སྤོབས་པ་མཐའ་ཡས།
ཉིན་འདི་ནི་བྱང་ཆུབ་སེམས་དཔའ་ཡེ་ཤུ་བ་ཡི་འཁྲུངས་སྐར་དུས་ཆེན་རེད། ལོ་སྔོན་མ་རྣམས་སུ་དུས་ཆེན་འདི་བཏང་ན་ཡང་གཏོང་ལུགས་མ་ཤེས། མ་བཏང་ན་དགོས་ཕན་མ་མཐོང་ནས་དུས་ཆེན་ཁྱད་པར་ཅན་འདི་ཉིད་རང་གི་བློ་དང་འཚམས་པ་ཞིག་བྱ་མ་ནུས། ད་ལོར་དེ་ལས་ལྡོག་སྟེ། བདུན་ཕྲག་རེ་འགའི་སྔོན་ནས་གྲ་སྒྲིག་བྱས། དེ་རིང་ཕྱི་དྲོར་ངས་རང་གི་མཆོད་བཤམ་མདུན་དུ་ཤིང་སྡོང་སྤུས་ལེགས་ཤིག་བཤམས། ཤིང་སྡོང་དེ་ཡང་ཁོར་ཡུག་འབྱུང་ཁམས་ལ་གནོད་པའི་གད་རྙིགས་མི་སྣོན་པའི་ཆེད་དུ་ཤིང་སྡོང་ངོ་མ་ཆུང་ངུ་ཞིག་ཉོས། དེ་ལ་ཡང་ཡུལ་ལུགས་དང་མཐུན་པའི་ལྷ་དང་ལྷ་མོའི་གཟུགས་རིས། སྐར་མ། རིན་པོ་ཆེའི་སྒྲོམ་བུའི་དོད་སྣ་ཚོགས། གློག་སྒྲོན་གྱི་ཕྲེང་བ་ཁྲ་ཆིལ་དགུ་ཆིལ་གྱིས་དཀྲིས། ཤིང་སྡོང་གི་རྩ་བར་གྲོགས་པོ་ཁྱིམ་མཚེས་ཚོར་འབུལ་རྒྱུའི་ལེགས་སྐྱེས་རྔན་པའི་སྒམ་ཆུང་སོགས་བྱུར་བུར་སྤུངས། སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ཞིག་གི་འགྲམ་དུ་བྱང་ཆུབ་སེམས་དཔའ་ཡེ་ཤུ་བ་རྒྱོངས་ཤིང་ལ་དྲངས་ནས་མྱ་ངན་ལས་འདའ་བཞིན་པའི་སྐུ་བརྙན་ཞིག་ཀྱང་བཤམས། བོད་ལུགས་གསེར་ཀོང་མར་མེ་དང་ཡོན་ཆབ་བདུན་ཚར་སོགས་ཀྱང་གཙང་ཞིང་འགྲིགས་པར་བཤམ། ཡུལ་ལུགས་ཀྱི་ལེགས་སྐྱེས་རྔན་པའི་སྒམ་ཆུང་གཉིས་དར་ཐག་གིས་བཅིངས་པའི་ནང་དུ་ཅོག་སྦྲང་འགའ་བླུགས་ཏེ་སྟོན་པ་རྣམ་གཉིས་ལ་སང་ཉིན་སྔ་མོར་འབུལ་ཆེད་དུ་བཤམས། དེའི་མདུན་དུ་ཤྭ་བ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་བཞུགས་པའི་ཡབ་ཆེན་སན་ཏྲའི་སྐུ་བརྙན་ཕྲག་ལ་ལེགས་སྐྱེས་རྔན་པའི་ཁུག་མ་ཆེན་པོ་ཞིག་ཁུར་བ་རྒྱལ་བ་ཤཱཀྱ་ཐུབ་པ་དང་བྱང་ཆུབ་སེམས་དཔའ་ཡེ་ཤུ་བ་གཉིས་ལ་གུས་པས་འབུལ་བ་སྐྱེལ་དུ་ཕེབས་བཞིན་པའི་ཚུལ་གྱིས་བཤམས། ཡབ་ཆེན་སནྟྲ་འདི་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པར་ཐེ་ཚོམ་མེད་དེ་འདིའི་གཟུགས་རིས་སམ་འགུལ་གཟུགས་གློག་བརྙན་མཐོང་བ། ཐ་ན་མིང་ཐོས་པ་ཙམ་གྱིས་ཀྱང་བྱིས་པ་ཚང་མའི་སེམས་ལ་དགའ་བ་དང་བདེ་བའི་སྣང་བ་ཚད་མེད་པ་སྐྱེད་ཅིང་སྤྱོད་ལམ་ལེགས་པོས་ལོ་ཁྱུད་མོར་ཁོང་ལ་དགའ་ཞིང་སྒུག་པར་བྱེད།
ཁོང་གི་རྣམ་ཐར་ལ་དཔྱད་མཁན་ལ་ལས་བྱང་ཆུབ་སེམས་དཔའ་ཡེ་ཤུ་ནི་གསང་བའི་སྒོ་ནས་རྒྱ་གར་དུ་ཕེབས་ཤིང་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལ་བསླབས་ནས་ལོ་བཅུ་བདུན་ཙམ་ལ་བཞུགས་ཚུལ་ཡང་བཤད། ཨུ་རུ་སའི་གསར་འགོད་པ་ནོ་ཏྲོ་ཝེཏ་ཆི་ཟེར་བས་༼རྟོགས་པར་མ་ནུས་པའི་ཡེ་ཤུ་ཡི་སྐུ་ཚེ་༽ཟེར་བའི་དེབ་ཀྱི་ནང་དུ་དེའི་སྐོར་ཞིབ་པར་བྲིས་ཡོད། ད་དུང་བྱང་ཆུབ་སེམས་དཔའ་ཡེ་ཤུ་རྒྱ་གར་ཕྱོགས་སུ་ཕེབས་པའི་སྐོར་གྱི་རྣམ་ཐར་ཡིག་ཆ་མང་པོ་ཞིག་ནི་ཁ་ཐོ་ལིག་གི་གདན་ས་ཆེན་པོ་ཝ་ཏྲི་ཀན་གྱི་གསང་བའི་ཡིག་ཆའི་ཁྲོད་དུ་ཉར་ཡོད་ལུགས་ཀྱང་བཤད། ལ་ལས་ནི་བྱང་ཆུབ་སེམས་དཔའ་ཡེ་ཤུ་འཁྲུངས་པའི་དུས་སུ་ཤར་ཕྱོགས་ནས་ཤེས་རབ་ཅན་གྱི་མི་གསུམ་མཇལ་དུ་སླེབས་ཤིང་མངའ་གསོལ་གཟེངས་བསྟོད་མཛད་མཁན་དེ་དག་ནི་སངས་རྒྱས་པའི་སློབ་དཔོན་ཞིག་གིས་བཏང་བ་རེད་ཀྱང་ཟེར། ལ་ལས་ནི་རྗེ་བཙུན་བྱམས་པ་མགོན་པོ་དང་ལ་ལས་ནི་འཕགས་པ་ཨརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རའི་སྤྲུལ་པ་ཡིན་ཡང་ཟེར། བྱེ་ཐང་དུ་བསམ་གཏན་ལ་བཞུགས་སྐབས་བདུད་ཀྱི་བར་ཆད་ལས་རྒྱལ་བ། བསམ་གཏན་དེ་ལས་ལྡངས་ཤིང་བདེན་པའི་གཏམ་ཀྱིས་འགྲོ་བ་འདྲེན་པའི་མཛད་པ་བསྟན་པ་མཛད་པ་མང་པོ་ཞིག་སྟོ་ན་པ་ཤཱཀྱ་ཐུབ་པའི་མཛད་པ་དང་མཚུངས་པ་དེ་དོན་དངོས་ལ་བྱང་ཆུབ་སེམས་དཔའ་ཡེ་ཤུ་ཡིས་སྟོན་པ་ཤཱཀྱཐུབ་པའི་རྣམ་ཐར་གསུངས་པ་དེ་རྗེས་སུ་སློབ་མ་ཚོས་ཡེ་ཤུ་རང་གི་རྣམ་ཐར་ལ་འཁྲུལ་བ་ཡིན་ནམ་ཡང་ཟེར། ལས་རྒྱུ་འབྲས་འཆད་པའི་བརྗོད་ཚིག་སོགས་ཀྱང་སངས་རྒྱས་ཀྱི་གསུངས་དང་ཆེས་མཚུངས་པ་ཡིན་འདུག གལ་སྲིད་བྱང་ཆུབ་སེམས་དཔའ་ཡེ་ཤུ་རྒྱ་གར་དུ་ཕེབས་མེད་ན་ཡང་ཁོང་དང་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ཀྱི་བར་ལ་འབྲེལ་བ་ཡོད་པ་མི་སྲིད་པ་ཞིག་གཏན་ནས་མིན། སྐབས་དེར་ནི་རྒྱ་གར་ནུབ་ཕྱོགས་སུ་ཐེག་པ་ཆེན་པོའི་ཆོས་དར་ཞིང་རྒྱས་པ་དང་། དབུས་ཤར་ཨེ་ཤ་ཡའི་ཡུལ་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་ཆོས་ཀྱི་ཕོ་ཉ་སླེབས་པའི་དཔང་རྟགས་མང་པོ་ཡོད་དོ།། ལྷག་པར་ཡང་སྐབས་དེར་བྱང་ཆུབ་སེམས་དཔའ་ཡེ་ཤུའི་འཁྲུངས་ཡུལ་དང་ཁད་ཉེའི་ཡུལ་ལུང་མང་པོ་ཞིག་ལ་ཐེག་པ་ཆེ་ཆུང་གི་ཆོས་དར་ཡོད། ཡེ་ཤུའི་ཆོས་གཞུང་ནས་བཤད་པའི་དམ་པའི་སེམས་Holy spiritཞེས་པ་དེ་ནི་སངས་རྒྱས་པའི་ཆོས་གཞུང་ལས་བསྟན་པའི་བྱང་ཆུབ་ཀྱི་སེམས་དང་དོན་གཅིག དེ་ནི་སངས་རྒྱས་པ་དང་ཡེ་ཤུའི་ཆོས་གཞུང་གཉིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་སྙིང་རྗེ་དང་ཤེས་རབ་ཟུང་དུ་འབྲེལ་བ་ཞིག་ཡིན་དགོས་པར་འགྲེལ།
ཕྱི་དྲོ་འདིར་ང་རང་ཉིད་འབོལ་སྟེགས་སྟེང་དུ་ལྷོད་པོར་བསྡད་ནས་མཆོད་བཤམས་ཤིང་སྡོང་ལ་དཀྲིས་པའི་ཁ་ཏོག་སྣ་ཚོགས་ཀྱི་སྣང་བ་ལམ་མེར་བཀྲ་བའི་གློག་སྒྲོན་གྱི་ཕྲེང་བ་དང་མཆོད་བཤམ་དེ་ལ་བལྟས་ནས་ཡུན་རིང་ཙམ་བསྡད། མིའི་རིགས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་དུ་སྐྱེས་བུ་དམ་པ་དེ་དག་གི་སྐུ་ཚེ་ནི་སྐར་མདའ་བཞུད་པ་བཞིན་དུ་སྐལ་པ་བཟང་བའི་མི་ཆེས་ཉུང་ངུ་རེ་མ་གཏོགས་ཞིབ་ལྟ་བྱེད་པའི་གོ་སྐབས་རག་མེད། ཡིན་ན་ཡང་འདི་ལྟ་བུའི་སྐྱེས་བུ་སྙིང་སྟོབས་ཀྱི་བདག་པོ་རེ་རེའི་བདེན་པ་སྨྲ་བའི་བཟི་བརྗིད་དང་མཐའ་མེད་པའི་བྱིན་རླབས་ཀྱི་ནུས་ཤུགས་ལ་བརྟེན་ནས་མི་ལོ་སྟོང་ཕྲག་དུ་མ་འདས་པའི་དེ་རིང་གི་དུས་འདིར་ཡང་སྐྱེ་བོ་ཇི་འདྲ་མང་པོ་ཞིག་གི་སེམས་ལ་ཞི་བདེའི་ཚོར་བའི་དབུགས་དབྱུངས་དང་འཛམ་གླིང་ཞི་བདེའི་ལམ་དུ་ཁྲིད་བཞིན་ཡོད་པར་ཐག་ཆོད། སྐབས་འདིར་བདག་གི་སེམས་ན་ཡང་རང་རྒྱལ་གཞན་ཕམ་དང་། འཚོ་བའི་སེམས་ཁྲལ། ལས་ཀའི་གནོན་ཤུགས་སོགས་ཀྱི་གདུང་བ་མཐའ་དག་བག་ལ་ཉལ་གྱི་རང་བཞིན་དུ་གྱུར། སེམས་ཀྱི་ཆགས་སྡང་ཞི་བ་དང་། ཞེ་བློ་གཏིང་ནས་བདེ་བ། སེམས་ཅན་གཞན་ལ་མཐའ་མེད་ཅིང་རིས་སུ་མ་ཆད་པའི་སྙིང་རྗེས་བསམ་པ་དུང་དུང་ངེ་བ་ཞིག་སྐྱེས་པ་དེའི་ངོ་བོར་ཡུན་རིང་ཙམ་བསྡད། བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པ་དང་བྱང་ཆུབ་སེམས་དཔའ་ཡེ་ཤུ་བ་གཉིས་ཀྱི་ཡོན་ཏན་དང་། སྙིང་སྟོབས། མཁྱེན་རྟོགས། མཛད་རྗེས་སོགས་ཀྱང་དྲན་པས་གསལ་བཏབ། བྱང་ཆུབ་སེམས་དཔའ་ཡེ་ཤུ་བ་དང་ཁོང་གི་རྗེས་འཇུག་པ་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཕན་པ་དང་བདེ་བའི་མཛད་པ་རླབས་པོ་ཆེ་བྱས་དང་བྱེད་བཞིན་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་བའི་དགེ་རྩ་བསགས། རང་ཉིད་ཀྱང་སྟོན་པ་ཤཱཀྱ་ཐུབ་པ་དང་བྱང་ཆུབ་སེམས་དཔའ་ཡེ་ཤུ་བ་བཞིན་དུ་བདེན་པ་དང་། འཚེ་བ་མེད་པ། སྙིང་རྗེ། བཟོད་པའི་སྙིང་སྟོབས་ཀྱི་བདག་ཉིད་དུ་གྱུར་ནས་གཞན་གྱི་དོན་དུ་རྒྱལ་སྲིད་དང་ལུས་སྲོག་འདོར་བ་ལ་ཡང་ཉམ་ང་མེད་པར་འགྱུར་བའི་སྨོན་ལམ་བཏབ།
དེ་ནི་ངས་བྱང་ཆུབ་སེམས་དཔའ་ཡེ་ཤུ་བའི་འཁྲུངས་སྐར་དུས་ཆེན་བཏང་སྟངས་ཡིན། གོ་སྐབས་འདི་བཟུང་ནས། ངས་ཡངས་པའི་ས་ཆེན་པོ་འདིའི་ཁྱོན་ན་འཁོད་པའི་བྱང་ཆུབ་སེམས་དཔའ་ཡེ་ཤུ་བ་ཡི་རྗེས་འཇུག་པ་ཡོངས་ལ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ།
གོང་གསལ་ཡིག་ཉོག་འདི་ཕྱེད་ཙམ་ཞིག་ལས་བཀླགས་མ་འདོད། རྒྱུ་མཚན་གང་ཞེ་ན་བྱང་ཆུབས་སེམས་པའི་དོན་གང་ཡིན་མི་ཤེས་པའི་མི་བུ་ཞིག་གིས་ཡེ་ཤུའི་སྟོན་པ་ལ་བྱང་སེམས་ཀྱི་ཆོ་ལོ་བཏགས་སྟངས་འདིར་དགོད་མོའི་རྒྱུ་ལས་དེ་མིན་ལེགས་ཆ་རྡུལ་ཕྲན་ཙམ་ཡང་མེད་པ་མངོན་གསལ་རེད། སྤྱིར་ཆོས་ལུགས་དད་མོས་ནི་རང་དབང་ཡིན་རུང་། ཡིན་ཡང་མགོ་སྟོང་ཁ་ཤས་ནི་གསར་འགྲོགས་ལ་དགའ་ཆེ་བའི་དབང་གི་ཉ་ཉུང་མཉམ་བསྲེས་ལྟ་བུའི་ཚུལ་འཆོས་འདྲ་མིན་ནི་ཁོང་ཚོས་དུས་རྒྱུན་དུ་རང་ཉིད་ཀྱིས་གཟི་བརྗིད་ཞིག་ལ་ཁེངས་རློམ་ཆེ་ནས་རང་གིས་ཕ་མེའི་ཆོས་ལུགས་ལས་ཀྱང་ཕྱི་ཆོས་ལ་དུང་བ་ཆེ་དྲག་པ་དང་། ཡང་ན་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཚོས་མིག་སྔར་ཚུལ་འཆོས་རེ་འཁྲབ་ནས་དངུལ་དངོས་ཞིག་འཐོབ་རེ་འཆང་བཞིན་པ་ནི་གོང་གསལ་མི་བུ་འདི་དག་གི་ནང་དུ་ཉུང་ཤས་ཡང་ཡོད། །
་སྤོབས་པ་མཐའ་ཡས་ཀྱིས་ཡེ་ཤུའི་སྟོན་པ་འཁྲུངས་སྐར་ལ་རོལ་སྟངས་ཡག་པོ་བྱས་འདུག་
ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན།།
ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་།།
བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ།།
དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག།
ཞེས་པའི་སྨོན་ཚིག་འདི་གསུང་པ་པོ་སུ་ཡིན་མི་ཤེས་རུང་ཞལ་འདོན་ཀུན་གྱི་མཇུག་ཏུ་སྐྱོར་གི་ཡོད།
མངོན་རྟོགས་རྒྱན་གྱི་མཆོད་བརྗོད་དུ།
འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་འཇིག་རྟེན་དོན་སྒྲུབ་མཛད་པ་གང།།ཞེས་པའི་བྱང་སེམས་འཕགས་པའི་ལམ་ཤེས་དང་ལྡན་པས་ནི་རྣམ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པའི་བཞེད་དོན་སྒྲུབ་བྱེད་གཙོ་བོ་དེ་ཡིན་པར་གསུངས་འདུག །
བྱང་ཆུབ་སེམས་དཔའ་ཡེ་ཤུ་ཞེས་ཡེ་ཤུ་དེ་བྱང་ཆུབ་སེམས་དཔའ་ཡིན་ཤག་གཞི་བཞག་བྱས་པ་དེ་ཁྱད་མཚར་གཅིག་མིན་འགྲོ།
སྤོབས་མཐའི་རྩོམས་འགོ་མཐོང་ཙམ་གྱིས་བལྟ་ཉན་མ་འདོད། མ་གཞི་ནས་ཁོང་རང་བསྡད་ས་དབྱིངས་ལནཌ་ལ་བསྡོད་ཡུ་་རིང་ནས་ཕལ་ཆེར་ཡེ་ཤུ་ལ་འགྱུར་ཡིན་རྒྱུ་རེད། དེ་ལ་དགག་བྱ་མེད། འོན་ཀྱང་ཁོ་ནི་རང་གི་ཕ་མྱེས་ཀྱི་ཆོས་རིག་དུག་ཏུ་བལྟས་ཏེ་ཨང་གསར་གྱིས་མི་ཚེ་གཅིག་ལ་ཆོས་ལུགས་འདྲ་མིན་དུ་འགྱུར་འགྲོ་བ་ནི་མི་བུ་བརྟན་པོ་ཞིག་གཏན་ནས་མ་རེད།
ཡེ་ཤུའི་སྟོན་པ་བྱང་ཆུབ་སེམས་དཔའ་ཡིན་ཚུལ་དང་བོན་སྟོན་གཤེན་རབ་དེ་ཙམ་དུའང་མིན་ཚུལ་རྒྱུ་མཚན་གཏན་ཚིགས་དགོད་དགོས། དེ་མིན་གོང་བཤད་མཆན་བུ་བས་བྲིས་པ་ལྟར་དངུལ་དངོས་ཕྲན་བུ་དང་སྦྱིན་བདག་གི་ངོ་སྲུང་སྤྲེལ་ལད་འཁྲབ་པ་ཙམ་ཞིག་ཏུ་མཐོང།
མ་དམིགས་པའི་གཏན་ཚིགས་བརྗོད་པའི་སྐབས་གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་བྱའོ། །བཟུང་བར་བྱེད་ན་ཉམས་པར་གྱུར་ཏ་རེ། ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་ཡིན་མིན་ཡང་ལུས་ངག་གི་བྱ་སྤྱོད་ལས་དཔོག་དགོས་པར་གསུངས་ཏེ། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།རིགས་ནི་མཚན་མ་དག་ལས་ཤེས།།ཞེས་སོ། ། བྱང་ཆུབ་སེམས་དཔའ་ཡིན་ན་བོད་པ་ཡིན་དགོས་པའི་ངེས་བ་མེད་དེ། སྤྱོད་འཇུག་ལས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།།སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།།གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ།།བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།།ཞེས་པ་ལྟར་གོ་དགོས་སོ།།སུ་ཞིག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཁྲུངས་ན་དེ་བྱང་ཆུབ་སེམས་དཔའ་རེད། ཕན་སེམས་བཟང་པོ་སུ་ཞིག་ཡོད་ན་དེ་ལ་རྗེས་སུ་ཡི་རང་བྱ་དགོས་པ་རེད། མི་རིགས་ལ་ཁྱད་པར་མེད་དོ།།
མ་དམིགས་པའི་རྟགས་ཤེས་ནས་རྟགས་འགོད་མཁན་མང་པོ་ཡོད་འོན་ཀྱང་དེ་ལག་ལེན་བྱེད་མཁན་ཧ་ཅང་གིས་དཀོན།
དེ་ལྟར་ན་རྒྱ་དཔོན་དེ་ཚོའང་མི་བུ་ཅི་ཞིག་ཡིན་མིན་སུས་ཐག་ཆོད་བྱེད་ནུས་སམ།
དེ་ལྟར་ན་ཆོས་ལུགས་གཅིག་གིས་གཅིག་ལའང་ངན་སྨྲས་ཇི་ལྟར་བརྗོད་ནུས་སམ།
ལྷག་པར་ཏུ་ཡེ་ཤུའི་སྟོན་པ་དམར་གསོད་བཏང་བའམ་གནམ་བཏགས་བྱེད་སའི་གློག་བརྙན་དེ་ཚོ་ནི་བལྟ་བ་ལའང་མི་བཟོད་པ་ཞིག་འདུག། ངོ་མ་བྱང་ཆུབ་སེམས་དཔའ་བ་ཞིག་ཡིན་ན་དེ་ལྟའི་གནས་ཚུལ་ཞིག་འབྱུང་མི་སྲིད།
ཨ་རོ་ཨ་རོ། ཁྱོས་ཆི་ཟིག་འདྲ་ཞིག་བྲིས་བཞག་གི། རེད་རེད། ཁ་གཡར་ས་རེ་ཡོད་དུས་ཡོད་དུས། སྐྱིད་པོ་རེ་ཨེ་ཐོངས་གི་ལྟོས་ན་མི་ཆོག་རྒྱུ་མེད་ཀི་རེད་ཨ།
ཤཱཀྱ་ཐུབ་བའི་ཧར་ནང་ན།
ཤཱཀྱ་ཐུབ་བ་གཉིས་པ་ཟིག།
ཡོད་རབས་རྣ་འིས་མ་གོ་ཐལ།
དགོས་རབས་སེམས་ལ་མི་དྲེན་ཀི།
ཨ་་་་་ཨ་་་ཨ་་་དུས་རབས་ཉེར་གཉིས་པའི་དུས་འགོར་སླེབས་ཡོང་གིན་འདུག། འུ་ཅག་བོད་པ་ཚང་ད་དུང་ཡང་རང་ལྟ་ཁྲེགས་འཛིན་གྱི་གུ་དོག་པའི་བསམ་བློའི་ལྕགས་དྲ་ལས་བརྒལ་ཐུབ་གྱིན་མི་འདུག་་་་་་
གོང་གི་ཁོང་ཚོ་མི་རབས་གསར་པའི་གྲས་ཡིན་ན་་་་་་་
ད་འུ་ཅག་བོད་པ་ཚང་ནམ་ཞིག་ལ་གཉིད་སྟུག་པོ་དེ་ལས་སད་ཐུབ་བམ་་་་་་་་
མ་ཟད་གནའ་བོའི་གཏམ་རྙིང་སྟེ་ལྟ་ལོགས་ཆོས་ལོགས་ཀྱི་དམོད་ཚིག་དེ་མི་རབས་གསར་པ་ཚོས་ཡང་དྲུད་ཡོང་གིན་འདུག་ག་་་་་
ཡ་ང་པས་དམོད་ཚིགས་འདིས་ད་བར་དུ་འུ་ཅག་གི་རིག་སྒོ་གཏན་དུ་བཀག་ནས་སྲོལ་རྒྱུན་ཀླད་རྙིང་གི་ལྕགས་ཟ་ལག་པས་ཐེགས་དཀའ་པ་ཞིག་བརྒྱབ་ནས་བཞགས་པ་རེད་་་་་་ད་དེ་གྲོལ་རན་མ་རེད་དམ་་་་་་་་་
ང་ནི་འདི་ལོ་ལོ་གསར་དང་སྐྱིད་པོ་གཏོང་རྒྱུའི་འཆར་གཞི་མེད། དེ་ཤེས་གསལ་རེད། སྡུག་ཐོག་སྡུག་བརྩེགས་ཀྱི་ལོ་ལ་སྐྱིད་པོ་གཏོང་རྒྱུ་ད་ཡིད་ལའང་མ་དྲན། ཨང་གསར་ཅན་གྱི་མི་བོ་འདི་རིགས་རྒྱུ་རྟགས་མེད་པ་རང་རེད།
ད་བོད་པ་ཚོ་གཉིད་འཐུག་པོ་ཞིག་ལས་ཡར་སད་ནས་ཡང་སྐྱར་གཉིད་འཐུག་པོ་གཞན་ཞིག་མར་ཁུག་གྲབ་འདུག་ག བྱང་ཆུབ་སེམས་དཔའ་ཡིན་ན་སེམས་སྐྱེད་རྒྱུད་ལྡན་གྱི་གང་ཟག་ཅིག་ཡིན་དགོས་པ་རེད་ལ། སེམས་སྐྱེད་རྒྱུད་ལྡན་ཞིག་ཡིན་ན་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་ཕངས་ཐོབ་པར་འདོད་པ་ཞིག་ཡིན་དགོས་པ་རེད། ཡེ་ཤུའི་སྟོན་པ་ལ་དེ་འདྲའི་སེམས་སྐྱེད་ཅིག་ཨེ་ཡོད་ན།
དྲྭ་འབུ་ཁ་ཤས་ཀྱིས་ངས་མཆན་གྱི་གོ་དོན་མ་གཏོགས་པ་འདྲ་འདུག །ཁོས་ཡེ་ཤུའི་ཆོས་ལུགས་ལ་དད་མོས་བྱས་པར་དགག་བྱ་གང་ཡང་མེད། ཡིན་ཡང་རྩོམ་ཉོག་བྲིས་མཁན་དེས་བྱང་ཆུབ་སེམས་པ་ཟེར་བ་ཐོས་མྱོང་བ་ཙམ་ལས་ངོ་བོ་དང་། བྱེད་ལས་སོགས་ལ་བློ་ཁ་ཙམ་ཡང་ཕྱོགས་ཡོད་ཚོད་མི་འདུག་པས་དེར་ཟེར་གྱིན་ཡོད།
སློབ་དཔོན་སྤོབས་པ་རིན་པོ་ཆེ་ལགས་ཀྱིས་སེམས་བསྐྱེད་ཧ་ཅང་ལེགས། ཡེ་ཤུ་དམ་པའི་སྐོར་ལ་ཕྲན་གྱིས་ཡང་ཞིབ་འཇུག་དག་ཙམ་བྱས་མྱང་ཡོད། དམ་པ་དེ་ཉིད་རྒྱོང་ཤིང་རྩེ་རུ་བསྐྱོད་ནས་ངན་གསོད་བཏང་དགོས་པས་རྒྱུ་མཚན་ཡང་དམ་པ་གང་གིས་གཞན་གནོད་གཞི་བཅས་སྤངས་པ་དང་གཞན་ཕན་གཞི་བཅས་སྒྲུབ་པའི་བྱང་ཆུབ་སེམས་ཀྱི་ལྟ་སྤྱོད་ཟབ་མོ་སྤེལ་བ་དེས། ཡུལ་དེ་གའི་ཡ་ཧུ་ད་པའི་ཆོས་ལུགས་པའི་ཁྲིམས་དང་རྒྱབ་འགལ་དུ་གྱུར་ནས་བྱུང་བ་ཞིག་རེད། དེ་ལ་མཁས་པ་མང་པོས་ཚོད་དཔག་བྱས་ན་དམ་པ་ཁོང་ལོ་བཅུ་བདུན་རིང་ལ་བོར་བརླག་བྱུང་བ་དེ་ནི་ཁོང་རྒྱ་གར་དུ་ཕེབས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་སྦྱང་བ་བྱས་པས་དཔང་རྟགས་ཤིག་རེད་ཟེར། དེ་མིན་ས་ཆ་ཡུལ་ཕྱོགས་དེར་དམ་པའི་ལྟ་སྤྱོད་ཀྱི་ཆོས་ལུགས་ཤིགས་དར་བ་ཕར་ཕུད་གོ་ཐོས་ཡང་མེད་པའི་ཆོས་ལུགས་གསར་བ་ཞིག་ཏུ་གྱུར་ཡོད། ཁོང་རྒྱ་གར་དུ་ཕེབས་པ་དང་ཁོང་གི་གསུང་ཆོས་པོ་ཏི་གཉིས་ལ་དྭགས་ནང་པའི་དགོན་པ་ཞིག་ནང་ནས་རྙེད་སོན་བྱུང་བ་ཡང་བྷེ་བྷེ་སིའི་གསར་འགོད་པ་ཁག་ཅིག་གིས་ལོ་ངོ་བདུན་ལྷག་རིང་ལ་ཞིབ་འཇུག་བྱས་པས་གསལ་བོར་ངོས་འཛིན་བྱས་ཡོད། དེ་བཞིན་རྒྱོང་ཤིང་རྩེ་ནས་སྐུ་གཤེགས་མེད་པར་ཉི་མ་གསུམ་གྱི་རྗེས་སུ་སྐུ་བརྒྱལ་བ་ལས་སོས་ཏེ་མཐར་ཡང་སྐྱར་ས་ཆ་མང་པོ་ཞིག་བརྒྱུད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕྱིན་པ་ཡང་གསལ་བོར་རེད། དེང་སང་དམ་པའི་སྐུ་གདུང་དེ་ཀཱ་ཤི་མེར་ལ་བཞུགས་པ་དང་ཁོང་གིས་ས་ཆ་དེར་ཆོས་གསུངས་ནས་སྐུ་ཚེ་མཐར་ཕྱིན་པ་ཡིན།།
ག་བ་ག་བ། ཡེ་ཤུའི་སྟོན་པ་ལ་བྱང་ཆུབ་སེམས་བསྐྱེད་ཡོད་ན། མ་ཐར་སྐྱེ་བ་རྗེས་མ་དང་ཁམས་གསུམ་ལས་སོགས་ཀྱི་སེམས་ཅན་ཡོད་པར་ཁས་ལན་དགོས། ཡེ་ཤུ་བ་ཚོས་སྐྱེ་བ་རྗེས་མ་ཟེར་བ་སྤྲུལ་སྐུ་ཟེར་བ་ཁས་མི་ལེན་དེ་བཞིན་ཁམས་གསུམ་ད་ཕར་ཞོག་འདོད་ཁམས་ཀྱི་སེམས་ཅན་ནང་པས་བཤད་པ་ལྟར་ཁས་ལན་བྱེད་མི་ཐུབ། ལྷག་པར་དུ་ཉ་རིགས་ཀྱི་སེམས་ཅན་དེ་ཚོ་མིག་མཐོང་དེ་ཚོའང་སེམས་ཅན་སྲོག་དང་ལྡན་པ་ཞིག་ཁས་ལན་གྱི་མི་འདུག། དེ་མིན་ན་ཤིང་སྡོང་དང་མེ་ཏོག་དེ་ཚོལའང་སྲོག་ཡོད་པར་བཤད་ཀྱི་འདུག
ཉ་ནི་ཁོང་ཚོའི་སྙུང་གནས་ཀྱི་སྐབས་སུ་ཉ་བསད་དེ་ཉ་ཤ་ཚོགས་ཡིན་རབས་སོགས་བཤད་ནས་ཟ་སྲོལ་ཡོད་འདུག
མི་ཡག་པོ་དང་བསམ་པ་གཞན་ཕན་ཡོད་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་ཡིན་རབས་དང་། གང་ཟག་གང་དང་གང་གིས་ཚོད་འཛི་་བྱེད་མི་ཐུབ་པའི་རྒྱུ་མཚན་གྱིས་བྱང་ཆུབ་སེམས་དཔའ་བསྒྲུབ་པ་དག་ནི་རགས་པའི་བཤད་ཚུལ་ཙམ་ལས་དེའ་བྱང་ཆུ་་སེམས་དཔའ་ཡིན་པར་བསྒྲུབ་མི་ཐུབ།
ནམ་རྒྱུན་སྤོབས་པའི་རྩོམ་ལ་དགའ་པོ་ཡོད། ཡིན་ནའང་ད་ཐེངས་གློག་འདོད་མ་བྱུང། གང་ཡིན་ཟེར་ན་སྤོབས་པ་དེ་ངོ་མ་སྤོབས་པ་ཤིག་རེད་མ་བསམས། དེ་རིང་ནས་སྤོབས་པའི་རྩོམ་ལ་གློག་མཚམས་འཇོག་གི་ཡིན། Bye Bye.
སྤོབས་པའི་རྩོམ་དེ་ནང་དོན་རླབས་ཆེན་རེད། སྤྱིར་སྟོན་པ་དང་ལྷ་མཐུ་བོ་ཆེ་ཕལ་ཆེ་བ་རྩ་བ་གཅིག་ལ་ཐུག་འདུག་ ལྷ་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་གི་དགུ་བ་ནི་སྟོན་པ་ཤཀྱཱ་ཐུབ་པ་དང་བཅུ་བ་རིགས་ལྡན་དྲག་པོ་ཡིན་པར་སྔོན་གྱི་གཞུང་དག་ལས་གསལ་ལ། དེས་ན་ཁྱབ་འཇུག་གི་འཁྲུངས་སྐར་སྲུང་རྩི་བྱེད་རྒྱུ་དང་ཆོ་གའི་སྒོ་ནས་ཁྱབ་འཇུག་གི་བསྙེན་པ་རེ་གཏོང་ཐུབ་ན་བཟང་གི་བསམ། སྤོབས་པ་རང་བཞིན་ལེགས་གནམ་བན་ཀ་སོགས་དྲ་ལམ་ན་བཞུགས་པའི་རིག་པའི་ཁྱུ་མཆོག་དག་གིས་ཀྱང་ཁྱབ་འཇུག་ལའང་དེ་ལྟར་ཡོན་ཆབ་རེ་འབུལ་ཐུབ་ན་དགེ་མཚན་ཆེ།
ཡ་ཡ་ད་བོད་རྒན་དེ་མཚོ་ཡང་ཡོད་ཚད་སྐྱབས་བསུ་འཛིན་ས་རེད་ན་ད་གང་བྱེད་གང་བྱེད་་་
སེམས་བཟང་ཡིན་ཚད་བྱང་སེམས་ཡིན་ན་ ད་མང་པོ་ཡོད་ནི་རེད་་་
བྱང་ཆུབ་སེམས་དཔའ་ཡིན་ན་ས་བཅུ་གང་རུང་དང་ལམ་ལྔ་གང་རུང་འཐོབ་དགོས་ན་དེ་གང་འཐོབ་ཡོད་གི་ཤེས་སམ་་་་ ཨ་རོགས་འཚོ་་་་་་
དག་མེད་རྟོགས་པའི་ཤེ་རབ་རྒྱུད་ལ་ལྡན་དགོས་ནི་རེད་
སྤྱིར་སྙིང་རྗེ་ཕྱོགས་རེ་བ་ནི་སུ་ལ་ཡང་ཡོང་གི་རེད་ནི།
བྱང་ཆུབ་སེམས་དཔའ་ཡིན་མཁན་ལས་འབྲས་ཡང་མི་ཤེས་མཁན་ཐམས་ཅད་བྱེད་པ་པོ་དཀོན་མཆོག་ཡིན་མཁན་ལེན་་་་
ད་ཁྱེད་རང་གནས་སྐབས་སོ་སོའི་འཕྲུ་གུའི་ཆེད་དུ་དུས་ཆེན་བསྲུང་གཙི་བྱེད་ན་ཁྱེད་རང་གི་འདོད་པ་རེད་དཔེར་ན་རི་ར་བ་གྲག་
ཁང་ཁྱིམ་སོགས་ལ་ཡང་སྐྱབས་བསུ་འགྲོ་མཁན་ཡོད་པ་དང་མཚུངས་སོ་་་་་་་་
བྱང་སེམས་ཡིན་ན་ཐེག་ཆེན་ཡིན་གོས་དང་མི་གོས་ གོས་ན་གང་་་་་་་
ཡེ་ཤུ་ལ་བྱང་ཆུབ་སེམས་པ་ཟེར་ན། རྩོམ་པ་པོས་བྱང་ཆུབ་སེམས་པའི་རྣམ་གཞག་སྐོར་ལ་ཅུང་ཙམ་ཡང་དྲིས་མ་མྱོང་བའི་རྟགས་སྟོན་བཞིན་འདུག། གོང་ལ་མཆན་པོ་གཅིག་གིས་གསུངས་པ་བཞིན། བྱང་ཆུབ་སེམས་པའི་དམིགས་ཡུལ་གཙོ་བོ་དེ་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ཆེད། ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བྱ་རྒྱུ་དང་། དེ་ཡང་གོ་འཕང་དེ་ནི་སྟོང་ཉིད་ཀྱི་བློས་ཟིན་པ་དགོས། ཡེ་ཤུ་མ་ཤི་ཀས་འཇིག་རྟེན་བཀོད་པ་པོར་འདོད་པ་དང་། སྟོང་ཉིད་ཀྱི་ལྟ་བ་ཁས་ལེན་མི་བྱེད། དེས་ན་ཁོ་བོ་འཁོར་བ་ལས་སྒྲོལ་མ་ཐུབ་པས་སེམས་ཅན་བསྒྲལ་རྒྱུ་ཕར་བཞག་རེད། དེ་ན་ཇི་ལྟར་ཁོང་བྱང་ཆུབ་སེམས་པ་རས།
གཞན་གྱི་དོན་དུ་རང་གི་ལུས་ལ་ལྕགས་གཟེར་བཏབ་ན་དེས་གཞན་ཇི་ལྟར་སྒྲོལ་ཐུབ། སྐུ་མཁྱེན་བསམ་བློ་གཏོང་རོགས། རྣམ་དཔྱོད་དང་རིག་པ་ལྡན་པའི་ནང་པའི་ལྟ་གྲུབ་དེར། ཀླད་མེད་ཀླ་ཀློའི་ཆོས་ཀྱི་བག་དྲི་མ་འདྲེས་ན་བཟང་།
ཆོས་ཕྲ་མོ་གོ་མ་ཚོད་པར་ཐལ་རྒྱུག་འདི་འདྲ་གློད་ན། ནང་པའི་ཞབས་འདྲེན་རེད། གཟབ་གཟབ་གནོངས་རོགས།
ཡ་ཡ། རྩོམ་ཡིག་ཡ་མེད་བཙའ་ཡ་མ་ཅིག་རེད་ཟེར་བཤད་མི་ཐུབ་རུང་། བསམ་བློ་རྣལ་དུ་གནས་པའི་སྤྱིར་བཏང་གི་མི་ཞིག་ཡིན་ཚེ་སེམས་ལ་འབབ་པའི་རྩོམ་ཡིག་ཅིག་ཏན་ཏན་རེད།
ཡེ་ཤི་མ་ཤི་ཀ་འདི་བ་ཚང་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་དངོས་ཞིག་ཡིན་མིན་ཐག་གཅོད་དཀའ་ན་ཡང་། རང་ལུས་གཞན་དོན་དུ་མངོན་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་ཞིག་ཏུ་མོས་གུས་བྱེད་པ་ལ་མི་རུང་བ་གང་ཡང་མི་འདུག་སྙམ།
ལྷག་པར་དུ་སའི་གོ་ལའི་ས་ཡི་རྡུལ་རེ་རེའི་སྟེང་ན་སངས་རྒྱས་རེ་རེ་ཞལ་བཞུགས་པར་ཡིད་སྨོན་གསོལ་འདེབས་བྱེད་པར་དགའ་བའི་མི་རིགས་ཤིག་ལ་མཚོན་ན་ཡེ་ཤི་མ་ཤི་ཀ་ནི་དེ་དག་གི་ཁྲོད་ནས་གྲལ་འགོ་མའི་གྲས་ལ་བཞག་ཆོག་པ་ཞིག་རེད། བྱེད་སྟངས་འདི་ནི་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་ཚད་མེད་ཀྱི་ཡོན་ཏན་ཡོངས་སུ་ལྡན་པའི་ལག་ལེན་དང་བསམ་ཕྱོགས་གཉིས་གཞི་གཅིག་ཏུ་ཟླ་སྒྲིལ་བཏང་བའི་ཟུར་གཅིག་རེད།
སྐྱབས་མགོན་ཡེ་ཤི་ལ་དད་པ་བྱེད་པའི་འཛམ་གླིང་གི་མི་མང་དུང་ཕྱུར་མང་པོ་དེ་རིང་དགའ་བའི་ཉི ན་མོ་རེད། ཁོང་ཚོ་སྤྲོ་བ་ལ་ང་ཚོ་མ་དགའ་བ་བྱེད་པ་ནི་གླེན་རྟགས་ཚ་བོ་ཅིག་མ་རེད་པས།
ནང་པ་མ་ཡིན་པའི་ཆོས་དཔོན་ལགས་ལ་གུས་པའི་འདུད་དོ། །
་་་་ ཁོང་གི་རྣམ་ཐར་ལ་དཔྱད་མཁན་ལ་ལས་བྱང་ཆུབ་སེམས་དཔའ་ཡེ་ཤུ་ནི་གསང་བའི་སྒོ་ནས་རྒྱ་གར་དུ་ཕེབས་ཤིང་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལ་བསླབས་ནས་ལོ་བཅུ་བདུན་ཙམ་ལ་བཞུགས་ཚུལ་ཡང་བཤད། ་་་་་ཟེར།
སྐྱིད་པོ་གཏོང་བས་དུས་མ་རེད། བོད་མི་ག་ཚོད་ཚར་སོང་། མ་གཟིགས་སམ།
མི་མང་དུང་ཕྱུར་མང་པོས་དགའ་སྣང་བྱེད་པའི་རྒྱུ་མཚན་གྱིས་ང་ཚོས་ཀྱང་བྱེད་དགོས་ན།
ཀྲུང་གོ་དབུ་མཉེས་པ་དང་རྒྱ་ནག་ལ་ཨོ་ལིམ་པིཀ་གི་ལུས་རྩལ་འགྲན་ཚོགས་འཛམ་གླིང་གི་མི་འབོར་མང་ཤོས་རྒྱ་མི་དུང་ཕྱུར་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་དུང་ཕྱུར་མང་པོས་དགའ་སྣང་བྱེད་དུས་ཁྱོད་ཀྱིས་དགའ་སྣང་གིས་རྟེན་འབྲེལ་ཞུས་ཡོད་དམ།
དེ་བཞིན་འཛམ་གླིང་ཆོས་ལུགས་རྗེས་འཛིན་པ་མང་ཤོས་ནི་ཁ་ཆེ་བ་ཡིན་པས་མི་མང་དུང་ཕྱུར་མང་པོས་ཁ་ཆེ་བའི་དུས་ཆེན་ཉིན་ཁྱོད་ཀྱིས་དགའ་སྣང་བྱེད་ཀྱིན་ཡོད་དམ།
ཁ་ཆེ་དང་ཡེ་ཤུ་འཇིའུ་ཤི་རྣམས་ཀྱི་ཆོས་ལུགས་ནི་ཕྱིས་སུ་བཟོ་མདོག་ཅུང་ཙམ་འགྱུར་བ་ལས་དོན་ཡོངས་ཁུངས་གཅིག་ཅིང་བུ་སྤུན་ལྟ་བུའི་ངོས་འཛིན་བྱེད་བཞིན་ཡོད། ད་ཉིན་ཅིག་མོ་ཧ་མཌ་ཁ་ཆེབའི་ཨ་ལ་ཡང་ནང་པ་བ་ཡིན་ལོབ། བྱང་ཆུབ་སེམས་དཔའ་ཡིན་པར་ཤོད།
ཡེ་ཤུའི་འཁྲུངས་སྐར་ཉིན་འཛམ་གླིང་ས་གནས་ཁག་གསུམ་གྱི་ནང་དུ་གནམ་གྲུ་བརྡབ་རྐྱེན་གསུམ་བྱུང་འདུག་bbcworldnews
ནང་དུ་གཟིགས་དང་བྱང་ཆུབ་སེམས་དཔས་སྨོན་ལམ་ཐེབས་འདུག
རྩོམ་དེ་ཁ་བྱང་མཐོང་བ་ཙམ་གྱི་ཀློག་མེད། ང་རང་ཚོ་སོ་སོ་ལ་འཇིག་རྟེན་གྱི་དུས་ཆེན་ཡོད་ལ་ཆོས་ལུགས་ཀྱི་དུས་ཆེན་ཡོད། སྟོན་པ་ཡོད་ལ་ཆོས་ཡོད། རིག་གཞུང་བཅས་ཡོད་པས་གཞན་གྱི་དུས་ཆེན་རོལ་དགོས་དོན་མེད།
མི་ཁག་ཅིག་གི་བསམ་ཚུལ་ནི་ག་དུས་ཡིན་ཡང་རང་ཁོ་ན་མཆོག་དང་རབ་དང་ཕུད་ཡིན་ཟེར་ནས་གཞན་དང་གཞན་གྱི་མི་རིགས་དང་རིག་གཞུང་།མི་མང་ཁྲི་འབུམ་དུང་ཕྱུར་མང་པོའི་འགྲོ་ལུགས་དང་རྦད་དེ་ལྡོག་ནས་བསམ་ཚུལ་འཛིན་པ་རེད། མི་དེ་རིགས་དེ་འདྲ་ཡིན་པའི་རྒྱུ་རྐྱེན་ནི་ཡངས་པའི་ས་གཞི་དང་ཆེ་བའི་རྒྱ་མཚོ་མ་མཐོང་ནས་ས་ཕུག་དང་རི་རྩེ་ནས་སྡོད་ཡུན་རིང་དྲག་པའི་དབང་གིས་རེད། ཁོ་ཚོས་རང་ཉིད་མ་གཏོགས་གཞན་སུ་ལ་ཡང་ཡིད་མཐུན་སྤྲོ་སྣང་གི་ངང་ཚུལ་མི་སྟེར་བ་ཡིན།
ཁོ་ཚོས་འཇིག་རྟེན་གྱི་སྐྱེས་བུ་དམ་པ་ཡེ་ཤུ་མ་ཤི་ཀ་དང་མོ་ཧ་མད་དྷི་སོགས་ལ་འང་བྱེད་དགོས་བྱུང་ན་མཚན་སྨོད་ངན་བཤད་ཡང་བྱེད་སྲིད་པ་རེད། སྐྱེས་ཆེན་འདི་གཉིས་སངས་རྒྱས་ཀྱིས་ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་ཞིག་མིན་ན་དད་ལྡན་རྗེས་སུ་འབྲང་བ་དུང་ཕྱུར་མང་པོས་རྩེ་གཅིག་ཏུ་དད་པའི་ཡུལ་དུ་འབྱུང་མི་སྲིད་པ་རེད།
འགྲོ་བ་དུང་ཕྱུར་མང་པོས་རང་ཉིད་ཀྱི་སྟོན་པའི་འཁྲུངས་སྐར་ལ་དགའ་སྟོན་བསུ་མ་བྱེད་དུས་ང་ཚོས་ཡི་རངས་བསྔགས་བརྗོད་དང་མཉམ་ཞུགས་མཉམ་མཐུན་བྱེད་མི་ཐུབ་རུང་འཕྱ་ལབ་སྨོད་ཚིག་དང་ཞེ་སྡང་འཁོན་སེམས་འཛིན་དོན་མེད་ཀ
ལྟ་གྲུབ་མི་མཐུན་པ་གང་ཡིན་ས་ལ་སྡང་སེམས་འཁོན་འཛིན་བྱད་དགོས་ན་ང་ཚོ་ལ་འཛམ་གླིང་མི་འབོར་བརྒྱ་ཆའི་གོ་ལྔ་དགྲ་རུ་གྱུར་ངེས་པ་རེད། དཔེར་ན། ཡེ་ཤུ་བ་དུང་ཕྱུར་མང་པོ་དང་། ཁ་ཆེ་བ་དུང་ཕྱུར་མང་པོ། ཧིན་དྷི་བ་དུང་ཕྱུར་མང་པོ་དང་། རྗེའུ་ཤི་བ་ས་ཡ་མང་པོ་དང་། རྒྱ་རིགས་དུང་ཕྱུར་མང་པོ་སོགས། ད་དུང་དེ་ལས་གཞན་རྣམས།
ཆོས་ལུགས་མི་གཅིག་པར་ངན་སེམས་བཅིངས། ཆབ་སྲིད་མི་གཅིག་པར་ཡང་ངན་སེམས་བཅིངས། ཐ་ན་མི་རིགས་མི་གཅིག་པ་དང་ཡུལ་ཕྱོགས་མི་གཅིག་པ་ལ་ཡང་ངན་སེམས་བཅིངས་ངེས་རེད། དཀོན་མཆོག་མཁྱེན། འདི་འདྲའི་མི་ཡི་ངོ་གཅིག་རྫོགས།
སངས་རྒྱས་པའི་ལོ་རྒྱུས་རྣམས་སུ་ཨི་ཟི་ལམ་གྱི་སྟོན་པ་མོ་ཧ་མད་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ་པ་ཞིག་ཡིན་ཚུལ་བྲིས་འདུག་སྙམ། ལྟ་རྒྱུ་འདུག
གོང་དུ་བན་དེ་བ་ཟེར་བ་དེས་ཡེ་ཤུ་དང་སྟོན་པ་གཤེན་རབ་བསྡུར་དགོས་མདོག་མདོག་ཅིག་ཤོད་ཀྱིན་ཡོད་པ་འདྲ། དེ་ཡིན་ན་ནི་དགོངས་དག དེ་གཉིས་བསྡུར་ཐབས་ཤིག་མི་འདུག སྟོན་པ་གཤེན་རབ་ཟེར་བ་ཞིག་གི་བཟང་ངན་གླེང་བ་ཕར་ཞོག ལོ་རྒྱུས་སྟེང་དུ་བྱུང་ཡོད་མེད་དོག་གཞི་རེད། ཕལ་ཆེར་བྱུང་མ་མྱོང་བ་འདྲ། དེ་བཞིན་དུ་ཕ་མེས་ཀྱི་ཆོས་རིག་ལ་གུས་བཀུར་མ་བྱས་ཟེར་བ་དེ་ཅི་ཡིན་ཤེས་མ་སོང་། ངས་ནི་ཆོས་རིག་གང་ཡིན་ཡང་ཁུངས་ཡོད་ལུང་ཡོད་དང་རྒྱུ་མཚན་ཕན་ཐོགས་ཡོད་མེད་ལ་བརྩི་མཐོང་བྱེད་པ་མ་གཏོགས་ཕ་མེས་ཀྱི་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་རྩིས་ཆེན་བྱེད་མ་མྱོང་། མ་གཞི་ང་དེང་སང་བོད་ཀྱི་གདོད་མའི་ཕ་མེས་ཀྱི་ཆོས་རིག་ངོ་མ་དེ་ངོས་མི་ཟིན་པའི་སྡུག་བསྔལ་གྱིས་གདུང་ནས་བསྡད་ཡོད། མཁར་རྨེའུ་བསམ་གཏན་རྒྱ་མཚོའི་ཞལ་ནས་སྐད་ཆ་རིན་ཐང་ཅན་རེ་འབྱུང་རྒྱུ་ཡོད་ན་མ་གཏོགས་ཁྱོད་ཚོའི་ཁ་ནས་ནི་ཅང་ཐོན་རྒྱུ་མེད་ཐག་ཆོད་རེད། ཕ་མེས་ཀྱི་ཆིས་རིག་ངོ་མ་དེ་གང་ཡིན་རེ་གོ་རྒྱུའི་སྐལ་བ་ཡོད་ན་དེ་ལ་དད་པ་འདྲ་འཇོག་ཐུབ་མིན་མི་ཤེས་མོད་དོ་སྣང་ནི་སྤྲོད་ཐག་ཆོད་ཡིན།་
སྤོབས་མཐའ་ལགས། གཤེན་རབ་བྱུང་མ་མྱོང་བ་རེད་ཅེས་མ་གསུངས་རོགས། གཤེན་རབ་ཅེས་པ་ཤཱཀྱ་ཐུབ་པ་རང་རེད་་འདུག། རྒྱ་སྐད་དུ་ཤཱཀྱ་ཟེར་བར་ཞང་ཞུང་གི་སྐད་དུ་གཤེན་རབ་དང་། དྷརྨ་ཞེས་པར་བོན། དེ་བཞིན་སུམ་ཅུ་རྩ་གསུམ་ཞེས་པར་སྟག་གཟིག་འོལ་མོ་ལུང་རིང་ཞེས་བརྗོད་ཀྱི་ཡོད་འདུག།
གཡུ་འབྲུག་གིས་བཤད་པ་ཅི་མི་བདེན་ངས་གོང་དུ་བཤད་པའང་འདི་ལྟར་ཡིན།
གཏན་ཚིགས་བརྗོད་པའི་སྐབས། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་དེ་སུས་ཀྱང་མ་མཐོང་བའི་ཕྱིར། ཞེས་གཏན་ཚིགས་འགོད་པ་ལ། སློབ་དཔོན་ཆོས་གྲགས་ཀྱིས། མ་མཐོང་ཕྱིར་ན་མེད་པ་མིན།།ཞེས་དང་། འཐད་ལྡན་ལས། མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། །
འོ་ན་ཁྱོད་མ་སོང་བའི་ས་ཆའི་ཁ་དོག་མེད་པར་ཐལ། ཁྱོད་ཀྱིས་མ་མཐོང་བའི་ཕྱིར། ཞེས་འགོད་ན་ཅི་ཟེར།
སྤོབས་མཐའ་ད་ལྟ་དབྱིངས་ལནཌ་དུ་ཡེ་ཤུའི་འཁྲུངས་སྐར་ལ་དགའ་སྐྱིད་རོལ་སྒང་ཡིན་རྒྱུ་རེད། བོད་དུ་སྤུན་ཟླ་མི་རིགས་སྡུག་གིས་མནར་ནས་བསྡད་འདུག ཡེ་ཤུའི་སྟོན་པ་དང་སྟོན་པ་གཤེན་རབ་གཉིས་ལ་ཁྱོད་ཀྱིས་བལྟ་བུལ་ག་རེ་ཡོད་ནའང་ཡོད་དེས་འགྱུར་ལྡོག་ཅི་གང་གཏོང་མི་ཐུབ། སྟོན་པ་གཤེན་རབ་ཡོད་ནས་འདྲེ་ཡིས་འཁྲིད་རབས་ཤོད་མཁན་ཁྱོད་ཚོའི་གྲལ་རེད། མེད་ཟེར་མཁན་ཁྱོད་རང་ཚོ་རེད། ཡོད་མེད་གཉིས་ཀ་ཡིན་ཟེར་ནའང་བ་སྤུ་ཙམ་ཀྱང་གཡོ་འགུལ་བྱེད་མི་ཐུབ། རིགས་པ་ཡོད་ན་ངས་བཤད་པ་རེར་ལན་ཐོབ་ཁྱོས་ཁ་དང་ངས་སྣ་བཤད་ན་ཕན་པ་མེད། རེབ་ཀོང་ལས་སོགས་ཨ་མདོ་བན་རྒན་དེ་ཚོ་བོན་ལ་སྡང་ཚུལ་སྔ་ས་ནས་ཧ་གོ། ཕ་གསོད་བུ་གསོད་མཁན་ལས་ཀྱང་བོན་ལ་སྡང་ཚུལ་འདི་བོད་ལ་སྔ་ལྟས་བཟང་པོ་འབྱུང་བའི་རྟགས་རེད། ད་དུང་ཁྱོད་དང་ཨོ་ཉི་གཡུ་འབྲུག་རྒད་པོ་ལས་སོགས་ཡིན་ད་ཕ་བཟང་གི་བུ། སྤོབས་མཐའི་དགེ་ཕྲུག་ཡིན་ཟེར་མཁན་མགོ་སེར་ཅིག་གིས་ང་ལ་དྲི་བ་མང་པོ་ཞིག་བཏང་བྱུང་ཁོ་རང་ལ་བསླབ་བྱ་གོ་ལོག་རྐྱང་རྒྱབ་འདུག་ཅེས་ངོ་སྤྲོད་གསལ་གསལ་ཐིང་ཐིང་བྱས་ཡོད།
http://youtu.be/9DXCZFRsyl8
སྤོབས་མཐའ་ལགས་ལ་ཁུངས་རྩ་བ་ནས་མེད་པ་མ་རེད། ཡུ་ཊུབ་འདི་ལ་གཟིགས་དང་།
་་་་ ཁོང་གི་རྣམ་ཐར་ལ་དཔྱད་མཁན་ལ་ལས་བྱང་ཆུབ་སེམས་དཔའ་ཡེ་ཤུ་ནི་གསང་བའི་སྒོ་ནས་རྒྱ་གར་དུ་ཕེབས་ཤིང་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ལ་བསླབས་ནས་ལོ་བཅུ་བདུན་ཙམ་ལ་བཞུགས་ཚུལ་ཡང་བཤད། ་་་་་ཟེར་བ་དང་།
ཡང་།
༢༧༽ སྤོབས་པ་མཐའ་ཡས་ནས།
སངས་རྒྱས་པའི་ལོ་རྒྱུས་རྣམས་སུ་ཨི་ཟི་ལམ་གྱི་སྟོན་པ་མོ་ཧ་མད་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ་པ་ཞིག་ཡིན་ཚུལ་བྲིས་འདུག་སྙམ། ལྟ་རྒྱུ་འདུག
ཟེར།
ཀརྨ་པ་ཨོ་རྡོས་ཡེ་ཤུའི་སྟོན་པ་སངས་རྒྱས་ཡིན་པ་བཤད་འདུག
http://www.youtube.com/watch?v=n6XNO6Jv3q0
http://youtu.be/rmCS7P-vdRM
Did Jesus Christ learn Buddhism ??
ཆོས་སྒྲོན་ལགས།
དཔལ་ཀརྨ་པས། ཡི་ཤུ་མ་ཤི་ཀ་ནི། ནང་པ་མིན་ཡང་བྱང་སེམས་དཔའ་རེད་ཅེས་ལབ་ཆོག་ཙམ་གསུངས་འདུག་གོ །
བན་དེ་བ་ལགས། ང་ནི་དབྱིང་ལན་ལ་སྡོད་མཁན་ཞིག་མིན། མ་གཞི་ཁར་སང་ཞིག་ནས་ཁྱེད་ཀྱིས་དབྱིན་ལན་དུ་སྡོད་མཁན་ཞེས་ཐེངས་ཁ་ཤས་ཤིག་ལབ་སོང་བར་གཞིག་ཚེ་ཁྱོད་ཀྱིས་ང་འཚོལ་བཞིན་ཡོད་པ་འདྲ། ང་ལ་ཕྱག་འབུལ་ས་ཡོང་བསམ་པ་ཡིན་ནམ་ང་བཞུགས་སའི་ཕྱོགས་ལ་ཁ་འཁོར་ནས་ཕྱག་འདྲ་འཚལ་བསམ་པ་ཡིན། ཁྱེད་རང་ཚོས་འཚོལ་དགོས་པ་དེ་ང་མ་རེད། ངེད་རང་ཚོའི་ཡབ་རྒན་གཤེན་རབ་འཚོལ་དགོས་པ་རེད། ཁྱེད་ཚོས་གཤེན་རབ་རྙེད་སོང་ན་ང་ཡང་ཁྱོད་ཚོ་དང་མཉམ་དུ་ཕྱག་འཚལ་ས་ཡོང་ངེས་ཡིན། ང་རང་ཚོའི་ཕ་ཡུལ་གྱི་རྒྱ་ཁ་ཆེ་ནོར་ལུག་གི་རྐེ་གཅད་རྒྱུ་དང་ཕག་ཤ་མི་ཟ་བ་མ་གཏོགས་གང་ཡང་མི་ཤེས་མཁན་ཚོས་ཀྱང་ཁ་ནུབ་ཕྱོགས་མེ་ཁའི་ཕྱོགས་ལ་འཁོར་ཕྱག་འཚལ་ཤེས་གི་ཡོད་པ། ང་འཚོལ་ནས་ག་རེ་བྱེད། ང་ལ་ནི་མགོ་སེར་མགོ་དམར་གྱི་སློབ་མ་འདྲ་ཡོད་མཁན་ཞིག་མིན། སྐུ་གཅེས་ལོ་ལོ
ཁྱོད་འཚོལ་དགོས་པ་གང་ཡང་མེད་མི་ནུས་མེད་ཅིག་བཙལ་ནས་གང་ཡང་མེད། ཁྱོད་རང་མི་འཇོན་སྟངས་ཅན་ཡིན་མ་བསམ། ཉེ་སྔོན་ནས་མཆན་བུ་འགོད་མཁན་ཅིག་གིས་ཁྱོད་རང་སྤོབས་པ་ཆེ་དྲགས་དུག་ཟེར་སོང་ང། དེ་སེམས་ལ་ཞོག
ཁྱོད་ཀྱིས་སྤོབས་པ་ང་ཚོར་མི་འགྲོ། བཟང་བ་དང་ཆེ་བ་ཚང་མ་ཁྱོད་ཚོའི་ཡིན་ལབ། ད་མོ་ཧ་མཌ་དང་འཇེསུ་སོགས་ཀྱང་ཅིག་ཅིག་ཡིན་མདོག་བཤད་སོང་ང་ཡེ་ཤུ་ཁ་ཆེ་བ་ཚོར་སྤྲེལད་བཤད་པའི་ཟོལ་ཡིན་ནམ་ཡང་ན་དངུལ་དངོས་ཕྲན་བུ་ཅིག་ཐོབ་གི་ཡོད་ས་རེད།
ཁྱོད་རང་ཁ་མ་ན་ན་ག་ཚོད་བཤད་ཀྱང་ཁྱོད་ཀྱིས་ནུས་པ་འདོན་མི་ནུས། ཁྱོད་ཀྱིས་ཇི་ཙམ་གྱིས་ངན་སྨྲས་བྱས་པ་ཙམ་གྱིས་དེ་རྩིས་ཀྱིས་ཕ་རོལ་པོར་སེམས་ཤུགས་དང་ནུས་པ་ཆེ་བསྐྱེད་བྱེད་ངེས་རེད། དེ་ལྟར་བྱུང་ན་ཁྱོད་ཀྱི་དམིགས་ཡུལ་འབད་དེ་ལོག་སོང་བ་རེད།
ཧ་གོ་སོང་ངམ། ཤོད་ཤོད་ཕ་རོལ་པོའི་ལོ་རྒྱུས་སོགས་ལ་ཤིན་ཏུ་རྨོངས་པ་ཞིག་གིས་ཇི་ཙམ་བཤད་ཀྱང་མར་གྱི་རལ་གྲི་བཟོས་ཏེ་བསྣུན་པ་དང་གཅིག་པ་རེད་དཱ། ཧཧཧཧཧཧཧཧཧ
སྟོན་པ་ཡི་ཤུའིརྗེས་འབྲངས་འགའ་ཞིག་གི་་སྤྱོད་ཚུལ་ལེགས་པ་ལ་བལྟས་ན། སྟོན་པ་ཡི་ཤུ་དེ་བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བའི་སྤྲུལ་པ་ཡིན་པར་ཐེ་ཙོམ་མེད། དེ་ཡང་བྱང་ཆུབ་སེམས་དཔའ་བེན་པར་སྨྲ་བ་བཅོམ་ལྡན་ལྡན་འདས་ཞལ་བཞུགས་པའི་དུས་སུ་རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས། མུ་སྟེགས་ཅན་གཅེར་བུ་པའི་ཚུལ་བཟུང་སྟེ། གདུལ་བྱ་སྟོང་ཕྲག་འབུམ་འབུམ་ཕྲག་ལ་ཡང་དག་པའི་ཆོས་གསུངས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་སེམས་བདེན་སྨྲ་མ་འོངས་པ་ན་ཡང་སྤྲུལ་པའི་ཚུལ་བཟུང་ནས། སངསརྒྱས་པ་མ་ཡིན་པའི་ཚུལ་དུ། སྐྱེ་བོ་འབུམ་ཕྲག་མང་པོ་ཆོས་ལ་འགོད་པར་ལུང་བསྟན།
བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་ཐབས་ཀྱི་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བའི་མདོ་སྡེ་ཞིག་བཞུགས། བདག་ལ་མདོ་དེ་ཉིད་བོད་དང་། རྒྱ་གར་དང་། ཨ་རིའི་ཡུལ་ཧ་ཝ་ཡི་གླིང་ཕྲན་ཆེན་པོར་ཡང་བཀླགས་ཏེ། ཉན་པ་པོ་འགའ་ཞིག་ལ་མདོ་འདི་ཡི་གསུང་འགའ་ཞིག་བཤད་པའི་སྐལ་བ་བཟང་པོ་བྱུང་། དེ་ནས་ཀོ་ལམ་བིཡ་སློབ་གྲྭ་ཆེན་མོར་རིགས་གཅིག་རྐང་འཛིན་སློབ་སྦྱོང་ལ་མདོ་སྡེ་འདི་ཉིད་ཨིན་སྐད་དུ་བསྒྱུར་པ་ལ་གྲུབ་འབྲས་ལེགས་པར་བྱུང་། ཨིན་འགྱུར་དང་། བོད་དཔེ་གཉིས་ཀ་ ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོ་དང་འབྲེལ་པའི་སངས་རྒྱས་པའི་སློབ་སྦྱོང་ལྟེ་གནས་ཀྱིས་སྤར་བསྐྲུན་བྱས་ཡོད། འཇུ་མི་ཕམ་རིན་པོ་ཆེས་ཀྱང་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་དུ། རྒྱལ་པོས་ཁྲིམས་སྐྱོང་ཚུལ་ལ་མདོ་འདིར་གཞིར་མཛད་དེ་ལེའུ་གཅིག་གསུངས་ཡོད། སྟོན་པ་ཡི་ཤུའི་སྐོར་བཤད་པ་ལས་འཕྲོས་ཏེ། བྲིས་པ་ལ་དགོངས་དག །འགའ་ཞིག་ལ་མདོ་སྡེ་འདི་ཉིད་ཀློག་པར་སྤྲོ་བ་ཡང་འབྱུང་སྲིད། ཡི་ཤུའི་དུས་བཟང་ལ་བདེ་ལེགས་ཞུ། ཞེས་སོ། །
ངས་ཁར་སང་ས་གནས་འདིར་ཡོད་པའི་སྟོན་པ་ཡེ་ཤུ་ཡི་རྗེས་འབྲངས་པའི་སྙིང་རྗེ་དགེ་རྩའི་ཚོགས་པ་ཁ་ཤས་ཤིག་ལ་ཞལ་འདེབས་ཀྱང་ཕུལ་བ་ཡིན་མོད་དགེ་རྩ་ཟད་པའི་རྒྱུར་འགྱུར་བའི་ཉེན་ཁ་ཡོད་སྟབས་དངུལ་གྱི་གྲངས་སོགས་མི་བཤད། ཡང་དག་པའི་རིག་གནས་ལ་ཡུལ་ལུང་དང་སྤྱི་ཚོགས་ཀྱི་ས་མཚམས་མེད་པས་ཆོས་ལུགས་གཞན་ཡིན་ཡང་གུས་པར་བྱ་བ་ནི་བསོད་ནམས་བསགས་པའི་རྒྱུ་མ་ནོར་བ་ཡིན། ལྟ་གྲུབ་ཀྱི་ཁྱད་པར་ཕྲ་མོ་ནི་སངས་རྒྱས་པ་ཡིན་ཡང་ཡོད་དེ། ཉན་ཐོས་གནས་མ་བུ་པའི་སྡེ་པས་བརྗོད་དུ་མེད་པའི་བདག་འདོད་ཚུལ་ཡོད་པ་ལྟ་བུ་ཡིན་པས་དེ་ཙམ་གྱིས་འདོར་བར་ག་ལ་རིགས། གལ་སྲིད་སྐྱོན་ལྟ་བུར་སྣང་བ་ཞིག་མཐོང་ན་ཡང་། གཞན་ལ་ཡང་དག་པའི་ལམ་སྟོན་པའི་གདེངས་ཚོད་ལྟ་བུ་མེད་ན་བཏང་སྙོམ་དུ་འཇོག་རིགས་ཏེ། ཟླ་བ་སྒྲོན་མེའི་མདོ་ལས། འཇིག་རྟེན་ཁམས་ན་མུ་སྟེགས་ཅན་གཞན་དག །འཁོད་པ་དེ་དག་རྣམས་ལ་ཡིད་མི་སྡང་།།དེ་དག་རྣམས་ལ་སྙིང་རྗེས་ཉེར་འཇོག་པ།།དེ་ནི་བཟོད་པ་དང་པོའི་ཁྱད་པར་ཡིན། །ཞེས་གསུངས་འདུག
ཧུ་སྤོབས་མཐའ་འདི་ལ་ངོ་ཚ་རྒྱུ་རྩ་བ་ནས་མི་འདུག
ད་དུང་དག་སྣང་དང་རིས་མེད་ཡོད་ཚུལ་ཤོད་པ་ནི་མི་གསོན་པོར་ཟ་གྲབས་བྱེད་ཀྱི་འདུག
དེ་ལྟར་ན་བོན་ལ་ཇི་ཙམ་སྨད་མེད་དམ། ད་དུང་མུ་སྟེགས་དེ་ཚོ་ལའང་དག་སྣང་དགོས་རབས་ཤོད་ཀྱི།
བཟང་ནའང་ངནའང་ཁྱོད་ཀྱི་མྱེས་པོའི་དད་ཡུལ་རེད། མི་སུ་འདྲ་ཞིག་ཡིན་ནའང་རང་གི་ཨ་མིའི་ཕོར་གོག་གཙང་མ་ཡིན་པར་ངོས་འཛིན་བྱེད་ཀྱི་རེད། ཁྱོད་ཀྱི་ཨོལ་ཀོའི་ཡན་གྱི་སྐད་ཆ་དེ་ཚོར་སུས་ཡིད་བཏོན་བྱེད་སྲིད་དམ།
དེང་སང་དངུལ་དངོས་བྱུང་ན་་་བླ་མ་དང་སྤྲུལ་སྐུ་རེད་ལ་བྱང་སེམས་ཡང་རེད་། དེ་ཡང་མགོ་སེར་པོ་ཡིན་མིན་དང་མིག་མིག་སྔོན་པོ་ཡིན་མིན་གྱི་དབྱེ་བ་མེད་ལ་ཆོས་དང་རིགས་གཞུང་། མི་རིགས་། ཡུལ་ལུང་། སོགས་བཤད་མི་དགོས་པར་་་་་ད་དུང་གློག་བརྙན་འའཁྲབ་མཁན་དང་་་་གཞས་པ་གཞས་མ་་་་་མཛེས་མ་སོགས་དངུལ་ཡོད་ན་་བྱང་ཆུབ་སེམས་པ་ཙམ་མ་ཟད་སངས་རྒྱས་ཀྱི་གོ་སར་ཡང་ང་ཚོད་བོད་པ་ཚང་གིས་ཕུལ་ངེས་རེད། ཧ་ཧ་ཧ་ཧཧ་ཧ་་་་་་་་མི་འདི་ཚོ་ཡིན་ན་ངོ་མ་དགོད་ཁ་སློང་ཡོང་འདུག །
བོད་པ་ཀླ་ཀློ། སྟོན་པ་ཤཱཀྱ་ཐུབ་པ་དང་ ཡེ་ཤུའི་སྟོན་པ་དོ་མཉམ་པར་སེམས་པ་ཨེ་མ་ཚར།
བོད་ཆོས་ལྡན་གྱི་རྒྱལ་ཁབ་ཡིན་ནའང་ བོད་མི་ཕལ་ཆེ་བས་མི་དྲན་དགུ་དྲན་བྱས་པས་བོད་པ་གཏོར། མི་མཁས་ཁས་འཆེས་བསྟན་པ་བརླགས་སོང་། ལར་ ཇི་སྐད་དུ། མང་དུ་ཤེས་ཀྱང་ཉམས་སུ་མ་བླང་ན། །རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་དང་འདྲ། །མཁས་པའི་མལ་དུ་ཐ་མལ་རོ་འབྱུང་སྲིད།། ཅེས་ མཁས་པར་ཁས་འཆེ་བའི་སྐྱེས་བུ་ཁྱོད་ལྟ་བུ། མཁས་པའི་མལ་དུ་བདུད་ཀྱི་རོ་འབྱུང་ངེས།།