ཡེ་ཤེས་བསྟན་འཛིན།
དེང་དུས་ཀྱི་སྤྱི་ཚོགས་མཐུན་འབྲེལ་དྲ་རྒྱ་དང་ཉིན་ཐོ་སོགས་ཀྱི་དྲ་ཚིགས་བཟོ་བདེ་བའི་མཉེན་ཆས་ཝོཊ་པེ་རི་སི་ནི་(WordPress)སྙན་གྲགས་ཆེ་བའི་མཉེན་ཆས་ཕྱོགས་སྒྲིག་བྱས་པ་ཞིག་ཡིན། ཡིན་ནའང། ད་བར་མཉེན་ཆས་དེ་ཡུལ་སྐད་གཞན་ལས་རང་རིགས་ཁ་བའི་ལྗོངས་ཀྱི་སྐད་ཐོག་ཡང་དག་ཞིག་མཐོང་རྒྱུ་མེད། གུས་ནས་རང་རིགས་བོད་མི་ཡོངས་ཀྱི་ཆེད་དུ་མཉེན་ཆས་དེ་བོད་སྒྱུར་བྱེད་བཞིན་ཡོད། ད་ལྟ་ཚོད་ལྟའི་ཆེད་བརྒྱ་ཆ་ ༦༠བརྒྱུར་ཟིན་པའི་བོད་ཡིག་གི་ཡིག་ཆ་ཐོན་རིམ་དང་པོའི་མིང་ bo_TI.moཞེས་པ་ཞིག་གཤམ་གསལ་ཁ་བྱང་ཐོག་ནས་འཕབ་ལེན་བྱ་རྒྱུ་ཡོད། ཚོད་ལྟ་དེའི་དམིགས་ཡུལ་གཙོ་བ་ནི་ཁྱེད་རྣམས་ཀྱི་བེད་སྤྱོད་གཏང་ནས་བརྗོད་བྱ་དང་དག་ཆ་དང་མིང་ཚིག་སོགས་ཏག་ཏག་ཡིན་མིན་གྱི་བསམ་འཆར་གོ་བསྡུར་བྱ་ཆེད་ཡིན། ཆ་ཚང་བ་ཞིག་བསྒྱུར་རྗེས། བོད་ཡིག་ཤེས་མཁན་སུ་འདྲ་ཞིག་ཡིན་རུང་མཉེན་ཆས་དེའི་ཐོག་ནས་རང་ཉིད་ཀྱི་བློ་འདོད་ལྟར་བོད་ཡིག་ཐོག་དྲ་ཚིགས་བཟོ་ཆོག་པ་དང་དྲ་ཚིགས་དོ་དམ་བྱེད་ཆོག
མཉེན་ཆས་དེ་བེད་སྤྱོད་གཏང་ནས་ཝོཊ་པི་རེ་སི་བོད་ཡིག་ཐོག་ག་འདྲ་བྱེད་ནས་བསྒྱུར་དགོས་པ་གཤམ་གསལ་དྲ་ཚིགས་ཁ་བྱང་ཐོག་གཟིགས་རོག་གནང།
http://yesi.byethost7.com/?p=25
ཡེ་བསྟན་ལགས་ནས་གསར་བཏོད་འདི་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་གིས་གང་མགྱོགས་བསྒྱུར་གྲུབ་པའི་ཡིད་ཆེས་ཡོད།
གཞན་ཕན་གྱི་ལས་ལ་གཞོལ་བའི་སྤུན་ཟླ་སྤྱོད་ཡོན་གཉིས་ལྡན་ཡེ་ཤེས་བསྟན་འཛིན་ལགས་ལ་འཚམས་
འདྲིའི་བཀྲིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་ལས་དོན་ལེགས་འགྲུབ་དང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
ལྷག་བསམ་རྣམ་པར་དག་པའི་ཀུན་སློང་བཅངས།།
རྣམ་དཔྱོད་ཤེས་རབ་འབར་བའི་རིགས་མཛོད་བཟུང།།
ཐོས་བསམ་ལག་ཏུ་ལེན་པའི་འབྲས་བུས་གཏམས།།
རང་རིགས་ཚོགས་ལ་རིགས་འཕྲུལ་འགྱེད་གྱུུར་ཅིག།།
ངོ་མ་མང་པོ་ལ་ཕན་ཐོག་ས་རེད། དེ་འདྲའི་གསར་གཏོད་གནང་བར་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱི་རླབས་ཆེན་ལས་གཞི་ལ་མངོན་པར་བསྟོད། དྲ་ཚིགས་བཟོ་ས་མང་པོ་ཡོད་པ་ལས་འདི་ནི་སྐད་གྲགས་ཆེ་བའི་དྲ་ཚིགས་གསར་པ་བཟོ་ས་ཞིག་ཡིན་པར་ལགས་ན། གང་གིས་བྱ་བར་ལམ་ལྷོང་ཡོང་བའི་ཐོག སླད་ཀྱང་བོད་རིག་ཡོངས་ཀྱིས་བཀོལ་སྤྱོད་བྱེད་ས་ཞིག་ཏུ་ཆགས་ཐུབ་པའི་རེ་སྨོན་དང་འབྲེལ་འདི་བཞིན་མུ་མཐུད་ནས་འབད་འབུངས་ཡོད་པར་ཅི་ནས་མཁྱེན།
རེ་བའི་མིག་ཟུང་གིས་ཅེར་ནས་སྒུག་ཡོད།
ཡེ་བསྟན་ལགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ལས་གཞི་འདི་ལ་ཡི་རང་དང་བསྔགས་བརྗོད་ཞུ། མུ་མཐུད་ནས་ཤུགས་རྒྱག་རོགས་ཞེས་སྐུལ་འདེབས་ཞུ་རྒྱུ་ཡིན། ད་དུང་ཡོང་ན་ཁྱེད་ཀྱི་བསྒྱུར་བའི་ཆེད་སྤྱོད་མིང་ཚིག་དེ་དག་དབྱིན་བོད་ཤན་སྦྱར་གྱི་དྲ་ཐོག་ཏུ་བཞག་སྟེ་ཚང་མར་བསམ་ཚུལ་སྡུད་ལེན་བྱས་ན་ད་སྤུས་དག་ཏུ་དང་འཐུས་སྒོ་ཚང་དུ་ཡོང་བ་གདོན་མི་ཟ་བས། ཐུགས་བསམ་བཞེས་རོགས།
ཐུགས་རྗེ་ཆེ།
ཡེ་ཤེས་བསྟན་འཛིན་ལགས། དེ་རིང་ཁ་སང་ང་ཚོས་སྐུ་ཉིད་ནང་བཞིན་གྱི་མི་སྣ་རླབས་ཆེན་རེ་ཧ་ཅང་མཁོ་གལ་ཆེ་བས། མུ་མཐུད་དུ་གཟི་སྟོང་འབར་བའི་ལམ་དུ་མདུན་སྐྱོད་གྱིས།
གོང་གི་དྲ་ངོས་འདི་དེང་སང་སྒེར་གྱི་པོད་ཁུག་བཟོ་ས་ཆེས་ལས་སླ་ཤོས་དེའི་རིགས་རེད། འདི་བོད་ནང་གི་རྡོ་བུམ་དྲ་བ་ཡིན་པ་ཡོད་ཅིག་གིས་བོད་ཡིག་ཏུ་བསྒྱུར་ཚར་ཡོད་པ་རེད། མིང་ཚིག་བསྒྱུར་བའང་ཁོང་ཚོས་བསྒྱུར་བ་དེ་ཧ་ཅང་ཡག་པོར་མཐོང་སོང་།
གང་མགྱོགས་བསྒྱུར་ཚར་བའི་རེ་བ་ཡོད
ཐུགས་ལ་བཅངས་དགོས་པ་ཞིག་ལ་དྲ་རྒྱའི་བརྡ་ཆད་སྐོར་ནས་མཁས་པ་ཉམས་མྱོང་ཅན་དག་ལས་འདྲི་གཏུགས་བྱས་ཏེ་འབྲི་རྒྱུ་མཁྱེན
ཨུ་ཚུགས་ཀྱིས་རང་བཟོ་མ་བྱེད་རོགས
གོང་གི་མཆན་འདེབས་མཁན་ཚང་མ་ལྐུགས་པ་རང་རེད། དོན་དག་ག་རེ་ཡིན་ཅི་ཡང་ཧ་མི་གོ་བར་བསྔགས་བརྗོད་ལུང་པ་གང་བྱས་ཤག མི་དེས་བསམ་འཆར་བསྡུ་གི་འདུག་མ་གཏོགས་བསྟོད་པ་བསྡུ་ཟིག་ཡོད་མ་རེད
པི་ལག་ ཞེས་བ་བོད་ཀྱི་ཐ་སྙད་ཞིག་མ་རེད་། བོད་རང་གི་གོ་དོན་ཅན་གྱི་ཚིག་ཞིག་འཚོལ་ན་བཟང་གི་བསམ། གཞན་པ་དག་ལ་ལྟོས་རྗེས་བསམ་ཚུལ་ཕུལ་གི་ཡིན རྩ་བས་ལས་དོན་ལ་རྗེས་སུ་ཡི་རིང་ཡོད་།
ཡགས་པོ་འདུག་ མཁྱེན་ལྡན་རྣམས་པས་བཞུད་དག་དང་ཕ་སྐད་ཙང་མ་ཡོང་སྨོན་ལམ་ཡོད་
ལམ་ལོང་ཡོང་བ་ཤོགས་ ཁ་བྲོ་ ཁ་བྲོ་
སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས་སུ་བསྔགས་བརྗོད་ཡོད།
ངས་འདིར་ཁྱེད་ཀྱི་ལས་གཞི་འདིར་རྒྱབ་སྐྱོར་མཚོན་སླད་ཡིག་ནོར་ཁ་ཤས་ནོར་བཅོས་ཞུས་ཡོད་པས་འགྲིག་མིན་དགོངས་འཇགས་ཞུ།
ཤོག་ངོས་དང་པོ། བརྙན་ཤེལ་གདམ་ག རོག་རམ་ཞེས་པར་༼རོགས་རམ།༽ཟེར་དགོས།
དཔེར་མཛོད་ཅེས་པར་༼དཔར་མཛོད།༽ གསར་བ་ཞིག་འཇུག་ཅེས་པར་༼གསར་འཇུག༽ཅེས་བསྡུས་ཚིག་བྲིས་ན་བཟང་།
ངོས་ལེན་བྱ་རྒྱུ་ལྷག་སྡད་ཡོད་པ་ཞེས་པར་༼ངོས་ལེན་བྱ་རྒྱུ།༽ཞེས་བྲིས་ན་ཆོག་སྙམ།
ཤོག་ངོས་གཉིས་པར། གཡོན་ཕྱོགས་ཀྱི་དཔེར་མཛོད་ཅེས་པ་༼དཔར་མཛོད།༽ཅེས་དང་། གསར་པ་ཞིག་འཇུག་ཅེས་པར་༼གསར་འཇུག༽ ཅེས་དང་། མཐུད་སྦྲེལ་གྱི་སྡེ་ཚན་ཞེས་པར་༼མཐུད་སྦྲེལ་སྡེ་ཚན།༽ ཞེས་བཅོས་ན་ལེགས་སྙམ།
ཝི་རྫིཊ་རྣམས་བདེ་སྤྱོད་ཅེས་པར་༼བཀོལ་སྤྱོད།༽ཅེས་དང་། གཡོན་ཕྱོགས་ནས་གདམ་ཞེས་པར་༼བདམས་ཏེ་༽ཞེས་འདས་ཚིག་དང་ལྷག་བཅས་ཀྱི་འཕྲད་དགོས། གལ་སྲིད་གཡས་ཕྱོགས་ནས་གཡོན་ཕྱོགས་སུ་འདྲུད་འཇོག་བྱེད་ན་ཞེས་པར་༼བྱས་ན་༽ཞེས་བཅོས་དགོས། སྒྱིག་བཀོད་དང་ཞེས་པ་༼སྒྲིག་བཀོད་༽ཨེ་ཡིན་སྙམ།
ཉེ་ཆར་ནང་བཀོད་པའི་མཆན་ཁག་ཞེས་པར་༼ཉེ་ཆར་གྱི་མཆན་ཁག༽ཅེས་བཅོས་ན་བཟང་།
ཤོག་ངོས་གསུམ་པ། གཡོན་ངོས། དཔེར་མཛོད་ལ་༼དཔར་མཛོད།༽ཅེས་པ་སོགས་གོང་བཞིན།
པི་ལག་ཨིན་ཟེར་བ་ཅི་ཞིག་ཡིན་ནམ། ལས་ཀ་འདི་རྒྱ་སྐྱེད་དང་ཞེས་པར་༼རྒྱ་བསྐྱེད་༽ འཕེལ་རྒྱས་གཏོང་གིས་ཡོད་ཅེས་པར་༼གཏོང་གིན་ཡོད་༽ཅེས་བཅོས་ན་བཟང་། རང་བཞིན་ཐོག་ནས་ཞེས་པར་༼རང་དབང་གིས་༽ཞེས་དང་། ཁྱེད་རང་གི་གྲགས་ཅན་གྱི་མཆན་བུ་ཞེས་པར་༼གྲགས་ཅན་མཆན་བུ་༽ཞེས་བཅོས་ན་བཟང་སྙམ།
ཤོག་ངོས་བཞི་བ། གཡོན་ངོས་གོང་བཞིན། སྤྱིར་བཏང་གི་སྒྲིག་བཀོད་ཅེས་པ་༼སྤྱིར་བཏང་སྒྲིག་བཀོད།༽དང་། དྲ་ཚིགས་ཀྱི་འགོ་བརྗོད་ཅེས་པ་༼དྲ་ཚིགས་འགོ་བརྗོད།༽དང་། དྲ་ཚིགས་ཀྱི་ཁ་བྱང་ཞེས་པ་༼དྲ་ཚིགས་ཁ་བྱང་།༽དང་། ཁོངས་མི་གོ་གནས་ཞེས་པ་༼ཁོངས་མིའི་གོ་གནས།༽ཞེས་བཅོས་ན་བཟང་སྙམ།
ཚིག་ཁ་ཤས་ནང་དྲ་ཚིགས་འདི་སྐོར་བྲིས་ཞེས་པར་༼བསྡུས་ཚིག་གིས་དྲ་ཚིགས་འདིའི་སྐོར་ཕྲིས།༽ ཞེས་དང་། གལ་སྲིད་ཁྱེད་རང་གི་མདུན་ཤོག་དེ་ཝོཊ་པི་རེ་སི་སྒྲིག་འཇུག་བྱས་པ་གཞན་ཞིག་བཟོ་ཡ་ཡིན་ན་ཞེས་པར་༼ཁྱེད་རང་གིས་༽དང་། བཟོ་ཡ་ཡིན་ན་ཞེས་པར་༼བཟོ་འདོད་ཡོད་ན་༽ཞེས་བསྒྱུར་ན་ལེགས་སྙམ།
ཤོག་ངོས་ལྔ་པ། གཡོན་ངོས་གོང་བཞིན།
རྩོམ་གསར་པ་བཀོད་ཅེས་པར་༼རྩོམ་གསར་ཁོད།༽ཅེས་དང་། འགོ་བརྗོད་དེ་ཀར་བྲིས་ཞེས་པར་༼འགོ་བརྗོད་འདིར་ཕྲིས།༽ཅེས་དང་། རྣམ་ཞག་ཅེས་པར་༼རྣམ་གཞག༽ཅེས་བསྒྱུར་ན་ལེགས་སམ་སྙམ་པས་དྲ་གྲོགས་ཚང་མས་དགོངས་འཆར་གསུང་རོགས་ཞུ། ཐད་ཀར་བྲིས་པ་ཡིན་པས་ཡིག་ནོར་ལ་བཟོད་སྒོམ་གནང་རོགས།
གང་ལྟར་ཁྱེད་ཀྱི་ལས་གཞི་འདི་མཐར་ཕྱིན་པའི་རེ་སྨོན་ཞུ།
གོང་གི་མཉེན་ཆས་དེ་བོད་ཡིག་ནང་བཟོ་བཞིན་པར་རྗེས་སུ་ཡི་རང་བྱེད་འོས་མོད། དེའི་ནང་ཡིག་ནོར་མང་པོ་ཞིག་ཡོད་པ་དངོས་འབྲེལ་ལ་སོང་བྲེལ་བ་མ་གནང་བར་ལྷོད་ལྷོད་བྱས་ནས་སྤུས་དག་པོ་ཞིག་བཟོ་རྒྱུ་གལ་ཆེ་སྙམ། མི་མང་པོ་ཞིག་གིས་གྲུབ་འགྲས་མྱུར་དུ་ཐོན་རྒྱུར་རྔམ་བཞིན་པ་ནི་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཞིག་ཀྱང་རེད། དེ་འདྲ་སོང་ཙང་བོད་སྐད་ཡིག་ལ་རྒྱུས་མྱོང་ཅན་དག་ལ་བཀའ་འདྲི་དང་ཞུ་དག་ཡག་པོ་ཞིག་བྱེད་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བཟོས་ཚར་ནས་རང་ཡང་འགྱོད་པ་སྐྱེ་དགོས་པ་ཞིག་དང་གཞན་གྱིས་ཀྱང་ཅིག་ལབ་སྡོད་དགོས་པ་ཞིག་ཆགས་ན་ཆོ་མེད་མ་རེད་དམ། དེ་ཕྱིར་སྐུ་ཉིད་ནས་གཟབ་གཟབ་གནང་རོགས་ཞུ་རྒྱུ་ཡིན།
རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།་་་གང་མགྱོགས་གྲུབ་པ་གནང་རོགས་གནང་།
ཐུགས་རྗེ་ཆེ་ཡག་པོ་ཞྀག་བཟོ་རོགས་དྲེལ་བ་མེད།