Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱ་ཚིག་གི་རྩོད་པ།

Posted on 2009-05-042009-05-04 By དགེ་རབ་ 7 Comments on བྱ་ཚིག་གི་རྩོད་པ།

གཡང་སྐྱབས་རྒྱལ།
————————
ངས་འཐེན་ཐུག་བསྐོལ་རྒྱུའི་ཆེད་དུ་གྲོ་ཕྱེ་བརྫིས་ཚར། ཚལ་དང་ཤ་གཏུབས་ནས་རྔོ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། དུས་དེར་རྒྱ་གྲི་རྣོན་པོ་དེའི་ཁ་ཤོར་ནས་ངའི་ལག་གཡོན་མའི་མཐེ་བོང་གི་རྩེའི་སེན་མོ་ལ་ཕོག  སེན་མོའི་དཀྱིལ་ལ་འཁེལ་ནས་མར་ཟུག་སྟེ་མཐེ་བོང་གི་ཤ་ངོ་ནས་བཅད། ཁྲག་དམར་ཚར་རེ་ཐོན།
ངའི་ཤག་རོགས་ཚེ་རིང་ཡང་ལས་ཀ་གྲོལ་ནས་ནང་ལ་སླེབས་ཡོད་ཅིང་། ཁོས་བརྙན་འཕྲིན་ནང་གི་གསར་འགྱུར་ལ་ལྟ་བཞིན་འདུག  ངས་སྐད་བརྒྱབ། “ཁོ་རེ། ཁྲུས་ཁང་ནང་ནས་རྨ་དཀྲིས་ཤིག་འཁྱེར་ཤོག་དང་”
“གང་བྱས་སོང་།”
“ངས་མཛུ་གུ་གཏུབས་སོང་། གྲིའི་ཁ་ཤོར་ནས།”  ངས་རང་གི་ལག་པ་གཡས་པས་མཐེ་བོང་དེ་དམ་པོར་བསྡམས། ཁྲག་གི་ཐིགས་པ་རྣམས་ཕྱི་ལ་མི་ཤོར་བའི་ཐབས་བྱས། མཚམས་དེར་ཚེ་རིང་རྒྱུགས་ནས་སླེབས་སོང་།
“ག་པར། ག་པར་” ཟེར། རྨ་དཀྲིས་ཀྱི་ཐུམ་རལ་ནས་གྲ་སྒྲིག་བྱས། ངས་ཀྱང་མཐེ་བོང་ཕྱི་ལ་བཏོན་ནས་ཁོར་བསྟན། ཁོས་རིམ་གྱིས་ངའི་མཐེ་བོང་དེ་རྨ་དཀྲིས་ཀྱིས་བཏུམས་རྗེས། “ཁོ་རེ། འདི་ལ་གཏུབས་སོང་ཟེར་གི་མ་རེད། གཏུབས་ན་མཛུ་གུའི་ཕྱེད་ཀ་ས་ལ་ལྷུང་འགྲོ་བ་ཞིག་དགོས་པ་རེད། འདི་ལ་རྨ་བཟོ་སོང་ཟེར་གི་རེད། རྨ་ཆུང་ཆུང་ཆུང་ཞིག་བཟོས་སོང་ལབ་ན་འགྲིག་པཱ།”
“མ་རེད། རྨ་བཟོ་སོང་ཟེར་བ་དེ་ཁྱེད་ཚོ་ལྷ་སའི་ཚིག་རེད། ང་ཚོ་ཨ་མདོ་བས་ མཛུ་གུ་གཏུབས་བཞག་ཐ། ཟེར། ཡང་མིན་ན། མཛུ་གུ་བཅད་བཞག་ཐ་ཟེར། དེ་མིན་ན། ཅུང་ཙམ་གཤགས་བཞག་ཐལ། ཟེར།” ངས་འཐེན་ཐུག་གི་དགུང་ཟས་བསྐྱུར་ནས་བྱ་ཚིག་གི་རྩོད་པའི་ནང་ཞུགས།
“ག་རེ་ལབ་གི་ཡོད་རང་། བཅད་དང་གཏུབས་གང་ཡིན་ཡང་དུམ་བུ་དུམ་བུ་བཟོ་དགོས་རེད། འདི་རྨ་རེད། བྱས་ཙང་རྨ་བཟོ་སོང་ཟེར་དགོས་རེད། ཨ་མདོ་ནི་ཨ་མདོ་རང་ཡིན།”
ངས་བསམ་བློ་ཞིག་བཏང་། གྱེན་དུ་སྐྱེས་པའམ་ཡོད་པའི་ཅ་ལག་ཅིག་གཏུབས་ན་བཅད་ཟེར། དཔེར་ན། རྩྭ་བཅད། ཤིང་བཅད། འཕྲེད་དུ་སྐྱེས་པའམ་ཡོད་པའི་ཅ་ལག་ཅིག་གཏུབས་ན་གཏུབས་ཟེར། དཔེར་ན། ཤ་གཏུབས། ཚལ་གཏུབས། གཏུབས་དང་བཅད་ལ་དུམ་བུར་འགྲོ་དགོས་པའི་ངེས་པ་མེད། ཟུར་ཙམ་གཏུབས་པའམ་ཡང་ན་ཕྱེད་ཙམ་གཏུབས། ཡང་ན་ཧྲིལ་པོར་གཏུབས་པ་གང་ཡིན་ཡང་གཏུབས་དང་བཅད་གཉིས་ཀ་འཇུག་བསམས། ངའི་ང་རྒྱལ་ཇེ་ཆེར་སོང་།
“ཁོ་རེ། ཁ་བཙུམས། ཁྱེད་རང་ལྷ་ས་བ་ཚོས་བྱ་ཚིག་ཤེས་མི་ཡོང་། རྨ་བཟོ་ཟེར་གི་རེད། རྨས་གཅིག་པུ་ལབ་ན་སྐྱོན་ག་རེ་ཡོད་རེད། ཚིག་འཕར་མ་ལ་དགའ་འ་ལ། དཔེར་ན། འཛིན་བཟུང་བྱས། གསལ་བསྒྲགས་བྱེད། ཁྱོད་ཚོ་ལ་ཚིག་འབྲུ་གསུམ་ལས་ཉུང་བའི་བྱ་ཚིག་ཅིག་མེད་པཱ།” མུ་མཐུད་ནས་རྩོད་པ་བྱེད་འདོད།
“ཁོ་རེ། འགྲིག་ག འགྲིག་ག  ང་གྲོད་ཁོག་ལྟོགས་གི  ཐུག་པ་དེ་མགྱོགས་ཙ་བསྐོལ་ད། འོང་གོ”

བརྩམས་སྒྲུང་།

Post navigation

Previous Post: རང་གིས་རང་ལ་སྐྱག་རྫུན་བཤད་པ།
Next Post: ༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ ༽བཀླགས་པ།

Comments (7) on “བྱ་ཚིག་གི་རྩོད་པ།”

  1. མདའ་ཚན་པ། says:
    2009-05-04 at 7:43 pm

    ཐག་པ་དང་སྐུད་པ། བར་མཚམས། ཁྲག་སོགས་བཅད་ནས་ཆད།
    གྲི་ཡིས་ཤ་བཅད་ནས་ཆོད།
    ཟོར་བས་རྩ་བྲེགས་ནས་ཕྲོགས
    ཟོག་ལེས་ཤིང་གཏུབས།
    ཁེ་གྲིས་སྐྲ་བཞར།
    མཚོན་གྱིས་རྨ་བཏོད་ལྟ་བུ་མཚམས་རེར་བྱེད་པ་པོ་ཕལ་བ་གང་ཡིན་ལ་ཡང་འབྲེལ་བ་མེད་འགྲོ ཡིན་ན་ཡང་། སྐད་ཟེར་བ་འདི་ལ་དག་མ་དག་ཅིག་བཤད་རྒྱུ་ཨེ་ཡོད། རྒྱུན་སྤྱོད་ཀྱི་སྐད་ཅིག་ཡིན་ཕྱིན་དེ་ཡི་གེའི་ནང་བྲིས་ནས་འགྲོ་རྒྱུ་རང་རེད། ཡི་གེའི་ནང་ཁྲིམས་ཤིག་བཟོས་ནས་དུས་ནས་དུས་སུ་འགྱུར་བའི་རང་བཞིན་ཅན་གྱི་སྐད་དེ་འགྱུར་མེད་གནས་དགོས་པར་བསམ་ན་དེ་ནི་རྨི་ལམ་སྐྱིད་པོ་ཞིག་རྨིས་པ་ཙམ་རེད།
    ལུང་ཚན་གྱི་སྐད་མ་གཅིག་པ་ལ་བརྟེན་ནས་གད་མོ་ཤོར་དགོས་པ་དེ་འདྲ་ཡང་སེ་ཡོང་གི་འདུག ངས་ཕ་ཡུལ་དུ་ད་ཟ་མ་བཟོ་ཞེས་བཤད་པར་ཚང་མས་ང་ལ་འཕྱ་ལས་རྒྱབ་སོང་། ཟ་མ་ལས་དགོས་རེད། ཁབ་ཀྱིས་བཟོ་དགོས་རེད་ཟེར། ཡང་ཐེངས་གཅིག་གློག་བསད་ཤོག་ཟེར་ནས་ཡང་སྐྱར་འཕྱ་དགོད་ཅིག་ཉོས། གློག་སེམས་ལྡན་མིན་ན་ཆི་གས་གསོད་དགོས་རེད་ཟེར། གློག་བཏའ་དགོས་རེད་ཟེར། དེ་ནི་སྐད་རེད། དེ་ལ་འགྲིག་མ་འགྲིགས་ཤིག་བཤད་རྒྱུ་ཡོད་མ་རེད།

  2. མེ་སྒྱོགས་རྒྱ་མཚོ། says:
    2009-05-04 at 7:59 pm

    ཟོག་ལེ་ཟེར་ཡ་ཡོད་མ་རེད། སོག་ལེ་བྲིས་ལོ།

  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-05-04 at 9:03 pm

    ཧ་ཅང་ཡག་པོ་ཞིག་བྲིས་འདུག ངེད་ཀྱིས་མགྱོགས་པོར་རང་གི་གྲོགས་པོ་གསུམ་ལ་གློག་འཕྲིན་བརྒྱུད་ནས་རྩོམ་ཐུང་འདི་བསྐུར་བ་ཡིན།
    བྱ་ཚིག་དང་བརྡ་སྤྲོད་པའི་སྐོར་ལ་རྨང་གཞི་ཡག་པོ་ཞིག་མེད་ན། ཡིག་རྩ་བརྟན་པོ་ཞིག་མི་འཁྱོངས་བ་ཡང་བདེན་པ་རེད་སྙམ།

  4. མིག་གསུམ་པ། says:
    2009-05-05 at 12:35 am

    བྱ་ཚིག་གི་རྯོད་པ་བྱས་པ་ཧ་ཅང་གི་ཡག་པོ་འདུག་ རྗེས་ལ་ཤ་ཐུག་གི་རྩོད་པ་མ་སོང་ངམ

  5. སྐུ་སྒེར། says:
    2009-05-05 at 5:50 pm

    ཕན་ཐོག་གི་མ་རེད། སྐད་གཅིག་པ་བཟོ་དགོས་རེད། དེ་ནས་ཡི་གེ་གཅིག་པ་བཟོ་དགོས་རེད། ལྐུགས་པ་ནི་ལྐུགས་པ་རང་རེད། ག་དུས་ཡིན་ནའི་རྟ་མཇུག་ལ་དབྱུགས། འཁོར་ལོ་སྔོན་ལ་འབུད་མཁན་ཤ་སྟག་རེད།

    དང་པོ་ཨམ་སྐད་དེ་མེད་པ་བཟོས། གཉིས་པ། ཁམས་སྐད་དེ་མེད་པ་བཟོས། གསུམ་པ་ལྷ་སའི་ཡུལ་སྐད་དེ་མེད་པ་བཟོས་ནས། བོད་སྤྱི་ལ་དབང་བའི་སྐད་གཅིག་བཟོ་དགོས་རེད། དེ་ནས་སྐད་དེ་ཡི་གེ་ལ་བཀོལ་བྱེད་སྤྱི་སྐད་ཀྱི་བོད་ཡིག་གཅིག་བཟོ་དགོས།

    ཕན་མི་ཐོག་པའི་བྱ་ཚིག་རྐྱང་པ་གཅིག་གཉིས་ལ་བརྩོད་པ་བརྒྱབ་ནས་སྡད་ན་གཟི་བརྗིད་རེད་བསམ་གྱི་འདུག་གམ།
    ཨ་ག་རེ། ཁྱོད་ཤོད་དང་། མཛུ་གུ་བཏུབས་ཟེར་དུས། ཕྱེད་ཀ་ས་ལ་ལྷུངས་ནས། སྐད་ངན་ཤོར་ཡས་ཀྱི་སྒང་ལ་སླེབས་འཚར་ཡོད། ཤ་བཏུབས་ཟེར་དུས། ཤ་ལ་གྲི་ཆུང་ཆུང་ཞིག་བརྒྱབ་ནས་བཞག་ན་དེ་ལ་བཏུབས་ཟེར་རམ། 

    ཨ་ཙི། ལྐུགས་པ་ཁྱོད་ཚོས་ངོ་མ་བོད་འདི་ལ་རེ་བ་མེད་པ་བཟོ་བཞིན་འདུག

  6. འབྲུག་པ། says:
    2009-05-30 at 1:16 am

    གྲོགས་པོ་རྣམ་པ། བོད་ལ་སྤྱི་ལ་ཁྱབ་པའི་སྐད་ཡིག་ཅིག་བཟོ་དགོས་པ་ངེས་བདེན་རེད། ཡིན་ན་ཡང་ཨམ་སྐད་དང་ཁམས་སྐད་མེད་པ་བཟོ་ཉན་གྱི་མ་རེད་ད། ཨམ་མདོའི་སྐད་མེད་པ་བཟོ་དུས་ཨམ་མདོ་བ་མེད་པ་བཟོ་གི་ཡོད་རེད། དེ་ག་ནང་བཞིན་ཁམས་སྐད་མེད་པ་བཟོ་དུས་ཁམས་པ་བཟོ་གི་ཡོད་རེད། ཨམ་མདོ་དང་ཁམས་པ་མེད་པ་བཟོ་ནས་དབུས་གཙང་པ་གཅིག་ལ་ཐུག་དུས་བོད་པ་ག་པ་སླེབས་ཚར་རེད། བསམ་བློ་ཞིག་ཐོངས་དང་། མ་ཟད་ཨམ་མདོ་དང་ཁམས་པ་སོགས་མེད་པ་བཟོ་དུས་ཡང་ལས་སླ་པོ་ཞིག་བྱས་ནས་བཟོ་ཐུབ་ཀྱི་མ་རེད། འདི་མེད་པ་བཟོ་ཐུབ་ཐུབ་ལ་དཀའ་སྡུག་ཆེན་པོ་མྱོང་གི་རེད། བོད་པ་ནང་ལ་འཛིང་འཁྲུགས་བྱུང་གི་རེད། དེ་འདྲ་མ་གསུངས་རོགས་གྲོགས་པ་ཚོ།

  7. འབྲུག་པ། says:
    2009-05-30 at 1:18 am

    གང་ལྟར་ཡང་བྱ་ཚིག་གི་རྩོད་པ་འདི་དཔེ་ཡག་པོ་ཞིག་འདུག། ད་དུང་དེ་འདྲ་ཡོད་པས། ཡོད་ན་འབྲི་རོགས་གནང་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (42)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme