་བ་ཁྱེད་ཀྱིས་ཅི་ཞིག་སྙམས། དེ་དུས་ཀྱི་བོད་ཡིག་དེ་སུ་ཞིག་གིས་བཟོས་པ་ཡིན། ཐོན་མི་སྐུ་སྐྱེས་སྔ་མ་དེ་ཡིས་སམ། ཡང་ན་ཐོན་མི་དུམ་བུ་གཉིས་སུ་ཆ་བགོས་བྱེད་འདོད་གང། དཔང་རྟགས་འཕེར་བའི་གསུང་ལན་ཞིག་བསྐྱོན་རོགས། ཡང་ཨ་མའི་དེ་ཚོ་ཁྱེར་མ་ཡོང་རོགས། ཐུགས་རྗེ་གཟིགས། བགྲོ་གླེང་ལྷུག་པོར་གནང་འདོད་ན། རྟགས་འཛིན་སེམས་དང་རྟགས་ཚུལ་གསུམ། རྨངས་གཞིའི་དེ་གཉིས་རྒྱབ་གཉེར་ནས། རྟགས་ཅན་རྗེས་དཔག་འདྲེན་ཐབས་བྱོས། དེ་མིན་ཕ་རྐུབ་མ་རྐུབ་སོགས། ཡ་རབས་བོད་མིའི་མཛངས་སྤྱོད་ལས། རིང་དུ་བརྒལ་བའི་ཁྲག་མེད་ཀྱི། རྫོབ་རྟགས་དེ་རིགས་དོར་ན་ལེགས།
ཧ་ཅང་དགོད་བྲོ་བའི་སྐད་ཆ་ཞིག་ལ། ཐོན་མིའི་ཆེ་བ་བརྗོད་འདོད་པའི་སྐབས་ཀྱི་སྐད་ཆ་རེད། ཐོན་མི་རྒྱ་གར་དུ་མ་མངགས་གོང། བོད་ལ་བོད་ཡིག་ཡང་མེད་ལ་བོད་ཡིག་འབྲི་ཤེས་མཁན་ཡང་མེད་ཟེར། ཐོན་མིའི་ཆེ་བ་བརྗོད་ལ་ཉེ་བའི་སྐབས། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་གྲགས་པའི་ཆོས་རྒྱལ་སྲོང་བཙན་དེས་ཀྱང་བོད་སྐད་མི་ཤེས་པ་དང། བོད་ཡིག་འབྲི་མི་ཤེས་པ། བོད་ཡིག་ཀ་ངོ་ར་ངོ་ཙམ་ཡང་མི་ཤེས་མཁན། ཡང་ཕྱོགས་གཅིག་ནས་ཁོང་རིག་པའི་གནས་ལྔ་ལ་མཁས་དྲག་པས་སྒམ་པོ་ཡིན་ཟེར་བ་ཡང་ཐོས། དེ་དུས་ཀྱི་བོད་མི་དང་བོད་བློན་རྣམས་ཆེས་གླ་གློ་དང་མུན་ནག་ཅན་ཡིན་པ་ཡང་ཐོས། འོན་ཀྱང་དེ་དུས་བོད་ཡིག་འབྲི་རྒྱུ་ལས་ཀྱང་ཆེས་ཁག་པའི་རྒྱ་ནག་དང་ཁྲི་བརྟན་གྱི་ཡི་གེ སྟག་སྡེ་དང་གཟིག་ཡན་གྱི་ཡི་གེ ཁྲོམ་དང་གེ་སར་གྱི་ཡི་གེ་རྣམས་འབྲི་ཤེས་མཁན། ཡིག་ཐོག་ནས་སྐྱེས་ལན་དང་འཕྲིན་ལན་རྣམས་འབྲི་ཤེས་མཁན་མང་དག་ཞིག་བྱུང་ཟེར་བ་ཡང་ཐོས། རྒྱལ་ཁབ དེ་དག་གི་སྐད་ཆ་ཡང་ཤོད་ཤེས་མཁན་གྱི་བོད་མི་ཡང་ཡོད་པ་ཐོས། འུག་པས་མགོ་ལེབ་ལེབ་དུ་སོང་བ་དེ། དབང་ཞུས་དྲག་ནས་ཡིན་ཟེར་བ་ཡང་ཐོས། རྣ་ཅོག་སྦོམ་ལ་མཐུག་པ་དེ། ཆོས་སྒྲ་རྣ་བས་གོ་མ་མྱོང་ཟེར་བ་ཡང་ཐོས། མིག་རྩ་སེར་ལ་དྭངས་བ་དེ། མར་ཁུ་ཕོར་བརྒྱ་འཐུང་ནས་བྱུང་ཟེར་བ་ཡང་ཐོས། རྐང་པ་བཙའ་ལ་ཞན་པ་དེ། སྣུམ་རྩི་མིག་གིས་མཐོང་མ་མྱོང་ཟེར་བ་རེད་ཅེས་པ་ཡང་ཐོས། ཐོན་མིའི་ཞལ་ལུང་ནང་ལྟོས་དང། དགོད་བྲོ་བའི་ལྟས་མོ་ལུང་པ་གང་འདུག་གོ དེ་དུང་བོད་ཡིག་གསར་དུ་བཟོས་དགོས་ས་རེད་མ་རེད་ཧ་གོ་ས་འདུག་གོ དེ་དུས་ཀྱི་བོད་པ་ཚོ་ཐོན་མི་ལས་རྣམ་རིག་གྲུང་ཐག་ཆོད་ཡོད་པའི་ཚོད་དཔག་བྱེད་ཐུབ་ས་འདུག་གོ
ཡང་གནའ་བོའི་ཞལ་ལུང་ལྟར་ན། ཡང་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་བཞེས་པ་ས་མོ་གླང་གི་ལོར་སྤྱི་ལོ་༦༢༩རྒྱལ་སྲིད་གསར་དུ་སྐྱོང་བའི་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པའི་དུས། ཤར་རྒྱ་ནག་གི་ཕོ་ཉ་དང་ཁྲི་བརྟན་གྱི་ཕོ་ཉ། ནུབ་སྟག་སྡེ་དང་གཟིག་ཡན་གྱི་ཕོ་ཉ། བྱང་ཁྲོམ་དང་གེ་སར་གྱི་ཕོ་ཉ་བཅས་ཀྱིས། རང་རང་གི་རྒྱལ་ཁམས་ཀྱི་ཡི་གེར་བཀོད་པའི་འཚམས་ཞུའི་འཕྲིན་ཡིག་ལེགས་སྐྱེས་སུ་ཕུལ་བ་གསལ། དེ་དུས་བོད་རྒྱལ་དང་བོད་བློན་ཐམས་ཅད་ལྐུགས་པ་ཁོ་ན་ལ་སོང། ཁ་གྲགས་མ་ཤེས་ནས་ལག་བརྡ་ཁོ་ན་བྱས་ཏེ་ཐུགས་སྤྲོ་གཏོང་བ་ཡང་གསལ། དེ་དུས་ཐུགས་སྤྲོ་རྩ་བ་ནས་སྐྱིད་པོ་བྱུང་མེད་པ་ཡང་མཁས་བླུན་ལྷན་འཛོམས་བྱུང་བས་གསལ། མཁས་བླུན་མཉམ་དུ་འཛོམས་ན་ཡོང་རྒྱུ་གཅིག་མ་གཏོགས་མི་འབྱུང་བ་ཆོས་ཉིད་ཀྱི་རང་བཞིན་ཡིན་པས་གསལ། དེ་དུས་བོད་རྒྱལ་ལྐུགས་པས་བརྗོད་དོན་མ་རྟོགས་ནས་བོད་བློན་ལྐུགས་པ་ཚོས་ཡིག་ལན་དང་ངག་ལན་བསྐུར་བ་ཡང་གསལ། དེ་དུས་བོད་སྐད་རྩ་བ་ནས་སྦྱང་མ་མྱོང་བའི་ཕྱོགས་བཞིའི་ཕོ་ཉ་བ་དེ་དག་གིསབོད་སྐད་གོ་བརྡ་འཕྲོད་ནས་རང་རང་གི་རྒྱལ་ཁབ་ཏུ་ཕེབས་ཏེ། སྲོང་བཙན་གྱི་ཆ་འཕྲིན་རྣམས་སྒྲོགས་བྱང་བྱེད་པ་ཡང་གསལ།
རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་མཁར་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་དུས་སུ། ཕོ་བྲང་གི་སྟེང་དུ་བབས་པའི་སྤང་ཀོང་ཕྱག་རྒྱ་པ་སོགས་ལེགས་སྦྱར་ཡིན་པ་རེད། ལུང་བསྟན་དུ་མི་རབས་ལྔ་ན་འདིའི་དོན་ཤེས་པ་འོང་ཟེར་བ་དང་དེ་ཡང་ཐོན་མི་ཡིན་པ་ལས་གཞན་དུ་བཤད་དཀའ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོང་བཙན་གྱི་རིང་ལ་དར་ཞིང་རྒྱས་བར་མཛད་ཅེས་ཡོངས་སུ་གྲགས་པ་ལྟར། སྲོང་བཙན་སྐབས་བོད་ཀྱི་ཡི་གེ་ཐོག་མར་བཟོས་ཏེ་ནང་པའི་ཆོས་མང་པོ་བོད་ཡིག་ལ་བསྒྱུར་ནས་དར་སྤེལ་བཏང་བར་བརྟེན། བོད་ཀྱི་རིག་གནས་ལ་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྣམ་པ་གསར་བ་ཞིག་བྱུང་ཡོད་པ་རེད། མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཀྱང་སྔོན་དང་མ་འདྲ་བ་འཕེལ་འགྱུར་ཆེན་པོ་བྱུང་ཞིང་། ཁྲི་སྲོང་སྐབས་དང་ཁྲི་རལ་བའི་སྐབས་སུ་དེ་བས་འཕེལ་རྒྱས་ཤུགས་ཆེ་བྱུང་བས་ལྷ་སྒྲུང་གི་རྣམ་པ་ཅན་གྱི་བོད་ཀྱི་རིག་གནས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཕྱིས་བཙན་པོ་དར་མའི་སྐབས་སུ་སངས་རྒྱས་ཆོས་ལུགས་ཉམས་དམས་སུ་བཏང་སྟེ་རིང་པོ་མི་ཐོགས་པར་བོད་ཁམས་སིལ་བུར་ཐོར། རྟག་ཏུ་འཁྲིག་ཟིང་དང་མུ་གེའི་གནས་སུ་གྱར། དུས་བདེ་ཞི་འཇགས་ཀྱི་ཡིད་སྨོན་འཆོར་བཞིན་པའི་སྐབས་སླར་ཡང་བོད་ཁམས་སུ་དབང་བསྒྱུར་བྱེད་པའི་དཔའ་པོ་གླིང་རྗེ་གེ་སར་བྱུང་། ལྷ་སྒྲུང་གི་རང་བཞིན་ལྡན་པའི་གནའ་བོའི་ལོ་རྒྱུས་དེ་དག་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད། ལྷ་སྒྲུང་ལས་མཚོན་པའི་བོད་ཀྱི་རིག་གནས་དེ་ཡང་མིའི་རིགས་ཀྱི་རིག་པའི་སྣང་ཚུལ་ལས་མ་འདས་པས། མི་ཚེ་སྟོང་ཟད་བྱེད་ན་གེ་སར་གླུ་ལ་ཉོན། ཞེས་པའི་དཔེ་ལྟར་བོད་མི་རིགས་ཀྱི་རེ་འདུན་དེ་མཚོན་ཡོད། འཚོ་བའི་སྣང་ཚུལ་དེ་འགྱུར་ལྡོག་ཆེན་པོ་བྱུང་བའི་དུས་སྐབས་གཅིག་ནི་ཇོ་བོ་རྗེ་བོད་ལ་ཕེབས་ནས་ལས་འབྲས་དང་སྐྱབས་འགྲོའི་རྣམ་བཞག་རྒྱ་ཆེན་པོ་བསྟན་ནས་བོད་རྣམས་ཀྱི་བསམ་པའི་འདུ་ཤེས་ལ་ཤུགས་རྐྱེན་ཐེབས་པ་དེ་རེད། དེས་ན་བོད་ཀྱི་ཆོས་རྒྱལ་རྣམས་དང་ལྷ་བླ་མ་ཡེ་ཤེས་འོད་སོགས་ཀྱིས་དཀའ་བ་ཁྱད་དུ་བསད་ནས་རྒྱ་གར་འཕགས་ཡུལ་ནས་ལོ་ཙཱ་བ་དང་པཎ་ཊི་ཏ་མང་པོ་གདན་འདྲེན་ཞུ་དགོས་པའི་རྒྱུ་མཚན་གཅིག་ནི། བོད་རང་གི་འཚོ་བའི་སྣང་ཚུལ་བསྒྱུར་བཅོས་གཏོང་འདོད་པའམ་བོད་མིའི་བསམ་པའི་འདུ་ཤེས་གོང་འཕེལ་ཆེད་མིན་ན་ཅི་རེད།
དེང་སང་གཟུངས་བསྡུས་ནང་དུ་བཞུགས་པའི་གནམ་ས་སྣང་བརྒྱད་དེ་ཞང་ཞུང་ནས་བོད་ཡིག་ཏུ་བསྒྱུར་བ་དང་དག་པ་གསེར་གྱི་མདོ་ཐིག་ཀོང་རྩེ་འཕྲུལ་རྒྱལ་གྱིས་བཏོན་པས་ཡུལ་ཁམས་ལ་བཀྲ་ཤིས་པར་གསུངས་ཤིང་ད་དུང་དེར་བཞུགས་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཞེས་པ་ཡང་འདུག་པས་སྟོན་པ་གཤེན་རབ་ཀྱི་གསུང་ཡིན་ནམ་སྙམ་ཡང་ངེས་པ་མ་འདྲོངས།
ཡ་དྲྭ་མིག་བརྒྱད་པ་ལགས། དེ་རིང་ཐུགས་འཕྲད་བྱུང་བས་སྐུ་ཁམས་བདེ་མོ་ཡིན་ནམ། སྐུ་ཉིད་ཀྱིས་ཉབ་བ་ཉོབ་བེ་མང་པོ་ཞིག་བྲིས་འདུག་པ་དེ་དག་ངའི་དྲི་ཚིག་ཁག་དང་འབྲེལ་བ་ཆགས་ཀྱི་མི་འདུག ངས་ཁྱེད་ལ་ཞུ་རྒྱུར། མ་ཎི་བཀའ་འབུམ་ལས། གསེར་གྱི་གའུ་ཁ་སྦྱར་གྱི་ནང་དུ་ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་གཅིག གསེར་གྱི་གླེགས་བམ་ལ་བེེཌཱུརྱ་ཞུན་མས་བོད་ཡིག་ཏུ་བྲིས་པའི་མདོ་ཟ་མ་ཏོག་བཀོད་པ་དང། ཞེས་པ་འདི་ལེགས་སྦྱར་ཡིན་ནམ་མིན། དེ་ལ་ལན་ཐོབས། ཟ་བཏུང་མང་ན་དུག་ཏུ་འགྱུར་ཉན་ཡོད། འགྲོ་འདུག་མང་ན་རང་ཚུགས་འཆོར་ཉན་ཡོད། རྡབ་རྡིབ་མང་ན་རྟགས་གསལ་ཆད་ཉན་ཡོད། ཚིག་ཉོག་མང་ན་རྩ་དོན་བོར་ཉན་ཡོད། ཧ་ཧ་
ཐོན་མིའི་སྔོན་དུ་སོ་སོའི་མི་རིགས་ཡི་གེ་ཞིག་ཡོད་ན་དེ་ལས་ལེགས་པ་ཅི་ཡོད། ཚང་མ་མིའི་རིག་གཞུང་ནས་རྐུ་མ་རྒྱག་མ་དགོས་པར་སོ་སོ་རང་་ལ་ཡབ་མེས་ཀྱི་རིག་གཞུང་ཞིག་ཡོད་པ་རེད།
དཔལ་ལྡན་ཁ་བརྡ་ཚང་གིས་རྩོམ་ཡིག་འདིའི་མཆན་སྒོ་སྐྱར་དུ་ཕྱེས་གནང་བར་བཀའ་དྲིན་ཆེ་ཞུ། །