—–རྫ་ཚེ་རིང་བཀྲ་ཤིས།
བདུན་ཕྲག་གཉིས་ལྷག་གི་སྔོན་དེར་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཞི་བར་གཤེགས་ཤིང་། བདུན་ཕྲག་གཅིག་གི་སྔོན་དེར་ཡང་བསྐྱར་༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེས་ང་ཚོ་དང་ཞལ་གྱེས་མཛད། མ་གཞི་ཁོང་རྣམ་པ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པས་《ཞལ་ཆེམས་དྲི་མ་མེད་པའི་འོད་》ཅེས་བྱ་བར།
འགྲོ་བའི་དུས་བབས་མགྲོན་པོ་ལམ་ཞུགས་བཞིན། །
འཆི་བས་དགའ་བའི་རྙེད་པ་ལེགས་གྲུབ་པས། །
རྒྱ་མཚོའི་དོན་ཡོངས་གྲུབ་པའི་ཚོད་ལས་དལ། །
ཞེས་གསུངས་པ་ལྟར། འཆི་བྲོད་ཀྱི་བཙན་ས་བཟང་པོ་ཟིན་ཏེ་ཡོད་ངེས་མོད། རྗེས་འཇུག་དག་ལ་མཚོན་ན་ཁོང་རྣམ་པ་དེ་ལྟར་གཅིག་རེ་གཅིག་རེ་བྱས་ནས་ཕེབས་པ་ནི་བློས་མི་ཐོངས་པ་ཞིག་རེད།
བྱ་བྲལ་རིན་པོ་ཆེར་མཚོན་ན། ཡོངས་གྲགས་ཀྱི་མཇལ་ཁ་སོགས་མ་གནང་ནས་ལོ་མང་ཐལ་ཞིང་། དགུང་ན་ཡང་བརྒྱ་དང་ལྔ་བརྒལ་ཏེ་ཤིན་ཏུ་མཐོན་པོར་ཕེབས་ཟིན་མོད། ད་དུང་ཉིན་རེ་ཙམ་བཞུགས་ན་ཡང་སྔ་འགྱུར་འོད་གསལ་སྙིང་པོའི་སྒྲུབ་བརྒྱུད་ཀྱི་བསྟན་པ་འདིར་བསྟན་པ་བྱིན་གྱིས་འཛིན་པའི་ནུས་པ་ཆེན་པོ་ཡོད།
དེང་སང་གི་བསྟན་པ་འདི་འགྲེམ་སྟོན་ཁང་ཞིག་ཡིན་པའི་དབང་དུ་བཏང་ན། ཁོང་དེའི་ནང་གི་གནའ་རྫས་དག་མ་ཞིག་ཏུ་ངོས་འཛིན་ཆོག་པའི་ཚོད་རེད། ཁོང་ཉིད་བཞུགས་ན་བསྟན་ཞབས་འདིར་ད་དུང་ཡང་ཆོས་དང་ཞུས་དག་ཕེལ་བའི་ཆོས་པ་མགོ་འཁྲེགས་པོ་ཅན་རེ་ཡོད་ཨང་སྙམ་པའི་ཞེ་གདེང་བཅའ་ཆོག་པ་ཡིན། ཁོང་ལྟ་བུ་དུས་འདིར་ཧ་ཅང་ཉུང་སྐྱོན་ཡོད།
ད་དུང་ཁོང་གཤེགས་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་རང་བཞིན་ལྡན་པའི་དཀར་ཟས་རང་ལུགས་པ་དང་། ཉམ་ཆུང་དུད་འགྲོའི་ཚེ་སྲོག་གི་མགྲིན་ཚབ་པ་ཞིག་མེད་པར་གྱུར་པའང་རེད།
ཁྱད་པར་འཕགས་ཡུལ་འདིར་མཚོན་ན། སྔ་འགྱུར་༧སྐྱབས་རྗེ་རྣམ་པའི་སྐུ་གསུང་ཐུགས་ཀྱི་སྲས་མང་དག་ཅིག་མཆིས་ན་ཡང་། ཕན་ཚུན་རྭ་དང་རྣ་བ་མཐོ་དམན་མེད་པ་ཙམ་གྱིས་སྤྱི་ལ་ཁྱབ་དཀའ་བའི་དུས་འདིར་རྒན་པ་དག་བཞུགས་ན་ནང་གི་བཟའ་དཔོན་བཟང་པོ་དང་འདྲ་བར་ཚང་མ་རུག་རུག་བྱེད་ཐུབ་མོད། འོན་ཀྱང་མ་བཞུགས་པ་རེད།
ད་ནི་ཁོང་ལ་དད་གུས་དག་སྣང་ཞུ་མཁན་ཚང་མས་ཁོང་གིས་ཐུགས་ཀྱི་བཞེད་པ་ཅི་ནུས་སུ་བསྐོང་རྒྱུར་ཅིས་ཀྱང་འབད་འབུངས་གནང་འོས།
ཁྱད་པར་ད་ནས་དགོངས་རྫོགས་ཀྱི་དུས་ཡུན་ཧྲིལ་པོར་ཁོང་ལ་དད་མཁན་སྤྱི་དང་། སྔ་འགྱུར་བསྟན་པའི་ལྷག་ཞབས་སུ་སྐྱེས་པ་སྤྱི་སྒེར་ཚང་མས་དཀར་སྐྱོང་བྱེད་རྒྱུའི་ལས་འགུལ་ཞིག་ཕྱོགས་སོ་སོ་ནས་དབུ་འཛུགས་དང་། དེ་ལ་ཚང་མ་མཉམ་ཞུགས་གནང་ཐུབ་པ་ཞིག་བྱུང་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་རེད་སྙམ།
དེ་ཡང་ལས་འགུལ་འདིར་མཉམ་ཞུགས་གནང་མཁན་གྱི་འོས་ཆོས་ནི་ད་ལྟ་དཀར་སྐྱོང་མིན་པ། ཉུང་མཐར་འབྱུང་འགྱུར་བདུན་ཕྲག་དྲུག་གི་རིང་དཀར་སྐྱོང་གནང་འདོད་ཡོད་པ་ཞིག་ཡིན་དགོས། ལས་འགུལ་འདི་ཚོགས་པ་དང་སྒྲིག་འཛུགས་གཞན་གང་ལའང་དམིགས་བསལ་འབྲེལ་བ་མེད། འོན་ཀྱང་གང་མང་མཉམ་ཞུགས་གནང་རྒྱུའི་རེ་བ་དང་འབོད་སྐུལ་ཤུགས་ཆེར་ཞུ་བཞིན་ཡོད།
འདི་ནི་གུས་པའི་ངོས་ནས་གནད་ལ་ཁེལ་བའི་དགོངས་རྫོགས་དང་སྒྲུབ་པའི་མཆོད་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།
མཉམ་ཞུགས་གནང་ཡུལ་ཕྲིན་ཕྲན་སྦྲེལ་ཨང་།
t963017508
མཆན ༼ཁས་ལེན་ཞུ་མཁན་དང་མཉམ་ཞུགས་གནང་མཁན་གྱི་གྲངས་ཚད་འཕེལ་རིམ་དང་བསྟུན་མིང་ཐོ་བསྡུ་ལེན་བྱ་ཡུལ་གྱི་ས་ཚིགས་དྲ་ཚོམ་དང་པོ་དང་གཉིས་པ་སོགས་འཛུགས་སྲིད།༽
སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །
མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །
བདག་གཞན་རྗེས་སུ་འཇུག་པའི་འགྲོ་རྣམས་ཀྱང་། །
འདི་བཞིན་ཡེ་འབྱམས་ཀློང་ཆེན་གཅིག་ཏུ་དྲིལ། །
ཀུན་བཟང་ས་ལ་གཏན་སྲིད་ཟིན་པ་ཡིན། །
(ཆོས་དབྱིངས་མཛོད་ཀྱི་ཚིག)
ཞེས་པ་འདི་ཡང་སྤྱི་ལོ་༢༠༡༦ ཟླ་༡ ཚེས་༥ ཕྱི་དྲོ་མགོན་པོ་གང་ཉིད་གཤེགས་པ་ཐོས་འཕྲལ་ཤིན་ཏུ་ཕངས་པའི་བློ་དང་བཅས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བྲིས།
ཟུར་བཀོད།
ཕྱི་ལོ་ ༢༠༠༥ ཟླ་ ༥ ཚེས་ ༢༩ ཉིན་དུད་འགྲོའི་རང་དབང་ཚོགས་ཆུང་གིས་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུ་སྐབས། ཁོང་གིས་གསུང་དོན། ང་ཚོ་རྒྱ་གར་ལ་ཡོང་ནས་ཤ་སྤོང་མཁན་དང་པོ་དེ་ང་ཡིན། རྒྱ་གར་རྡོ་རྗེ་གདན་ལ་རྙིང་མའི་སྨོན་ལམ་ཆེན་མོ་དང་པོ་བཙུགས་པའི་ལོ་དེར་ཤ་བཟས་པ་རེད། གཉིས་པའི་ལོ་དེར་ང་སླེབས་ནས་དེ་ནས་ཡོངས་སུ་རྫོགས་པ་ཚོགས་འདུའི་ནང་ལ་རྙིང་མ་བའི་བླ་ཆེན་ཐམས་ཅད་ཡོད་ས་འདིའི་ནང་ལ་ཤ་མ་སྤངས་ན། རྒྱ་གར་རྡོ་རྗེ་གདན་སྟོན་པ་སངས་རྒྱས་པའི་གནས། ནང་པ་སངས་རྒྱས་པ་ཡོད་ཚད་ཀྱི་ཡོངས་གྲགས་ཀྱི་གནས་ཁྱད་པར་ཅན་རེད། དེའི་ནང་ལ་སྔ་འགྱུར་སྨོན་ལམ་ཆེན་མོ་ཚོགས་ཀྱི་ཡིན་ཟེར་ནས་ཤ་བཟས་ན་དེ་ལས་ཞབས་འདྲེན་ཆེ་བ་ཞིག སངས་རྒྱས་བསྟན་པ་ལ་དེ་ལས་ཐབས་སྡུག་པ་ཞིག་མེད་པ་རེད། ཁྱེད་རང་ཚོ་ཡོངས་སུ་རྫོགས་པ་ད་ནས་བཟུང་སྟེ་ཇི་སྲིད་སྨོན་ལམ་ཚོགས་རྒྱུན་རིང་ཤ་ཡི་ལས་ཀ་རྩ་བ་ནས་མ་བྱེད། བོད་ཀྱི་གྲྭ་པ་ཚོས་ཤ་བཟས། བླ་མ་ཚོས་སྤང་མ་ཐུབ་ན་ད་དུང་དེ་ལས་ཐབས་སྡུག་གི་རེད། དང་པོ་བླ་མ་ཚོའི་སྐུ་མདུན་དུ་སོང་ནས་ཁྱེད་རང་ཚོར་འདི་ཡི་ཚེ་ལ་ཤ་འདྲེན་གྱི་མིན། ཁྱེད་རང་ཚོ་ཡང་ཤ་མ་བཞེས་རོགས་ཞུ། ད་དུང་བཞེས་ན་མི་མང་ལ་སྐད་ཆ་ཤོད་ས་མི་འདུག གྲྭ་མང་ལ་ཡང་བཤད་ས་མི་འདུག་ཟེར་ནས་གསུང་རོགས་མ་གཏོགས། ཤེས་མཁན་ཡོན་ཏན་ཅན་ཚོས་ཤ་ཟ། གང་ཡང་མི་ཤེས་མཁན་མི་མང་ལུག་ཁྱུ་འདྲ་བ་དེ་ཚོ་ལ་ཤ་མ་ཟ་ཟེར་ནས་བཀག་ན། དེ་རྩ་བ་ནས་ཡོང་ཐུབ་ཀྱི་མ་རེད་ཟེར་ནས་བཤད་རྒྱུ་བྱུང་བ་རེད། ཅེས་གསུངས་འདུག
སྐུ་གྲོངས་རྗེས་ཐུགས་དམ་དུ་བཞུགས་ཟེར། གསང་རྒྱ་བྱེད་དགོས་དོན་གང་རེད། གལ་སྲིད་དྲི་བ་འདི་ཁྱད་མཚར་ཞིག་མཐོང་ན་དགོངས་སེལ་ཞུ་རྒྱུ་དང་ལན་མེད་ནའང་འགྲིགས།
བླ་མ་རིན་པོ་ཆེའི་ས་ལམ་གྱི་སྐུ་བགེགས་གང་མཆིས་ཞི་ནས། ལྷོ་ནུབ་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་མ་ཧཱ་གུ་རུ་དང་མཇལ་ཏེ། སླར་ཡང་རིགས་དྲུག་གི་གདུལ་བྱ་རྣམས་ཀྱི་དོན་དུ་དུས་ངེས་མེད་དང་། ཡུལ་ངེས་མེད་རྣམས་སུ་མཆོག་གི་སྤྲུལ་སྐུ་རྒྱུན་མར་བྱོན་ནས་གདུལ་བྱ་དེ་དག་གི་ཚེ་རབས་ཕྲེང་བར་བསགས་པའི་དཀར་མིན་ནག་པོའི་ལས་རྣམས་ཞི་བར་མཛོད་ཅིག་རྗེ།
མཆོག་སྤྲུལ་དམ་པ་ཁྱོད་ཉིད་ལ།
སྐྱེ་འཆིའི་འཇིགས་པ་མེད་གྱུར་ཀྱང་།
ཚང་ཚིང་ཉོན་མོངས་གདུང་བའི་སེམས།
མྱུར་དུ་ཞི་ལ་འབྱོན་པར་འཚལ།
སྙིགས་དུས་ཀྱི་འགྲོ་བའི་མགོན་པོ་གཅིག་པུ་བྱ་བྲལ་སངས་རྒྱས་རྡོ་རྗེ་དགོངས་པ་གཞན་དོན་དུ་སྐུ་གཤེགས་པ་ཐོས་འཕྲལ་ཡིད་སྐྱོ་གདུང་གིས་བཀངས་ཤིང་མྱ་ངན་གུས་འདུད་ཚད་མེད་ཞུ། ཉེ་ཆར་རྙིང་མའི་བླ་ཆེན་དག་གཅིག་རྗེས་གཉིས་མཐུད་དུ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ། འོན་ཀྱང་ཁོང་རྣམས་སྐུ་གཤེགས་པ་སྐུའི་བར་ཆད་མ་ཡིན་པར་འཇིག་རྟེན་འདིའི་གདུལ་བྱའི་འགྲོ་དོན་རྫོགས་ནས་དགོངས་པ་གཞན་དོན་དུ་གཤེགས་པ་ཤ་སྟག་རེད། བྱ་བྲལ་རིན་པོ་ཆེ་འདི་ནི་བོད་ཀྱི་བླ་མ་ཐམས་ཅད་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་ཞིག་ཡིན་པ་སྨོས་མེད་རེད། །
༄།། སྐྱབས་རྗེ་མཆོག་གི་རླབས་ཆེན་མཛད་པར་རྗེས་སུ་ཡི་རང་དང་། ཟད་མེད་ཐུགས་ཀྱི་དགོངས་པ་རྫོགས་པར་གྱུར་ཅིག །
དམ་པ་ཁོང་གིས།
་་་་་་་་་་་ བོད་ཀྱི་གྲྭ་པ་ཚོས་ཤ་བཟས། བླ་མ་ཚོས་སྤང་མ་ཐུབ་ན་ད་དུང་དེ་ལས་ཐབས་སྡུག་གི་རེད། ་་་་་་་་་
་་་་་་་་་ ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་ྋསྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེ་མཆོག་བལ་ཡུལ་གྱི་ཡང་ལེ་ཤོད་གཟིམ་ཤག་ནས་དགོངས་པ་ཆོས་དབྱིངས་སུ་འཐིམས་ཡོད་པ་དང་། དེ་རིང་ཐུགས་དམ་གྲོལ་ནས་དད་ལྡན་གདུལ་བྱ་ཡོངས་ལ་ཐུགས་ཕམ་ཆེན་པོས་ཡོངས་བསྒྲགས་གནང་ཡོད་འདུག ་་་་་་་
་
ྋསྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༡༣ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་ཁུལ་ཉག་རོང་དུ་་་་་་་་་ སྐུ་འཁྲུངས་པ་རེད།
ང་ཡི་རྩ་བའི་བླ་མ་དིལ་གོ་མཁྱེན། །
སྨིན་གླིང་ཁྲི་ཆེན་ཡོངས་གྲགས་གྲུབ་ཆེན་མཁྱེན། །
རྒྱང་ནས་རྒྱ་གྲགས་བོད་གྲགས་བདུད་འཇོམས་རྗེ། །
བལ་ཡུལ་ཡང་ཤོད་བྱ་བྲལ་རིན་པོ་ཆེ། །
་
རྙིང་མའི་བླ་མའི་དུས་རབས་རྫོགས་འདྲ་བྱུང་། །
ཁྱེད་བཞིའི་མཛད་པ་ནམ་མཁའི་མཐའ་དང་མཉམ། །
མཆོག་སྤྲུལ་ཡང་སྲིད་བཞི་ཡང་འགྲན་རྩོད་ལྟར། །
ཐུབ་བསྟན་སྤེལ་ལ་སུ་འཇོན་སུ་མཁས་མཛོད། །
བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གི་ཡང་སྤྲུལ་ཁ་བ་གངས་ཅན་གྱི་ལྗོངས་སུ་མགྱོགས་མྱུང་ཡང་བྱོན་པའི་སྨོན་འདུན་གྲངས་མེད་ཞུ།
བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གི་ཡང་སྤྲུལ་ཁ་བ་གངས་ཅན་གྱི་ལྗོངས་སུ་མགྱོགས་མྱུར་བྱོན་པའི་སྨོན་འདུན་གྲངས་མེད་ཞུ།
སྐུ་ཚེའི་རིང་དམར་ཟས་གཏན་ནས་མི་མཆོད་ཅིང་། གདུལ་བྱ་གཞན་དག་ལའང་སྲོག་གཅོད་པ་དང་། དམར་ཟས་བསྟེན་པའི་ཉེས་དམིགས་ཀྱི་སྐོར་ལ་བཀའ་སློབ་དང་ལྗགས་རྩོམ་མཛད་པ་སོགས་སྐུ་ཚེ་ཧྲིལ་པོ་འདོད་ཆུང་ཆོག་ཤེས་དང་རྣལ་འབྱོར་གྱི་སྤྱོད་པ་ཁོ་ནས་འགྲོ་དོན་མཛད་ཡོད་པ་རེད།
གསར་འགོད་པ་གཡུ་སྒྲོན།
http://www.rfa.org/tibetan/sargyur/chatral-sangye-dorje-passed-away-01052016115235.html
ཧཧཧ། འབྲོང་བུ་སོག་ཚས་བསྟོད་པ་དེ་དྲང་དོན་དོན་མིན་ན་བཀའ་དྲུན་ཆ