བློ་བཟང་རྒྱལ་མཚན་གྱིས་ཕྱི་ཟླ་༣ཚེས་༡ཉིན་ལ།
ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་༣ཚེས་༡ཉིན་ཐོན་པའི་སྐད་ཆ་སོ་མ་ཞིག་སྟེ། མདོ་སྨད་ན་གཞོན་མཐོ་སློབ་པ་ཁག་ཅིག་གིས་རྩོམ་སྒྲིག་བྱས་པའི༼ ཀླུ་མཁར་བྱམས་ཀུན་གླེང༽ཞེས་པའི་དཔེ་དེབ་འདི་འཇིག་རྟེན་འདིར་གསར་དུ་བལྟམས་ཤིང་ད་ལྟ་དྲ་ལམ་བརྒྱུད་དེ་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་རེད། དེབ་འདིའི་ནང༼ པེ་ཅིན་མིག་ནང་གི་ཀླུ་མཁར་བྱམས༽དང་། ༼ ངྡ་སའི་མིག་ནང་གི་ཀླུ་མཁར་བྱམས༽༼རྒྱལ་སྤྱིའི་མིག་ནང་གི་ཀླུ་མཁར་བྱམས༽༼ ལུང་ཚན་སྲིད་དོན་པའི་མིག་ནང་གི་ཀླུ་མཁར་བྱམས༽༼ དྲ་འབངས་མིག་ནང་གི་ཀླུ་མཁར་བྱམས༽༼ ཤེས་ཡོན་པའི་མིག་ནང་གི་ཀླུ་མཁར་བྱམས༽༼ གྲོགས་པོའི་མིག་ནང་གི་ཀླུ་མཁར་བྱམས༽༼ འཐབ་གྲོགས་མིག་ནང་གི་ཀླུ་མཁར་བྱམས ༽༼ ཀླུ་མཁར་བྱམས་མིག་ནང་གི་འོས་བསྡུ་ཆེན་མོ༽བཅས་ཚན་པ་དགུ་རུ་ཕྱེ་འདུག་ལ། དེབ་འདི་ལ་ཤོག་ངོས་༣༧༠ ལྷག་ཅིག་ཡོད་པ་རེད།
རྩོམ་སྒྲིག་པའི་གཏམ་དུ‘‘གོ་རིམ་འདིའི་ནང་ང་ཚོས་བར་གནས་ཀྱི་ལངས་ཕྱོགས་སྲུང་འཛིན་བྱས་ཡོད་མོད། ཕྱོགས་བསྒྲིགས་ཁྲོད་ཐོན་པའི་དཔྱད་མཆན་ཁག་ལས་ཀླུ་མཁར་བྱམས་ལ་རྒྱབ་བསྐྱོར་དང་བར་གནས། ངོ་རྒོལ་ཡོད་པ་ཁག་ཆད་ལྷག་མེད་པར་བཀོད་ཡོད་ཅིང་། ངོ་རྒོལ་བའི་ཁྲོད་དུ་མིང་གཅིག་གིས་དཔྱད་མཆན་ཡང་དུ་བསྐྱར་དུ་འདེབས་མཁན་མང་བ་དང་། རྒྱབ་སྐྱོར་བའི་ནང་དུ་དེ་རིགས་ཅུང་ཉུང་ཉུང་རེད་ལ། མིང་གཅིག་པ་ཅན་ཁག་གྲངས་ཀའང་གཅིག་ལ་ངོས་འཛིན་བྱས་ཡོད། ངོ་རྒོལ་དཔྱད་མཆན་ཁག་ཏུ༼སྐྱག་པ༽ལ་སོགས་པའི་མིང་ཚིག་རྫོབ་པོ་མང་པོ་འདུག་ནའང་། ཀློག་མཁན་སྤྱི་ནས་གོ་བ་ཡང་དག་ཅིག་ལོན་ཐབས་ལ་དམིགས་ནས་མིང་ཚིག་དེ་དག་སོར་འཇོག་བྱས་ཡོད་ལ། དཔྱད་མཆན་སྤྱིའི་ཡིག་ནོར་ཡང་སོར་འཇོག་བྱས་ཡོད་པས། ད་ལྟ་དང་མ་འོངས་པའི་ཀློག་མཁན་སུ་ཡིན་ཡང་དོན་དག་ལེན་པ་ལས་ཡིག་ནོར་དང་ཚིག་བཙོག་ལེན་མི་ལེན་པར་རེ་བ་རྒྱག་གི་ཡིན། རྒྱུ་མཚན་ནི་མི་ལ་སྐྱེ་རྒ་ན་འཆི་ཡོད་ཀྱང་དེབ་ལ་ལོ་ངོ་སྟོང་ཕྲག་ནས་ཁྲི་ཕྲག་བརྒྱུད་པའི་ནུས་པ་ལྡན་པས་ཀྱང་ཡིན།’’
དེབ་འདིའི་ནང་ཀླུ་མཁར་བྱམས་ཀྱིས་ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ཞིག་གི་སྐབས་བཤད་པ་ཞིག་ལ‘‘ཁྱད་པར་དུ་གོང་ས་མཆོག་གི་ཐུགས་དགོངས་དཀྲིགས་བཞག་ཡོད་པ་རེད་ཟེར་བ་དེར། ངའི་ངོས་ནས་སྤྱི་ཚོགས་སྒང་ལ་གསལ་བཤད་ཟེར་ན་མི་འདུག ཅིག་བྱེད་དགོས་པ་རེད་བསམ་གི། དེ་ཡིས་ང་སྐུ་སྒེར་ཡིག་ཚང་ནང་ལ་སོང་ནས། སྐུ་སྒེར་དྲུང་ཆེ་བྲེ་སང་ལགས་རེད། དེར་བཅར་ནས་ངའི་ཐོག་ལ་དཀྲོག་གཏམ་མང་བོ་ཞིག་ཡོང་གིན་ཡོད་པ་རེད། དེའི་སྟབས་ཀྱིས་ད་འདི་ཅན་པོ་འདིས་གཅིག་བྱས་ན་རྒྱལ་བ་རིན་པོ་ཆེ་ཐུགས་འཁྲིགས་ཡོད་ན་ཟེར་མི་འདུག། ད་དེ་འདྲས་རྒྱལ་བ་རིན་རིན་པོ་ཆེའི་སྙན་ལ། མང་ཆེ་བ་རྫུན་ཕྲ་མ་ཡི་ཁོངས་སུ་གཏོགས་གི། ད་འདི་ཡར་རྒྱལ་བ་རིན་པ་ཆེར་ཇི་བཞིན་དུ་ཞུས་ཡོད་ན། ངས་འདིའི་སྐོར་ལ་གསལ་བཤད་ཅིག་བྱེད་དགོས་རྒྱུ་རེད། དེའི་སྟབས་ཀྱིས་ང་གོ་སྟབས་ཤིག་སྤྲད་རོགས་ཞུ་ཞེས་ཞུས་པ་ཡིན། ང་དེ་ལྟར་སྐུ་སྒེར་ཡིག་ཚང་ལ་བཅར་བ་ཡིན་མོད། དེ་ནས་སྐུ་སྒེར་ཡིག་ཚང་ལ་བཅར་ནས་སྒང་ལ་སྐུ་སྒེར་ཡིག་ཚང་ངོས་ནས་གསལ་བཤད་ཅི་ཡོད་གི་ཟེར་ན། སྤྱིར་བཏང་གི་ཆ་ནས་ཡི་གེ་དང་དེ་འདྲ་འབྱོར་བསྡད་ཡོད་གི་ར། འདིའི་རིགས་འདི་ཆ་ཚང་རྒྱལ་བ་རིན་པོ་ཆེ་ལ་སྙན་གསེང་ཞུ་གི་ཡོད་པ་མ་རེད། དེའི་སྟབས་ཀྱིས་རྒྱལ་བ་རིན་པོ་ཆེའི་ངོས་ནས་དགོངས་པ་འཁྲིགས་ཡོད་པའི་ངོས་འཛིན་འདྲ་ཅང་མེད་ཟེར་གི། དེའི་སྟབས་ཀྱིས་ད་རྒྱལ་བ་རིན་པོ་ཆེ་དགོངས་པ་འཁྲིགས་ཡོད་པ་དེ་སྐུ་སྒེར་ཡིག་ཚང་ལ་ངོས་འཛིན་མེད་པ་དང་། དེ་ག་ནང་བཞིན་རྫུན་ཕྲ་མ་འདི་མོ་འདིའི་སྐོར་གི་སྲང་ལམ་གི་དཀྲོག་གཏམ་འདི་མོ་འདི་ཡར་སྐོར་ནས་ཞུས་བ་འདིའི་གྲས་འདི་རྒྱལ་བ་རིན་པོ་ཆེ་ཡི་སྙན་ལ་བཞག་མེད། དེ་འདྲ་ཡིན་ན། དགོངས་དག། ང་ཡིན་ན་དེ་འདྲ་ཞུ་ས་ཅང་མེད་གི། རྒྱལ་བ་རིན་པོ་ཆེ་ཡིན་ན་དགོངས་པ་འཁྲིགས་མེད་གི། ང་མཚོན་ནས་ཡོང་ན་འདི་གསལ་བཤད་ཅིག་ཡིན་བསམ་གི།’’ཞེས་པ་དང་།
‘‘སྤྱི་འཐུས་ཟེར་བ་འདིས་དངོས་གནས་དྲང་ནས་ཡིན་ན། རྒྱལ་ཁབ་ཀྱི་ཁྲིམས་དང་མང་གཙོ། དེང་སང་གི་ཁྲིམས་སྲོལ་རང་དབང་སོགས་འདི་ཚང་མ་སྤྱི་འཐུས་ཟེར་བ་འདིས་བྱས་པ་ཡིན་སྟབས། སྤྱི་འཐུས་ཟེར་བ་འདི་གལ་ཆེན་པོ་ཡིན་པའི་རང་བཞིན་དེ་འདྲ་ཞིག་རེད། སྤྱི་འཐུས་ཀྱིས་འོས་འགན་ཅི་ཞིག་འཁུར་དགོས་པ་རེད་ཟེར་ན་འདི་ཅན་པོ་འཁུར་དགོས་པ་རེད་མ་གཏོགས། སྤྱི་འཐུས་ཟེར་བ་འདི་མི་མང་གི་མགྲིན་ཚབ་པ་བྱེད་མ་ཐུབ་པར་ཁ་ཐག་ཇེ་རིང་ལ་སོང་སྟེ། ཁོ་ཅི་ཟེར་དགོས་པ་རེད། རང་ཉིད་རྩྭ་ཆུ་ཡག་ས་གང་ཞིག་ལ་སོང་ནས་དབང་བསྒྱུར་གྲལ་རིམ་གྱི་མགྲིན་ཚབ་བྱས་དང་ན་སྤྱི་འཐུས་ཀྱི་དགོས་པ་རྒྱུ་མཚན་འདི་མེད་གི་བསམ་གི། དེའི་སྟབས་ཀྱིས་ད་སྤྱི་འཐུས་ཤིག་ངས་བསམ་བློ་བཏང་བ་ཡིན་ན་སྤྱི་འཐུས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཀྱི་སྤྱི་འཐུས་ཀྱི་འོས་འགན་ཅི་ཞིག་རེད། དེ་ག་ནང་བཞིན་སྤྱི་འཐུས་ཤིག་གི་སྲུང་བྱ་གལ་ཆེ་ཤོས་དེ་མི་མང་གི་མགྲིན་ཚབ་པ་ཞིག་བྱེད་རྒྱུ། མི་མང་གི་བདེ་སྡུག་ལ་ཉན་དགོས་པ་རེད་མ་གཏོགས་རང་ཉིད་ཅིག་དབང་བསྒྱུར་གྲལ་རིམ་ཞིག་གི་ལག་ཆ་ཆགས་ཀྱི་མི་འཇོག་རྒྱུ་དེ་སྤྱི་འཐུས་ཤིག་གི་གལ་ཆེན་པོ་རེད་བསམ་གི། ད་ལྟའི་སྐབས་ལ་ངོས་འཛིན་དེ་འདྲ་ཞིག་ཡོད། དེའི་སྟབས་ཀྱིས་རང་ཉིད་སྤྱི་འཐུས་ནང་ལ་སོང་ནའང་གྲ་སྒྲིག་ཟེར་ན་སྐབས་དང་བལྟ་དགོས་པ་རེད་མོད། རྩ་བའི་བསམ་བློ་འདི་མོ་ཞིག་འཁུར་བསྡད་ཡོད། ’’སོགས་ཁོང་གི་གསལ་བཤད་དང་ཆོད་ཐུབ་ཀྱི་གཏམ་བཤད་སྐོར་ཞིག་ཀྱང་འདུག་པས། རྒྱ་ཆེའི་སྙུག་ཐོགས་པ་ཡོངས་ཀྱིས་དགའ་ཁ་ཕྱོགས་ཞེན་གྱི་དྲ་འབུ་ལྟ་བུའི་དོན་མེད་ཀུ་ཅོ་འདོན་པ་དེ་དག་གི་ངན་གཤིས་དོར་སྟེ། རང་དབང་གིས་མི་རང་ཉིད་ཀྱི་བསམ་ཚུལ་གློད་ཐུབ་པའི་རེ་བ་བྱེད་བཞིན་འདུག་གོ།
ཀླུ་མཁར་བྱམས་ལགས་ཀྱིས་བཀའ་མོས་ཡག་པོ་གསུངས་འདུག བདེན་པ་རེད། ཁྱེད་རང་སྤྱི་འཐུས་སུ་ཕེབས་ཐུབ་པའི་རེ་བ་ཡོད། མི་ཁྱོད་ལྟ་བུ་སྤྱི་དོན་མ་གཏོགས་བསམ་གྱི་མེད་པའི་མི་ཞིག་ལ་མདོ་སྨད་མི་དམངས་ཀྱིས་འོས་མ་སྤྲོད་ན་མི་དམངས་ཀྱི་ཞབས་འདྲེན་རེད་སྙམ་མོ།
ཀླུ་མཁར་བྱམས་འདི། དྷ་སའི་བཙན་བྱོལ་སྐྱིད་སྡུག་གི་ལས་བྱེད་ལ་མཁོ་བའི་མི་ཅིག་ཡིན་བཟོ་མི་འདུག་སྙམ།
མི་ཀླུ་མཁར་བྱམས་འདྲ་བ་ང་ཚོའིསྤྱི་ཚོགས་ནང་ཡོད་པ་དངོས་གནས་གཟི་བརྗིད་རེད་ ཁོང་གིས་ལྷགས་བསམ་དང་དྲང་བདེན་ཆོད་སེམས་དང་ལ་རྒྱ་སོགས་ལ་ལྟོས་ན་ ངེས་པར་དུ་བོད་མི་མང་སྤྱི་མཐུས་ནང་སླེབ་ཐུབ་པའི་རེ་བ་ཡིན།
ཀླུ་མཁར་བྱམས་ཀྱི་དེབ་གང་མགྱོགས་བཀླག་ཐུབ་པའི་རེ་བ་ཆེ། འཇིག་རྟེན་གྱི་ཁ་ཉན་ན། ཨ་ཕའི་རོ་འཕེན་ས་མི་རྙེད་ཟེར་ནི་རེད། འདི་ནང་གཏམ་ཡིན།
བོད་ཀྱི་གནམ་ལོ་གསར་ཚེས་དང་ཀླུ་མཁར་བྱམས་ཀྱི་རྩོམ་དེབ་དཔར་བསྐྲུན་གྱི་བྱ་བ་ལེགས་གྲུབ་ལ་བཀྲ་ཤིས་བདེ་ལེགས་ཞུ། རི་བོང་བློ་ལྡན་ལོ་བདག་གནམ་ལ་ཤར། །མདོ་སྨད་ཀླུ་བྱམས་སྙན་གྲགས་ས་གཞིར་ཁྱབ། །གནམ་ས་སྒོ་འབྱེད་རིག་པའི་རྣམ་དཔྱོད་ཅན། །གངས་ལྗོངས་སྙན་ངག་མཁས་དབང་ཁྱེད་ལ་བསྔགས། །
没有创新就没有发展。我觉得他有点高分了,不过很羡慕他的精神。
ཁ་བརྡ་དྲ་བའི་འབྲེལ་ཡོད་ལྷན་རྒྱས་དང་། ཀླུ་མཁར་བྱམས་ཀྱི་སྐོར་ལ་མཆན་བུ་འདེབས་མཁན་རིག་པའི་རྡོ་རྗེ་ལགས།
ང་ཁ་བརྡ་དྲ་བའི་ཚོགས་མི་སྔོན་མའི་གྲས་ཤིག་ཡིན་ལ། དངོས་མིང་ལ་རིག་པའི་རྡོ་རྗེ་ཟེར་གྱིན་ཡོད་པ་ཁ་བརྡ་དྲ་བ་དང་དྲ་གྲོགས་གང་མང་ཞིག་གིས་ཤེས་ཀྱིན་ཡོད།
དེར་བརྟེན་ཁྱེད་ཀྱི་མཚན་ལ་ཡང་རིག་པའི་རྡོ་རྗེ་ཟེར་གྱིན་ཡོད་ན། ངེད་གཉིས་ནོར་དོགས་ཡོད་པས། ངེད་གཉིས་ཀྱི་སུ་ཡིན་མི་ནོར་ཆེད་མཚན་ལ་ཁ་སྣོན་ནམ་རྟགས་ཤིག་འཇོག་རོགས་ཞུ།
ཁ་བརྡ་ཚང་གིས་ཀྱང་འདིའི་ཐད་གསལ་བཤད་ཅིག་གནང་རོགས་ཞུ། སྤྱིར་བཏང་དོན་དག་འདི་གནད་དོན་ཧ་ཅང་ཆེན་པོ་ཞིག་མིན་མོད། རྩོམ་འབྲི་མཁན་དང་མཆན་འདེབས་མཁན་ཚོ་མི་སུ་ཡིན་དྲ་གྲོགས་ཚང་མས་ཤེས་དགོས་འདི་ཡང་གནད་དོན་ཞིག་རེད།
ཐུགས་རྗེ་ཆེ།
ལྟ་བ་མི་མཐུན་པ་དང་བསམ་ཚུལ་མི་མཐུན་པ་སྤྱི་ཚོགས་སྟེང་ཡོད་དགོས་པ་ཞིག་རེད། དེས་མང་གཙོའི་ནུས་སྟོབས་གོང་འཕེལདུ་གཏོང་ཐུབ། ཀླུ་མགར་བྱམས་ལྟ་བུར་མཚོན་ན་རང་གི་བསམ་པ་དེ་ཤོད་ཕོད་པ་དང་། བྱེད་ཕོད་པའི་མི་ཞིག་ཡིན་པའི་ཚོར་སྣང་བྱུང་། ཡིན་ན་ཡང་ཁོང་རང་གི་ངོས་ནས་ཀྱང་མི་གཞན་པའི་བསམ་འདུན་ལའང་གུས་བཀུར་ཞུས་དགོས། དེ་ལྟར་བྱས་ན་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ།༌
སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུ་ཡིན་ནའང་ལྟ་བ་མི་འཐུན་པ་ཡོངས་པ་ནི་འཇིག་རྟེན་ཆོས་ཉིད་ཡིན་ལ། ལྟ་བ་དེ་ཕྱི་རུ་སྒྲོགས་སྐབས་སུ་བརྟགས་དཔྱད་ཙམ་ཡང་མེད་པར། གང་ཟག་ཆེ་གེ་མོ་ཞིག་གི་དགོངས་པ་དང་མི་འཐུན་པ་དང་། དེ་ལ་སྐྱོན་བརྗོད་བྱས་པའི་རྒྱུ་མཚན་གྱིས་ནག་ཉེས་ཅན་དུ་བརྩིས་ན། སྤྱི་ཚོགས་དེ་ལ་མང་གཙོ་མིང་དོན་མཐུན་པ་ཞིག་མེད་པའི་རྒྱུ་མཚན་གསལ་པོ་རེད། གལ་སྲིད་སྐྱོན་བརྗོད་རྣམས་རང་སྣང་གང་ཤར་ཙམ་ལས། ལོ་རྒྱུས་དང་གཏན་ཚིགས་ཀྱི་རྒྱབ་རྒྱང་གང་ཡང་མེད་པར་རེད་འདུག་ན། ཁོ་དང་མོས་སྨྲས་པའི་གཏམ་ནི། གད་སྙིགས་སུ་བླུགས་པའི་ལུད་བཞིན་འདོར་བ་ཡང་། ཤེས་ཡོན་ལྡན་པའི་མང་གཙོའི་འགྲོ་ཚུལ་ཡིན། དེར་བརྟེན་གལ་སྲིད་ཀླུ་བྱམས་ཀྱིས་བཤད་ཕོད་པའི་གཏམ་ཁྱེད་ཅག་གིས་ཤེས་པ་རྣམས། དཔྱད་གཞི་རུ་དྲྭ་ཐོག་ཏུ་བཀོད་དང་། ཁོ་བ་གང་འདྲ་ཞིག་ཡིན་ཞིབ་དཔྱད་བྱས་ནས། བསམ་འཆར་སྤེལ་ངེས་ཡིན།
ཀླུ་བྷེ་ཡི་དཔེ་དེབ་གསར་སྐྲུན་གྲུབ་པར་དགའ་ནས་ཡོད།
གསལ་བཤད་ནི་དངོས་གནས་རིན་ཐང་ཆེན་པོ་རེད་ལ། ཀླུ་འབྱམས་ལ་དགའ་དང་མི་དགའི་རྒྱུ་མཚན་གཅིག་མེད། ཁོང་ངོ་ཡག་པོ་ཤེས་མེད། ཉེ་སྔོན་གནས་ཚུལ་འདི་དག་ཐོས་སྐབས། ཞིབ་འཇུག་བྱས་དུས། ཉིད་ནས་ ༡ དོལ་རྒྱལ་སྐོར་དང་། ༢ ཆུང་སྲིད་རིན་པོ་ཆེ་ངོས་འཛིན་གནང་ཕྱོགས། ༣ ཏཱ་ལའི་བླ་མ་དགོས་མིན་གྱི་སྐད་ཆ་དེ་རྣམས་ལོ་སྟོང་ཕྲག་མང་པོར་ནོར་བའི་ངོ་བོར་འདུག་རྒྱུ་རེད། དེ་གསལ་བཤད་དང་དགོངས་སེལ་ཞུས་ན་བྱེད་སྟངས་ཡག་པོ་རེད། ཡིན་ནའང་། གསལ་བཤད་ད་དུང་དེ་འདྲ་མ་རེད།
བོད་ཀྱི་ཕ་སྐད་སྟེང་གི་དེབ་ཅིག་ཡིན་པ་ཙམ་གྱིས་དགའ་བསུ་ཞུ་རྒྱུ་འདི་ངའི་དམ་བཅའ་ཡིན།
དེ་ནས་ཀླུ་མཁར་བྱམས་ཀྱིས་གསལ་བཤད་གནང་འཆར་བྱས་པ་དངོས་གནས་དགའ་འོས་པ་ཞིག་རེད། ཡིན་ཡང་། ༧སྐུ་སྒེར་ཡིག་ཚང་ལ་ཡར་ཞུས་མར་གནང་གི་སྐད་ཆ་དེ་འདྲ་རང་མ་རེད། དྲང་པོ་བྱེད་དགོས་པ་དེ་གལ་ཆེན་རེད། དོན་དག་འདིར་དྲུང་ཆེས་དོ་སྣང་མི་གནང་བའམ། གནང་རྒྱུའི་དུས་ཚོད་མེད་པ་ཤེས་ཏེ། ཀླུ་བྱམས་ཀྱིས་འཁྱོག་བཤད་བྱས་པ་ཡག་པོ་མ་རེད།
ཡིན་ན
ཀླུ་མཁར་བྱམས་ལགས་ལ་དོན་མེད་སྙོན་འཛུགས་མང་པོ་བྱས་པ་དེ་དག་ནི་ང་ཚོའི་སྤྱི་ཚོགས་གང་དུ་ཡིན་ཡང་རང་མཆིས་སུ་ཡོད་པའི་གཤིས་ལུགས་ཤིག་རེད། དོན་སྙིང་མེད་པའི་སྐད་ཆ་དེ་དག་ལ་ཆ་འཇོག་བྱེད་འོས་པ་དེ་ཙམ་མི་འདུག གང་ལྟར་ཁོང་ནི་མི་རིགས་འདིའི་ལས་དབང་ཉག་ཧ་ཅང་ཕྲ་བའི་སྐབས་འདིར་ཧ་ཅང་དགོས་མཁོ་ཡོད་པ་ཞིག་རེད། ཉེ་སྔོན་ཁོང་ལ་མིའི་རེ་འགའི་མདོ་སྨད་ཀྱི་མིང་འཁུར་ནས་ཟིང་བསླངས་པ་དག་ནི་ཁོང་ཚོའི་སྒེར་གྱི་དོན་དག་ཕྱོགས་ལྷུང་ཙམ་ལས།རྒྱ་ཆེའི་མདོ་སྨད་མི་མང་གི་ཁོང་ལ་རྒྱབ་སྐྱོར་མ་བྱས་ཅི་ཡང་མ་རེད། དོན་མེད་ཟིང་བསླངས་བ་དེའི་རྙོག་དྲ་ཆེ་རུ་འགྲོ་རྒྱུ་ལས་ཆུང་དུ་མི་འགྲོ་ཆོས་ཉིད་རེད། ཐང་འདིར་ཁོང་ཚོའི་བཏོན་པའི་དཔེ་དེབ་དེ་སྤྱི་ཚོགས་སྟེང་གི་ཀློག་པ་པོའི་སྤྱན་ལམ་བསྟར་ཐུབ་སོང་ངའི་སྙིང་ཁུངས་རུས་པའི་སྟེང་དགའ་བསུ་དང་སྦྲགས་ནས་བོད་མི་སྤྱི་དང་ཀླུ་མཁར་བྱམས་ལ་ལོ་གསར་བའི་ནང་དུ་ཅི་བསམ་ལྷུན་གྱི་འགྲུབ་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ་ཞུ།
སྲང་ལམ་གྱི་དཀྲོག་གཏམ་དང་རྫུན་ཕྲ་མ་བཅས་མང་པོ་གསུངས་འདུག ཡིན་ནའང་། ཀླུ་བྱམས་ཀྱི་གནས་ཚུལ་འདི་དང་འབྲེལ་བའི་ངའི་བསམ་ཚུལ་རྣམས་ལ་དེ་འདྲའི་རིགས་གཅིག་ཀྱང་མེད། ཀླུ་བྱམས་སྲིད་དོན་སྒྱུ་རྩལ་པ་ཡིན་ཙང་། སྐད་ཆ་ཤོད་སྟངས་དངོས་གནས་མ་རེད་ཟེར་ས་མེད་པ་དེ་འདྲ་གསུངས་འདུག དེ་ཡིན་ཙང་། བྱས་པ་དང་ཆུད་མ་ཟ་བ། མ་བྱས་པ་དང་མི་འཕྲད་ཟེར་བ་ལྟར། རང་གིས་སྔར་བྱས་པ་དེའི་རྗེས་རང་ལ་རང་བཞིན་གྱིས་བབས་ཡོད་པ་རེད།
༧སྐུ་སྒེར་ཡིག་ཚང་དུ་བཅར་པའི་གནས་ཚུལ་གསལ་བཤད་དགོས་ཚེ། དྲ་ངོས་འདིར་དུས་ཚེས་གྲངས། ཆུ་ཚོད། བཀའ་མོལ་རྣམས་གསལ་བོར་ཞུས་ཆོག
རྒྱ་ཆེའི་མི་མང་རྣམས། ངས་ཁྱེད་ཚོར་སྒྲུང་ཞིག་བཤད་ན་ཁྱེད་ཚོ་ཧང་སངས་མདོག་ཁ་བོ་རེད། ཨེ་ཤའི་ཡ་རླུང་འཕྲིན་ཁང་གི་ཨམ་སྐད་ལེ་ཚན་གྱིས་ཀླུ་མཁར་བྱམས་ལ་སྐད་ཆ་དྲིས་པ་མང་ནི་རེད། ཁོང་གིས་མཐོ་རྒྱག་དམའ་རྒྱག་བཤད་པ་དེ་བས་ཀྱང་མང་པོ་རེད།
༢༠༠༨ ཀྱི་ཟ་ང་ཟིང་ངེ་དེའི་མགོ་འཇགས་ལ་མ་འཇགས་པའི་སྐབས་ཤིག་ཏུ། ཨམ་སྐད་ལེ་ཚན་གྱི་གསར་འགོད་པའི་ཕྱི་ཟླ ༡༡ ནང་གི་དམིགས་བསལ་ཚོགས་ཆེན་ལ་དམིགས་ནས་དྲི་བ་བྱས་པ་རེད། དྲི་བའི་ནང་གི་གཏོར་མ་རྒྱག་ས་ལམ་དབུ་མ་རེད། སྤྱིར་བཏང་ཁོང་རང་ངོས་ནས་གཏོར་མ་རྒྱབ་ན་རྒྱབ། རྒྱག་བཞིན་པ་རེད། ཡིན་ནའང་། སྐབས་དེར་ཁོ་བོད་ནང་གི་རྒད་པོ་ཞིག་ཏུ་བརྫུས་ནས་གཏོར་མ་རྒྱག་གི་ཡོད། གནས་ཚུལ་འདི་ཉེན་ཁ་ཆེན་པོ་རེད། གལ་སྲིད་འདི་བོད་ནང་གི་རྒན་རབས་པ་ཞིག་གི་འདོད་ཚུལ་ཡིན་པར་གཡམ་སྒྲོག་བྱས་ན། གཞུང་གི་སྲིད་བྱུས་ལམ་ལྷོང་ལ་ག་ཚོད་གནོད་རྒྱུ་རེད་དམ། དེ་འདྲ་མང་དག་ཅིག མི་མང་གིས་མ་གསན་པར་ཡོད་ཡོད་པ་རེད། དེ་བས་ཨམ་སྐད་ལེ་ཚན་གྱིས་ཁོང་ལ་སྐད་ཆ་དྲིས་པ་དེ་ཧ་ལས་དགོས་ཀྱི་མ་རེད། རླུང་འཕྲིན་ཁང་ཁོ་རང་གི་ལེ་ཚན་ཚང་མས་ཀླུ་བྱམས་ལ་ལྟ་སྟངས་སྡུག་ཐག་ཆོད་ཡོད་པས། ཁ་ཤས་ཀྱིས་ཀྱག་ཀྱག་བྱས་ཏེ་དྲི་བ་གཏོང་གི་ཡོད་པ་རེད། དེ་དག་མི་མང་གིས་ངེས་པར་དུ་མཁྱེན་དགོས་པ་ཞིག་རེད།
ཀླུ་མཁར་ཀྱི་རང་གིས་རང་གསལ་བཤད་དང་ངོ་སྤྲོད་བྱས་པ་དགའ་ཡོད། དེ་ནི་རྣམ་དཔྱོད་ཅན་གྱི་ཤེས་ཡོན་པ་ཞིག་གི་བྱེད་སྟངས་རེད། ཁོའི་ཕྱི་གསལ་ནང་གསལ་དང་བློ་སྤོབས་ཆེན་པོའི་སྐད་ཆ་དག་ལ་གདེང་འཇོག་བྱེད་འོས་པ་མང་པོ་འདུག
བཀྲིས་བདེ་ལེགས་ཟེར་པ་ཡིན།
ཧ་ཧ་ཧ། དོན་མེད་འགྲ་སོང་རང་རེད། ཀླུ་མཁར་བྱམས་ཀྱིས་ལྕེ་འགུལ་ཤེས་པ་ལས་ལག་པ་འགུལ་ཤེས་ཀྱི་མ་རེད།
very good,
ཀླུ་མཁར་གྱི་དེབ་དེ་ངས་༢༩འི་གླུད་རྫོངས་བྱས་པ་ཡིན།
དེབ་བཏོན་པ་བཟང་གི་རྒྱབ་སྐྱོར་ཡོད་པ་མ་ཟད་ད་དུང་དེབ་དེ་གང་མགྱོགས་ལ་ཡོང་བའི་སྨོན་ལམ་ཡོད། ལོ་གསར་བའི་ནང་དུ་ཀླུ་མཁར་བྱམས་ན་གཞོན་མཐོ་སློབ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།
ཀླུ་མཁར་བྱམས་ཀྱི་སྙོག་གླེང་འདི་དུས་ཐུང་ནང་ཐག་གཅོད་ཡོང་རེ་བྲལ་བ་ཞིག་ཡིན། ཡིན་ནའང་། སློབ་ཕྲུག་འདི་དག་ལ་ཇུས་འདིང་མཁན་དང་། ཁ་སྔོན་འོས་མི་མཚམས་སྦྱོར་བྱས་པ་དག་ནི་ཁོང་གིས་བསམ་བཞིན་སྤྱི་ཚོགས་ལ་ཁྱད་གསོད་བྱེད་ཀྱི་ཡོད་པ་རེད། ཁོ་རང་གིས་ཀྱག་ཀྱག་བྱས་པ་ཡིན་ཞེས་ལབ་ཀྱང་རྒྱག་གི་འདུག་སྐད། དེས་ན་བྱེད་སྟངས་འདི་རིགས་ལ་༧སྐུ་སྒེར་ཡིག་ཚང་དང་གཞུང་གིས་སྣང་མེད་འཇོག་ཐབས་མེད་པ་ཞིག་ཡིན་པར་འདོད།
ཀླུ་མཁར་བྱམས་ཀྱི་སྐོར་ལ་དེབ་འདི་འདྲ་ཞིག་རྩོམ་སྒྲིག་བྱ་ཐུབ་པ་ནི་དངོས་གནས་དགའ་འོས་པ་དང་ལྷག་པར་དུ་མཐོ་རིམ་སློབ་མ་ཚོས་རང་གི་སྤྱི་ཚོགས་ཐོག་གནས་ལུགས་སྨྲ་མཁན་དང་མི་རིགས་རིང་ལུགས་པ་གཙོ་འཛིན་བྱས་པའི་མི་སྣ་དག་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་བོ་ཞིག་ཡིན་པས་ཧ་ཅང་དགའ་ཡོད།
དེ་མིན་ཁ་ནས་རི་འདྲ་བཤད་དེ་ལག་ནས་ཤིག་ཀྱང་མི་སོད་པའི་མི་སྣ་དག་གི་སྐད་ཆ་ནི་ཆུ་ཡི་ལྦུ་བ་དང་འདྲ་བས་ཁོང་ཚོར་སྟོང་གཏམ་གྱི་ནང་ནས་མགོ་འཁོར་དུ་འཇུག་པ་ལས་ཐབས་གཞན་གང་ཡང་མེད་དོ། རྒྱུ་མཚན་ཁོང་ཚོ་ནི་གནས་ལུགས་མི་ཤེས་པའི་མི་གཟུགས་ཡིན་ནོ།
དྲ་རོགས་ཚོར་ཁམས་བཟང། ཁོ་བོ་དྲ་ངོས་སུ་འབྱོར་དུས་ལྷན་རྒྱས་སྔ་ས་ནས་སླེབས་འདུག ལོ་སར་རྒྱུར་བྲེལ་ཟིང་ཆེ་མིན་ལ་མ་ལྟས་པར་དྲང་ལྡོག་གང་རུང་གི་མཆན་བུ་ཚང་མ་ཞིབ་གློག་བྱས་ཚར།
དྲ་དེབ་འདི་ནི་རང་རེའི་མདོ་སྨད་ཀྱི་ན་གཞོན་འགའ་དང་སློབ་མ་ཁ་ཤས་ཀྱིས་རྩོམ་སྒྲིག་བྱས་འདུག་ལ། ནང་དོན་རྡ་སའི་ས་རྒྱུན་མིང་ཐོག་གི་གཏུག་ཡིག་རིམ་པ་ཁག་དང་། དེ་འབྲེལ་གྱི་དྲ་ཐོག་གི་གླེང་མོལ་བྱུང་བ་རྣམས་ཕྱོགས་སྒྲིག་བྱས་པ་ཞིག་རེད། དེའི་ཁར་ཕྲན་གྱི་བཅད་ཁྲའི་ཚན་བཤུས་ཤིག་དང་། རྡ་སའི་ས་རྒྱུན་ཚོས་ཚོགས་སྐྱིད་ཁག་དང་། མི་སྒེར་སོ་སོར་གནས་འཕྲིན་བཏང་ནས་ང་ལ་ཅིག་བཅའ་དགོས་ལུགས་བརྗོད་པའི་སྐོར་གྱི་ཡིག་ཆ་ལག་སོན་བྱུང་བ་རྣམས་ཁ་བསྣོན་ཡོད། ཡང་དེ་སྔོན་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་ཕྲན་གྱིས་ལས་ཀ་བྱེད་སྐབས་གཞུང་དང་མི་མཐུན་པའི་རྩོམ་བྲིས་པར་བརྟེན་ལས་མཚམས་འཇོག་དགོས་བྱུང་ཞིང་། དེའི་སྔ་རྗེས་ཀྱི་གནས་ཚུལ་རྣམས་གྲོས་ཚོགས་ནང་གླེང་སློང་བྱས་པ་སོགས་ཀྱི་ཡིག་ཆའང་ངས་རྩོམ་སྒྲིག་པ་ལྷན་རྒྱས་ལ་མཁོ་སྤྲོད་བྱས་ཡོད། གནས་ཚུལ་དེ་དག་ཀྱང་དེབ་འདིའི་ནང་བཅུག་ཡོད་རྒྱུ་རེད་སྙམ། གློད་ཀླད་ཀྱི་ཡིག་གཟུགས་དབང་གིས་ངས་དེབ་ཧྲིལ་བོར་བལྟ་ཐུབ་མ་སོང་མོད། གང་མགྱོགས་དེབ་འདི་འོད་དཀར་དྲ་ཚུགས་ཐོག་ཐོན་གྱི་ཞེས་དེ་གའི་རྩོམ་སྒྲིག་པས་བརྗོད་སོང་།
མ་གཞི་དྲ་དེབ་འདི་ནི་ཁོ་སྒེར་གྱི་བྱ་སྤྱོད་ནས་འགོ་བཙུགས་སྟེ། ཆེན་པོ་བོད་ཀྱི་ཆབ་དཔལ་རིག་གསུམ། ལྷ་ཀླུ་གཉན་གསུམ། དད་པ་དམ་ཚུགས། དགྲ་གྲོགས་དབྱེ་བ། སྤྱི་སྒེར་འགན་འཁྲི་སོགས་བརྗོད་གཞི་རྒྱ་ཡན་པའི་སྒང་ཕྱིན་འདུག་ལ། དེ་ལྟར་ཁོད་ཡངས་ཤིང་ཁམས་དྭངས་པའི་ཆ་འཕྲིན་གྱི་འདུ་ར་ཁྲ་མོ་འདི་ནི་ཁ་བརྡ་ཚང་དང་། རང་དབང་དྲ་རྒྱ། འོད་དཀར་དྲ་ཚུགས་སོགས་ཀྱིས་བསམ་བཞིན་ང་ཚོར་མཁོ་སྤྲོད་གནང་བའི་བཀའ་དྲིན་ལ་སོང་། ཁ་སེམས་མཐུན་མིན་གང་ལྟར། ཁ་ཁོག་ཡངས་རྒྱུག་ཆེ་བས་དྲ་ལམ་འདི་ཚོར་ངས་རྒྱ་ཆེ་ཀློག་པོ་རྣམས་ཀྱི་ཚབ་བྱས་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་འགྲིག་གི་པཱ། བོད་རྒྱལ་ལོ། དྲ་རྒྱ་རྒྱལ་ལོ།
གྲོགས་ཀླུ་མཁར་བྱམས་ཕེབས་པ་དགའ། ངེད་གཉིས་ནང་ཕན་ཚུན་གཏིང་རྒྱུས་ཡོད་པ་དང་ཉེ་སྔོན་བྱུང་བའི་བཀའ་མོལ་ལྟར། སློབ་གྲྭའི་ཨ་བ་འདི་ཚོར་༧རྒྱལ་བ་རིན་པོ་ཆེ་དང་འབྲེལ་མ་འབྲེལ་གྱི་སང་ཉིན་དང་། ནང་དོན་རིག་པའི་ཡ་རབས་སྤྱོད་བཟང་དང་མ་འབྲེལ་བའི་མྱི་དོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ནུས་ཚད་འདང་བའི་བསམ་བློ་མེད་པ་ནི་དངོས་ཡོད་ཡིན་པས། ལོ་རྙིང་པའི་གླེང་གཞི་འདི་ལོ་གསར་པའི་ཕྱོགས་སུ་རང་བཞིན་གྱིས་ཁ་བསྒྱུར་ཚར་འདུག
ངས་ཡ་མཚན་དང་ཨེ་མོ་གང་ཞིག་མཐོང་སོང་ཟེར་ན། དེབ་འདི་འདྲ་ཞིག་པར་རྒྱུའི་མནོ་བསམ་དེ་རེད་ལ། ཁྱེད་ཀྱི་དྲན་རིག་རྒོད་པའི་བྱ་ཐབས་འདིར་ངས་གུས་བརྩི་བྱེད་བཞིན་ཡོད་ལ། ཁྱེད་ཀྱི་ཨབ་ཕྲུག་ཚོའི་འདི་གང་མིན་ཚད་ཅིག་ཏུ་མཐོང་བཞིན་པ་ཁྱེད་ཀྱིས་ཤེས་ནའང་། ཁྱེད་ཀྱི་རྣམ་འགྱུར་གཞན་ཞིག་བསྟན་ནས་འདུག་དགོས་པ་དྲན་དུས་ང་ཁེར་དགོད་རེ་ཤོར་འགྲོ་གི
ད་གང་ལྟར། ཚིག་གི་མདོ་རྩ། སྔོན་ནས་ཞུས་གསལ་ལྟར། ཁྱེད་ཀྱིས་ཀྱང་ཉན་འཇོག་བྱས་ནས་༧སྐུ་སྒེར་ཡིག་ཚང་ལ་དགོངས་སེལ་ཞུ་རུ་སོང་བ་བཞིན། ངས་ཁྱེད་ལ་འོས་བསྡུ་གྲུབ་མཚམས་ཉིད་ཀྱི་བསམ་ཚུལ་རྣམས་མདུན་ཅོག་སྟེང་བཞག་ནས། ཞལ་རས་ལ་ཞལ་རས་འཁོར་ནས་སྦྱངས་བཤད་གནང་རྒྱུའི་ལས་རིམ་དེ་སྒུག་གི་ཡིན། སྐབས་དེར་ང་ཚོས་གང་ཞིག་བོད་མི་རིགས་འདིའི་མདུན་ལམ་ལ་ཕན་མིན་དང་། གང་དག་ལོ་རྒྱུས་ཀྱིས་གསལ་ཁ་བྱེད་ངེས་པ། ཅི་ཞིག་ཁྱེད་ཀྱིས་ནོར་སོང་བ། གང་ལ་ཁྱེད་ཀྱིས་ཁྱད་གསོད་བྱས་བཞག་པ་མཐའ་དག་གསལ་བོ་ཡོང་རེ་ཤིན་ཏུ་ཆེ།
ཞོར་དུ། ༧སྐུ་སྒེར་ཡིག་ཚང་ལ་ཁྱེད་ནས་ཞུས་གསལ་ལྟར་༼ ༧སྐུ་མདུན་ལ་དགོངས་སེལ་ཞུ་རྒྱུའི་མཇལ་ཁ་ཞུས་པ་དེར། དྲུང་ཡིག་ཆེན་མོས། ཁྱེད་ཀྱིས་རྒྱ་ནག་དང་གཅིག་པའི་བཤད་ཕྱོགས་བྱས་རྐྱེན་དགོངས་སེལ་ཞུ་ཡུལ་མི་མང་ཡིན་པར་གསུངས་པའི་བཀའ་༽དེ་དྲན་སྐུལ་ཅིག་བཏང་འདོད་བྱུང་ལ།
ཉིད་ཀྱིས་གེ་ལོ་མི་གྲུ་ལྔ་དྲུག་གི་མཚམས་ནས། དྲུང་ཡིག་ཆེན་མོ་བྲེ་སྲང་དང་ཉིད་ཀྱི་བཀའ་མོལ་རྣམས། འདི་ལྟར་མི་མང་ལ་མཐོང་ཆུང་གི་ངོ་བོར་བསྒྱུར་རྐྱང་རང་བྱས་འདུག་པར། ང་གྲོགས་པོ་ཁྱེད་ལ་ཡོད་པའི་ཡིད་ཆེས་ཀྱང་སྲབ་ཏུ་ཕྱིན་སོང་ཅེས་ཞུ་འདོད་བྱུང་ལ།
ལོ་གསར་བའི་ནང་། གཏན་གྲོགས་མ་དང་མཉམ་ཏུ་སྐྱིད་པོ་བདེ་མོ་ཡོང་བའི་སྨོན་ལམ་འདེབས་འདོད་བྱུང་།
ངས་ཀླུ་མཁར་བྱམས་ལགས་ཀྱི་དོན་འདི་ག་རེ་བྱུང་པ་དེ་གསལ་པོ་ཞིག་ཤེས་མ་སོང་། འོན་ཀྱང་། ནག་ཉེས་ཤིག་ཡོད་པ་དང་། ནག་ཉེས་སྐུ་སྒེར་ཡིག་ཚང་ལ་དགོངས་དག་ཞུས་ན་དག་འགྲོ་བ་དེ་འདྲ་ག་རེ་ཡིན་ན་བསམས་བྱུང་། ཀླུ་མཁར་བྱམས་འདི་ཕྱི་རྒྱལ་ལ་ཡང་མི་འགྲོ་བར་རྡ་རམ་ས་ལར་བཞུགས་ཏེ་བོད་ཀྱི་རྩ་དོན་ཉག་གཅིག་གླེང་ནས་འདུག་པ་འདི་ལ་ཡིད་སྨོན་ཤོར་གི་འདུག སེམས་ཤུགས་དེ་འདྲ་ཡོད་པ་ཞིག་ལ་སྐུ་མདུན་གྱིས་ཐུགས་མ་མཉེས་པ་ཞིག་རྩ་ནས་གནང་གི་མ་རེད་བསམས་ནས་ཡིད་ཆེས་བརྟན་པོ་ཡོང་གི་འདུག
ཀླུ་མཁར་བྱམས་དང་འབྲེལ་བའི་དེབ་ཅིག་ཐོན་པར་དགའ་བསུ་ཞུ། དེབ་དེ་དྲ་ཐོག་གཅིག་པུ་ཙམ་ཡིན་པ་འདྲ། ཡིག་ནོར་རྣམས་བཅོས་ནས་ཤོག་ཐོག་ཏུ་པར་སྐྲུན་བྱེད་ཐུབ་ན་ཡག་ཤོས་རེད་བསམ་གྱི་ཡོད།
ཨ་ཚོགས་ཀླུ་མཁར་བྱམས་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ནང་ནས་མི་བུ་རང་གཤིས་ཅན་ཞིག་ཡིན་པ་སུས་ཀྱང་ཁས་ལེན་བྱེད་དགོས། ཁོང་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད།
༡ ༽ ཤེས་ཡོན་པའི་རང་གཤིས་ཡོད་པ་ལས་སྲིད་དོན་འཁྲབ་སྟོན་གྱི་ཐོག་ནས་མི་མང་འགུགས་ཐབས་མི་བྱེད་པ།
༢༽ ཆོལ་ཁའི་ཕྱོགས་རིས་ཀྱི་དབང་དུ་མ་སོང་བར་མདོ་སྟད་ཀྱི་སྨྱུག་འཛིན་པ་ཡིན་ཟེར་མཁན་ཚོའི་ནང་ནས་དྲང་བདེན་གྱི་མིག་གཉིས་ཀས་སྤྱི་ཚོགས་ནང་ལྟ་མཁན་ཞིག་རེད།
༣༽ དོན་དངོས་གཙོ་བོར་འཛིན་པ་ལས་གང་ཟག་དང་སྒེར་གྱི་ཁེ་ཕན་གཙོ་བོར་འཛིན་མཁན་ཞིག་མིན་པས་དུས་ནམ་ཡང་ཀླུ་མཁར་བྱམས་པ་དགའ་བསུ་ཡོད།
ཁོང་གི་རང་གཤིས་འདི་དུས་ནམ་ཡང་མི་བརླགས་པའི་རེ་བ་ཡོད།
མཁྱེན་ལྡན་རབ་གསལ་ལགས།
གནས་ཚུལ་གསལ་བོ་ཞིག་མ་ཤེས་ན་དགོངས་སེལ་ཞུ་རྒྱུ་ཡོད་མེད་ཀྱང་ཤེས་མི་ཐུབ་ལ། ཀླུ་བྱམས་ཁོ་རང་༧སྐུ་སྒེར་ཡིག་ཚང་དུ་བཅར་ནས་དགོངས་སེལ་ཞུ་འདུན་འཆང་བ་དེ་དངོས་ཡོད་རེད་མ་གཏོགས། ༧སྐུ་སྒེར་ཡིག་ཚང་ནས་བཅར་དགོས་པ་དེ་འདྲ་བཟོས་སྐད་མི་འདུག ཕྱི་རྒྱལ་དུ་འགྲོ་རྒྱུ་ཞེ་དྲག་ཡིན་ལབ་ན་ཡིན་རྒྱུ་རེད་དེ། ཡིན་ནའང་། ཀླུ་བྱམས་ལྟ་བུ་མ་སོང་བར་སྡོད་མཁན་ཡང་མང་པོ་འདུག་སྐད།
ཨོ། ༧སྐུ་མདུན་ཐུགས་མཉེས་མ་མཉེས་ཀྱི་སྐད་ཆ་དེ་སྐུ་ཉིད་ནང་ལྟར་གལ་ཆེན་བརྩི་མཁན་ཉུང་དུ་འགྲོ་བཞིན་པ་རེད།
ཤར་ཕྱོགས་ཁུག་རྟ་ལགས་དང་གཞན་ཁ་ཤས་ལ།
སྐུ་ཉིད་ཚོས་བཀའ་མོལ་གནང་སྟངས་ལས་སློབ་གྲྭའི་”ཨ་བ་ཚོ”ཞེས། མཐོ་སློབ་ཀྱི་སློབ་མ་ང་ཚོར་ལྟ་རྒྱ་ཐོས་རྒྱ་ཧ་ཅང་ཆུང་རབས་བརྗོད་འདུག་ཀྱང་། ང་ཚོས་རྒད་པོ་ཀླུ་མཁར་ལ་རྒྱབ་སྐྱོར་བྱེད་དོན་དེ་བོད་ཡིག་ཐར་ཐོར་རེ་འབྲི་ཀློག་ཤེས་རྗེས་བོད་ཡིག་དྲ་ངོགས་ཆུང་ཆུང་འདི་ཚོ་ནས་ཁ་ཕོ་གནམ་ལ་མི་ཤོངས་མཁན་ཚོས་བྱེད་སྟངས་མ་ཡིན་པར། ང་ཚོས་དུས་རབས་དང་མཐུན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་སྒོ་ནས་གནས་ལུགས་ཀྱི་མདུན་དུ་ལངས་ནས་དྲང་བདེན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ང་ཚོས་འཛམ་གླིང་ལ་སྐོར་སྐྱོད་བྱེད་པའི་སྒེའུ་ཁུང་ཁག་ཀྱང་རྒྱ་ཡིག་དང་། དབྱིན་ཡིག སྤ་རན་སི་སོགས་ཡོངས་ཁྱབ་སྐད་ཡིག་མ་ལག་ཁག་ཡིན་པས། གཅིག་བྱས་ན་ང་ཚོའི་ནང་གི་དོན་ངོ་མའི་ཁྲོན་པ་ལས་ངོ་མི་ཤེས་པའི་སྦལ་བ་དེ་སུ་ཡིན་སོ་སོའི་སེམས་ན་ཁྲིག་ཁྲིག་ཡིན་ཞེས་ལབ་ཅེས་ལབ་འདོད་བྱུང་།
གལ་ཏེ་སྐུ་ཉིད་ཚོར་དངོས་གནས་རྣམ་དཔྱོད་ཀྱི་བློ་མིག་ཕྱེས་ནས་ཕན་ཚུན་བརྩི་བཀུར་ལྡན་པའི་ཐོག་ནས་དཔྱོད་གླེང་བྱེད་འདོད་མཁན་རེ་ཡིན་ཚེ།ང་ཚོས་མཉམ་དུ་གཏིང་ཟབ་མོའི་ཐོག་ནས་བགྲོ་གླེང་བྱེད་སའི་སྟེགས་བུ་ཁ་ཤས་ངོ་སྤྲོད་བྱེད་ཆོག ཕེབས་པར་བསྒུག་ནས་འདུག
གལ་ཏེ་སྐུ་ཉིད་བོད་ཡིག་གཅིག་པོ་ལས་མི་ཤེས་མཁན་ཞིག་ཡིན་ཚེ་ཁ་བརྡ་དྲ་བ་བེད་སྤྱོད་གནང་ནའང་འཐུས།
http://www.rangzenalliance.com , voiceofnewgeneration.blogspot.com
ཤར་ཕྱོགས་ཁུག་རྟ་ལགས།
ཉེ་སྔོན་ཉིད་ཀྱིས་ཀླུ་མཁར་བྱམས་འདམ་སྙིགས་ནང་ལ་འདྲུད་བཞིན་པའི་རྩོམ་ཡིག་རེ་མཐོང་ཐོས་བྱུང་མོད། ཁྱེད་ཀྱི་ལོ་རྒྱུས་ཤེས་ཚུན་ཆད་ཀྱི་མི་ཞིག་ལ་མཚོན་ན། རྩོམ་ཡིག་དེ་ལ་ཡང་མི་གཙང་བ་དང་མ་དག་པས་གཡོས་པ་ཚོར་མྱོང་བས། ལྟ་ཀློག་བྱུང་མེད།
ཡིན་ན་ཡང་སླར་ཡང་ཁྱེད་ཀྱིས་མི་གཞི་དང་དྲང་ཚུགས་དགོས་མིན་གསུངས་ཀྱིན་ཡོད་པས་ན། སྐུ་སྒེར་ཡིག་ཚང་གི་སྒོ་ཐེམ་བར་ནས་དགེ་མདུན་ཆོས་འཕེལ་ཡིན་པར་བསྒྲགས་མཁན་ཁྱེད་ཀྱིས་མི་གཞི་དང་དྲང་ཚུགས་ཞེས་པའི་གཏམ་ཞིག་ཇི་ལྟར་ཤོད་དམ།
མདོར་ན་ཁྱེད་ནང་བཞིན་སྒོ་ཐེམ་བར་གྱི་མི་དང་་མདོག་འགྱུར་བཞིན་པའི་མི་ཚོས་ཀླུ་མཁར་བྱམས་ལ་སྐད་ཆ་བཤད་ཤེས་ཀྱིན་མེད་ལ། ཁྱེད་ཚོ་དང་ཀླུ་མཁར་བྱམས་ལྟ་བུའི་མི་ཚོ་སྲང་ལ་མཇལ་ན། ཁྱེད་ལྟ་བུའི་མགོ་གུག་གུག་དང་གནའ་ཞུམ་ཞུམ་གྱིས། སྐུ་ངོ་། ལགས་སོ་ཞུ་མཁན་ཚོ་ལ་ལྕི་ཁོག་ཅིག་གཏན་ནས་མེད་ལ་ཤོག་བུ་ལས་ཀྱང་ཡངས་མོ་ཡོད་པས། ཁྱེད་ཚོ་ཀླུ་མཁར་བྱམས་ལྟ་བུའི་ཉམས་ཆུང་མི་མང་གི་དཔོན་རོགས་དང་མགོན་མེད་སྐྱབས་མེད་ཀྱི་རང་ཚུགས་ཅན་ཚོ་དང་བསྡུར་སྲོལ་ཞིག་གང་དུ་ཡོད་དམ།
ངས་དྲང་མོ་ཞུ་རྒྱུ་བྱེད་ན། ཁྱེད་ཀྱིས་ཁ་བརྡ་དྲ་ཚིགས་ལྟ་བུའི་མི་ཚོགས་འཛོམས་སར་འཁོར་ནས་མི་གཞི་དང་དྲང་ཚུགས་ལ་སོགས་པའི་སྐད་ཆ་བཤད་རྒྱུའི་རིན་ཐང་དང་ཐོབ་ཐང་མེད།
རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུར། སྐུ་སྒེར་ཡིག་ཚང་དང་རྒྱལ་བ་རིན་པོ་ཆེ་གཅིག་པ་མིན་པ་དེ་མཁྱེན་དགོས་ཀྱི་འདུག
སྐུ་སྒེར་ཡིག་ཚང་ཐུགས་མ་བདེ་བ་ཡོང་ནའང་། སྐུ་མདུན་ཐུགས་རྒྱ་ཆེ་ཞིང་། བཟང་ངན་ལེགས་པར་རྟོགས་པའི་རྣམ་དཔྱོད་ཡོད་སྟབས། གནད་འགག་མ་རེད་སྙམས།
ཤར་ཕྱོགས་ཁུག་རྟ་ལགས།
༼སློབ་གྲྭའི་ཨ་བ་འདི་ཚོར་༧ རྒྱལ་བ་རིན་པོ་ཆེ་དང་འབྲེལ་མ་འབྲེལ་གྱི་སང་ཉིན་དང་། ནང་དོན་རིག་པའི་ཡ་རབས་སྤྱོད་བཟང་དང་མ་འབྲེལ་བའི་མྱི་དོན་ལྡན་པའི་སྤྱི་ཚོགས་ ཤིག་བསྐྲུན་རྒྱུར་ནུས་ཚད་འདང་བའི་བསམ་བློ་མེད་པ་ནི་དངོས་ཡོད་ཡིན་པས། ལོ་རྙིང་པའི་གླེང་གཞི་འདི་ལོ་གསར་པའི་ཕྱོགས་སུ་རང་བཞིན་གྱིས་ཁ་བསྒྱུར་ཚར་ འདུག༽
ཁྱེད་ཀྱིས་ད་ལྟ་ཅི་ཞིག་གླེང་གིན་པ་དེར་ཉིད་ཀྱིས་བསམ་གཞིགས་གང་ལེགས་བཏང་ཡོད་པའི་རེ་བ་ཡོད་ཀྱང་། ཉིད་ཀྱིས་སློབ་གྲྭའི་ཨ་བ་དེ་ཚོ་༧རྒྱལ་བ་རིན་པོ་ཆེ་དང་འབྲེལ་མ་འབྲེལ་གྱི་སང་ཉིན་དང་ནང་དོན་རིག་པའི་ཡ་རབས་སྤྱོད་བཟང་དང་མ་འབྲེལ་བའི་མྱི་དོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ནུས་ཚད་འདང་བའི་བསམ་བློ་མེད་པར་ཇི་ལྟར་ཤེས་སམ། ཁྱེད་མདོ་སྨད་ནས་སྡོམས་ཏེ་རྒྱ་གར་གྱི་གྲྭ་སར་སོང་། དེ་ནས་གཟན་ཤམས་གྱོན་ཏེ་དགེ་མདུན་ཆོས་འཕེལ་གྱི་སྤྲུལ་བའི་སྐུ་ལོ་ཡིན་ཞུས། དེའི་རྗེས་སྐུ་སྒེར་ཡིག་ཚང་ལ་ཡང་བཅར་འོར་བཅར་གྱིས་ཐེ་ཝན་དུ་སློབ་སྦྱོང་ལ་བསྐྱོད་པ་དེའི་རྒྱུད་རིམ་ལྟ་བུའི་བྱུང་བ་དང་། ད་ལྟ་སློབ་ཆེན་ཁག་ཏུ་མིག་ཤ་རློན་པས། མི་སྡེ་སྤྱི ཚོགས་ལ་ལྟོས་ཏེ། མི་གཤིས་དང་མི་རབས་ཀྱི་ལས་འགན་ཁུར་བཞིན་པའི་བོད་ཀྱི་མ་འོངས་པའི་མི་རབས་ཚོ་ལ་སྡང་སྡུག་གཏོང་བའི་གོ་གནས་དང་ཤེས་རིག་གི་བློ་ཁ་ཞིག་ཡོད་འདོད་དམ།
ཁྱེད་ཀྱིས་སློབ་ཆེན་ཁག་ཏུ་ཡོད་པའི་སློབ་མ་དེ་དག་ནི་གཡག་ལ་ནུ་མ་ཡོད་པར་འདོད་ཅིང་གངས་ཅན་ཡུལ་སའི་གནས་བབ་དང་གནམ་གཤིས་དྲོད་གྲང་གི་བར་ནས་ཤ་རྗེན་ཟ་བའི་གོམས་སྲོལ་དེ་མི་ཤ་ཟ་བའི་ཚད་དུ་ལྟ་མཁན་གྱི་སློབ་མ་དེའི་རིགས་དང་མི་རབས་དེའི་རིགས་རེད་བསམ་གྱིན་ཡོད་དམ། ཁྱེད་ཀྱིས་མྱི་དོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ནུས་ཚད་འདོན་མཁན་ནི་ཤེས་རིག་གི་རྣམ་དཔྱོད་ཡངས་པའི་མི་བུ་དེ་དག་ཡིན་པ་ལས། ཁྱེད་ལྟ་བུའི་ཉ་ཉོག་མཉམ་དུ་བསྲེས་ཏེ། གང་དུ་ཁེ་ཕན་དང་མིང་ཐོབ་ཡོད་ཚེ་དེ་རུ་ལངས་མཁན་ཏག་ཏག་རེད་འདོད་དམ།
འོ་ན་ཁྱེད་ཀྱིས་༧ རྒྱལ་བ་རིན་པོ་ཆེ་དང་འབྲེལ་མ་འབྲེལ་གྱི་སང་ཉིན་དང་། ནང་དོན་རིག་པའི་ཡ་རབས་སྤྱོད་བཟང་དང་མ་འབྲེལ་བའི་མྱི་དོན་ལྡན་པའི་སྤྱི་ཚོགས་ ཤིག་བསྐྲུན་རྒྱུར་ནུས་ཚད་འདང་བའི་བསམ་བློ་ཡོད་མཁན་དེར་རྩི་དགོས་སམ། དེ་ལྟར་ཡིན་སློབ་གྲྭ་ཆེན་མོ་བ་དེ་དག་གཙོས་པའི་མི་རྐྱང་ཀླུ་མཁར་བྱམས་དང་བཅས་པ་བོད་མི་རིགས་ཀྱི་མྱི་དོན་སྨྲ་བའི་སྤྱི་ཚོགས་ཤིག་བསྐྲུན་པར་དགོས་མཁོ་མེད་པར་འདོད་ཀྱིན་ཡོད་ན། བོད་མི་རིགས་ཀྱི་སྤྱི་ཚོགས་ད་དུང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་སླར་ཡང་ལྷ་ཀླུའི་རྨུ་ཐག་ལ་རྒྱུས་པའི་དྲ་སྡོམ་ལྟ་བུའི་སྤྱི་ཚོགས་དུས་ནམ་ཡང་ཐར་མི་སྲིད་ལ། ཁྱེད་ལྟ་བུ་ནི་༧ རྒྱལ་བ་རིན་པོ་ཆེ་དང་འབྲེལ་མ་འབྲེལ་གྱི་སང་ཉིན་དང་། ནང་དོན་རིག་པའི་ཡ་རབས་སྤྱོད་བཟང་དང་མ་འབྲེལ་བའི་མྱི་དོན་ལྡན་པའི་སྤྱི་ཚོགས་ ཤིག་བསྐྲུན་རྒྱུར་ནུས་ཚད་འདང་བའི་བསམ་བློ་ཡོད་མཁན་དེར་རློམ་གྱིན་ཡོད་ན། ད་ལྟ་སྐད་ཅིག་ཉིད་ལ་བོད་ཞེས་པ་རྒྱལ་རབས་ལོ་རྒྱུས་ནས་སུབས་ན་འོས། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་མིག་ཤ་རློན་པ་ཡིས་མི་སྡེ་སྤྱི་ཚོགས་ཀྱི་བདེ་དོན་ཤོད་མཁན་དང་ཤེས་རབ་ཀྱི་རྣམ་དཔྱོད་ལས་མི་རིགས་ཤིག་གི་ཉམས་ཉེས་མཐོང་མཁན་ཚཽ་ཁྱེད་ལྟ་བུ་མ་ཡིན་པར། མགོ་ན་༧རྒྱལ་བ་རིན་པོ ཆེ་ཞེས་པའི་སྐྱེས་ཆེན་རྣམ་དཔྱོད་ཅན་ཞིག་དང་བར་དུ་ཆོས་དང་འཇིག་རྟེན་ཁ་ཁར་དབྱེ་བའི་ཆོས་ཀྱི་རྣམ་པས་རྟོགས་པ་སེལ་བའི་དགེ་སློང་ཚཱུལ་ཁྲིམས་ལྡན་པ་ཚཽ། ཤེས་རབ་གློག་ལས་མྱུར་བའི་མི་རིགས་མ་ཡུམ་ལ་བརྩི་མཁན་གྱི་མི་དོན་སྨྲ་མཁན་གྱི་ཀླུ་མཁར་བྱམས་ལྟ་བུའི་མི་སྡེ་སྤྱི་ཚོགས་ཤིག་དང་། མ་འོངས་མི་རིགས་ཀྱི་གདོང་རུས་གསལ་བར་སྲུང་མཁན་གྱི་སློབ་གྲྭ་ཆེན་མོའི་མ་འོངས་པའི་མི་རབས་དེ་ཚོ་གཙོས་པའི་བོད་ཀྱི་མི་ཟེར་ན་ཁྱེད་ལྟ་བུ་ལ་བརྩི་མི་དགོས་པ་མང་པོ་ཡོད་ཕྱིན་ང་ཚོ་དེ་རིང་ཡང་གོ་ལའི་སྟེང་དུ་རྐང་པ་དམ་པོར་བགྲེངས་ཡོད་པ་ཤེས་པར་གྱིས།
ད་མཚམས་ཞོག་རོགས་གནང་། ཀླུ་བྱམས་ཀྱི་མིང་འདི་ག་རུ་ཡོད་ན། དེ་རུ་རྙོག་གྲ་འདུག ད་ཁོ་པ་གང་བྱེད་ཀྱང་ཡ་མ་བྱས་ན་ད་གས་འཐུས་པར་བྱའོ། །
གལ་ཏེ་ཀླུ་མཁར་བྱམས་ཞེས་པའི་མི་རྐྱང་དེ་ལ་ཤར་ཕྱོགས་ཁུག་རྟ་ཞེས་པའི་ཁྲམ་པའི་གྲོགས་པོ ཞིག་ཡོད་ཚེ་དེ་ཡང་བསམ་གཞིགས་བྱ་དགོས་པ་ཞིག་རེད་འདུག
ཤར་ཕྱོགས་ཁུག་རྟ་ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེ་དང་མི་མང་ཁ་ལ་ཁྱེར་ཡོང་ནས། ཀླུ་མཁར་བྱམས་གད་སྙིག་གཡུག་རྩིས་བྱེད་བཞིན་པ་དེ་ནི། དེ་སྔོན་རྡ་ས་ནས་མི་དོན་སྨྲ་མཁན་མང་པོ་ཞིག་ལ་རྡོ་དང་གཡུག་པས་གཞུས་པ་དང་གཅིག་མཚུངས་རེད།
ང་ཡང་ཧ་ཅང་གིས་གང་ཡང་ཤེས་མཁན་ཞིག་མིན་ཡང། ཡུམ་སྐད་ཀྱི་ནང་གི་ཚིག་དོན་རེ་གོ་ལ་ལེན་ཐུབ་ཀྱིན་ཡོད་པས། ངས་ཀྱང་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ཆ་ཚང་ལ་ཡང་ལྟ་བསྐྱར་ལྟ་བྱེད་ལ། མཚམས་རེར་མདོ་སྨད་ས་རྒྱུན་དེ་ཚོས་རང་ཅག་མདོ་སྨད་པའི་མིང་བྱང་ཁུར་ནས་ཀླུ་མཁར་བྱམས་ལ་མཉམ་རུབ་བྱ་སྐབས། ངས་བསྐྱར་དུ་རང་ཉིད་ལ་ངའི་མིག་དང་ཀླད་པར་སྐྱོན་བརྒྱབ་ཏེ། ཀླུ་བྱམས་ཀྱི་རྩོམ་ཡིག་དེ་ཚོ་ལ་གོ་བ་ལེན་སྟངས་འཁྲུག་སོང་བ་མེད་འགྲོ་བསམ་ཏེ་ཡང་བསྐྱར་བསྐྱར་ཀློག་བྱས་པ་གྲངས་ལས་འདས། ཡིན་ན་ཡང་ཀླུ་མཁར་བྱམས་ཀྱི་བརྩམས་ཆོས་དེ་དག་གི་ཁྲོད་ནས། ཁྱེད་དང་ང་ལྟ་བུའི་བློ་ཡུལ་ལ་མི་ཤོངས་པའི་བློ་སྙིང་མཆིན་པ་གཞན་ཞིག་གི་འཆི་གསོན་དང་བདེ་སྡུག དངོས་དོན་དང་མི་སྐད་བཤད་བཞིན་པ་ངས་གསལ་བོར་གོ་སོང་། ངས་ཁ་གསལ་གྱིས་བརྗོད་ན་ཀླུ་མཁར་བྱམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་དགོང་ལོའི་བགྲེས་དང་བསྟུན་པའི་མི་དོན་གྱི་བདེ་སྡུག་ཤོད་ཀྱིན་འདུག ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་བར་གྱི་བར་ཐག་གླེང་གིན་འདུག ཀླུ་མཁར་བྱམས་ཀྱིས་ང་ཚོས་རྒྱལ་བ་རིན་པོ་ཆེ་ལ་ངོས་འཛིན་མི་འདུག་ཅེས་ཤོད་ཀྱིན་འདུག ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་ངོ་ཤེས་སྟངས་ནི་ང་ཚོས་རྒྱལ་བ་རིན་པོ་ཆེ་མཁྱེན་ཞེས་ག་དུས་ཡིན་ཡང་ལས་འགན་ཡོད་དོ་ཅག་རྒྱལ་བ་རིན་པོ་ཆེ་ཡི་མགོར་གཡུག་གྱིན་པ་དང་རྒྱལ་བ་རིན་པོ་ཆེ་ཡི་མཚན་གྱིས་མི་མང་གི་མགོ་ནོན་པར་དགའ་བའི་མི་དེ་ཚོའི་བྱ་སྤྱོད་ལ་སེམས་ཁུར་བྱེད་ཀྱིན་འདུག ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེ་ནི་གསེར་མདོག་གིས་གྲུབ་པའི་ལྷ་སྐུ་ཞིག་རེད་འདོད་ཀྱིན་མེད་པར་རྒྱལ་བ་རིན་པོ་ཆེ་ནི་ཟག་བཅོས་ཀྱི་ཕུང་བོས་གྲུབ་པའི་སྐྱེས་ཆེན་ཞིག་ཡིན་པ་ངོ་ཤེས་འདུག ཀླུ་མཁར་བྱམས། ཁྱོད་དང་ང་ཚོ་ལྟ་བུའི་ཁོམ་དུས་རེ་ལ་སྐྱབ་ལབ་རེ་རྒྱབ་ཏེ་གོ་སྐབས་རེ་བྱུང་སྐབས་རང་མདོག་སྟོན་མཁན་ཞིག་མ་ཡིན་པར། ཀླུ་མཁར་བྱམས་ཀྱིས་དོན་གྱིས་རྒྱལ་བ་རིན་པོ་ཆེ་དད་པ་དང་དགའ་གུས་ཡོད་ན་རྒྱལ་བ་རིན་པོ་ཆེ་སྐུ་ཤ་དང་དགོང་ལོ་ལ་བསམ་བློ་གཏོང་དགོས་ཀྱིན་འདུག ཤ་ཚ་དགོས་ཀྱིན་འདུག་ཅེས་ཤོད་ཀྱིན་འདུག ཀླུ་མཁར་བྱམས་ཀྱིས་དབུ་མའི་ལམ་དེ་སྡུག་ཅག་རེད་ལབ་ཀྱིན་མེད་པར་ཁོང་སྒེར་གྱི་ངོས་ནས་རང་བཙན་རྩོད་མཁན་ཞིག་ཡིན་བཤད་ཀྱིན་ཡོད། ཀླུ་མཁར་བྱམས་ཀྱི་བཤད་སྟངས་དེ་དོན་དུ་དབུ་མའི་ལམ་ལ་འཐད་པ་མེད་པར་རང་བཙན་དགོས་དང་དགོས་དང་བསམ་མཁན་གྱི་ཁ་སེམས་མི་མཐུན་པའི་མི་བརྡར་མ་ཚོ་ནང་བཞིན་མ་ཡིན་པར། ང་འདི་དགོས་ཀྱིན་འདུག་ཅེས་གསལ་བོར་ཤོད་ཀྱིན་འདུག ཁྱེད་ལ་དེ་དགོས་ན་དེ་ཁྱེད་ཀྱིས་བཤད་ཆོག་གི་རེད་ཅེས་ཀྱང་གསལ་བོར་བཤད་ཀྱིན་འདུག
ད་དུང་ཀླུ་མཁར་བྱམས་ཀྱིས་ང་བོད་མི་ཡིན་པས་བོད་མི་ཚོ་ནི་དད་ཡུལ་དང་དད་ཚུལ། དད་སེམས་ཁ་གསལ་གཏིང་གསལ་ཤེས་མཁན་ཞིག་ཡིན་པས། བོད་པ་ཚོས་དབག་སྐུ་ལ་ལྷ་ཕྱག་འབུལ་བའི་བྱེད་སྤྱོད་དེ་ཁོ་ན་ཡང་ཆོས་ལུགས་མིན་པར་འགྲེལ་བཤད་རྒྱག་གིན་འདུག ཀླུ་མཁར་བྱམས་ཀྱིས་བླ་མའི་གཅིན་པ་འཐུང་བ་དེ་ཡང་ཆོས་ལུགས་མིན་པར་མི་རང་ཉིད་ཀྱིས་བཟོས་པའི་ཆོས་ལུགས་ཡིན་པར་འགྲེལ་བཤད་རྒྱག་གིན་འདུག ཀླུ་མཁར་བྱམས་ཀྱིས་སྦྲུལ་སྐུ་ལ་ལེ་གདའ་བྱེད་ཀྱིན་མེད་པར། མི་མང་གིས་སྦྲུལ་ལྟ་བའི་བསམ་བློ་ལ་ལེ་གསའ་བྱེད་ཀྱིན་འདུག
ཤར་པྱོགས་ཁུར་རྟ་ཁྱེད་ཀྱིས་སྔོན་ཆད་རྒྱལ་ས་རིན་པོ་ཆེ་ཨ་མའི་བུ་རེད་ཟེར་བ་མིན་ནམ། ད་ལྟ་ཀླུ་མཁར་བྱམས་ཀྱིས་ཤའི་མིག་གིས་ཤ་གཟུགས་ཀྱིས་གྲུབ་པའི་སྐུ་ཕུང་ལ་ཅེར་ནས་མི་གཟུགས་ཅེས་འབོད་མ་ཆོག་ག་རེ་རེད་དམ།
ངས་བསམ་ན་འདིར་ཡོད་ཀྱི་དྲ་གྲོགས་ཚང་མས་ཀླུ་མཁར་བྱམས་ཀྱི་རྩ་དོན་ངོ་མ་དེ་དང་བརྗོད་དོན་ངོ་མ་དེ་ལ་རྟོགས་ཞིབ་དང་རང་གི་རྣམ་དཔྱོད་ཀྱིས་ཐག་གཅོད་བྱེད་ན་འོས། བཤད་ཡམས་དང་ཚིག་གཅིག་གཉིས་རེ་ཁྱེར་ཡོང་ནས་སྡུག་ར་མ་གཏོང་།
བོད་གངས་ཅན་པར་ཤ་གཟུགས་གྱིས་ཤ་མིག་གིས་མི་སྡེ་སྤྱི་ཚོགས་ལ་ལྟ་མཁན་གྱི་སྟག་ཤ་ར་ཀླུ་མཁར་བྱམས་ལྟ་བུ་མང་དུ་བྱུང་ཏེ། རང་རེའི་མ་ཡུམ་ཚོ་ལ་སྟག་ཤ་ར་ཟེར་བ་འདི་འདྲ་རེད་ཅེས་བདེན་དཔང་བྱེད་མཁན་མང་དུ་འབྱུང་རོགས་གནང་། ཁྲམ་པ་དང་གཡོ་སྒྱུས་དང་མིང་རྫུན་དང་གཏམ་རྫུན་ཤོད་མཁན་གྱི་བརྡར་མའི་རིགས་ཀྱི་སྟག་ཤ་ར་རྫུན་མ་དེ་ཚོ་མེད་པར་ཤོག
ཀླུ་མཁར་བྱམས་ཟེར་བ་དེ་མཐོང་བ་ལས་རྒྱུས་མེད་འོན་ཀྱང་ད་བར་ཁོ་ང་ཚོའི་སྤྱི་ཚོགས་ནང་མཁས་བླུན་གང་
ཡིན་མ་ངེས་པའི་མི་མིང་ཅན་ཞིག་ཡིན་པས།ང་རང་གིས་བློས་དཔོག་ཚོད་ཀྱིས་ཁོས་བཤད་པའི་སྐད་ཆ་དང་
ཁོ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱས་ཁུལ་ཡིན།འོན་ཀྱང་ང་གཉིས་ཆབ་སྲིད་ལྟ་བའི་ཐོག་ཧ་ཅང་མི་མཐུན་ས་མང་ཡང་དེ་ལ་སྐྱོན་བརྗོད་ནམ་ཡང་བྱེད་གི་མེད།
ངས་ཁོང་གི་མི་གཤིས་ལ་བལྟ་ཚུལ་ནི་ཁོང་ནི་ཡོན་ཏན་རང་མགོ་ཐོན་པ་ཞིག་ལྡན་ཅིང་།བཅོས་མིན་གྱི་བོད་དོན་
ལ་ཤ་ཞེན་ལྷན་སྐྱེས་ཤིག་ཡང་ཡོད་ཐོག།ཕྱག་ལས་གནང་སྟེངས་ཐོག་ཧར་པོ་དང་བཅོལ་ཆུང་བརྟན་པོ་མིན་པ་
ད་དུང་རང་ཚུགས་མ་ངེས་བ་གསར་གཏོད་ཀྱི་ཧམ་སེམས་སྤྱད་ནས་བོད་མི་རིགས་འདིའི་མེས་པོ་དམ་པ་རྣམས་
ལ་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་དུ་མཐོང་གིས་ཡོད་དེ་འདྲའི་མི་་དེང་སང་གི་བོད་ཀྱི་ན་གཞོན་སྤྱི་དང་
ལྷག་པར་མདོ་སྨད་ནང་ཧ་ཅིང་མང་།མི་འདི་དག་གི་སྐྱོན་ཆེ་ཤོས་ནི་རང་དངོས་ནས་གསར་གཏོད་ཀྱི་ལས་ལ་དཀའ་སྤྱད་བྱེད་པའི་སྤོབས་པ་མེད་པར་བོད་ཀྱི་མེ་པོ་དག་དང་ཆོས་རྒྱུད་ཁག་གི་དབུ་འཛིན་ཁག་ལ་ངན་མཚངས་འདྲི་ཡ་འདི་རེད་དེ་ནི་ཡག་པོ་མ་རེད་ང་ཚོའི་ལོ་རྒྱུས་ལ་བསམ་ན་དེ་དག་ལ་སྐྱོན་ཡང་ཡོད་ལ་བོད་མི་རིགས་འདིས་ལོ་རྒྱུས་ཐོག་བྱས་རྗས་ཧ་ཅང་རླབས་ཆེན་བཞག་ཡོད་པའི་མི་སྣ་རྐྱང་རེད།འཛམ་གླིང་གི་ལོ་རྒྱུས་ལ་བསམ་ན་ཡང་གསར་གཏོད་མཁན་པོ་དེ་དག་གིས་ཐོག་མར་འགོ་རྩོམ་དུས་དཀའ་བ་ག་ཚོད་ཁྱད་དུ་བསད་འདུག་མཐོང་གསལ་རེད།ང་ཚོས་གསར་གཏོད་པ་ཀླུ་མཁར་བྱམས་སོགས་མང་པོ་ཞིག་གིས་རང་ཉིད་ལ་སྤྱི་ཚོགས་ནང་སྐྱོན་བརྗོད་སྣ་གཅིག་བྱས་བ་དེའི་གནད་མ་ཁྱོག་པར་གང་སར་འུད་སྒྲོགས་བྱེད་པ་འདི་ཡག་པོ་མ་རེད་གཙོ་པོ་ཀུན་སློང་དྲང་མོའི་ཐོག་ནས་རང་ཚིགས་ཡོད་པའི་ལས་དོན་ལ་ཧུར་འབད་བྱས་ན་ད་གཟོད་གྲུབ་འབྲས་སོན་རྒྱུ་ཡོད་པར་མཐོང་།མདོར་ན་ང་ཚོའི་གསར་གཏོད་པ་རྣམས་ལ་གཅིག་མཚུངས་ཀྱི་བལྟ་ཚུལ་ཞིག་ཡོད་པ་ནི་ཁོས་ག་རེ་བསམ་ནའང་སྤྱི་ཚོགས་ནས་ཁ་གཏད་སྐྱོན་བརྗོད་བྱེད་མི་ཆོག་པར་འོ་ལགས་སོ་ཟེར་དགོས་པར་སྣང་པའི་དེ་ཡག་པོ་མ་རེད་སྙམ།།
ངོ་མ་ཡ་མཚན་རེད། བོད་ཀྱི་སྤྱི་ཚོགས་འདི། ཅུང་བྱས་རྗེས་སམ་བསམ་བློ་ཀུ་ཡངས་ཅན་གྱི་བུ་རྒོད་རེ་འཚར་དུས་ནག་ཚུབ་སེ་གཏོང་གི་འདུག ཀླུ་མཁར་བྱམས་ཀྱི་སྐོར་ཕྲན་ལ་དེ་ཙམ་ཆ་རྒྱུས་མེད་ན་ཡང། བཤད་ཚོད་ལ་སྐྱེས་ཕོ་རབ་ཅིག་ཡིན་པ་ཐག་ཆོད་སོང་། ཁ་ཅིག་གིས་ཁོང་གི་རྐང་བ་ནས་མར་འཐེན་དེ་མེད་པར་བཟོ་ཐབས་བྱེད་མཁན་འདུག ངའི་བསམ་བློར་ཡ་གའི་ལྷར་ཕོག་ཀྱང་རུང་། མ་གའི་འདྲེར་ཕོག་ཀྱང་རུང་ཀླུ་མཁན་བྱམས་ལྟ་བུའི་དྲང་གཤིས་དང་མངོན་ལྐོག་མེད་པའི་བུ་རྒོད་རེ་ང་ཚོའི་སྤྱི་ཚོགས་གཅེས་ཀི་མཁོ་གི། ཀླུ་མཁར་བྱམས་རྒྱལ་གྱུར་ཅིག ཀླུ་མཁར་བྱམས་ལྟ་བ་རྒྱལ་གྱུར་ཅིག ཀླུ་བྱམས་ཀྱི་རང་གཤིས་རྒྱལ་གྱུར་ཅིག ཀླུ་བྱམས་ཀྱི་ཨུ་ཚུགས་རྒྱལ་གྱུར་ཅིག ཀླུ་བྱམས་ཀྱི་ལྷག་བསམ་རྒྱལ་གྱུར་ཅིག ཀླུ་བྱམས་ཀྱི་དམིགས་ཡུལ་རྒྱལ་གྱུར་ཅིག ཀླུ་མཁར་བྱམས་ཀྱི་་་་་་་་་་་་།།།།།།།།།།།
གླུད་རྫོངས་བཞུགས་སོ།
ཕན་མེད་གནོད་བྱེད་ཀྱི་ཀླུ་ངན་གདུག་ཅན།
ཁང་ཕུག་དུ་འཇོག་ཡུན་རིང་ན།
ཀླུ་ནད་རྒྱུན་མི་ཆད་པར་འབྱུང་རྩ་ཡིན་པས།
མྱུར་འགྱོགས་ཀྱིས་ཨོམ་སུམ་པ་བྷ་ནའི་སྔགས་ཀྱིས་སྣ་དྲངས་ཏེ།
ཧུང་ཕད་ཀྱི་དྲག་སྔགས་ཀྱིས་གཏིང་མནན་ཏེ།
སྐད་ཅིག་ཉིད་ལ་སྤྲོད་ན།
འཕྲལ་ཕུགས་གཉིས་ཀ་ལ་བཟང་ངོ།།
ཀླུ་མཁར་ཀུན་གླེང་སྲིད་པའི་མིག་རེད།
དམངས་གཙོ་ཡར་ལ་བསྐུལ་བའི་དུང་རེད།
རེ་འགའ་ས་ལ་སྒྱེལ་བའི་མདའ་རེད།
རིགས་པའི་བུ་ལ་ཕན་པའི་གཏམ་རེད།
ཐོག་མར ༼ཀླུ་མཁར་བྱམས་ཀུན་གླེང༽རྩོམ་སྒྲིག་པ་དང་ཀློག་པ་པོ་ཡོངས་ལ་ལོ་གསར་བའི་ནང་ཚེ་རིང་ནད་མེད་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
དཔྱད་མཆན་ཁག་ཞིབ་མོར་ཀློག་པ་ཡིན། མང་ཆེ་བ་གནས་ལུགས་ཀྱི་རྗེས་སུ་འབྲངས་ཡོད་ནའང་། རེ་འགས་འོལ་ཚོད་མུན་པ་མདའ་འཕེན་ཡང་གནང་འདུག དཔེར་ན། ༢༠༠༨ལོར་ཨེ་རླུང་ཨམ་སྐད་ལེ་ཚན་ནང་ཀླུ་མཁར་བྱམས་ཐད་ཀར་མདོ་སྨད་ཀྱི་རྒན་པོ་ཞིག་ལ་བརྫུས་པ་ཟེར་བ་དེ་རྒྱུ་མ་ཕུགས་འདེད་ཀྱི་སྒྲུབ་བྱེད་མེད་ཚེ་༼རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ༽ཡི་དཔེ་རུ་མི་འགྲོ་བའི་ངེས་པའང་མེད་སྙམ།
མི་དམངས་ཟེར་བ་འདི་ཁ་བརྒྱ་མིག་སྟོང་གི་བདག་པོ་རེད།
ཨ་ཁུ་ཀླུ་སྨྱོན་ལགས། ཁྱེད་རང་ཚོས་ངོས་ནས་སྐད་ཆ་དྲང་པོ་དང་དབྱེ་ཞིབ་མཐིལ་ཕྱིན་གནང་བ་ཡིན་ན། མང་ཚོགས་ལ་ཕན་ཐོགས་སྲིད་པས། དེ་ལུགས་དགོངས་འཇགས་གནང་རོགས། ཡིན་ནའང་། ངས་ཀླུ་མཁར་བྱམས་ལ་རྒྱབ་བསྐྱོར་རྒྱག་རོགས་ཞེས་པའི་དོན་མིན་ལ། གནས་ལུགས་ལ་ལྟ་རོགས་ཞེས་པའི་དོན་ཡིན།
སྐད་ཆ་དྲང་མོར་བཤད་དགོས། དོན་མེད་ལོག་གཏམ་གྱིས་སྤྱི་ཚོགས་ལ་མི་ཕན། ང་རྒྱལ་ཁོང་ཁྲོ་ཡིས་སྤྱི་ཚོགས་ལ་མི་ཕན། ཕྲག་དོག་མིག་སེར་གྱིས་སྤྱི་ཚོགས་ལ་མི་ཕན།
གཞི་མེད་དཀྲོགས་གཏམ་གྱིས་སྤྱི་ཚོགས་ལ་མི་ཕན། ཁྱི་སྤྱང་ངན་འབྲེལ་གྱིས་སྤྱི་ཚོགས་ལ་མི་ཕན། ས་འོག་དར་འཐག་གིས་སྤྱི་ཚོགས་ལ་མི་ཕན།
སྐད་ཆ་དྲང་མོར་ཤོད། རང་རྒྱལ་གཞན་ཕམ་གྱིས་སྤྱི་ཚོགས་ལ་མི་ཕན། ཁ་ཡག་ངོ་བསྟོད་ཀྱིས་སྤྱི་ཚོགས་ལ་མི་ཕན། ཕུ་དཀྲུག་མདའ་དཀྲུག་གིས་སྤྱི་ཚོགས་ལ་མི་ཕན།
ལོ་གསར་བ་འདིའི་ནང་དུ་རྩོམ་མཁན་རྣམས་དང་ཞབས་མཆན་པ་རྣམས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ང་ཚོའི་ལས་ཀ་ནི་འདི་འདྲའི་ཁ་བརྡར་སའི་གྲུ་ག་ཆུང་ཆུང་ཞིག་ནས་ཕུ་ནུ་ནང་དམེ་ལྟ་བུའི་ཆོ་ག་རྩོམ་རྒྱུ་མ་ཡིན་པ་དེ་སྨོས་ཅི་དགོས། ང་ཚོས་དེ་ལས་ལྡོག་སྟེ་རང་དང་བཅས་པའི་མངོན་འདོད་དངོས་དེ་འཚོལ་རྒྱུ་གལ་ཆེ་ཞུ་རྒྱུ་དང་། སྐད་ཆ་ཚིག་གཅིག་ཚུན་ཆད་ཀྱང་སྤྱི་ཚོགས་ལ་ཕན་པ་ཞིག་ཨེ་འཁྱོང་གི་རེ་བ་དང་བཅས།
those people, who criticize mr.lukar sham, are the real frogs forever ready to remain in their confined tiny territory within which they feel satisfied with the sky that can be seen from the very bottom of well.hey man …shar-shaok kuk-ta and sonam tsering la ,try to extend your visionary world by critically analyze the reality with reference to the topic on which we are discussing….. and also don’t try to lift up your self, but sadly with little knowledge,by calling us “school awa tso”.don’t paint and color yourself lo.
ཀླུ་མཁར་རང་གི་ནང་མིས། ངུས་ནས་༸གོང་ས་མཆོག་གི་ཐུགས་དཀྲུགས་ཡོད་བགྱིད་རེད། བཤད་མྱོང་བ་ལ་དཔྱད་པ་ཅིག་མ་བྱས་པར་འཇོག་ཐབས་མེད་པ་ཅིག་རེད།
ཤར་ཕྱོགས་ཁུག་རྟའི་སྐད་ཆ་དེ་རྩུབ་པོ་མི་འདུག་ལ། རྫུན་མ་མ་རེད། ཡིན་ནའང་། ཀླུ་བྱམས་འཁོར་དང་བཅས་པ་གཅིག་རྗེས་གཅིག་གིས་སླེབས་སོང་། དོན་དག་གང་ཤོད་བཞིན་པ་དེའི་སྟེང་ལ་སྐད་ཆ་ཤོད་དང་། སུ་ཡག་མིན་དང་ཁྱེད་ངན་མིན་གཡུག་ཞོག གནད་དོན་གླེང་སློང་གྱིས་དང་དེ་ནས་གསལ་ལེར་འཆར་ཡོང་གི་རེད། ༧སྐུ་སྒེར་ཡིག་ཚང་གི་དྲུང་ཡིག་ཆེན་མོ་དང་ཀླུ་བྱམས་བར་གྱི་བཀའ་མོལ་རྣམས། ཀླུ་བྱམས་ཀྱིས་རྫུན་བཟོ་བྱས་པ་དག་ཨབ་ཕྲུག་ཚོས་ཤེས་མེད་པ་འདྲ། ཤར་ཕྱོགས་ཁུག་རྟས་༧སྐུ་ཡིག་གི་བཀའ་ཡིག་ཞུས་ན་ཕན་པར་འདོད། ༼ ཨ་བ ༽་ཟེར་བ་འདི་ང་ཚོ་དབུས་གཙང་གི་ཡུལ་སྐད་དང་དོན་ལ་གཅེས་ཕྲུག་ཟེར་གྱི་ཡོད་པ་རེད། དེས་མཐོ་སློབ་པ་ཚོར་གནས་ཚད་ཡོད་མེད་ལ་ཁྱད་གསོད་བྱས་ཡོད་པ་མ་རེད། ཡིན་ནའང་། ཨ་བ་ཚོས་ཀླུ་མཁར་བྱམས་ཀྱི་སེམས་ལ་བརྣག་པའི་འདོད་དོན་ཤེས་ཀྱི་མེད་པ་འདྲ་བས་སྐྱོ་ངོ་མ་ནི་དེ་ལ་སྐྱོ།
ང་ཀླུ་མཁར་བྱམས་ལ་ང་ཤིན་ཏུ་དགའ་པོ་ཡོད། ཁོའི་སླད་སྐྱོན་གྱི་དྲི་མས་མ་གོས་བའི་གཤིས་སྤྱོད་དེས་ང་ལ་བག་ཆགས་ཟབ་མོ་བཞག་སོང་། ངས་ཁོའི་གཏམ་བཤད་དང་བགྲོ་གླེང་བྭྱེད་ས་ལ་སོང་མྱོང་ལ་ཁོའི་རྩོམ་ཡིག་ཀྱང་མང་པོ་ཀློག་མྱོང་ཡོད། ལྟག་པར་ངས་བསམ་ན་ཁོ་ཆབ་སྲིད་པ་དྲང་མོ་ཞིག་པས་དེས་མི་ཁ་ཤས་ལ་ཕོག་ཐུབ་གཏང་ཡོད་པ་དེ་ཡང་ངས་ཤེས་ཀྱིན་ཡོད ངའི་རེ་བ་ལ་ཁྱོད་ཆབ་སྲིད་པ་མགོ་བདེ་དྲན་འཁྲུལ་བ་ཞིག་བྱེད་རོགས་གནང་། དེ་མ་གཏོགས་བོད་མི་གླེན་པ་འདི་དག་གིས་ཁྱོད་་བསོད་སྲིད་
དེ་རིང་དགུ་གཏོར་གྱི་ཆོ་གའི་ཐུན་མཚམས་ནས་རང་གི་ཁ་བརྡའི་སྒོ་ཕྱེས་པ་ཡིན། དགའ་འོས་པ་ཞིག་ལ་མཁྱེན་ལྡན་གསར་རྙིང་མང་པོ་ཞིག་ཕེབས་འདུག རེ་རེའི་མཚན་འབོད་རྒྱུར་ཁོམ་ལོང་མེད་ནའང་།
༡ ཨ་ཁུ་རབ་གསལ་ལགས་ཀྱིས་གསུངས་པ་ལྟར་དགོངས་སེལ་ཞུ་དགོས་མིན་དང་། ཞུས་ན་འགྲིག་འགྲོ་མིན་གྱི་སྐད་ཆ་དེ་རྩ་ཆེན་པོ་རེད། ཡིན་ནའང་། དགྲ་བཅོམ་པས་གསུངས་གསལ་ལྟར། གནད་དོན་རེ་འགའ་བགྲོ་གླེང་གི་ཡུལ་མིན་པར་མཐའ་གཅིག་ཏུ་དགོངས་སེལ་ཞུ་དགོས་རིགས་འདུག
༢ ཁོ་བོས་བཟང་ངན་དང་ཡག་བཙོག་གླེང་རྒྱུ་གཙོ་འདོན་བྱེད་ཀྱི་མེད། ཀླུ་བྱམས་ཀྱི་འདོད་འདུན་༧སྐུ་མདུན་བོད་ལ་ཅི་ལྟར་དགོས་ཚུལ། ལྷ་འདྲེའི་ཤེད་ཤུགས་དང་མ་འབྲེལ་བའི་སྤྱི་ཚོགས། དབང་བསྒྱུར་གྲལ་རིམ་མེད་པའི་བཙན་བྱོལ་བོད་གཞུང་ངམ་མ་འོངས་བོད་གཞུང་སོགས་ལ་གྲོས་འདྲི་དང་། གླེང་སློང་བརྡར་ཤ་གཅོད་ཀྱི་ཡོད་པས། ཁོང་གི་བསམ་ཚུལ་འདི་དག་ལ་ཨ་བ་རེ་བ་ཅན་དེ་ཚོས་གོ་བ་མི་ལོན་པར་བསམ་པ་ངའི་རྣམ་རྟོག་ཡིན། གོ་བ་ལོན་ན། ངས་ཁོང་ལ་འོས་བསྡུ་གྲུབ་མཚམས་ཞལ་རས་ལ་ཞལ་རས་འཁོར་ནས་ཉན་ཞིབ་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད། དེ་དུས་ཞུགས་ཆོག་ལ། དུ་དུང་ཁ་སང་ཁང་ཚན་གྱི་ཞབས་མཆན་ནང་ཁང་ཚན་དག་ནས་ཀྱང་ཞུགས་ཆོག་པའི་བསམ་ཚུལ་བཏོན་ཡོད།
༣ ཀླུ་མཁར་བྱམས་ཀྱི་༧རྒྱལ་བ་རིན་པོ་ཆེ་བོད་མིས་བློ་མིག་གིས་ཅི་ལྟར་ངོས་འཛིན་བྱེད་དགོས་མིན་གྱི་རིག་པའི་གཞུང་ལུགས་སོགས་ད་དུང་ཐོན་མི་འདུག་པས། མེ་ཏོག་སྐྱིད་ཀྱི་ན་ཟུག་གིས་བྱུར་བུར་གཏམས་པའི་གཏམ་དེ་ལན་དུ་བཟློ་རྒྱུ་མེད།
༤ གནམ་ལྕགས་སམ་ལྷ་ཆབ་སྦྱིན་པས། ཞེ་འཁོན་ཞེ་བཅངས་ལྟ་བུས། སྙན་ངག་པའི་ཚིག་རྣམས་བསྟར་ལ་བསྒྲིགས་འདུག ཁྱི་སྤྱང་ངན་འབྲེལ་སོགས་སུས་བྱེད་ཀྱི་ཡོད་མེད་འོལ་ཚོད་ཀྱིས་བཤད་ན། རིག་གནས་བགྲོ་གླེང་གི་སྐད་ཆ་དང་། ཆབ་སྲིད་ཀྱི་ཚིག་གི་གསེབ་ནས་ཟུར་དུ་ཐོན་བསྡད་འདུག ང་ཁུག་རྟ་མི་རྐྱང་ཐར་རྐྱང་ཡིན། ཞེད་སྣང་ལངས་དགོས་དོན་ཡོད་པ་མ་རེད་ལ། ཧ་ཅང་གུ་ཡངས་ཅན་ཡིན་ཞེས་ཁྱེད་ལ་སྨྲ་འདོད་བྱུང་། དཔེར་ན་ཁ་སང་ཁང་ཚན་གྱི་ཡི་གེ་དེར་མོས་མཐུན་མེད་པར་ཡིག་ཐོག་ནས་ལན་སྤྲད་ཡོད། དེས་ངས་ཀླུ་བྱམས་ལ་བགྲོ་གླེང་དང་བརྡ་འདེད་བྱེད་བཞིན་པ་ཤེས་ཐུབ
༥ ཐུབ་བསྟན་འཇིགས་མེད་ལགས། ཨ་བ་ཞེས་པ་གཅེས་མིང་རེད། བོད་ཁྱིམ་འགན་འཛིན་དང་གྲོས་ལ་དབང་བ་ཞིག་གི་སྐབས་སུ་ཁོང་གིས་ཡང་ཡང་གསུངས་སྐབས་ནས་དེའི་དོན་རྟོགས་སོང་། སོང་ཙང་། བོད་ཁྱིམ་རིམ་པར་བརྒྱུད་མཁན་ཁྱེད་ཚོས་ཨ་བའི་དོན་དག་རྟོགས་ལོས་ཡོད་བསམས་ནས་དེ་ལྟར་བྲིས་པ་ཡིན། སུས་ཤེས་དང་མ་ཤེས་ཀྱི་མཐར་ཐུག་རྩོད་པ་ནི། སློབ་སྦྱོང་གི་མྱོང་བ་ཐོན་མཁན་ཚོའི་ལས་མ་རེད་ཅེས་དམ་པ་ཞིག་གི་ཁ་ནས་ཐོས་སྟབས། དེ་དག་ལ་རྒྱལ་ཁ་གང་ཞིག་ཡོད་ན། ནམ་ནམ་ཞ་ཞར་དུ་ཁྱེད་ཚོར་སྟེར། ཁྱེད་ཚོའི་བློ་འབྱེད་བསམ་བློ་བ་ཀླུ་བྱམས་དང་མཉམ་ཏུ་གཟུར་གནས་གྲོས་གླེང་ཞིག་མི་ཡོང་ངམ་བསམ་གྱིན་ཡོད་པས། རེ་བ་ཅན་ཚོས་དེ་འདྲ་ཞིག་གོ་སྒྲིག་གནང་ན་དེ་མ་དགའ་གང་ལ་དགའ་ཞུ་འདོད་བྱུང་།
༦ རྟ་མགྲིན་ཚེ་རིང་འདི་ཕོ་མིང་མོ་ལུས་ངའི་དགའ་བོ་ཟུར་བ་ཞིག་རེད་ཟེར། བྱས་ཙང། སྒྲིག་འཛུགས་ཤིག་གི་དོན་དག་ཤེས་འདོད་ན། སྒྲིག་འཛུགས་དེའི་ནང་ཞུགས་རྒྱུ་ལས། ཕྱི་ནས་ལྟོས་ན། བྱུང་མི་ཤེས་པའི་སྒང་ལ་ཅང་ཤེས་ལེ་མ་རེད། ངས་ལགས་སོ་ཟེར་ས་ཚང་མ་ངས་རང་གི་རྣམ་དཔྱོད་ཀྱིས་ཐག་བཅད་ནས་ལགས་སོ་ཟེར་གྱི་ཡོད་པས། རྣམ་དཔྱོད་ལ་དོན་ལྡན་རྣམ་དཔྱོད་གཞན་ཞིག་གིས་ཁ་བསྒྱུར་ན་མ་གཏོགས་ཐུགས་འདོད་སྐོང་ཐུབ་ཀྱི་མི་འདུག
མཐའ་དོན། ཀླུ་བྱམས་འཁོར་བཅས་གཙོས་བོད་རིགས་སྤུན་ཟླ་ཚོར། མི་ཡུལ་ནས་དགའ་བཞིན་སྐྱོ་བཞིན་ལོ་རྒན་དྲུག་བཅུའི་ས་ལ་གོམ་པ་སྤོས་སོང་། ད་དུང་ན་ནིང་དཀར་མཛེས་དང་འབྲུག་ཆུ་ནས་སྤུན་ཟླ་མང་པོའི་ཚེ་སྲོག་གི་གོད་ཆག་ཐེབས་ནས་ཞེ་རེ་སྐྱོ་ཡང་། ལོ་གསར་སྐྱིད་པོ་ཞིག་རོལ་རྒྱུའི་སྨོན་ལམ་འདེབས་བཞིན་ཡོད།
བློ་བཟང་ཆོས་འཕེལ་ཡང་བསྐྱར་སླེབས་སོང་། དོན་མང་པོ་ཞིག་ཁུར་ནས་སླེབས་སོང་།
༡ བློ་བཟང་ཆོས་འཕེལ་ལགས་ཀྱིས་ཁོ་སུ་ཡིན་གསུང་གི་ཡོད་དམ། མཐོ་སྐུ་སྒེར་ནས་བདེ་སྲུང་། མདོ་སྨད་དབུས་རྒྱུན་གང་ཡིན་ཡང་ཐོགས་འདུག་མེད་འདི་སུས་བསྐོ་བཞག་བྱས་ཡོད་པ་རེད། སུས་ཕོགས་ཐོབ་སྤྲད་ཀྱིན་པ་རེད། འདི་དག་ཆོས་འཕེལ་རང་ངོས་ནས་གསལ་བཤད་བྱེད་དགོས་པའི་དོན་ཆེན་ཞིག་རེད།
༢ ཀླུ་མཁར་བྱམས་སྐུ་སྒེར་ཡིག་ཚང་ལ་བཅར་དོན་ནི་གལ་སྲིད་རྒྱལ་བ་རིན་པོ་ཆེར་དཀྲོགས་གཏམ་གྱིས་མི་བདེ་གཏད་ཡོད་ན་དེ་ལ་གསལ་བཤད་སླད་རེད་མ་གཏོགས༼དགོངས་སེལ༽ཞེས་པ་འདི་ད་དུང་དཀྲོགས་གཏམ་བཟོ་མཁན་གྱིས་ཁུར་དགོས་སམ། ཡང་ན། དཀྲོགས་གཏམ་ཁུར་མཁན་གྱིས་ཁུར་དགོས་མིན་གྱི་གསལ་ཁ་སྐུ་སྒེར་དྲུང་ཆེ་ལགས་ཀྱིས་བཏོད་ཟིན་པ་མིན་ནམ།
༣ ལོ་གསར་ལ་དགུ་གཏོར་འཕེན་རྒྱུ་ཡོད་ན་ཡག་པོ་རེད། གཙོ་བོ་གཅིག་གནོད་གཅིག་རྒྱལ་གྱི་བསམ་བློའི་འཁྱེར་སྟངས་དེ་ལས་ཅི་ཡང་མེད་ནའང་ཁ་ཁུ་སིམ་པོ་རེད།
དྲ་གྲོགས་ཀེ་ཏ་ཀ་ལགས།
༡ དེའི་ལན་ནི། ང་གད་མོ་ཤོར་སོང་། ཐུགས་རྗེ་ཆེ། ད་དུང་དེ་འདྲ་སྨྲས་དང་གནད་ཡོད་ཅིག་ཆགས་ན་ཐང་གི ཧཧཧཧ
༢ གལ་སྲིད་ཁྱེད་ཀྱིས་ཀླུ་བྱམས་ཀྱི་སྐད་ཆ་ཁོ་ན་བདེན་དུ་འཛིན་ན། ངས་ཁྱེད་ཀྱི་དོགས་པ་སེལ་ཐབས་ག་རེ་བྱེད་དགོས་ཀྱང་བྱེད་ངེས་ཡིན། ཁྱེད་ཀྱིས་མྱུར་ཏུ་གསུངས་རོགས།
༣ གཅིག་གནོད་གཅིག་རྒྱལ་འདི་ངས་བྱས་མ་མྱོང་། ཀླུ་བྱམས་ཀྱིས་ངའི་སྟོད་གོས་གོན་ཡོད་ན། ངས་ཁོང་གི་དོར་མ་གོན་ཡོད་པའི་བཤིབ་འདྲིས་ཤིག་ཡོད། གཅིག་ཡོད་ན་མཉམ་ཟས་བྱས་མྱོང་། ཁྱེད་ཀྱིས་ཁོང་ལ་ཕྲིས་དང་། ང་ལ་གཅིག་རྒྱལ་གཅིག་གནོད་ཀྱི་གཤིས་ཀ་དང་ཚོར་བ་འདུག་མི་འདུག་ཤེས་ལེ་རེད།
འབྲུག་པའི་སྐད་ནང་། ཨ་བ་ནི། སྐྱག་པ་ལ་ཟེར།
ད་འཁྲུགས་དང་། དྲྭ་བ་འདིའི་ནང་ལ་ས་ཆ་ནི་འདུག དཀག་འགོག་ནི་མེད། ཤར་ཕྱོགས་ཁུག་རྟས་གླེང་རྒྱུ་ཡོད་འདོག་འདོག
ཁྱོད་མྱི་ཙོག་ཟིག་ཡིན་ན། སྐད་ཆ་ཁ་ཏུག་ཤོད་དང་། སྐོར་ནས་ཡོང་ན་ཐག་ཆོད་ས་ཟིག་མ་རེད། ངོ་ཚ་་རྒྱུ་བོ།
ད་རུང་མཐོ་རིམ་སློབ་མ་ལ་ཨ་བ་ཚོ་ཟེར། ཀྱིན་འདུག སོ་སོའི་ངོ་གདོང་གཏན་ནས་རིག་མྱོང་མེད་པ་རེད།
ཨ་ཡོད་ནང་གི་ད་ཡོད། ད་ལྟའི་བཙན་བྱོལ་ནང་གི་ནོར་གླིང་སློབ་མ་ཚོ་ཡིན་ནི་རེད། དེ་ནི་ཁྱེད་རང་དགའ་ན་མ་དགའ་ན་ཡིན་ནི་རེད
དཔེ་དེབ་གསར་དུ་ཐོན་པར་དགའ་བསུ་ཡོད།
ཁུག་རྟའི་ཚོགས་ལ་སྤྲིངས་པ།
སྔོན་ཆད་ཅིག་ལ་རྡ་སའི་རི་ངོགས་ཆུང་ཆུང་དེ་ནས་ལྷོ་ཕྱོགས་གདན་སའི་དགོན་ཆེན་དག་ཏུ་དཔེ་ཆ་བལྟས་ནས་ཁུངས་མ་འཁྱོལ་བའི་གྲྭ་བ་ཁ་ཤོམས་ཅན་ཤིག་གིས་རང་ཉིད་དགེ་འདུན་ཆོས་འཕེལ་ཡིན་པར་སྒྲོགས་བཞིན་པའི་སྐད་ཆ་དེ་ཐོས་མྱོང་། འོན་ཀྱང་། རྗེས་སུ་གཟིག་ལྤགས་འོག་གི་དགེ་འདུན་ཆོས་འཕེལ་རྫུན་མ་དེས་རྕོམ་ཉོག་ཁ་ཤས་དེབ་ཏུ་བསྒྲིགས་པ་མཐོང་རྗེས་གཞི་ནས་རང་ཉིད་མི་ཤེས་པའི་ཨ་ཁུ་གླེན་པ་ང་རྒྱལ་ཅན་ཞིག་གི་གཟུགས་བརྙན་ཡིད་ལ་འགོག་མེད་དུ་འཆར་དུ་བཅུག དེ་རིང་གླེང་སྟེགས་འདི་ནས་ཐེངས་དང་བོར་ངོ་ཤེས་སོང་།
ཉེ་ཆར་ཧྥ་རན་སའི་སྤྱི་ཚོགས་རིག་པ་བ་Arpi Thaou དང་ཨ་རིའི་ལོ་རྒྱུས་མི་གཤིས་སྨྲ་བ་John Cathering སོགས་ཀྱིས་དགེ་ཆོས་ཀྱི་མི་ཚེའི་རིན་ཐང་ལྟ་ཚུལ་ལ་ཞིབ་འཇུག་བྱེད་པར་ལྡི་ལི་དང་སིངྒ་ལ་སོགས་སུ་ཕྱིན་ནས་ཟླ་གཅིག་འགོར་ལ་ཉེ། འོན་ཀྱང་། སྟབས་ཡག་ནས་ཁོ་ཚོས་དགེ་ཆོས་ལགས་ལ་འདི་འདྲ་བའི་སྤྲུལ་རྫུན་ཞིག་ཡོད་པ་མཁྱེན་མི་འདུག
༼སློབ་གྲྭའི་ཨ་བ་འདི་ཚོར་༧ རྒྱལ་བ་རིན་པོ་ཆེ་དང་འབྲེལ་མ་འབྲེལ་གྱི་སང་ཉིན་དང་། ནང་དོན་རིག་པའི་ཡ་རབས་སྤྱོད་བཟང་དང་མ་འབྲེལ་བའི་མྱི་དོན་ལྡན་པའི་སྤྱི་ཚོགས་ ཤིག་བསྐྲུན་རྒྱུར་ནུས་ཚད་འདང་བའི་བསམ་བློ་མེད་པ་ནི་དངོས་ཡོད་ཡིན་པས། ལོ་རྙིང་པའི་གླེང་གཞི་འདི་ལོ་གསར་པའི་ཕྱོགས་སུ་རང་བཞིན་གྱིས་ཁ་བསྒྱུར་ཚར་ འདུག༽ ཁྱོད་ཀྱིས་སྐབས་འདིའི་”མྱི་དོན་ལྡན་པའི་སྤྱི་ཚོགས”ཞེས་པ་ཁྱོད་རང་ཉིད་ཀྱིས་རྨོངས་པས་འོལ་ཚོད་ཀྱིས་བཟོས་བ་ཡིན་ནམ་ཡང་ན་དེང་རབས་སྨྲ་བའི་ལྟ་གྲུབ་གང་རུང་ལ་ཁུངས་གཏུགས་ནས་བཤད་པ་ཡིན། གཅིག་གསུངས་དང་རྡ་སའི་རི་ངོགས་ཀྱི་ཆོས་ལགས། ཅོལ་ཆུང་རི་བོང་གི་དཔེ་བཞིན་རང་ཉིད་སོ་སོས་ཤེས་མི་ཤེས་ལ་མི་ལྟོས་པར་ད་ལྟའི་བོད་ཡིག་ཐོག་རྩོམ་ཡིག་ཐར་ཐོར་རེ་འབྲི་མཁན་ཤས་བཞིན་ཚིག་སྣ་ཚོགས་མི་གཡུགས་པར་མཁྱེན།
ལྡི་ལི་གཙུག་ལག་སློབ་གྲྭའི་དུས་དེབ”DU Beat”(27,02,2011)ཐོག་གི་རྕོམ་ཡིག་འདི་གཅིག་ཀློག་པར་འཚལ། འདི་ནི་བོད་རིགས་མཐོ་རིམ་སློབ་མ་ང་ཚོས་རྒྱལ་སྤྱི་ནས་ཚུར་རང་གི་སྤྱི་ཚོགས་ལྟ་སྟངས་རེད།
དྲ་ཐག-www.dubeat.com
གང་ལྟར་འོས་བསྡུ་བྱས་མིན་ལ་མ་ལྟོས་པར་ང་ཚོས་ངེས་པར་དུ་རྡ་སའི་གཡས་གཡོན་དུ་གདོང་དང་གདོང་ཐུག་ནས་ཕན་ཚུན་དེང་རབས་ཤེས་ཡོན་དང་སྤྱི་ཚོགས་ཆབ་སྲིད་ཀྱི་བགྲོ་གླེང་ཞིག་བསྐྲུན་རྒྱུ་ཡིན། སྐབས་དེར་ང་ཚོ་དྲ་ཚིག་ཆུང་ཆུང་འདིའི་ཕྱི་རུ་བུད་ནས་ཕན་ཚུན་གྱི་ཚོན་མདོག་ལེགས་པོ་ཤིག་མཐོང་བར་སྨོན།
སྐད་གཉིས་གསུམ་སྨྲ་བའི་མཐོ་སློབ་པ་ཚོས་ཆོས་འབྱོར་འབྲོ་ས་མེད་སར་གཏུག་འདུག་ག། སེམས་ཆུང་མ་བྱས་ན་སྤྲུལ་སྐུ་ལ་རྫུ་འཕྲུལ་སྟོན་རྒྱུ་ཡོད་ན་ཐང་། དེའང་མེད་དུས་ཚིག་གྲུབ་ཁ་ཤས་བཟོ་བ་ཤེས་ཙམ་གྱིས་མཐོ་སློབ་པ་ཚོར་ཁ་གཏད་གཅོག་ཐུབ་ས་མ་རེད། ཡང་མིན་ན་མདོ་གདུགས་སྒྲོལ་གསུམ་བཏོན་དང་ཨེ་དགའ། ཧ ཧ ཧ ཧ ཧ ཧ
ངས་ནས་ཀླུ་མཁར་བྱམས་ངོ་མི་ཤེས།ཁོས་བྲིས་བའི་ཆེད་རྩོམ་ཁ་ཤས་ཀློག་མྱོང་མོད།ཡ་མཚར་པོ་འགའ་མཐོང་མ་བྱུང།ཁ་སང་དེང་དུས་བོད་ནང་དུ་ཡོད་པའི་བོད་ཀྱི་མཁས་བ་ཞིག་ལ།དེའི་སྐོར་ལ་སྐད་ཆ་བཤད་དུས།ཁོས་འདི་ལྟར་ལབ་སོང།
༼ཀླུ་མཁར་བྱམས་ལས་འཕྲོས་བའི་རྩོད་པ་ནི་སྙིང་རྗེ་བོ་ཤིག་རེད།ཅི་རེད་ཞེ་ན།དེས་དེང་དུས་བོད་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་དེ་མཚོན་བཞིན་འདུག།དོན་གྱིས་དེའི་རྩོད་རྙོག་ནི་ཀླུ་མཁར་བྱམས་མ་ཡིན་པར།ཀླུ་མཁར་བྱམས་ཀྱི་སློབ་གསོ་དང།ཆབ་སྲིད་ཀྱི་ལྟ་བ་བཅས་མཚོན་བཞིན་ཡོད་པ་རེད།
༼༡༽ཀླུ་མཁར་བྱམས་ནི།རྒྱ་ནག་གི་དམར་པོའི་སློབ་གྲྭ་ནས་་སློབ་གསོ་ཐོབ་ཅིང།དམར་པོའི་ལྟ་བ་འོག་གི་མཚར་ལོངས་བྱུང།དེ་བས་ཁོས་བཤད་སྟངས་དང།ལྟ་བ།ཐ་ན་འགྲོ་སྟངས་ཚང་མ་དམར་པོའི་ལྟ་བའི་ཤན་ཆེན་པོ་འདུག།ཁོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་ཆེ་བའང་དམར་པོའི་སློབ་གྲྭ་སོང་བ་དང།རྒྱ་མིའི་སློབ་གསོ་ཐོབ་པ་ཏན་ཏན་རེད།ཁོ་ཚོའི་ལྟ་གྲུབ་ནང་དུ།ངོ་ལོག་དང།སྙིང་སྟོབས།གཏོར་གཤིག་སོགས་ཀྱི་སྐད་ཆ་ཤིན་ཏུ་མང།
༼༢༽དེ་བཞིན་ཀླུ་མཁར་བྱམས་ལ་ངོ་རྒོལ་བྱ་མཁན་མི་མང་ཆེ་བ་དགོན་པ་ནས་སློབ་གསོ་ཐོབ་པ་དང།ནང་ཆོས་སྤྱང་ནས་ཡོང་བ་ཡིན་ཕྱིར།ཁོ་ཚོའི་ལྟ་བ་ལ་དད་པ་དང།གུས་ཞབས།ཡ་རབས་སོགས་ཀྱི་སྐད་ཆ་ཤིན་ཏུ་་མང།
༼༣༽མཐའ་སྡོམ།རྩོད་རྙོག་འདི།སློབ་གསོ་མི་འདྲ་བ།ལྟ་བ་མི་འདྲ་བ་གཉིས་ལ་བརྟེན་ནས་བྱུང་བ་ཤིག་རེད།༽
ཞེས་བཤད་བྱུང།དྲ་གྲོགས་རྣམས་ཀྱིས་བསམ་མཆར་གསུངས་བར་ཞུ།
ཐུབ་བསྟན་འཇིགས་མེད་ལགས། ཁུག་རྟ་ལ་ཚོགས་ཡོད་པ་མ་རེད། ཚོགས་ཀྱི་བྱེད་ལས་བསྟེན་དགོས་དོན་ཅང་མཐོང་མ་སོང་། ཁྱེད་རང་མཐོ་སློབ་པ་ཞིག་ཡིན་པའི་ཆ་ནས་སྐད་ཆ་ཤོད་སྟངས་དགོས་མོད་ཀྱང་། ང་ལྷོ་ཕྱོགས་གདན་སར་ཞག་གཅིག་ཀྱང་བསྡད་མ་མྱོང་བ་མ་ཟད། ང་ལ་ཁ་ཤོམས་ཤིག་ཡོད་པ་ཁྱེད་ཀྱི་ཁ་ནས་དང་པོ་གོ་ནི་ཡིན། དེ་མིན་ང་གླེན་པ་ཡིན་པར་སྒྲོག་ན་ངས་གླེན་པ་མིན་ཞེས་སྨྲ་རྒྱུའི་སྙིང་སྟོབས་མེད། དེ་ནི་རང་གིས་ནམ་དུས་གང་དུའང་རང་གིས་ཅིག་ཤེས་ཀྱི་ཡོད་རབ་ཀྱི་རྣམ་འགྱུར་ཙམ་ཡང་བསྟན་མ་མྱོང་། བོད་ཡིག་ཐོག་རྩོམ་ཡིག་ཐར་ཐོར་རེ་བྲིས་པ་ཡིན་བསམ་བསམ་ཅིག་ཕྲན་ལ་མེད། གུས་བ་གང་ཡོད་བསམ་གྱི་འདུག་ལབ་ན། ཕ་སྐད་ཐོག་ཡིད་ལ་གང་ཤར་རྣམས་བརྗེད་ངེས་རྐུན་པོས་མི་ཁྱེར་ཕྱིར་བཀོད་ཀྱི་ཡོད་པ་དེ་ཙམ་ཡིན་པས། དེ་དག་གིས་མཐོ་སློབ་པ་ཚོར་ཁ་ཕོག་སྣ་ཕོག་ལྟ་ཞོག ཐུགས་སྣང་གནང་ས་ཞིག་ཡིན་བསམ་བསམ་ཅིག་དྲན་གྱི་མེད།
༼ ༧ རྒྱལ་བ་རིན་པོ་ཆེ་དང་འབྲེལ་མ་འབྲེལ་གྱི་སང་ཉིན་དང་། ནང་དོན་རིག་པའི་ཡ་རབས་སྤྱོད་བཟང་དང་མ་འབྲེལ་བའི་མྱི་དོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ། ལྷ་འདྲེའི་ཤེད་ཤུགས་མེད་པའི་སྤྱི་ཚོགས་ཤིག་ཡོང་རྒྱུ་བཅས༽་ནི་ཀླུ་བྱམས་ཀྱིས་གཞུང་ལུགས་མ་ཡིན་པར། ཚིག་དུམ་རེ་གཡུག་བཞག་པ་དག་གི་ཡིད་ལ་བརྣག་པའི་འདོད་དོན་ཡིན་སྟབས། ཁ་སང་ང་ཁོ་སར་བཅར་སྐབས་ཀྱང་དེ་དག་ལ་ཞིབ་རྒྱས་ཉན་འདོད་ཡོད་ཞུས་པ་ལྟར། ཁྱེད་ཚོ་དག་གིས་དེ་དག་བློས་གཅུན་མི་ཐུབ་པར་སེམས་པ་ངའི་རྣམ་རྟོག་ཡིན་པ་གོང་ཞུས་ལྟར་ཡིན་ལ། རྣམ་རྟོག་སེལ་ཆེད་ཀྱང་གོང་ཞུས་ལྟར་ཡིན་ལགས།
དྲ་ཐག་དང་རྩོམ་ཡིག་དེ་གཉིས་ལ་ཁོམ་ལོང་རེ་བྱུང་ན་ངེས་པར་དུ་ལྟ་ངེས་ཡིན་ལགས། དེ་ཙམ་གྱིས། ཁྱེད་ཚོས་ལོ་གསར་སྐྱིད་པོ་ཞིག་རོལ།
ཤེས་དང་མ་ཤེས་ཀྱི་དབྱེ་བ་ང་མི་གཙོ།།
འཁོར་དང་དཔུང་ཚོགས་ཀྱི་ཇུས་བཀོད་ངས་མི་འདིང་།།
དོན་གནད་མི་གཏོང་བར་འཇུ་བའི་གཤིས་ལུགས་འདི།།
མཁས་བླུན་སུས་ཡིན་ཡང་ཤར་ཕྱོགས་ཁུག་རྟ་དགའ།།
ཕ་སྐད་གཅིག་པུ་འདིས་མི་ཚེ་ཕུད་དགོས་ཀྱང་།།
ནོངས་དང་ངོ་ཚ་ཞིག་ཁུག་རྟ་སྐྱེས་རབས་མེད།།
སྐད་ཆ་ཐུང་ཐུང་རེ་གཡུག་ནས་འགོར་དྲགས་པས།།
ཀླུ་ཡི་སྐྱག་ལངས་འདི་ཁུག་རྟས་བསྐྱུར་རྒྱུ་མིན།།
འཁོར་དང་སློབ་ཚོགས་ཀྱི་གཡུལ་ངོ་བཤམས་ཀྱང་རུང་།།
ལས་འགུལ་ཚོགས་པ་ཡིས་དམོད་མོ་བྱས་ཀྱང་རུང་།།
དགའ་ཉེ་སྙིང་གྲོགས་ཀྱིས་སྐུར་བ་བཏབས་ཀྱང་རུང།།
ཁུག་རྟའི་གཤོག་ཟུང་འདི་ཇེ་རྣོ་ཇེ་རྣོ་ཡིན།།
སང་ཉིན་ཉི་ཤར་གྱི་རྩེ་མོ་ལོ་གསར་རེད།།
རྟགས་དང་རྟེན་འབྲེལ་ལ་དགའ་བའི་ཁུག་རྟ་ངས།།
ཀླུ་ཡི་སྙོག་གླེང་ལ་ཕ་ཡིག་མི་འབྲི་བས།།
ཉི་མ་རེ་ཤོས་ལ་ཁྱེད་ཚོས་གང་སྨྲས་ཆོག།
ཀླུ་མཁར་བྱམས་ཀྱི་དེབ་ཐོན་པ་ལ་དགའ་བསུ་ཡོད། ཁོང་ནི་ཕྱིའི་རྒྱལ་ཁབ་ཁག་གི་ནང་(་ཧྥ་རན་སི)(འོས་ཊ་ལེ)ལྗར་མིན་སུའི་བོས་སི་སོགས་ཀྱི་ནང་ཚོགས་འདུ་ནང་ཐང་གཉིས་ལ་ཕེབས་ནས་ཕྱིར་རྒྱ་གར་ལོག་པ། འདིའི་ཁོང་རང་ཁོ་ནའི་ཆེད་མ་ཡིན་པར་སྤྱི་སེམས་དང་སེམས་ཤུགས་ཅན་ཡིན་པ་ཤེས། སྤྱིར་མདོ་སྨད་ཚང་མི་དེ་འདྲ་ཡོད་པ་ཉུང་ཉུང་ཡིན། དཔེར་ན། འགའ་ཤེས་སོ་སོའི་མདུན་ལམ་གཅིག་བུ་བསམ་ནས་བོད་སྤྱི་བའི་འགན་ཁུར་བ་ཕར་བཞག། སྤྱི་འཐུས་ནང་དགོངས་པ་མ་ཞུས་ནས་ཕྱི་རྒྱལ་ལ་བྲོས་འགྲོ་བ། ལ་ལ་དགོངས་པ་ཞུས་ནས་འགྲོ་བ། ལ་ལ་ད་ལྟའི་སྤྱི་འཐུས་ཀྱི་་མིང་ཁུར་ནས་ཆུ་ཡོད་ས་དང་རྩྭ་ཡག་ས་འཚུལ་ནས་ཕྱི་རྒྱལ་ལ་འགྲོ་ནས་བསྡད་བཞིན་ཡོད། འདི་ཚོ་གི་གྲང་འདི་འདེམས་པ་ནི་མདོ་སྨད་མི་མང་གི་ནོར་འཁྲུལ་སོང་ཚར་བས་ལྟ་ས་ཞིག་རེད། ད་སྤྱི་འཐུས་འོས་མ་ནོར་བ་བྱེད་དགོས། ཀླུ་བྱམས་ཕྱི་རྒྱལ་ནས་མ་བསྡད་པར་ཕྱིར་རྒྱ་གར་ལོག་ཡོངས་བ་དེ་ལྟ་ན། ཁོང་ནི་སྤྱི་སེམས་ཅན་སེམས་ཤུགས་དང་སྙིང་སྟོབས་ལྷག་སེམས་རྣམས་དག་པ་ཞིག་རེད་བསམ་ཡོད། ཀླུ་མཁར་བྱམས་ལགས། ལོ་གསར་ལ་བཀྲ་ཤེས་བདེ་ལེགས་ཞུ།
ཤར་ཕྱོགས་ཁུག་མིང་ཅན་གྱི་དྲ་འབུ་ཡིས།།
ཀླུ་ཡི་མཁར་རྫོངས་གཏོར་རྒྱུའི་སྤོབ་པ་དེ།།
སྟེང་ཕྱོཊ་ལྷ་ཡིས་གནང་ངམ་མི་ཡིས་གནང།།
ཀླུ་མཁར་སྨུག་པོ་རྩེག་སྟངས་རྡོ་ཡི་གྲུབ།།
ཀླུ་རྒྱལ་འཁོར་ན་བདེན་པའི་དམག་གིས་བསྐོར།།
ཀླུ་བྱམས་རྒད་པོ་བདེན་པའི་རྭ་གྲུ་མངའ།།
ཀླུ་རྒན་ཁ་ན་གནས་ལུགས་འགལ་རྫེས་མང།།
ཤ་ཕྱོགས་ཁུག་ལོས་སྤགས་བཙོག་མ་བཟོ་མིན།།
ཁུག་རྟའི་གཤོགས་ཟུང་རླུང་གིས་འཁུར་ན་ཐང།།
ཁུག་རྟའི་གཡུ་ལོའི་སྐྱེལ་ཚལ་ཅོམ་ཡང་སྲིད།།
ལྷབ་མ་ལྷུབ་ཀྱིས་འཕུར་ལམ་མི་ཆོད་ན།།
ཀྱ་མ་ཀྱོར་གྱིས་ཐན་སྐད་མ་སྒྲོགས་རོགས།།
ཀྱུར་ཀྱུར་མགྲིན་ངག་སྙན་མོའི་ངལ་གསོ་རེ།།
ཀྱོར་ཀྱོར་རྣ་བའི་བྱ་བརྒྱའ་ཀུན་ལ་ཉོན།།
ལོ་གསར་རྟེན་འབྲེལ་བྲེལ་བའི་ཁུག་རྟ་ལ།།
ལོ་གསར་འཚམས་འདྲི་ཞིག་ཀྱང་ཞོར་ནས་ཞུ།།
ལོ་གསར་བའི་ནང་ཚང་མས་ཀླུ་མཁར་བྱམས་ལས་འཕྲོས་པའི་དགག་སྒྲུབ་འདི་སྐྱ་སེར་རིག་གཞུང་གི་ཚད་མཐོ་ས་ནས་གླེང་སློང་བྱེད་འོས་པར་མ་ཟད། བོད་མིས་ཇི་ལྟར་རང་དབང་ལེན་ཐབས་ཀྱི་རྟོགས་སད་ཀྱི་ཆ་ནས་གླེང་སློང་བྱེད་དགོས་ཀྱི་འདུག་པས། ཕན་ཚུན་བར་ཚིག་བཙོག་དང་མཚང་འདྲུ་བ་སོགས་མི་གནང་བར་རེ་བ་ཡོད་ལ། ལོ་གསར་བའི་ནང་གཏམ་གསར་བ་ཞིག་ནས་འགོ་འཛུགས་བྱེད་པར་ཚང་མས་ཧུར་ཐག་བྱེད་རོགས།
དྲ་གྲོགས་ལྷན་རྒྱས་ལ་ གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ་།།།།།
༄། །དྲ་དེབ་འདིར་བམ་ཀློག་འཁྱུག་ཙམ་བྱས་བར་ཀླུ་མིང་ཅན་ལ་རྒྱ་ཞད་ཆེ་ཙམ་ཤོར་ཡོད་པ་ངེས་བྱུང་། འོ་འདི་ནའང་རྒྱ་དམར་གྱི་དར་དམར་འོག་ནས་འཚར་བའི་བོད་མིང་ཅན་བོད་ཀྱི་རིག་གཞུང་དང་བཟང་གོམས་ཀྱི་དྲི་མ་ཡལ་ནས་རིག་པ་ཅོལ་ཆུང་ཞིང་ཁ་ནས་གང་བྱུང་གི་འཆལ་གཏམ་སྨྲ་བ་ཞིག་འདུག་པ་ལ་སྙམ་དུ་བསམ་ཞིང་། བོད་ཀྱི་ཉི་ཟླ་རྣམ་གཉིས་ལའང་ཇི་མི་སྙམ་པའི་འབོད་སྟངས་དང་གླེང་སྟངས་ཀྱིས་གངས་ཅན་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་རྒྱ་ཆེ་ས་དང་གཏིང་ཟབ་སའི་བྱུང་རབས་ལ་རྒྱུས་མེད་སྣང་ཆུང་དང་ཁྱད་གསོད་བྱས་དྲགས་པར་མཐོང་ཞིང་། འདི་འདྲའི་ཅོལ་ཆུང་ཀླད་མེད་ཀྱི་རིགས་ཁ་ལ་སྒོ་མེད་པ་ཁ་ཤས་ཕྱི་ན་ཡོད་པར་བློ་ཕམ་ཡོད། སྙིང་རྗེ། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ །ཞེས་པ་དེར་གདའ། བོད་སར་རྒྱ་དམར་གྱིས་རོ་ཡི་རི་བརྩིགས། ཁྲག་གི་མཚོ་བསྐྱིལ། གཞུང་དམངས་གཞིས་བྱེས་གཉིས་སུ་གཏོར་ནས་ཆགས་འཇིག་གི་གཉན་འཕྲང་བརྒྱུད་པའི་རིང་། སྐྱབས་མགོན་ཉི་ཟླ་རྣམ་གཉིས་ཀྱིས་ཐུགས་སྟོབས་བླ་ལྷག་ཏུ་བསྐྱེད་དེ་ཐུགས་བརྩོན་ལམ་སྟོན་དང་དབུགས་འབྱིན་འགྲན་ཟླ་མེད་པ་གནང་འབྲས་སུ། བོད་མི་རིགས་རིག་གཞུང་གི་སྲོག་ཟུངས་ཆད་ལ་ཉེ་བ་སླར་གསོས་ཏེ་བསྟན་པ་ཡང་དར་དང་བོད་རིགས་བསྐྱར་དར་གྱི་སྐལ་བ་ཅུང་ཟད་ཐོབ་པ་ལགས་ཤིང་ཆོལ་ཁ་གསུམ་པོའི་རྩམ་ཟན་ཡོངས་རྫོགས་དུས་ཡུན་རིང་པོར་ཡོད་མ་མྱོང་པའི་ཆིག་སྒྲིལ་མཉམ་རུབ་ཀྱི་དུས་སྐབས་ཤིག་ལ་བཀྲིས་དང་བཀྲི་བཞིན་པའི་མཚམས་འདིར་ཕུང་ཀྲོལ་གྱི་གཏམ་འཛེམ་མེད་དུ་ཕྱུང་སྟེ། མཐར་མགོ་བདེ་དྲན་འཕྲུལ་གྱིས་ཡིག་ཚང་དུ་བཅར་སྐབས། ༧སྐུ་སྒེར་དྲུང་ཡིག་ཆེན་མོས། ཁྱེད་ཀྱིས་རྒྱ་ནག་དང་གཅིག་པའི་བཤད་ཕྱོགས་བྱས་རྐྱེན་དགོངས་སེལ་ཞུ་ཡུལ་མི་མང་ཡིན་ཞེས་གསུངས་འདུག་པ། དེའི་ཚད་དུ་གཏོང་བའི་སྙིང་ཁམས་ཆེ་བ་ལའང་། གཞིས་སྲུང་མི་མང་གི་ངོས་ནས་ངན་པ་ལང་ཤོར་འདིའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པར་མ་ཟད། རང་གཞུང་སྤྱི་འཐུས་ཀྱི་འོས་མིར་ལྟ་ཅི། དགུ་བཅུ་གསུམ་ཚོགས་གཞོན་ནས་ཀྱང་ཕྱིར་འཐེན་བྱེད་མི་འོས་སམ།
བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ནི་ཁྱོད་ཀྱི་ཞིང་ཁམས་ཡིན། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཞེས་སོགས་ལུང་དོན་དང་མཐུན་པར་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་གུ་རུ་པད་འབྱུང་། ས་པཎ། རྒྱལ་དབང་སྐུ་ཕྲེང་སོགས་ཀྱི་རྣམ་པས་བོད་མིའི་དོན་གྱི་བདག་པོར་བཞེངས་ནས་བོད་འབངས་བསྐྱངས་བའི་བཀའ་དྲིན་སྐུ་དྲིན་གླེང་མི་དགོས་པར། ༧ གོང་ས་མཆོག་གི་སྐུ་རིང་འདིར་བོད་ལ་ཅི་ཙམ་གྱི་སྐུ་དྲིན་ཆེ་བ་འཛམ་གླིང་ཀུན་གསལ་ཉི་མ་ལྟ་བུ་ལའང་། རྩོམ་ལུད་དུ། དེ་རིང་གི་ཏྰ་ལའི་བླ་མ་དང་་་་་་སང་ཉིན་གྱི་རེ་བ་བརྒྱག་སོ་མིན་སྟབས། བགྲེས་ཡོལ་གྱི་སྐད་ཆ་འདི་གསར་འགྱུར་ཙམ་ཞིག་ལས། བོད་ཀྱི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག ་་་་ཅེས་སོགས་མཐོང་ཆུང་དང་ཟུར་ཟ་ཁྱད་གསོད་ཀྱི་བརྗོད་བབས་རྗེས་ཟློས་བྱེད་དཀའ་བ་འདི་ལྟ་བུ་དག་ང་ཚོ་ལ་གཏན་ནས་མི་འགྲོ ཁྱི་ཁ་ཚུམས། ཁྱོད་རང་ཤི་ས་ཨ་ཚོགས་ན་ཡོད་དམ།
བགྲེས་ཡོལ་གྱི་སྐད་ཆ་གླེང་སྐབས་འདི་གའི་མི་མང་ཕལ་ཆེ་བར་སྙིང་ལ་ཙག་ཤེད་དང་བཅས་མིག་ལ་མཆི་མ་འཁོར་བཞིན་ཡོད་པས། སྤྱི་འཐུས་ལྷན་ཁང་ནས་ཀྱང་གལ་སྲིད་བོད་མིའི་དོན་གྱི་བདག་པོ ༧ གོང་ས་མཆོག་གི་བགྲེས་ཡོལ་ཐད་བཀའ་བགྲོས་གནང་དགོས་ཤར་ཚེ། མ་མཐར་ཡང་གལ་ལ་ཐུག་ཚེ་༧ གོང་ས་མཆོག་གིས་སྲིད་འཛིན་གྱི་བླ་ན་མེད་པའི་སྐུ་དབང་བསྐྱར་བཞེས་ཡོང་བའི་གསོལ་འདེབས་ཞུས་ཆོག་པའི་ལམ་ཁ་ཞིག་ཅིས་ཀྱང་དགོངས་མངའ་ཞུ།
རྡོ་རྗེ་གོ་ཁར་ལྷུང་ན་བྱིས་པས་རྩེད་ཆས་བྱེད་པའི་དཔེ་ལྟར། མང་གཙོའི་ལམ་ལུགས་དེའང་གཤིས་ཡོན་དཔལ་འབྱོར་ཚད་ལོངས་ཀྱི་སྤྱི་ཚོགས་ཤིག་ལ་མ་གཏོགས། དགྲ་འདྲེའི་རུ་འཛིང་ཞིང་ཀླད་མེད་ལང་ཤོར་གཅིག་བརྗེད་གཉིས་སྟོར་ཕྱི་རྫིག་ནང་སྟོང་གི་ན་གཞོན་མང་བའི་བོད་ལ་ནི་ཧ་ཅང་གཟབ་གཟབ་བག་ཡོད་གནང་གལ་ཆེ་བར་མཐོང་ངོ་།།
ཁར་གཏད་སྐབས
ཀླུ་མཁར་བྱམས་སྐོར་ལ་དཔེ་དེབ་ཅིག་བཏོན་པ་དེ་མི་མང་གི་མིག་མདུན་དུ་བཀྲམ་ནས་།
ཚང་མས་བལྟ་ཐུབ་ན་ཡག་པོ་འདུག
ཐུགས་རྗེ་ཆེ།
ཁར་གཏད་སྐབས ཞེས་པའི་ཡིག་ལྷག་ཤོར་འདུག་པ་གསུབ་འཚལ།
རྡོ་རྗེ་འབར་བ་ཟེར་མཁན་སོགས་ཀྱིས་ཀླུ་མཁར་བྱམས་ལ་རྒྱ་ཞེད་ཆེ་ཙམ་ཡོད་ཚུལ་བསྙད་ཀྱི་འདུག འོ་ན། རྒྱ་ནག་གི་རྩ་ཁྲིམས་འོག་ལ་འགྲོ་མཁན་ཚོར་རྒྱ་ཞེད་མེད་པ་རེད་དམ། ལན་འདི་དཔོག་ན་མཁས་པ་ཡིན།
ཉན་པ་རྣ་རིང་གིས་བཤད་པར་གནས་ལུགས་ཆེན་པོ་འདུག ༼ཀླུ་མཁར་བྱམས་ཀུན་གླེང༽གཤམ་གྱི་དྲ་ཚིགས་འདི་ནས་བདེ་བླག་ངང་ཀློག་ཐུབ་ཀྱི་འདུག
http://newbook.blog.com/
ཉིན་ཤས་རིང་ཁ་བརྡར་མ་འཛུལ། དེ་རིང་གྲོགས་པོ་ཞིག་གིས་ཁ་པར་ནང་ནས་རྩོམ་ཡིག་འདིའི་སྐོར་བཀླགས་ཡོད་མེད་དྲིས་སོང་བས། ལམ་སེང་ཅིག་བལྟས་པ་ཡིན། ངོ་མ་ལས་ཀ་ཡག་པོ་ཞིག་རྩོམ་འདུག རྒྱབ་སྐྱོར་ཡོད། མདོ་སྨད་གཞོན་སྐྱེས་ཚོས་ངོས་ནས་ཀླུ་མཁར་བྱམས་སྤྱི་འཐུས་འོས་མིར་གདམ་རྒྱུ་ནི་མི་རང་ཚུགས་ཅན་དག་གི་མ་འོངས་པའི་མདུན་ལམ་ལ་རག་ལས་པ་ཞིག་རེད། ངེས་པར་ཏུ་སྤྱི་འཐུས་ལ་འདེམས་རོགས་གནང་།
ཨོ་ད། སངས་རྒྱས་བཀྲ་ཤིས་ཟེར་བ་འདི་ངས་གསལ་བོར་ཤེས་ཀྱི་ཡོད། ཁོ་རང་ཚུགས་ཡོད་མེད། ག་རེ་བྱེད་མིན། སུ་ཇ་སློབ་གྲྭ་ནས་དཔེ་མཛོད་ཁང་བར་གྱི་མཛད་པ་འཕྲིན་ལས། དེ་ནས་འདི་ག་ཨ་རིའི་ཕྱོགས་ཚང་མ་གླེང་བ་ཡིན་ན། རང་ཚུགས་མ་ཚུགས་ཀྱི་སྐད་ཆ་འདི་སུས་ཤོད་ཆོག་མིན་ཀུན་གྱིས་མཁྱེན་ངེས་ཡིན།
ཁུག་རྟས་ཞེ་འཁོན་ཞེ་བཅངས་ཀྱི་སྐད་ཆ་ཞིག་བཤད་པར་བསྙད་པ་དེར་འགྲེལ་བཤད་ཅིག་ངེས་པར་དུ་ཡོང་ན་ལེགས། ཁྱོད་འདྲ་བ་ཞིག་གི་སྟེང་ལ་ངས་ཞེ་འཁོན་དང་ཞེ་བཅངས་ཀྱི་རྣམ་པ་དེ་འཛིན་དོན་མེད། དོན་དངོས་ཀྱིས་སྐད་ཆ་ཞིག་བཤད་ན། ངས་ཁྱེད་ཅག་གི་ཁྱི་བཤད་འདིའི་སྐོར་ལ་ཐེ་ཇུས་བཤད་འདོད་མེད། དེའི་སྟབས་ཀྱིས་མཐུན་སྒྲིལ་དང་ཞི་འཇམ་ལ་རེ་བའི་སྐད་ཆ་ཁ་ཤས་བཤད་པ་ནི་བདེན་པ་ཡིན།
ཡང་གཅིག་བཤད་ན། ཉོག་དྲ་འདིའི་ཞོར་དུ་དམིགས་ཡུལ་གཞན་ཞིག་བཅིངས་ནས་ང་ཡང་དོང་རིམ་པ་འགའི་འོག་ཏུ་གཡུག་འདོད་ན་ལྟད་མོའི་ཆོ་ག་རིམ་གྱིས་བསྟན་ཆོག དེ་ཡིན། འདི་ནི་ང་གནམ་ལྕགས་ཀྱིས་ང་རྒྱལ་དང་སྤོབས་པས་བསྒྲགས་པ་ཡིན། ཁ་བཤད་དོན་ལ་གནས་ངེས།
གནམ་ལྕགས་ཀྱི་མཆན་ ༤༤ པ།༼ དོན་མེད་ལོག་གཏམ་གྱིས་སྤྱི་ཚོགས་ལ་མི་ཕན། ང་རྒྱལ་ཁོང་ཁྲོ་ཡིས་སྤྱི་ཚོགས་ལ་མི་ཕན། ཕྲག་དོག་མིག་སེར་གྱིས་སྤྱི་ཚོགས་ལ་མི་ཕན།
གཞི་མེད་དཀྲོགས་གཏམ་གྱིས་སྤྱི་ཚོགས་ལ་མི་ཕན། ཁྱི་སྤྱང་ངན་འབྲེལ་གྱིས་སྤྱི་ཚོགས་ལ་མི་ཕན། ས་འོག་དར་འཐག་གིས་སྤྱི་ཚོགས་ལ་མི་ཕན།
སྐད་ཆ་དྲང་མོར་ཤོད། རང་རྒྱལ་གཞན་ཕམ་གྱིས་སྤྱི་ཚོགས་ལ་མི་ཕན། ཁ་ཡག་ངོ་བསྟོད་ཀྱིས་སྤྱི་ཚོགས་ལ་མི་ཕན། ཕུ་དཀྲུག་མདའ་དཀྲུག་གིས་སྤྱི་ཚོགས་ལ་མི་ཕན། ༽འདི་འདྲ་སུས་བྱེད་ཀྱི་འདུག་ལབ་ཡོང་ན། རྒད་པོ་ཁོང་ཚོར་བའི་སྟེང་ཕྱིན་ཚུལ་གསལ་ཡོང་གི་རེད། ཚོར་བ་དེ་འདྲ་ཞིག་སྐྱེས་དགོས་དོན་ག་རེ་རེད་དམ་ཟེར་ན། ཁོ་ལ་ཞེ་འཁོན་ཞིག་ཡོད་པ་ལྟ་བུ་འདུག་ཅེས་དཔྱད་པ་བྱེད་དགོས་ཀྱི་འདུག་སྟབས། ཁུག་རྟས་ཞེ་འཁོན་ཞེ་བཅངས་ལྟ་བུ་སྦྱར་བ་དེ་ངས་དོན་ལ་གནས་བར་སེམས།
ཡིན་ནའང་། ངས་ཁུག་རྟ་ལ་སྤྲེལ་ལད་འཁྲབ་དགོས་དོན་མེད། ངས་ཁོང་མི་ཤེས་ལ། ཁོང་གིས་ངའང་མི་ཤེས།
ཁ་སང་གི་མཆན་རྣམས་རིམ་བཞིན་འདིར་བཀོད་ཆོག སྐབས་དེར་སུས་ཡག་པོ་བྱུང་ན་བསམ་གྱི་ཡོད་མེད་ཁ་བརྒྱ་མིག་སྟོང་གིས་གསལ་བཤད་བྱེད་པར་ངས་བསམས།
ཨ་རོ། ལྷ་ཆབ་སྦྱིན་པ་ལགས། ང་དྲ་ངོས་འདིར་མཆན་བུ་འདེབས་མཁན་ཚོས་ནང་ནས་འགན་ཁུར་མཁན་ཞིག་ཡིན། ཚིག་ཉོག་གཅིག་ཀྱང་བྲིས་མ་མྱོང་། དེ་རིང་ཁྱེད་ལ་ཤོད་རྒྱུ་གཅིག་ནི།
འཇིགས་སྐུལ་མ་འཐེན་ཞེས་བཤད་འདོད་བྱུང་།
ལྷ་ཆབ་སྦྱིན་པས་དངོས་གནས་སྐད་ཆ་ཞིག་ཤོད་ཀྱི་ཡིན་ན།
ཀླུ་མཁར་བྱམས་ཀྱི་བྱ་སྤྱོད་སྤྱི་དང་། ཁྱེད་ནས་ཝང་ལི་ཞུང་དང་ཁོ་ཚེ་ཚུལ་ཁྲིམས་གཉིས་ལ་བཙུགས་པའི་ནག་ཉེས་ཞིབ་བསྡུར་གྱིས་བགྲོ་གླེང་བྱས་ཆོག
ཁོ་ཚེ་ཚུལ་ཁྲིམས་དང་ཝང་ལི་ཞུང་གཉིས་ཀྱང་མི་ཞིག་ཡིན་སྟབས་ལྷ་ཆབ་སྦྱིན་པས་ཁྱི་བཤད་མ་ཡིན་པར་འདོད་པའི་ནག་ཉེས་བཙུགས་པ་རེ་རེར་བགྲོ་གླེང་བྱེད་ཆོག ཡིན་ནའང་། གསལ་བོ་བཤད་འདོད་པ་ཞིག་ནི། ཁྲིམས་མཐུན་ཡིན་མིན་གླེང་སྐབས་ངེས་པར་དུ་ཁུངས་སྐྱེལ་དགོས་པ་དེ་མ་བརྗེད་ཅིག དེ་ནས་ཁོ་ཚེ་དང་ཨ་མཆོག ཧོར་གཙང་། བླ་བྲང་སོགས་ནས་ཚུལ་ཁྲིམས་ངོས་འཛིན་གནང་སྟངས་ག་འདྲ་ཡིན་མིན་གསལ་བོ་ཆགས་ཐུབ་རེ་ཡོད།
མེ་ཏོག་མ་འདིས་ག་དུས་ཡིན་ཡང་། གནད་འགག་ཅིག་གླེང་གི་འདུག ཁོ་ཚེ་ཚུལ་ཁྲིམས་དང་ཝང་ལི་ཞུང་གཉིས་ལ་བཙུགས་པའི་ནག་ཉེས་དེ་ད་དུང་ཞིབ་འཇུག་བྱེད་རྒྱུ་ཏན་ཏན་འདུག ང་ཚོས་ལྷ་ཆབ་སྦྱིན་པ་ཟེར་བ་དེས་འགོ་ཚོས་མ་ཚོས་ཀྱི་སྐད་ཆ་བཤད་པ་དེར་ཟེར་གྱི་མེད། སྤྱིར་བཏང་བོད་ཕྱི་ནང་གཉིས་དང་། རྒྱ་རིགས་གྲོགས་པོ་ཚོའི་ལྟ་སྟངས་བཅས་ཀྱི་ཐད་ནས། ཆབ་སྲིད་ཀྱི་གནས་ཚད་ལོངས་པ་ཞིག་གི་སྒང་ནས་ཁོང་གཉིས་ལ་ངོས་འཛིན་བྱས་མེད། ཝང་ལི་ཞུང་གིས་ལྷ་ཆབ་སྦྱིན་པས་གདོང་ལ་གཏད་ནས་༼ སྐད་ཆ་དེ་གང་ནས་ཡོང་སར་དེ་ཕྲིས་ཞེས་༽ལན་བསྐྱོན་སྐབས། ལྷ་ཆབ་སྦྱིན་པ་ཁུ་སུམ་མེར་བསྡད་པ་རེད། ཉིན་མོ་དེར་བོད་གཞུང་ལྷག་པ་ཚེ་རིང་ཚོགས་ཁང་དུ་མི་མང་པོས་གནད་དོན་དེར་དོ་སྣང་དམིགས་བསལ་བྱས་ཡོད་པ་རེད།
མེ་ཏོག་མ་དང་རིན་པོ་ཆེའི་མིང་འཛིན་པ་དག་ལ་ཞུ་རྒྱུར། ཁྱེད་ཅག་ལ་གནས་ལུགས་དང་རྒྱུ་མཚན་འདང་ངེས་ཤིག་ཡོད་བསམ་གི་ཡོད་ན། ངོ་གདོང་གསལ་བོ་བྱོས་དང་ག་ལེར་གླེང་ཆོག དེ་མིན་ངོ་གདོང་མི་མངོན་པའི་ཡི་དྭགས་ཀྱི་རིགས་ཁྱེད་ཅག་དང་དུས་ནམ་ཡང་རྩོད་པ་རྒྱག་གི་མིན།
ཁྱེད་ཅག་གིས་སྐྱག་ལབ་རྒྱག་རྒྱུ་མ་སྔ་ན་ལེགས། ཁྱེད་ཅག་ལ་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཤིག་མེད་པ་མ་ཟད། མི་དང་ངོ་གདོང་བསྟན་ནས་ལབ་གླེང་བྱེད་རྒྱུའི་བློ་ཁོག་ཀྱང་མེད་ན་ཁ་རོགས་སྡོད།
ངས་ཁྱེད་ཅག་ལ་མཐའ་མའི་བསྒྲགས་གཏམ་ཞིག་བྱ་ཆོག ཁྱེད་ཅག་གིས་ང་གནམ་ལྕགས་ལ་ངེས་པར་དུ་གླེང་མོལ་བྱས་ཏེ་མཐར་སྐྱེལ་འདོད་ན་ངོ་གདོང་ཕྱི་ལ་མངོན་ཞོག ངས་དུས་ནམ་ཡང་འདྲེ་སྐད་བཤད་མི་ཤེས་ལ་ཉན་ཀྱང་མི་ཤེས།
ཨོ། ངས་བཤད་རྒྱུ་ཞིག་བརྗེད་འདུག
ངས་ཁ་ཉིན་གྲི་དང་མདུང་བཟུང་ནས་གསོད་རེས་བྱོས་ལབ་པ་བདེན་པ་རེད། མི་ལ་དོན་མེད་དུ་སྒྲོ་བཏགས་དང་བསྐུར་བ་བཏབ་ནས་སྙིང་ནད་མི་སངས་པ་ཞིག་ཡོད་ན། དོན་མེད་ཀྱི་ཉོག་བཤད་དེས་ཕན་གི་མ་རེད་ལབ་པ་ཡིན། དེ་ངས་བཤད་པ་ཡིན་ལ། མི་མཐུད་ནས་དེའི་སྒང་ནས་འདུག་གི་ཡིན།
མིའི་སྟེང་ལ་མ་དགའ་ན་དྲ་ཐོག་ཏུ་ཡོང་ནས་དེར་གཞི་མེད་ཀྱི་སྐྱོན་འཛུགས་བྱས་པ་ནི་ཆེས་སྐྱུགས་བྲོ་བའི་ལས་ཀ་རེད་ཟེར་འདོད།
ད་ཉོག་གཏམ་འདིར་སུན་གི
ཁྱེད་ནས་གནམ་ལྕགས་བཏགས་པ་ཡི་དྭགས་མིན་པར་ང་ཚོས་སྨྱུག་མིང་བཏགས་པ་ཡི་དྭགས་ཡིན་ན་སྐྱོན་མི་འདུག ཁྱེད་ལ་སྨྱུག་མིང་ལྷ་ཆབ་ཟེར་བ་ཞིག་ཡོད་བཞིན་དུ་གནའ་ནས་གནམ་ལྕགས་འདི་སྤྱད་པ་མཐའ་དག་ལ་ངས་ཡི་དྭགས་ཟེར་གྱི་མིན། བློ་བདེ་བྱོས།
མིང་བཏོན་མ་བཏོན་ལ་ཁྱད་པར་མི་འདུག ཁྱེད་ཀྱི་ངག་ནས་གང་བརྡོལ་བ་མཐའ་དག་ལ་རྒྱུ་མཚན་ཡོད་ན་དེ་གས་འགྲིག གོང་དུ་རིན་པོ་ཆེ་དང་། མེ་ཏོག་མ་སོགས་ཀྱི་སྐད་ཆའི་ནང་རྫུན་མ་ག་རེ་འདུག
༡ ཁྱེད་ནས་རྒྱ་ཝང་ལི་ཞུང་ཉུལ་མ་རེད་མ་བཟོས་སམ།
༢ ཁོ་ཚེ་ཚུལ་ཁྲིམས་ཀྱང་རྒྱལ་བཙོང་བ་རེད་ཅེས་མ་བྲིས་སམ།
༣ རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཁྱེད་ལ་ཡོད་ན། ༼ ཀླུ་བྱམས་ཀྱི་དོལ་རྒྱལ་སྐོར་གསལ་འགྲེལ་བྱེད་རོགས། ཆུང་སྲིད་ངོས་འཛིན་འོལ་ཚོད་ཡིན་པ་གསལ་འགྲེལ་བྱེད་རོགས། ༽
༤ ཁྱེད་ད་དུང་རིག་པའི་གཞུང་ལུགས་ཟེར་རྒྱུ་ཡ་མི་ངའམ། རིག་པའི་གཞུང་ལུགས་ཁྱེད་ལས་ལྷག་ཅིག་དོན་དམ་པས་ཁོ་ཚེ་ཚུལ་ཁྲིམས་ཚང་གི་འཆད་ཡོད་པ་རེད། ཁོང་གི་བྱས་རྗེས་དང་ནོར་འཁྲུལ་བསྡུར་ན། རྒྱལ་བཙོང་བ་འདོག་དགོས་དོན་འདུག་གམ།
༥ ཀླུ་མཁར་བྱམས་ལྷ་རུ་མཐོང་ནས་ཁོ་ཚེ་ཚུལ་ཁྲིམས་རྒྱལ་བཙོང་བར་མཐོང་དོན་ག་རེ་ཡིན་ནམ།
ལན་རེ་རེར་བསྐྱོན་དང་། རིག་པའི་གཞུང་ལུགས་ཡོད་མེད་ཁ་བརྒྱ་མིག་སྟོང་གིས་ཐག་གིས་གཅོད་ཀྱི་རེད།
ངས་ཁོ་ཚེ་ཚུལ་ཁྲིམས་དང་ཝང་ལི་ཞོན་གཉིས་ཀྱི་ཐད་ནས་སྐབས་དེར་གསལ་བཤད་གསལ་གསལ་ཐིང་ཐིང་བྱས་ཡོད། གལ་སྲིད་ཁྱོད་ལ་དགོས་མཁོ་ཡོད་ན་སྐབས་དེའི་གནས་ཚུལ་ལ་ལྟོས།
གཞན་ངས་ཁྱོད་དང་རྩོད་པ་རྒྱག་དོན་མེད་ཅེས་གོང་དུ་བཤད་ཟིན། དེ་མིན་དངོས་གནས་ཐག་ཆོད་ཅིག་བྱ་འདོད་ན་ཁ་ཐུག་གིས་ཁ་པར་ཐོངས་ཞོག 9805693893 འདི་ཡིན། གདོང་དང་གདོང་ཐུག་ནས་གནས་ལུགས་སུར་ཡོད་ཐག་གཅོད་བྱ་ཆོག དེ་མིན་ང་རྒན་མོའི་ཅོ་འཛིང་ལ་ཉོབ་ཀི ཁྱོད་སྐྱིད་ཀྱང་ང་ཉོབ་ཀི
གནས་ལུགས་ཚང་མ་ལྐོག་ལྐོག་སུད་སུད་ཀྱིས་མི་ཡོང་བ་ངས་ཧ་གོ་ཡོད། དེ་དོན་སེམས་ལ་ཟུངས།
གཉིས་སྨན་དབུ་མའི་ལམ་དེ་མཐར་མ་ཐོན་གོང་ལ། ཀླུ་མཁར་བྱམས་ཀྱི་ལོ་རྒྱུས་རི་བོང་ཅལ་་སྒྲོགས་ཀྱི་ཚུལ་དུ་དེབ་ཐོན་བྱུང་བ་ནི། བོད་མི་ཧ་རེ་ཧུ་རེ་དེ་ཚོར། དབུ་མའི་ལམ་གྱི་ཕན་ཡོན་མི་ཤེས་པ་དང་། བོད་ནང་པཎ་ཆེན་༸སྐུ་གོང་མའི་བོད་ཡིག་དར་རྒྱས་ལས་འགུལ་ལ་ཕམ་ཉེས་བྱུང་བ་ལྟར།
སླར་ཡང་༸གོང་ས་མཆོག་གི་དབུས་ལམ་ལ་ཡང་། བར་ཆད་མི་ཡོང་བའི་ངེས་པ་མི་འདུག དེས་ན། ཚང་མས་དགོངས་པ་གཟབ་གཟབ་བཞེས་གནང་མི་དགོས་སམ།
ཀླུ་བྱམས་སྐོར་གྱི་གནས་ཚུལ་གང་དུ་བཀོད་ཀྱང་། དེ་དང་དེ་རུ་འཁྲུག་འཛིངས་ཀྱི་ཐུག་པ་འཁོལ་གྱི་འདུག ད་འདི་ཡག་པོ་རེད་ཟེར་དགོས་སམ། སྡུག་ཅག་རེད་ཟེར་དགོས། དངོས་གནས་ཡག་པོ་ཡོད་ན་གཞན་གྱིས་ཡིད་སྨོན་དང་། བསྟོད་བཀུར་བསྔགས་གསུམ་བྱེད་པ་ལས་འདི་ལྟ་བུའི་ཁ་རྩོད་དྲག་པོ་བྱེད་དོན་མེད་སྙམ། དོན་དངོས་ཀླུ་བྱམས་འདི་པ་རང་གི་རྒྱུད་ཚོད་རང་གིས་མི་ལོན་པ་ཞིག་དང་། བོད་མི་དམངས་ལ་ཚོད་དཔག་བྱེད་མི་ཤེས་མཁན་ཞིག་རེད་འདུག ཁྱེད་རང་ལ་འདི་ལྟ་བུའི་སྙིང་ཁམས་ཤིག་ཡོད་ན་རྒྱ་ཡི་གནར་གཅོད་ལ་སྐྲག་ནས་བྱོལ་དགོས་དོན་ཅི་ཡིན།
བོད་ཆགས་འཇིགས་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་མཁན་གྱི་སྐྱེས་བུ་གཅིག་རང་ལས་མེད་འདི་ཤེསད་པར་བྱོས་ཤིག ཁྱེད་རང་ལྟ་བུས་སྐྱེས་ཆེན་དམ་པ་ལ་ཅོ་འདྲི་བ་འདི་སྲིན་འབུ་མེ་འཁྱེར་གྱིས་ཉི་མའི་འོད་ལ་འགྲན་པའི་ངང་ཚུལ་ལས་མ་འདས་པས་དེ་དོན་ཤེས་པར་གྱིས།
ཨ་རོ་གྲོགས་ཤར་ཕྱོགས་ཁུག་རྟ། ཁྱེད་ནས་དྲུང་ཆེའི་བཀའ་མོལ་དེ་ཁུངས་སྐྱེལ་བྱེད་དགོས་ས་རེད། དེ་ཙམ་གྱིས་འགྲིག་གི་མ་རེད། མ་གཞི་སྐུ་ཉིད་མཛད་བྲེལ་ཡིན་ན།
ཨ་རོ་དྲ་གྲོགས་ཚོ། འདི་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ་གཉིས་ཀྱི་རྩོད་གཞི་མ་རེད། དངོས་གནས་རྡ་སའི་ཨམ་ཕྲུག་ཡི་གེ་ཁྱ་ཁྱོག་འབྲི་མཁན་ཚོས་གང་ཟག་གཉིས་ཀྱི་ཨབ་ཕྲུག་བྱས་བསྡད་པས་ཕན་ཐོག་ཅི་ཞིག་འདུག་གམ། དེ་བས་ང་ཚོས་སྐད་ཆ་ངོ་མ་བཤད། སུས་ཤོད་ཀྱི་འདུག་མིན་གྱིས་དོན་དག་ཞིག་གསལ་ལེར་སྟོན་ཐུབ་ཀི་རེད། ང་གོང་ནས་ཞུས་པ་བཞིན་ཀླུ་བྱམས་ལ་དྲི་བ་གཏོང་མཁན་གྱི་གྲས་ཡིན།
ཡིན་ནའང་། ང་ཤར་ཕྱོགས་ཁུག་རྟ་མིན། ཧཧཧཧ ད་དཀའ་ལས་ལ།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།