གསལ་ལེ་རྒྱལ།
བྱ་དེ་ནི་ཨ་ཁུ་ཚང་གི་ཁ་ཟས་ཡིན་ལ་ཚོང་རྫས་ཀྱང་ཡིན།
ལོ་དེར་ཨ་ཁུ་ཚང་གི་བྱ་དེ་ལ་འདྲེ་ཤིག་ཡོད་པའི་སྐད་ཆ་ཞིག་ཕྱི་ལ་ཐོན་པ་དང་སྐད་ཆ་དེ་རླུང་གིས་མི་འཁུར་བའི་ཆེད་དུ་ཨ་ཁུ་ཚང་གི་ནང་གྲོས་བྱས། སྙིང་ཉེ་བ་དག་གིས་རང་རང་གི་ཀླད་པ་ཤུགས་ཀྱིས་དཀྲུགས། ལ་ལས་ཨ་རིའི་ཆེད་མཁས་པ་སྐད་བཏང་ན་ལེགས་པའི་བསམ་ཚུལ་བཏོན་ནའང་དེ་ལ་ཨ་སྐོར་ས་ཡ་གཅིག་དང་ཕྱེད་ཀའི་འགྲོ་སོང་ཡོད་པས་”ཁུར་བོ་ལས་ཁུར་ཐག་ལྕི་”བའི་དཔེར་བཞིན་དུ་གྱུར།
ཚང་མ་ཐབས་ཟད་དེ་མགོ་སྒུར་ནས་བསྡད། གློ་བུར་ཏུ་ཨ་ཁུ་དགེ་ལེགས་ཀྱིས་དགོན་པའི་འགྲོ་སྟངས་བཞིན་”བྱ་སྤུ་གནོན”་བྱས་ན་ལེགས་པའི་ལམ་སྟོན་གནང་མོད།
མི་ལ་ལས་དེའི་དོན་མ་གོ་བར་འགྲེལ་བཤད་བྱས་ཏེ་མཐའ་མར་ཚང་མར་དེ་དོན་ལ་གྲོས་མཐུན་བྱུང་།
ཨ་ཁུ་དགེ་ལེགས་ཀྱིས་དགོན་པའི་འགྲོ་སྟངས་བཞིན་ཉམས་མྱོང་ལྡན་པའི་ངང་ནས་བྱ་སྤུ་ཡུན་གྱིས་མནན་ཏེ་བཟང་ཕྱོགས་ཀྱི་རྣམ་པ་ཅུང་ཙམ་མངོན་ནའང་། མི་སྐྱ་ཕོ་མོ་ཚོར་ཉམས་མྱོང་གིས་མ་འདང་པར་ཤུགས་ཀྱིས་མནན་ཏེ་བྱ་སྤུ་ཚང་མ་བཀོགས་ནས་བྱ་དེ་གཅེར་བུར་ཕུད། ཐག་རིང་ནས་བལྟས་ནའང་མཐོང་ཐུབ་པའི་འདྲེ་ཤིག་ཆེན་པོ་བཅུ་ཡར་རྒྱུག་མར་རྒྱུག་བྱས་པས་ཟླ་བ་སྒྲོལ་མ་སྐྲག་ནས་སྐད་བརྒྱབས། དུས་དེ་ནས་བཟུང་སྐྲག་སྣང་གིས་མོས་རང་གི་སྐྱེས་ལོ་སྐྱེས་ཚེས་ཀྱང་མི་དྲན་པར་གྱུར།
མི་མང་པོ་རུབ་ནས་བྱ་དེ་ལ་སྤུ་མེད་པའི་རྒྱུ་མཚན་དྲིས། ཨ་ཁུས་ཚ་བ་ཆེ་དྲགས་ནས་སྤུ་མ་བཏོགས་ན་བྱ་དེ་ལ་གནོད་ཀྱིན་འདུག་ཅེས་རྫུན་བཤད།
ཨ་ཁུ་ཚང་གིས་བྱ་ཤ་ད་དུང་མུ་མཐུད་དུ་བཙོང་པས་ཚོང་དཔོན་ནག་ལྡིང་གིས་ཁྲིམས་ལ་གཏུགས་ནས་ཨ་ཁུ་ཚང་ལ་ཁྲིམས་ཁང་གི་ཁྲིམས་ཆད་ཕོག ཁྲིམས་ལ་གཏུགས་ནས་ཤོར་རྗེས་ཨ་ཁུ་ཚང་གིས་དེ་ནི་ལས་འབྲས་དང་མི་མཐུན་པས་ང་ཚོས་ལྷ་ལ་གཏུགས་གི་ཡིན་ཞེས་སྐད་བརྒྱབས།
གསལ་ལེ་རྒྱལ་ལགས། སྙན་ཐག་ཆོད་འདུག
གད་མོ་ཞིག་ཤོར་སོང་། འོན་ཀྱང་སྤྱི་ཚོགས་ལ་བསམ་ན་ད་ནི་རྟ་རྒྱུགས་ཚར། རྡུལ་ཡལ་ཚར་བས། མེ་སྟག་ལ་ཕུ་མ་བརྒྱབ་ན་ལེགས་པར་སྙམ། འུ་ཚང་གི་གནས་ཁང་གཞོག་རལ་གཡར་མ་འདི་ཡང་མེས་འཚིག་འགྲོ་ན་ཐང་།
བྱ་སྤུ་གནོན་དང་རྟ་སྤུ་གྱེན་ལངས་ཟེར་བའི་ཐ་སྙད་དེ་ཚོ་བོད་ས་མ་ཤོར་སྔོན་དུ་སྡེ་གཞུང་སྐུ་དྲག་གི་མི་མང་ལ་དབང་བསྒྱུར་བྱེད་པའི་
ཐ་སྙད་ཞིག་ཡིན་པ་ལས་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་བྱ་
སྤུ་གནོན་ཟེར་བ་དང་རྟ་སྤུ་གྱེན་ལངས་ཟེར་བའི་ཐ་སྙད་དེ་དག་བོད་ཀྱི་སྐད་ཡིག་རིག་པའི་ཐ་སྙད་ཀྱི་གྲལ་ནས་དགོང་པ་གཏོང་འོས་པའི་ཕན་མེད་ཀྱི་ཐ་སྙད་ཞིག་ལ་ངོས་འཛིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིིན་ཞུས་ན་མ་འགྲིག་པའི་ཉེས་པ་གང་ན་ཡོད
།
ཉེས་པ་བཅུ་འདུག་གསུངས་སོང་།།
ཁྲིམས་ལ་གཏུག་ཤོག་གསུངས་བྱུང་།
ཁྲིམས་ཀྱི་དཔྱད་ཁྲ་འབྱོར་དུས།།
སྡུག་ཁག་ལས་ལ་བཀྲིས་སོང་།།
མཐུན་སྒྲིལ་དགོས་འདུག་མཁན།།
མང་ཚོགས་མ་དཀྲིག་གསུང་མཁན།།
འགན་འཁྲི་རང་ལ་བབས་དུས།།
ཁྲིམས་ཁང་ཤར་ལ་གཡུག་མཁན།།
སྤྱི་ཚོགས་ཁ་ལ་ཁྱེར་ནས།།
འགན་འཁྲི་རྒྱབ་ལ་གཡུག་ནས།།
ཁྱི་སྤྱང་མཉམ་འབྲེལ་བྱས་པས།།
བསམ་གདོང་བཀའ་ཁག་དྲན་བྱུང་།།
རང་གི་རྐུབ་ལྕགས་བསམ་ནས།།
སྐུ་ངོ་ཞལ་རོགས་བཞུགས་དུས།།
དྲང་གཏམ་གསུང་མཁན་གཅིག་པུ།།
ཚོགས་གཙོ་པད་འབྱུང་གནང་བྱུང་།།
ཞལ་རོགས་བཞུགས་ཞེས་པ་ནི་གསུང་མི་འབྱོན་པར་ཁ་ཁུ་སུམ་པོ་འདུག་པར་གོ
ཉེས་པ་བཅུ་འདུག་གསུངས་སོང་།།
ཁྲིམས་ལ་གཏུག་ཤོག་གསུངས་བྱུང་།
ཁྲིམས་ཀྱི་དཔྱད་ཁྲ་འབྱོར་དུས།།
སྡུག་ཁག་ལས་ལ་བཀྲིས་སོང་།།
མཐུན་སྒྲིལ་དགོས་འདུག་མཁན།།
མང་ཚོགས་མ་དཀྲིག་གསུང་མཁན།།
འགན་འཁྲི་རང་ལ་བབས་དུས།།
ཁྲིམས་ཁང་ཤར་ལ་གཡུག་མཁན།།
སྤྱི་ཚོགས་ཁ་ལ་ཁྱེར་ནས།།
འགན་འཁྲི་རྒྱབ་ལ་གཡུག་ནས།།
ཁྱི་སྤྱང་མཉམ་འབྲེལ་བྱས་པས།།
བསམ་གདོང་བཀའ་ཤག་དྲན་བྱུང་།།
རང་གི་རྐུབ་ལྕགས་བསམ་ནས།།
སྐུ་ངོ་ཞལ་རོགས་བཞུགས་དུས།།
དྲང་གཏམ་གསུང་མཁན་གཅིག་པུ།།
ཚོགས་གཙོ་པད་འབྱུང་གནང་བྱུང་།།
ཞལ་རོགས་བཞུགས་ཞེས་པ་ནི་གསུང་མི་འབྱོན་པར་ཁ་ཁུ་སུམ་པོ་འདུག་པར་གོ
ཉེས་པ་བཅུ་འདུག་གསུངས་སོང་།།
ཁྲིམས་ལ་གཏུག་ཤོག་གསུངས་བྱུང་།
ཁྲིམས་ཀྱི་དཔྱད་ཁྲ་འབྱོར་དུས།།
སྡུག་ཁག་ལས་ལ་བཀྲིས་སོང་།།
མཐུན་སྒྲིལ་དགོས་འདུག་གསུང་མཁན།།
མང་ཚོགས་མ་དཀྲིག་གསུང་མཁན།།
འགན་འཁྲི་རང་ལ་བབས་དུས།།
ཁྲིམས་ཁང་ཤར་ལ་གཡུག་མཁན།།
སྤྱི་ཚོགས་ཁ་ལ་ཁྱེར་ནས།།
འགན་འཁྲི་རྒྱབ་ལ་གཡུག་ནས།།
ཁྱི་སྤྱང་མཉམ་འབྲེལ་བྱས་པས།།
བསམ་གདོང་བཀའ་ཤག་དྲན་བྱུང་།།
རང་གི་རྐུབ་ལྕགས་བསམ་ནས།།
སྐུ་ངོ་ཞལ་རོགས་བཞུགས་དུས།།
དྲང་གཏམ་གསུང་མཁན་གཅིག་པུ།།
ཚོགས་གཙོ་པད་འབྱུང་གནང་བྱུང་།།
ཞལ་རོགས་བཞུགས་ཞེས་པ་ནི་གསུང་མི་འབྱོན་པར་ཁ་ཁུ་སུམ་པོ་འདུག་པར་གོ
བྱ་སྤུན་གནོན་གྱི་སྒྲུག་འཛུགས་མང་དོན་གཉིས་མཚུངས་འདུག་ཧཧཧཧ
སྙན་པ་ལ་དཔེ་རེད།
སྙན་པོ་བཀྲ་མོ་གདའ།
བྱ་སྤུ་གནོན་ཚོ་༼བཀའ་ཤག༽ བྱ་སྤུ་མེད་པ་བཟོས་སོང་། བྱ་དམར་ཧྲང་མ། ཧཧཧ