བྱ་གཏོར། Posted on 2013-02-052013-02-06 By ཡེ་ཤེས་ 12 Comments on བྱ་གཏོར། ཀླུ་སྨྱོན། བྱ་རྒོད་ཀྱི་ཚོགས་འཕུར་སོང་ལ། རྣམ་ཤེས་ཀྱང་འཕུར་སོང་། ཤུལ་དུ་ལུས་པ་ནི། ཀེང་རུས་དཀར་པོ་དང་ནམ་མཁའ་སྔོན་པོ་ཞིག སྙན་ངག
རོ་སྒམ་གཡོགས་ནས་ས་ཉེར་རྡོ་ཉེར་བྱེད་པའི་རུལ་རྡུལ་དང་།། མེ་ཞུགས་བྱས་ནས་མྱི་མེད་བདག་མེད་བྱེད་པའི་ཐལ་རྡུལ་ལས།། ཤ་ཟ་ཤ་ཟའི་བར་ནས་ལས་འབྲས་རྩིས་འདྲ་བའི།། འཇིག་རྟེན་འདི་བྱས་འཁོར་ན་ངོ་མ་ཡག་པ་ལ།།
མི་ཤ་འདི་ཁྱི་ཤ་བཞིན་སྤྲད་དུས།། བལྟས་ཚོད་ལ་བྲིད་ཤ་ཞིག་འདུག་ཀྱང་།། སྙིང་ཤ་འདི་བྱམས་བརྩེ་དང་འགྲོགས་ན།། རང་ཤ་དེས་རང་གོ་ཞིག་ཆོད་འགྲོ།།
ཀླུ་སྨྱོན་ལགས། འདི་བོད་པའི་བྱ་གཏོར་ཨེ་རེད། ང་ཚོའི་ཕ་ཡུལ་ལ་སྔོན་ལ་ཕུང་པོ་དུམ་དུམ་བཟོས། དེའི་རྗེས་ལ་གཏོར་བ་ལས། ཕུང་པོ་ཆ་ཚང་གཏོར་བའི་སྲོལ་མེད། ལྷག་པར་དུ་ཕུང་པོ་དུམ་དུམ་བཟོ་བར་རིམ་པ་དུ་མ་ཡོད། ལག་པ་ལྟ་བུ་ཡིན་ན། ལག་པ། ལག་ངར། དཔུང་པ་སོགས་རིམ་བཞིན་ཁ་ཕྲལ་བ་ལས། ཧྲིལ་པོ་གཏོར་བའི་ལུགས་སྲོལ་མེད། པར་འདི་ལ་ལྟ་དུས། ཇི་འདྲ་ཡིན་སྙམ་པའི་དྲི་བ་མང་པོ་ཤར་འོང་།
སྙིང་ལག་ལ་བཞག་ན་ཤ་རེད། མིག་ལག་ལ་བཞག་ན་ཆུ་རེད། ཟེར་བ་ལྟར་མི་ཡི་མཐའ་མ་འདི་འདྲ་ཞིག་རེད། བཀྲ་ཤིས་ལྷུན་པོ་ནང་ན་རོ་ནི་སྨན་རྩྭ་བརྫངས་སྟེ་ཉེ་བར་བསགས་པའི་པཎ་ཆེན་རིམ་བྱོན་གདུང་སྐུ་དང་། གནའ་བོ་ཨད་ཅི་རོའི་རོ་སྒན་ནང་དུ་རོ་ནི་མ་རུལ་རྫས་ཀྱིས་གསོན་པོར་བྱས་པའི་མཱ་མེ་གཉིས། རྒྱ་ནག་གཞུང་གིས་གཉེར་བའི་གཙོ་འཛིན་མཱའོ་ཡི་རོ་གདུང་ཕྱི་མ་རུལ་བ་གསུམ། ཆེན་པོ་རྣམས་ཀྱི་རོ་ཡིས་ས་ཟིན་ལམ་ཟིན་འབྲས་བུ་ཡོན་ཏན་ཟིན། ཐ་ཤལ་རོ་ནི་ཆུར་བསྐྱུར་མེར་སྲེག་བྱར་གཏོར་ཤུལ་ཏུ་མེད་པར་བྱེད་དོན་ཅི། རོ་ནི་མི་ཡི་སྤྱི་ཚོགས་ཀྱི་མེ་ལོང་ཡིན། རོ་ནི་མི་ཞིག་གི་རིན་ཐང་གཞལ་བྱེད་ཀྱི་རྒྱ་མ་ཡིན། རོ་འདི་ལ་བརྗོད་ལས་འདས་པ་ནུས་པ་ཡོད། རོ་འདི་ཟོ་རོ་ཞིག་མ་རེད་ཡ།
བྱ་གཏོར་ནི་ཤིནད་ཏུ་ཕན་ཡོན་ཆེ་ཡང་། ག་བ་ག་སར་མིན་པ། རི་མཐོ་ས། གནས་དབེན་ས། རྡོ་ཕོང་མཁན་ཆེ་ས་རྣམས་་སུ། མི་རོའི་ཤ་རྣམས་དུམ་བུ་དུམ་བུར་བཏུབ་པ་དཀའ་ངལ་མེད་ཀྱང་། རུས་པ་རྣམས་གང་ཆུང་ཆུང་བརྩབས་ནས་མི་དེ་ཡི་ཀླད་པ་དང་བསྲེས་ནས་བྱ་གཏོར་ཚད་ལྡན་བྱེད་ཐུབ་ན་འཆི་བ་མི་དང་གསོན་པོ་བྱ་རྒོད་གཉིས་ཀའི་བསམ་པ་རྫོགས་པ་ལ་ཕན། འོནད་ཀྱང་དང་་པོ་ཐོག་པར་མགོ་བོའི་སྐྲ་དང་རྐང་ལག་གི་སེན་མོ་རྣམས་གཙང་སེལ་བྱ་རྒྱུ་གལ་གང་ཆེན་པོར་བརྩིས། དིང་སང་མི་ཡིས་བྱ་གཏོར་འདི་ཀླ་ཀློའི་བང་སོ་ལྟ་བུར་བརྩིས་ན་རང་ཉིད་ནོར་བ་ཆེན་པོ་ཡིན་ཏེ། སྐྱེ་བ་སྔ་ཕྱི་དང་ལས་འབྲས་སྐོར་མི་ཤེས་པས་ལན། གཅོད་ཀྱི་སྐབས་སུ་ལུས་མེད་སེམས་ཅན་ལ་ལུས་སྦྱིན་པ་ལྟར། བྱ་གཏོར་སྐབས་སུ་ལུས་ཡོད་བྱ་རྒོད་ལ་གཤིན་པོའི་ལུས་པོ་བྱ་གཏོར་བྱས་པས་སོ། ། བྱ་གཏོར་ཡུན་གནས་ཤོག །
བོད་ཀྱི་གཞས་མ་ཚེ་བརྟན་སྒྲོལ་དཀར་ལ་བཙན་གཡེམ་བྱས་པའི་གུང་ཕྲན་མའོ་ཙེ་ཏུང་རོ་འཁོགས་དེ་ཡང་། མྱུར་དུ་མེ་སྲེག་གཏོང་བ་ལས་འགུལ་རྩོམ་དགོས། ངས་ནི་ལོ་མང་སྔོན་ནས་ལས་འགུལ་བརྩམས་ཟིནད་པས། དྲ་གྲོགས་ཚོས་ཀྱང་་་་་
བྱ་གཏོར་ཆུར་བྱང་། བོད་རིགས་བློ་རྩལ་ཆེ་བ་དང་། ། རང་གཞན་ལེགས་གཞུང་ཀུན་ལ་མཁས། ། ས་སྦས་མེ་ལ་གཞུགས་འབུལ་དང་། ། བྱ་གཏོར་ཆུ་ལ་བྱང་བའང་ཡོད། ། སྔར་དུས་རྒྱལ་བཙུན་དུར་དུ་བཏབ། ། ས་སྦས་བྱིས་པ་མཛེ་ནད་དང་། ། མེར་ཀུན་བྱ་གཏོར་འབྲོག་སར་དང་། ། གཙང་འགྲམ་ཆུ་ནང་རོང་པའི་ལུགས། །
བྱ་གཏོར་ཟེར་བ་འདི་ག་དུས་ནས་དར་བའི་ཐ་སྙད་ཅིག་རེད། སྔོན་ཆད་བྱ་དུར་ཆུ་དུར་ས་དུར་སོགས་བཤད་སྲོལ་ཞིག་ཡོད་པ་ལས་བྱ་དུར་ཟེར་བ་དེ་མིན་ནམ།
རོ་སྒམ་གཡོགས་ནས་ས་ཉེར་རྡོ་ཉེར་བྱེད་པའི་རུལ་རྡུལ་དང་།།
མེ་ཞུགས་བྱས་ནས་མྱི་མེད་བདག་མེད་བྱེད་པའི་ཐལ་རྡུལ་ལས།།
ཤ་ཟ་ཤ་ཟའི་བར་ནས་ལས་འབྲས་རྩིས་འདྲ་བའི།།
འཇིག་རྟེན་འདི་བྱས་འཁོར་ན་ངོ་མ་ཡག་པ་ལ།།
མི་ཤ་འདི་ཁྱི་ཤ་བཞིན་སྤྲད་དུས།། བལྟས་ཚོད་ལ་བྲིད་ཤ་ཞིག་འདུག་ཀྱང་།། སྙིང་ཤ་འདི་བྱམས་བརྩེ་དང་འགྲོགས་ན།། རང་ཤ་དེས་རང་གོ་ཞིག་ཆོད་འགྲོ།།
ཀླ་ཀློའི་སྤྱོད་པ་ཀྱེ་མ་ཧུད
ཀླུ་སྨྱོན་ལགས།
འདི་བོད་པའི་བྱ་གཏོར་ཨེ་རེད། ང་ཚོའི་ཕ་ཡུལ་ལ་སྔོན་ལ་ཕུང་པོ་དུམ་དུམ་བཟོས། དེའི་རྗེས་ལ་གཏོར་བ་ལས། ཕུང་པོ་ཆ་ཚང་གཏོར་བའི་སྲོལ་མེད། ལྷག་པར་དུ་ཕུང་པོ་དུམ་དུམ་བཟོ་བར་རིམ་པ་དུ་མ་ཡོད། ལག་པ་ལྟ་བུ་ཡིན་ན། ལག་པ། ལག་ངར། དཔུང་པ་སོགས་རིམ་བཞིན་ཁ་ཕྲལ་བ་ལས། ཧྲིལ་པོ་གཏོར་བའི་ལུགས་སྲོལ་མེད། པར་འདི་ལ་ལྟ་དུས། ཇི་འདྲ་ཡིན་སྙམ་པའི་དྲི་བ་མང་པོ་ཤར་འོང་།
སྙིང་ལག་ལ་བཞག་ན་ཤ་རེད།
མིག་ལག་ལ་བཞག་ན་ཆུ་རེད།
ཟེར་བ་ལྟར་མི་ཡི་མཐའ་མ་འདི་འདྲ་ཞིག་རེད།
བཀྲ་ཤིས་ལྷུན་པོ་ནང་ན་རོ་ནི་སྨན་རྩྭ་བརྫངས་སྟེ་ཉེ་བར་བསགས་པའི་པཎ་ཆེན་རིམ་བྱོན་གདུང་སྐུ་དང་།
གནའ་བོ་ཨད་ཅི་རོའི་རོ་སྒན་ནང་དུ་རོ་ནི་མ་རུལ་རྫས་ཀྱིས་གསོན་པོར་བྱས་པའི་མཱ་མེ་གཉིས།
རྒྱ་ནག་གཞུང་གིས་གཉེར་བའི་གཙོ་འཛིན་མཱའོ་ཡི་རོ་གདུང་ཕྱི་མ་རུལ་བ་གསུམ།
ཆེན་པོ་རྣམས་ཀྱི་རོ་ཡིས་ས་ཟིན་ལམ་ཟིན་འབྲས་བུ་ཡོན་ཏན་ཟིན།
ཐ་ཤལ་རོ་ནི་ཆུར་བསྐྱུར་མེར་སྲེག་བྱར་གཏོར་ཤུལ་ཏུ་མེད་པར་བྱེད་དོན་ཅི།
རོ་ནི་མི་ཡི་སྤྱི་ཚོགས་ཀྱི་མེ་ལོང་ཡིན།
རོ་ནི་མི་ཞིག་གི་རིན་ཐང་གཞལ་བྱེད་ཀྱི་རྒྱ་མ་ཡིན།
རོ་འདི་ལ་བརྗོད་ལས་འདས་པ་ནུས་པ་ཡོད།
རོ་འདི་ཟོ་རོ་ཞིག་མ་རེད་ཡ།
བྱ་གཏོར་ནི་ཤིནད་ཏུ་ཕན་ཡོན་ཆེ་ཡང་། ག་བ་ག་སར་མིན་པ། རི་མཐོ་ས། གནས་དབེན་ས། རྡོ་ཕོང་མཁན་ཆེ་ས་རྣམས་་སུ། མི་རོའི་ཤ་རྣམས་དུམ་བུ་དུམ་བུར་བཏུབ་པ་དཀའ་ངལ་མེད་ཀྱང་། རུས་པ་རྣམས་གང་ཆུང་ཆུང་བརྩབས་ནས་མི་དེ་ཡི་ཀླད་པ་དང་བསྲེས་ནས་བྱ་གཏོར་ཚད་ལྡན་བྱེད་ཐུབ་ན་འཆི་བ་མི་དང་གསོན་པོ་བྱ་རྒོད་གཉིས་ཀའི་བསམ་པ་རྫོགས་པ་ལ་ཕན།
འོནད་ཀྱང་དང་་པོ་ཐོག་པར་མགོ་བོའི་སྐྲ་དང་རྐང་ལག་གི་སེན་མོ་རྣམས་གཙང་སེལ་བྱ་རྒྱུ་གལ་གང་ཆེན་པོར་བརྩིས། དིང་སང་མི་ཡིས་བྱ་གཏོར་འདི་ཀླ་ཀློའི་བང་སོ་ལྟ་བུར་བརྩིས་ན་རང་ཉིད་ནོར་བ་ཆེན་པོ་ཡིན་ཏེ། སྐྱེ་བ་སྔ་ཕྱི་དང་ལས་འབྲས་སྐོར་མི་ཤེས་པས་ལན། གཅོད་ཀྱི་སྐབས་སུ་ལུས་མེད་སེམས་ཅན་ལ་ལུས་སྦྱིན་པ་ལྟར། བྱ་གཏོར་སྐབས་སུ་ལུས་ཡོད་བྱ་རྒོད་ལ་གཤིན་པོའི་ལུས་པོ་བྱ་གཏོར་བྱས་པས་སོ། ། བྱ་གཏོར་ཡུན་གནས་ཤོག །
་་་ རྒྱ་ནག་གཞུང་གིས་གཉེར་བའི་གཙོ་འཛིན་མཱའོ་ཡི་རོ་གདུང་ཕྱི་མ་རུལ་བ་གསུམ། ་་་ཟེར།
བོད་ཀྱི་གཞས་མ་ཚེ་བརྟན་སྒྲོལ་དཀར་ལ་བཙན་གཡེམ་བྱས་པའི་གུང་ཕྲན་མའོ་ཙེ་ཏུང་རོ་འཁོགས་དེ་ཡང་། མྱུར་དུ་མེ་སྲེག་གཏོང་བ་ལས་འགུལ་རྩོམ་དགོས། ངས་ནི་ལོ་མང་སྔོན་ནས་ལས་འགུལ་བརྩམས་ཟིནད་པས། དྲ་གྲོགས་ཚོས་ཀྱང་་་་་
བྱ་གཏོར་ཆུར་བྱང་།
བོད་རིགས་བློ་རྩལ་ཆེ་བ་དང་། །
རང་གཞན་ལེགས་གཞུང་ཀུན་ལ་མཁས། །
ས་སྦས་མེ་ལ་གཞུགས་འབུལ་དང་། །
བྱ་གཏོར་ཆུ་ལ་བྱང་བའང་ཡོད། །
སྔར་དུས་རྒྱལ་བཙུན་དུར་དུ་བཏབ། །
ས་སྦས་བྱིས་པ་མཛེ་ནད་དང་། །
མེར་ཀུན་བྱ་གཏོར་འབྲོག་སར་དང་། །
གཙང་འགྲམ་ཆུ་ནང་རོང་པའི་ལུགས། །
བྱ་གཏོར་ཟེར་བ་འདི་ག་དུས་ནས་དར་བའི་ཐ་སྙད་ཅིག་རེད། སྔོན་ཆད་བྱ་དུར་ཆུ་དུར་ས་དུར་སོགས་བཤད་སྲོལ་ཞིག་ཡོད་པ་ལས་བྱ་དུར་ཟེར་བ་དེ་མིན་ནམ།
འདི་ཉིད་ཀྱི་རྩོམ་ཡིག་དང་འདྲ་བོ་འདུག
ད་ནམ་མཁའ་སྔོན་པོ་རང་ལྷག་ཡོད་པ་མ་རེད།