བློ་གྲོས་རབ་བརྟན།
ཆོས་འཐུས་ཚོར་བལྟས་པས་རྙེད་དོན་
ཀྭ་ཡེ་ཆོས་འཐུས་མིང་འཛིན་མགོ་
ཁ་འདོན་བཞག་སྟེ་ནང་འཁྲུག་རྒྱག་
ག་ལེར་ཁྱོད་ཚོའི་ལས་སྟངས་བྱེད་
ང་ཚོ་བོད་མི་ཡོངས་ཀྱི་སེམས་ལ་དོ
ཅ་ཅོ་སྒྲོག་ལ་གྲོས་ཚོགས་ར་བར་སྒོ
ཆ་མེད་ཡིན་ཡང་བསྙོན་འཛུགས་བྱེད་
ཇ་ཆང་མང་ན་རྙོག་དྲ་བཟོ་བ་ར་བཟི
ཉ་བ་རྒན་པོའི་ལས་ཀྱང་སྡུག་པ་གྲྭ
ཏཱ་ལའི་བླ་མའི་གཞུང་རྒྱུན་སྐྱོ
ཐ་ཆད་ཚིག་གིས་སྤྱི་ཚོགས་དཀྲུག་
ད་ལྟ་་ཁྱོད་ནི་་བོད་མིའི་མིག་ལ་
ན་མོའི་ཡུལ་ནས་རྐང་འོག་འདམས་པ་
པ་སངས་ལྟར་དཀར་སྤྱི་སེམས་མེད་པ་
ཕ་མའི་ཡང་མེས་བླ་ཤ་བཙོང་ལ་ཁྲོམ་
བ་གླང་སྤྱོད་པ་གྲོས་རར་སྟོན་ལ་
མ་རུང་ཚིག་གིས་གཞན་སེམས་སྲེག་ལ་
ཙ་རིའི་མི་དང་བོད་མིའི་བར་ལ་
ཚ་ཚོམ་མེད་པར་ཚིག་ངན་བརྗོད་ལ་
ཛ་ཡའི་བསྟན་པར་དད་ལོག་སྐྱེ་ལ་ཁྱོ
ཝ་སྐྱེས་ཡིན་ཡང་གངས་སེང་བརྫུ་བ་
ཞྭ་སེར་མཁན་པོར་ལོག་འགྲེལ་རྒྱག་
ཟ་ཟུར་མེད་པར་མངོན་སུམ་གནག་ས་སྲི
འ་འུར་རང་བཙན་ཟེར་བཞིན་གཞུ་ས་
ཡ་ཀི་འགོ་ནས་འབངས་ལ་སྡུག་པ་དམར་
ར་བ་གངས་ཀྱི་སྐྱིད་སྡུག་བོར་བ་
ལ་ལུང་ཞེན་ཁོག་ནང་ཁུལ་ཆེ་བ་གློ
ཤ་ཐབས་་གྱོན་ཡང་སེམས་རྒྱུད་གྱོ
ས་མཐའི་གཞུང་འདི་རྩ་ནས་རྫོགས་ལ་
ཧ་ཅང་གཤིས་རྒྱུད་གྱོང་ཞིང་མཐོང་
ཨ་རོགས་ཁམས་པ་རྒོད་པོའི་ལ་རྒྱ་
ཁ་བ་བོད་ལ་མཚོན་ན་ལས་འདི་ངོ་ཚའི
དགྲ་ཕྱོགས་རྒྱ་ལ་མཚོན་ན་དགའ་བའི
བཙན་བྱོལ་བོད་མིའི་མང་གཙོའི་བླ་གནས་ས་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད། ༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ཅེས་གསལ་པ་ནས་སྤྱི་འཐུས་སྐབས་བཅུ་དྲུག་གིས་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེ་སུབ་ནས་ཟུབ་རྒྱུ་མེད་པའི་ནག་ཉེས་ཀྱི་ལོ་རྒྱུས་ཞིག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་བྲིས་པ་མ་རེད་དམ།
ཀ་བ་གདུང་མ་འདྲ་བའི་སྤྱི་འཐུས་ཚོ།
ཁ་ལ་སྒོ་ལྕགས་མེད་པས་ར་ཕོ་ཁ་ལུག
ག་དུས་གྲོས་ཚོགས་ཚོགས་ཀྱང་ལས་རིམ་རྣམ་བཞག
ང་ཚོའི་གྲོས་ཚོགས་ལས་རིམ་བྱ་སྤྲེལ་གཏམ་རྒྱུད་འདྲ་བྱུང་།