བྱང་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་དེབ་གསར་པ། Posted on 2016-07-282016-07-28 By ཁ་བརྡ་ 27 Comments on བྱང་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་དེབ་གསར་པ། གློག་བརྙན་།
ང་ཁ་པར་བཏང་ཡིན། ཅི་འདྲའི་ཁ་སྐད་ཛོར་བོ་ཞིག ཉན་མི་བྲོ་བའི། ཀློག་མི་བྲོ་བའི། འབྲི་མི་བྲོ་བའི་ཁ་སྐད་འདི་ཡུལ་བྱོལ་བ་དག་གིས་ལམ་ཁ་ནས་བཏུས་བའི་འདྲེ་སྐད་ཅིག་ཡིན་ན་མ་གཏོགས། དབུས་བའི་ཁ་སྐད་རང་ལ་ཁོ་བས་ད་སྔ་ང་ཁ་པར་བཏང་ཡིན་ཞེས་བའི་བརྗོད་པ་སྐྱུག་མེར་ལངས་བ་འདི་འདྲ་གོ་མྱོང་མེད། རྣམ་རྟོག་ལ་ཨང་།
ང་། ང་ མདང་ ཕྱིན་པ་ ཡིན། ང་ དེ་རིང་ འགྲོ་བགྱིད་ ཡོད། ང་ སང་ཉིན་ འགྲོ་བགྱི་ ཡིན། ཁྱོད་རང་། ཁྱོད་རང་ མདང་ ཕྱིན་པ་ རེད། ཁྱོད་རང་ དེ་རིང་ འགྲོ་བགྱིད་ ཡོད་རེད། ཁྱོད་རང་ སང་ཉིན་ འགྲོ་བགྱི་ རེད། ཁོ། ཁོ་ མདང་ ཕྱིན་པ་ རེད། ཁོ་ དེ་རིང་ འགྲོ་བགྱིད་ ཡོད་རེད། ཁོ་ སང་ཉིད་ འགྲོ་བགྱི་ རེད། ་ ང་ལ་ ཡོད། ཁྱོད་ལ་ འདུག ཁོ་ལ་ འདུག འདི་ལ་ འདུག དེ་ལ་ འདུག ་ ང་ཡིན། ཁྱོད་རེད། ཁོ་རེད། འདི་རེད། དེ་རེད། ་ འདི་ངའི་རེད། འདི་ཁྱོད་རང་གི་རེད། འདི་ཁོའི་རེད། འདི་འདིའི་རེད། འདི་དེའི་རེད།
གཙོ་བོ་དུས་གསུམ་གསལ་པོ་བཀོལ་དགོས། ང་སྐད་ཆ་ཤོད་ཀྱི་ཡོད་ཟེར་བ་ལས། ང་སྐད་ཆ་བཤད་ཀྱི་ཡོད་ཟེར་ན་ནོར་བ་རེད།་ ང་འགྲོ་བཞིན་ཡོད་ཟེར་བ་ལས། ང་འགྲོ་བགྱིད་ཡོད་ཟེར་ན་ནོར་བ་རེད། བགྱི། བགྱིད། བགྱིས་བྱེད་སྒྲ་རེད། དེའི་སྟེང་འགྲོ་བསྣན་ན་བོད་སྨན་རིན་ཆེན་རིལ་པོའི་སྟེང་ལ་འཁྱུང་ལྔ་བཟས་པ་ལྟ་བུ་རེད། ཀ་རྡོ་ལགས་དགོངས་པ་ཡག་པོ་བཞེད་དགོས། ཁྱེད་བྱ་ཚིག་གཉིས་རེ་བེད་སྤྱོད་གཏོང་རྒྱུར་དགའ་བ་དེ་འདྲས།
དུས་གསུམ་གསལ་པོ་བཀོལ་དགོས། ང་སྐད་ཆ་ཤོད་ཀྱི་ཡོད་ཟེར་བ་ལས། ང་སྐད་ཆ་བཤད་ཀྱི་ཡོད་ཟེར་ན་ནོར་བ་རེད།་ ང་འགྲོ་བཞིན་ཡོད་ཟེར་བ་ལས། ང་འགྲོ་བགྱིད་ཡོད་ཟེར་ན་ནོར་བ་རེད། བགྱི། བགྱིད། བགྱིས་བྱེད་སྒྲ་རེད། དེའི་སྟེང་འགྲོ་བསྣན་ན་བོད་སྨན་རིན་ཆེན་རིལ་པོའི་སྟེང་ལ་འཁྱུང་ལྔ་བཟས་པ་ལྟ་བུ་རེད། ཀ་རྡོ་ལགས་དགོངས་པ་ཡག་པོ་བཞེད་དགོས། ཁྱེད་བྱ་ཚིག་གཉིས་རེ་བེད་སྤྱོད་གཏོང་རྒྱུར་དགའ་བ་དེ་འདྲས།
ཁ་པར་མ་རེད་ སྐད་འཕྲིན་རེད་ ངའི་སྐད་འཕྲིན་ ངའི་ལག་ཁྱེར་སྐད་འཕྲིན་ ཁོའི་ལག་ཁྱེར་སྐད་འཕྲིན་ གཟའ་འཇུག་སློབ་གྲ་ཟེར་ན་གོ་རྒྱུ་གང་འདུག་ཧཧ དེ་ལས་དགུང་སེང་སློབ་གྲ་ཟེར་ན་འོད་པ་དང་རན་པ་མི་ འདུག་གམ་། བོད་མི་རིགས་ལ་སྐད་ཡིག་དང་རིག་གཞུང་ཕྱུགས་པོ་ ཡོད་པ་དེ་དག་དེང་རབས་ཀྱི་མཁས་པ་ཚོའི་ནག་སུབ་མ་ གཏོང་རོགས་ཐུགས་རྗེའ་གཟིགས་།
རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གནད་ལ་དམིགས་ཏེ་སྐྱོན་བརྗོད་ཅིག་གནང་སོང་ཡང་ཤེས་རིག་ནས་སྐྱོན་དེ་ཁ་འགེབས་ཐབས་ཙམ་ལས་ལན་རྒྱུ་མཚན་ལྡན་པ་ཞིག་གནང་མ་སོང་། ངའི་ཉམས་མྱོང་ལ་བོད་པའི་སྒྲིག་འཛུགས་ནང་ཨིན་ཇིའི་སྐད་དུ་ complacency ཟེར་བ་དེ་ཤུགས་ཆེན་པོ་འདུག ༸གོང་ས་མཆོག་མ་འོངས་པར་བློ་ཕམ་གནང་གཞི་ཆེན་པོ་ཞིག་འགྱུར་ཉེན་འདུག་ན་ཧ་ཅང་གཟབ་དགོས་པ་ཞིག་ཏུ་སྣང་། ལས་ཀ་ཚང་མ་དགའ་མིན་དགའ་མདོག་ཤ་སྟག་ལས་སྤྱི་ཚོགས་ལ་ཕན་གནོད་གང་འདྲ་ཞིག་ཡོང་གི་ཡོད་པ་རྩ་བ་ནས་གཟིགས་ཀྱི་མི་འདུག བླ་ོ་ཕམ་ཡོད་དོ། བཀྲ་ཤིས་བདེ་ལེགས།
བརྡ་སྤྲོད་ལ་བསྟུན་མི་དགོས་པའི་བོད་ཡིག་ཅིག་ཤེས་རིག་ནས་བསྒྲིགས་འདུག་པར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་འདོད་བྱུང་། ཨ་ཡ་མཚན། བརྡ་སྤྲོད་གཙོ་བོ་མིན་པར་ཁ་སྐད་གཙོ་བོ་ཡིན་ན་དཔེ་ཡག་པོ་རེད། ཤེས་རིག་ལས་ཁུངས་ནི་ཤེས་རིག་ལས་ཁུངས་རང་རེད། མ་འོངས་པར་བོད་སྐད་དང་བོད་ཡིག་དེ་གང་འདྲ་ཞིག་ཆགས་གྲབས་ཡོད་ན་བསམ་ནས་མདང་དགོང་གཉིད་ཀྱང་ཁུག་མ་སོང་།
བོད་མི་རིགས་འཛམ་གླིང་གི་ལུང་པ་མང་པོའི་ནང་སྲན་མ་ས་སྟེང་གཏོར་བ་ནང་བཞིན་གཏོར་ནས་བོད་ཀྱི་རིག་གཞུང་ལ་སྲུང་སྐྱོབས་ཟེར་བ་དེ་སྒྲུང་ལྟབུ་མ་རེད་དམ་། བོད་སྐད་རྒྱག་ཐུབ་པ་ཙམ་དང་བོད་ཡིག་ཀློག་ཐུབ་ཙམ་གྱི་བོད་མིའི་རིག་གཞུང་སྲུང་སྐྱོབས་ལ་ངོས་འཛིན་ཞུས་ན་འགྲིག་གི་ཡོད་པ་ཡིན་ནམ་།ཧཧཧརིག་གཞུང་སྲུང་སྐྱོབས་ལས་སླ་བ་ལ་།ཧཧཧ
ཤེས་རིག་ལས་ཁུངས་ཀྱིས། ཁ་སྐད་སློབ་དེབ་སྤེལ་བ་དེས། ཤེས་རིག་ལས་ཁུངས་ཀྱིས་རང་གི་ལན་འགན་བསྒྲུབས་པ་རེད། ད་སྨྱུག་འཛིན་པ་ཚོས་དེ་དག་འཐད་དང་མི་འཐད་དཔྱད་ནས། དགོངས་འཆར་ཕུལ་ནས། ཤེས་རིག་ལས་ཁུངས་ཀྱིས་ཀྱང་ལོ་རེར་བསྒྱུར་བཅོས་གསར་པ་བསྣོན་འཕྲི་བྱེད་ཐུབ་ན། དགེ་མཚན་ཆེན་པོ་ཡོད་རེད། དེ་མིན་ཕན་ལས་གནོད་ཆེ་བ་འོངས་མི་སྲིད་པ་མིན།
བཙན་བྱོལ་ནང་བོད་ཡིག་ཉམས་བཞིན་པ་གསལ་བོ་རེད། ཉེ་ཆར་བཏོན་པའི་སློབ་དེབ་འདི་ལ་ཅིག་ལྟོས། དེང་སྐབས་བརྡ་འཕྲིན་གྱི་དུས་ཡིན་ཙང་། བོད་ནང་དུའང་སོློབ་དེབ་དེ་སྐོར་ལ་ཤུགས་ཆེན་པོ་གླེང་བཞིན་འདུག ཤེས་རིག་ལས་ཁུངས་ལ་ཆ་མཚོན་ནའང་། ཁྱབ་ཁོངས་སོློབ་གྲྭ་ཁག་ཏུ་ལྷག་བསམ་ཡོད་པའི་བོད་ཡིག་ཚད་ལྡན་གྱི་དགེ་རྒན་རེ་ཟུང་ཡོད་ཀྱང་། དེ་ཚོ་ཡར་འཐེན་བྱ་རྒྱུ་ལས་དངོས་ཤུགས་བརྒྱུད་གསུམ་ནས་མགོ་གནོན་གང་ཐུབ་བྱེད་ཀྱི་ཡོད། དེ་དག་དཔེ་མཚོན་རེ་རེ་བཞིན་རྗེས་སུ་འཇོག་གི་ཡིན།
བོད་ས་མ་ཤོར་སྔོན་བོད་སྐད་དཱངས་མ་བོད་སྤྱོད་བཏང་ཡོད་ཀྱང་བོད་ས་ཤོར་ནས་བོད་ཕྱི་ནང་གཉིས་ལ་ར་མ་ལུགས་སྐད་བེད་སྤྱོད་བྱེད་བཞིན་པ་དང་ད་དུང་ང་ཚོའི་གནས་ཡུལ་ལུང་པ་སོ་སོའི་སྐད་ལ་བསྟུན་ཆེ་ན་དུས་ནམ་ཞིག་བོད་མི་ནང་ཁུལ་སྐད་བརྡ་མི་འཕྲོད་པའི་དུས་ཚོད་མི་ཤར་བའི་ངེས་པ་མེད་ན་བསམ་ཡོད་བློ་ལྡན་བོད་མི་ཙམ་པ་ཟ་མི་ཚང་མས་ཟབ་ཟབ་གནང་དགོས་པ་དེ་གལ་ཆེན་དོན་ཆེན་མིན་པ་ཡིན་ནམ་???
གོང་ས་མཆོག་གི་ཤེས་ཡོན་ཐུགས་དགོངས་ནི་ནམ་མཁའ་ལས་རྒྱ་ཆེ་ན་ཡང་།་བཙན་བྱོལ་ནང་གི་ཤེས་ཡོན་དེ་ཁ་བསྒྱུར་དང་ལག་ལེན་བསྟར་མཁན་གྱི་འགོ་བ་ཚོ་ནི་རྒྱ་གུང་ཁྲན་ལས་སྡུག་ཡིན། ཐག་རིང་དང་གཞུང་ལུགས་བཤད་མི་དགོས།་བཙན་བྱོལ་མི་རབས་གསར་པའི་རྒྱུ་སྤུས་ལ་ལྟོས་དང་ཧ་གོ་ངེས། རྒྱ་གུང་ཁྲན་གྱིས་སྡུག་རྩུབ་སྲིད་བྱུས་འོག་གི་མི་རབས་ཚོ་འདི་ལས་ཡག་ཞིག་ཡོད་པ་ལོ་རྒྱུས་ཀྱི་ཁ་གྲགས་གི་ཡོད།
བོད་ཀྱི་བརྡ་སྤྲོད་པའི་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ལ་སློབ་སྦྱོང་ཆ་ཚང་བ་གནང་མྱོང་མཁན་གྱི་མི་གཅིག་ཀྱང་ཤེས་རིག་རྩོམ་སྒྲིག་པའི་སྡེ་ཚན་ནང་དུ་མེད་པས། དེ་ལྟ་བུའི་སྡེ་ཚན་ཞིག་གིས་སོ་སོའི་ཀླད་པ་གཅིག་ལས་གཞན་གྱི་ལྟོས་གཞི་ཞིག་ཡོད་པ་ལ་བསམ་བློ་འཁོར་གྱི་ཡོད་པ་མ་རེད། ཨ་རིའི་བོད་ཕྲུག་ཚོར་༼ རྡོ་རྗེ་གཅོད་པའི་འགྱུར་མ་དག་པ་༽སྤྲད་འདུག་པས་ཕ་མ་རྣམས་ཀྱིས་རང་རང་གི་བུ་ཕྲུག་ལ་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་བྱེད་ཅིག་སློབ་པ་ལས་མ་ཤེས་པས་བཟང་གི་རེད་སྙམ།
བརྡ་སྤྲོད་ལ་མཁས་པ་གྱུར་ནས་བོད་ཡིག་བཀླག་མི་ཤེས་པ་དང་། འབྲི་མི་ཤེས་མཁན་མང་པོ་ཡོད་རེད་ཟེར། ཧ་་་་ཧ་་་་་་་སུ་ན་དེ་འདྲ་མི་དེ་་་་་
སློབ་བཟང་སངས་རྒྱས་སྲིད་སྐྱོང་ལ་ཐོག་མར་བསྡད་པའི་སྐབས་སུ་སྲིད་སྐྱོང་བྱ་དགའ་སྤྲོད་ཁོངས་ནས་བོད་ཡིག་རྒྱང་ཕུད་བཏང་སོང་། ད་རེས་ཡང་བསྐྱར་མི་དབང་སྲིད་སྐྱོང་ཁོང་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་གསུམ་གྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དངོས་སུ་དབུ་འབྱེད་གསལ་བསྒྲགས་གནང་བའི་སློབ་དེབ་དེ་བོད་ཕྱི་ནང་ཀུན་གྱི་བོད་ཡིག་ལ་སེམས་གཏིང་ནས་དུང་བ་ཡོད་མཁན་ཚོར་བློ་ཕམ་ཚད་མེད་སྐྱེ་བྱེད་ཅིག་ཆགས་སོང་། གོང་རིམ་དུ་བཞུགས་མཁན་ཚོར་ད་དུང་གྲགས་འགུལ་ཅི་ཡང་མེད་ཚོད་ལ་བལྟས་ན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་རིན་ཐང་དང་དར་རྒུད་ལ་ཚོར་བ་གཏན་ནས་མེད་པ་འདྲ་ཨང་།
བརྡ་སྤྲོད་ལ་བྱང་ཆུབ་པའི་མཁས་པ་ཡི་གེ་འབྲི་ཀློག་མི་ཤེས་པ་ཡོད་ན། ཤེས་རིགས་ལས་ཁུངས་ཀྱིས་གཏན་འབེབས་ལྟར་སློབ་དེབ་ལ་དགེ་མཚན་བླ་ན་མེད་པ་བདེན་ངེས།
རང་དགར་མི་ཁ་ཤས་ཀྱིས་བོད་མེས་པོའི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་བརྡ་སྤྲོད་གཏན་འབེབས་བྱས་པ་ནི། བོད་སྐད་ཡིག་ལ་སྒེར་གཅོད་བྱས་པ་ཞིག་རེད་ལ། སྒེར་གཅོད་འདིའི་མཇུག་འབྲས་ནི་བོད་མི་རིགས་ཀྱི་སྒལ་ཚིགས་འཐོར་རྒྱུ་དེ་ཡིན་པ་ཤོད་ཅི་ལ་དགོས། དེ་ལྟ་ན། གནད་དོན་འདིའི་ཐད་བོད་མི་ཡོད་དོ་ཅོག་གིས་བློ་གཟུར་བོར་གནས་པའི་ཐོག་མུ་མཐུད་དགག་སྒྲུབ་ཀྱི་རྩོམ་ཡིག་གང་མང་སྤེལ་རྒྱུ་དེ། བོད་རིགས་ཤེས་ལྡན་པ་ཚོར་ཐད་ཀར་འཁྲི་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད་སྙམ།
ཨོ་ཧོ་ཧོ། ཨ་ཁ་ཁ། ཤེས་རིག་ལས་ཁུང་ནི། ཤེས་མེད་ལས་ཁུང་ཆགས་ཟིན་འདུག བོད་ཀྱི་སྐད་ཡིག་གི་རྣམ་བཞག་མི་ཤེས་པའི་ཤེས་མེད་ལས་ཁུང་། ཤེས་རིག་བཀའ་བློན་ཟུར་པ། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་བྱས་རྗེས་ལས་གཟེངས་སུ་ཐོན་པའི་ལས་གཞི་ཡག་པོ་བསྒྲུབས་ཤག ཐུགས་རྗེ་ཆེ། འབུམ་རམས་པ་རང་རེད། ད་དུང་ཡང་ཆོས་རིག་ལས་ཁུང་ནས་དགོན་སྡེ་ཚོའི་གཞུང་ལུགས་སློབ་དེབ་ཡང་གསར་བཟོ་གནང་ན་དགེ་མཚན་ཆེ་བར་མངོན།
ཨོ་ཧོ་ཧོ། ཨ་ཁ་ཁ། ཤེས་རིག་ལས་ཁུང་ནི། ཤེས་མེད་ལས་ཁུང་ཆགས་ཟིན་འདུག བོད་ཀྱི་སྐད་ཡིག་གི་རྣམ་བཞག་མི་ཤེས་པའི་ཤེས་མེད་ལས་ཁུང་། ཤེས་རིག་བཀའ་བློན་ཟུར་པ། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་གཟེངས་སུ་ཐོན་པའི་ལས་གཞི་ཡག་པོ་བསྒྲུབས་ཤག ཐུགས་རྗེ་ཆེ། འབུམ་རམས་པ་རང་རེད། ད་དུང་ཡང་ཆོས་རིག་ལས་ཁུང་ནས་དགོན་སྡེ་ཚོའི་གཞུང་ལུགས་སློབ་དེབ་ཡང་གསར་བཟོ་གནང་ན་དགེ་མཚན་ཆེ་བར་མངོན།
བློ་བཟང་སངས་རྒྱས་སམ་སློབ་བཟང་སངས་རྒྱས་ཞེས་དག་ཆ་གང་ཡིན་ཡག་པོ་མ་ཤེས་པར་བོད་གཞུང་སློབ་གྲྭ་ཐོན། ང་ན་ ཚ་མེད་ གཡག་ལྔ་གར་(རྔ་དཀར་) ཤི། ཟེར་ནས་གསུང་བཤད་གནང་མཁན་འདིས་ བོད་པ་ཚང་ལ་ཤ་ཚ་ཞེན་ཁོག་ཡོད་མཁན་ཞིག་མིན་པ་མགོ་རུལ་པ་སྣ་བའི་འཚོར་དགོས་ཚོད་ཡིན། ཡིན་ནའི་བོད་མིའི་ལས་དབང་ལ་མི་ངན་དེ་འདྲ་ཞིག་འོག་མགོ་བསྐོར་འཐེབས། རང་ཉིད་ལ་འཇོན་ཐང་མེད་ནའང་སློབ་སྟོན་པ་ཡག་པོ་ཞིག་ཡོད་ན་ལས་དོན་གང་ཙམ་གྲུབ་ངེས་ཀྱང་སློབ་སྟོན་པ་ཆོས་རིག་བཀའ་བློན་ཟུར་པད་མ་ཆོས་འབྱོར་གྱི་བཟོ་བ་འདྲ་བ་ཞིག་ལས་མེད་པར་བ་འདིའི་ཉལ་སྟངས་ལ་བལྟས་ན་བའུ་དེ་སྐེ་བསྐྱོག་བསྐྱོག་གཅིག་བསྐྱེས་རྒྱུ་ཐག་གཅོད་པའི་དཔེ་ལྟར་གཞན་རེ་བ་རྒྱབ་ས་གང་ལ་ཡོད། ཨེ་མ་བློ་ཕམ་པ་ལ།
ངས་ མདང་ ཕྱིན་པ་ཡིན། ངས་ དེ་རིང་ འགྲོ་བགྱིད་ ཡོད། ངས་ སང་ཉིན་ འགྲོ་བགྱི་ ཡིན། ་ ཞེས་ཡིག་ཐོག་དགོས་འདུག་ཀྱང་། ་ ང་ མདང་ ཕྱིན་པ་ཡིན། ང་ དེ་རིང་ འགྲོ་བགྱིད་ ཡོད། ང་ སང་ཉིན་ འགྲོ་བགྱི་ ཡིན། ་ ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།
དབྱངས་ལྔ་སོ་སོའི་སྒྲ་གདངས་མ་འདྲེས་ཅིག ། སུམ་རྟགས་མ་འགལ་གསར་བཅོས་རྩོམ་ལ་རེམས། ། དཔེར་ན་བསྐལ་གཞན་དབྱངས་ཨར་ཐོན་ཐབས་དང་། ། འབྲི་བྱེད་འབྲི་བྱར་འབྲི་ཡེ་འབྲི་ཡ་ཐོབ། ། དབྱངས་ཨ་ཨི་ཨུ་ཨེ་ཨོ་ཨ་མ་ལས། ། མ་སྐྱེས་ཡི་གེ་མིང་ཚིག་བོད་ལ་མེད། ། ཀི་ཀུ་ཀེ་ཀོ་ཀ་ལྔར་ངེས་པས་ཤེས། ། ཀད་ཀན་ཀལ་ཀས་དབྱངས་ཨར་ཉམས་གསོ་དགོས། ། ཅིའི་ཕྱིར་ཞེ་ན་ཅུང་ཟད་གླེང་བར་སྤྲོ། ། ཧིན་སྐད་སང་ཉིན་ཀལ་ལ་བོད་གཟུགས་ཀལ། ། ཨ་ེམེད་ཀེལ་རུ་བཀླགས་ན་ཨ་ཀལ་སྒྲ། ། རྩ་ཆད་འགྲོ་བ་ཅུང་ཟད་དཔྱད་ན་ཤེས། ། ་ ལྷ་སའི་ཁ་སྐད་ཞེ་ས་ཕུལ་བྱུང་རེད། ། འོནད་ཀྱང་ཆོལ་གསུམ་བོད་རིགས་སྤྱི་སྐད་ནང་། ། ཡོད་རེད་ཡོད་བཞིན་ཡོག་རེད་བྲིས་པ་དང་། ། ཡིན་ན་འང་ལ་ཡིན་ནའི་ལབ་པ་ནོར། ། ་ ང་ཁྱོད་ཁོ་གསུམ་སྐྱེས་བུ་དང་གཉིས་གསུམ། ། སྐྱེས་བུ་དང་པོ་འདས་པར་ཕྱིན་པ་ཡིན། ། ད་ལྟ་བ་ལ་ང་ནི་འགྲོ་བགྱིད་ཡོད། ། མ་མོངས་པ་ལ་ང་ནི་འགྲོ་བགྱི་ཡིན། ། ་ སྐྱེས་བུ་གཉིས་པ་འདས་པར་ཕྱིན་པ་རེད། ། ད་ལྟ་བ་ལ་ཁྱོད་རང་འགྲོ་བགྱིད་འདུག ། མ་འོངས་པ་ལ་ཁྱོད་རང་འགྲོ་བགྱི་རེད། ། བགྱིད་བགྱི་གཉིས་ཀྱི་ཁྱད་པར་འབྱེད་དགོས་ཤིང་། ། ་ སྐྱེས་བུ་གསུམ་པ་འདས་པར་ཕྱིན་པ་རེད། ། ད་ལྟ་བ་ལ་ཁོ་རང་འགྲོ་བགྱིད་འདུག ། མ་འོངས་པ་ལ་ཁོ་རང་འགྲོ་བགྱི་རེད། ། རེད་འདུག་དུས་ཀྱི་ཁྱད་པར་ཤེས་པའང་གཅེས། ། ་ ང་ནི་ཕྱིན་པ་ཡིན་དང་འགྲོ་བགྱིད་ཡོད། ། འགྲོ་བགྱི་ཡིན་སོགས་བགྱིད་བགྱི་བེད་སྤྱད་ནས། ། དེང་བོད་སྐད་ལ་འབྲི་དགོས་ཡོད་མིན་ནི། ། འབྲེལ་སྒྲའི་གི་གྱི་ཡི་ལ་༼ སྐད་ཆ་ ༽ དྲིས་ན་ཤེས། ། ཀརྡོས།
བོད་སྐད་ལ་གཟེས་བའི་སློབ་དེབ་ཞིག་ཡིན་ན། བོད་སྐད་ཤེས་ཀྱང་བོད་སྐད་ཀྱི་འགྲོས་དེ་འདྲ་མི་འཁྱེན་པ་འམ་མི་བཤད་པའི་བོད་རིགས་ཀྱི་བུ་ཕྲུག་གཞན་ཚོ་ལ་བོད་སྐད་ཀྱི་སློབ་དེབ་གཞན་པ་ཞིག་དགོས་བ་མི་འདུག་གམ། རྨིང་གཞི་ལ་སྒྲ་ལོག་བསླབས་ན། དངོས་གཞི་ལ་ཀླད་གོར་ཡིན་འགྲོ། ཀུན་སློང་མི་བཟང་བའི་མི་བུ་གཅིག་གཉིས་ཞིག་གིས། ཕྱོགས་བཟུང་བྱས་ནས་སྤྱི་སྐད་ལ་རེ་བ་བཅོལ་ཡང་། བརྡ་སྤྲོད་ཤོར་ན། ཁྱེད་ཚོ་ལ་བཅོལ་སའི་གཞི་མེད་སོང་བ་རེད། ཨམ་ཅོག་ཚ། ངོ་ཚ། ད་ཁྱེད་ཚོ་ལ་བྱུང་རྒྱུ་དེ་ལས་མེད། ཧ་ཧ་ཧ།
ང་ཁ་པར་བཏང་ཡིན། ཅི་འདྲའི་ཁ་སྐད་ཛོར་བོ་ཞིག ཉན་མི་བྲོ་བའི།
ཀློག་མི་བྲོ་བའི། འབྲི་མི་བྲོ་བའི་ཁ་སྐད་འདི་ཡུལ་བྱོལ་བ་དག་གིས་ལམ་ཁ་ནས་བཏུས་བའི་འདྲེ་སྐད་ཅིག་ཡིན་ན་མ་གཏོགས། དབུས་བའི་ཁ་སྐད་རང་ལ་ཁོ་བས་ད་སྔ་ང་ཁ་པར་བཏང་ཡིན་ཞེས་བའི་བརྗོད་པ་སྐྱུག་མེར་ལངས་བ་འདི་འདྲ་གོ་མྱོང་མེད། རྣམ་རྟོག་ལ་ཨང་།
ང་།
ང་ མདང་ ཕྱིན་པ་ ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
ཁྱོད་རང་།
ཁྱོད་རང་ མདང་ ཕྱིན་པ་ རེད།
ཁྱོད་རང་ དེ་རིང་ འགྲོ་བགྱིད་ ཡོད་རེད།
ཁྱོད་རང་ སང་ཉིན་ འགྲོ་བགྱི་ རེད།
ཁོ།
ཁོ་ མདང་ ཕྱིན་པ་ རེད།
ཁོ་ དེ་རིང་ འགྲོ་བགྱིད་ ཡོད་རེད།
ཁོ་ སང་ཉིད་ འགྲོ་བགྱི་ རེད།
་
ང་ལ་ ཡོད།
ཁྱོད་ལ་ འདུག
ཁོ་ལ་ འདུག
འདི་ལ་ འདུག
དེ་ལ་ འདུག
་
ང་ཡིན།
ཁྱོད་རེད།
ཁོ་རེད།
འདི་རེད།
དེ་རེད།
་
འདི་ངའི་རེད།
འདི་ཁྱོད་རང་གི་རེད།
འདི་ཁོའི་རེད།
འདི་འདིའི་རེད།
འདི་དེའི་རེད།
གཙོ་བོ་དུས་གསུམ་གསལ་པོ་བཀོལ་དགོས། ང་སྐད་ཆ་ཤོད་ཀྱི་ཡོད་ཟེར་བ་ལས། ང་སྐད་ཆ་བཤད་ཀྱི་ཡོད་ཟེར་ན་ནོར་བ་རེད།་
ང་འགྲོ་བཞིན་ཡོད་ཟེར་བ་ལས། ང་འགྲོ་བགྱིད་ཡོད་ཟེར་ན་ནོར་བ་རེད། བགྱི། བགྱིད། བགྱིས་བྱེད་སྒྲ་རེད། དེའི་སྟེང་འགྲོ་བསྣན་ན་བོད་སྨན་རིན་ཆེན་རིལ་པོའི་སྟེང་ལ་འཁྱུང་ལྔ་བཟས་པ་ལྟ་བུ་རེད། ཀ་རྡོ་ལགས་དགོངས་པ་ཡག་པོ་བཞེད་དགོས། ཁྱེད་བྱ་ཚིག་གཉིས་རེ་བེད་སྤྱོད་གཏོང་རྒྱུར་དགའ་བ་དེ་འདྲས།
དུས་གསུམ་གསལ་པོ་བཀོལ་དགོས། ང་སྐད་ཆ་ཤོད་ཀྱི་ཡོད་ཟེར་བ་ལས། ང་སྐད་ཆ་བཤད་ཀྱི་ཡོད་ཟེར་ན་ནོར་བ་རེད།་
ང་འགྲོ་བཞིན་ཡོད་ཟེར་བ་ལས། ང་འགྲོ་བགྱིད་ཡོད་ཟེར་ན་ནོར་བ་རེད། བགྱི། བགྱིད། བགྱིས་བྱེད་སྒྲ་རེད། དེའི་སྟེང་འགྲོ་བསྣན་ན་བོད་སྨན་རིན་ཆེན་རིལ་པོའི་སྟེང་ལ་འཁྱུང་ལྔ་བཟས་པ་ལྟ་བུ་རེད། ཀ་རྡོ་ལགས་དགོངས་པ་ཡག་པོ་བཞེད་དགོས། ཁྱེད་བྱ་ཚིག་གཉིས་རེ་བེད་སྤྱོད་གཏོང་རྒྱུར་དགའ་བ་དེ་འདྲས།
ཁ་པར་མ་རེད་
སྐད་འཕྲིན་རེད་
ངའི་སྐད་འཕྲིན་
ངའི་ལག་ཁྱེར་སྐད་འཕྲིན་
ཁོའི་ལག་ཁྱེར་སྐད་འཕྲིན་
གཟའ་འཇུག་སློབ་གྲ་ཟེར་ན་གོ་རྒྱུ་གང་འདུག་ཧཧ
དེ་ལས་དགུང་སེང་སློབ་གྲ་ཟེར་ན་འོད་པ་དང་རན་པ་མི་
འདུག་གམ་།
བོད་མི་རིགས་ལ་སྐད་ཡིག་དང་རིག་གཞུང་ཕྱུགས་པོ་
ཡོད་པ་དེ་དག་དེང་རབས་ཀྱི་མཁས་པ་ཚོའི་ནག་སུབ་མ་
གཏོང་རོགས་ཐུགས་རྗེའ་གཟིགས་།
རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གནད་ལ་དམིགས་ཏེ་སྐྱོན་བརྗོད་ཅིག་གནང་སོང་ཡང་ཤེས་རིག་ནས་སྐྱོན་དེ་ཁ་འགེབས་ཐབས་ཙམ་ལས་ལན་རྒྱུ་མཚན་ལྡན་པ་ཞིག་གནང་མ་སོང་། ངའི་ཉམས་མྱོང་ལ་བོད་པའི་སྒྲིག་འཛུགས་ནང་ཨིན་ཇིའི་སྐད་དུ་ complacency ཟེར་བ་དེ་ཤུགས་ཆེན་པོ་འདུག ༸གོང་ས་མཆོག་མ་འོངས་པར་བློ་ཕམ་གནང་གཞི་ཆེན་པོ་ཞིག་འགྱུར་ཉེན་འདུག་ན་ཧ་ཅང་གཟབ་དགོས་པ་ཞིག་ཏུ་སྣང་། ལས་ཀ་ཚང་མ་དགའ་མིན་དགའ་མདོག་ཤ་སྟག་ལས་སྤྱི་ཚོགས་ལ་ཕན་གནོད་གང་འདྲ་ཞིག་ཡོང་གི་ཡོད་པ་རྩ་བ་ནས་གཟིགས་ཀྱི་མི་འདུག བླ་ོ་ཕམ་ཡོད་དོ། བཀྲ་ཤིས་བདེ་ལེགས།
བརྡ་སྤྲོད་ལ་བསྟུན་མི་དགོས་པའི་བོད་ཡིག་ཅིག་ཤེས་རིག་ནས་བསྒྲིགས་འདུག་པར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་འདོད་བྱུང་།
ཨ་ཡ་མཚན། བརྡ་སྤྲོད་གཙོ་བོ་མིན་པར་ཁ་སྐད་གཙོ་བོ་ཡིན་ན་དཔེ་ཡག་པོ་རེད། ཤེས་རིག་ལས་ཁུངས་ནི་ཤེས་རིག་ལས་ཁུངས་རང་རེད། མ་འོངས་པར་བོད་སྐད་དང་བོད་ཡིག་དེ་གང་འདྲ་ཞིག་ཆགས་གྲབས་ཡོད་ན་བསམ་ནས་མདང་དགོང་གཉིད་ཀྱང་ཁུག་མ་སོང་།
བོད་མི་རིགས་འཛམ་གླིང་གི་ལུང་པ་མང་པོའི་ནང་སྲན་མ་ས་སྟེང་གཏོར་བ་ནང་བཞིན་གཏོར་ནས་བོད་ཀྱི་རིག་གཞུང་ལ་སྲུང་སྐྱོབས་ཟེར་བ་དེ་སྒྲུང་ལྟབུ་མ་རེད་དམ་།
བོད་སྐད་རྒྱག་ཐུབ་པ་ཙམ་དང་བོད་ཡིག་ཀློག་ཐུབ་ཙམ་གྱི་བོད་མིའི་རིག་གཞུང་སྲུང་སྐྱོབས་ལ་ངོས་འཛིན་ཞུས་ན་འགྲིག་གི་ཡོད་པ་ཡིན་ནམ་།ཧཧཧརིག་གཞུང་སྲུང་སྐྱོབས་ལས་སླ་བ་ལ་།ཧཧཧ
ཤེས་རིག་ལས་ཁུངས་ཀྱིས། ཁ་སྐད་སློབ་དེབ་སྤེལ་བ་དེས། ཤེས་རིག་ལས་ཁུངས་ཀྱིས་རང་གི་ལན་འགན་བསྒྲུབས་པ་རེད། ད་སྨྱུག་འཛིན་པ་ཚོས་དེ་དག་འཐད་དང་མི་འཐད་དཔྱད་ནས། དགོངས་འཆར་ཕུལ་ནས། ཤེས་རིག་ལས་ཁུངས་ཀྱིས་ཀྱང་ལོ་རེར་བསྒྱུར་བཅོས་གསར་པ་བསྣོན་འཕྲི་བྱེད་ཐུབ་ན། དགེ་མཚན་ཆེན་པོ་ཡོད་རེད། དེ་མིན་ཕན་ལས་གནོད་ཆེ་བ་འོངས་མི་སྲིད་པ་མིན།
བཙན་བྱོལ་ནང་བོད་ཡིག་ཉམས་བཞིན་པ་གསལ་བོ་རེད། ཉེ་ཆར་བཏོན་པའི་སློབ་དེབ་འདི་ལ་ཅིག་ལྟོས། དེང་སྐབས་བརྡ་འཕྲིན་གྱི་དུས་ཡིན་ཙང་། བོད་ནང་དུའང་སོློབ་དེབ་དེ་སྐོར་ལ་ཤུགས་ཆེན་པོ་གླེང་བཞིན་འདུག ཤེས་རིག་ལས་ཁུངས་ལ་ཆ་མཚོན་ནའང་། ཁྱབ་ཁོངས་སོློབ་གྲྭ་ཁག་ཏུ་ལྷག་བསམ་ཡོད་པའི་བོད་ཡིག་ཚད་ལྡན་གྱི་དགེ་རྒན་རེ་ཟུང་ཡོད་ཀྱང་། དེ་ཚོ་ཡར་འཐེན་བྱ་རྒྱུ་ལས་དངོས་ཤུགས་བརྒྱུད་གསུམ་ནས་མགོ་གནོན་གང་ཐུབ་བྱེད་ཀྱི་ཡོད། དེ་དག་དཔེ་མཚོན་རེ་རེ་བཞིན་རྗེས་སུ་འཇོག་གི་ཡིན།
ཡུལ་བྱེ་བྲག་པའི་འཕྲལ་སྐད་སློབ་དེབ་ནང་བསྲེས་པ་ནི་སྤྱི་སྐད་རྩ་བརླག་གི་ལས་འགུལ་ཞིག་རེད།
བོད་ས་མ་ཤོར་སྔོན་བོད་སྐད་དཱངས་མ་བོད་སྤྱོད་བཏང་ཡོད་ཀྱང་བོད་ས་ཤོར་ནས་བོད་ཕྱི་ནང་གཉིས་ལ་ར་མ་ལུགས་སྐད་བེད་སྤྱོད་བྱེད་བཞིན་པ་དང་ད་དུང་ང་ཚོའི་གནས་ཡུལ་ལུང་པ་སོ་སོའི་སྐད་ལ་བསྟུན་ཆེ་ན་དུས་ནམ་ཞིག་བོད་མི་ནང་ཁུལ་སྐད་བརྡ་མི་འཕྲོད་པའི་དུས་ཚོད་མི་ཤར་བའི་ངེས་པ་མེད་ན་བསམ་ཡོད་བློ་ལྡན་བོད་མི་ཙམ་པ་ཟ་མི་ཚང་མས་ཟབ་ཟབ་གནང་དགོས་པ་དེ་གལ་ཆེན་དོན་ཆེན་མིན་པ་ཡིན་ནམ་???
གོང་ས་མཆོག་གི་ཤེས་ཡོན་ཐུགས་དགོངས་ནི་ནམ་མཁའ་ལས་རྒྱ་ཆེ་ན་ཡང་།་བཙན་བྱོལ་ནང་གི་ཤེས་ཡོན་དེ་ཁ་བསྒྱུར་དང་ལག་ལེན་བསྟར་མཁན་གྱི་འགོ་བ་ཚོ་ནི་རྒྱ་གུང་ཁྲན་ལས་སྡུག་ཡིན། ཐག་རིང་དང་གཞུང་ལུགས་བཤད་མི་དགོས།་བཙན་བྱོལ་མི་རབས་གསར་པའི་རྒྱུ་སྤུས་ལ་ལྟོས་དང་ཧ་གོ་ངེས། རྒྱ་གུང་ཁྲན་གྱིས་སྡུག་རྩུབ་སྲིད་བྱུས་འོག་གི་མི་རབས་ཚོ་འདི་ལས་ཡག་ཞིག་ཡོད་པ་ལོ་རྒྱུས་ཀྱི་ཁ་གྲགས་གི་ཡོད།
བོད་ཀྱི་བརྡ་སྤྲོད་པའི་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ལ་སློབ་སྦྱོང་ཆ་ཚང་བ་གནང་མྱོང་མཁན་གྱི་མི་གཅིག་ཀྱང་ཤེས་རིག་རྩོམ་སྒྲིག་པའི་སྡེ་ཚན་ནང་དུ་མེད་པས། དེ་ལྟ་བུའི་སྡེ་ཚན་ཞིག་གིས་སོ་སོའི་ཀླད་པ་གཅིག་ལས་གཞན་གྱི་ལྟོས་གཞི་ཞིག་ཡོད་པ་ལ་བསམ་བློ་འཁོར་གྱི་ཡོད་པ་མ་རེད།
ཨ་རིའི་བོད་ཕྲུག་ཚོར་༼ རྡོ་རྗེ་གཅོད་པའི་འགྱུར་མ་དག་པ་༽སྤྲད་འདུག་པས་ཕ་མ་རྣམས་ཀྱིས་རང་རང་གི་བུ་ཕྲུག་ལ་བོད་ཀྱི་རིག་གཞུང་གཏོར་བཤིག་གཏོང་བྱེད་ཅིག་སློབ་པ་ལས་མ་ཤེས་པས་བཟང་གི་རེད་སྙམ།
བརྡ་སྤྲོད་ལ་མཁས་པ་གྱུར་ནས་བོད་ཡིག་བཀླག་མི་ཤེས་པ་དང་། འབྲི་མི་ཤེས་མཁན་མང་པོ་ཡོད་རེད་ཟེར། ཧ་་་་ཧ་་་་་་་སུ་ན་དེ་འདྲ་མི་དེ་་་་་
རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ། མུན་འཐོམ་བསྟན་འཛིན་ནོར་བུ་ཆགས་སོང་བ་མིན་ནམ།
སློབ་བཟང་སངས་རྒྱས་སྲིད་སྐྱོང་ལ་ཐོག་མར་བསྡད་པའི་སྐབས་སུ་སྲིད་སྐྱོང་བྱ་དགའ་སྤྲོད་ཁོངས་ནས་བོད་ཡིག་རྒྱང་ཕུད་བཏང་སོང་།
ད་རེས་ཡང་བསྐྱར་མི་དབང་སྲིད་སྐྱོང་ཁོང་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་གསུམ་གྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དངོས་སུ་དབུ་འབྱེད་གསལ་བསྒྲགས་གནང་བའི་སློབ་དེབ་དེ་བོད་ཕྱི་ནང་ཀུན་གྱི་བོད་ཡིག་ལ་སེམས་གཏིང་ནས་དུང་བ་ཡོད་མཁན་ཚོར་བློ་ཕམ་ཚད་མེད་སྐྱེ་བྱེད་ཅིག་ཆགས་སོང་།
གོང་རིམ་དུ་བཞུགས་མཁན་ཚོར་ད་དུང་གྲགས་འགུལ་ཅི་ཡང་མེད་ཚོད་ལ་བལྟས་ན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་རིན་ཐང་དང་དར་རྒུད་ལ་ཚོར་བ་གཏན་ནས་མེད་པ་འདྲ་ཨང་།
བརྡ་སྤྲོད་ལ་བྱང་ཆུབ་པའི་མཁས་པ་ཡི་གེ་འབྲི་ཀློག་མི་ཤེས་པ་ཡོད་ན། ཤེས་རིགས་ལས་ཁུངས་ཀྱིས་གཏན་འབེབས་ལྟར་སློབ་དེབ་ལ་དགེ་མཚན་བླ་ན་མེད་པ་བདེན་ངེས།
བྱང་ཨ་རིའི་གཟའ་མཇུག་སློབ་དེབ་ཀྱི་མཚན་སྙན་བོད་ནས་ཐོས།གཙོ་བོ་དབུས་ཀྱི་ཁ་སྐད་སྲུང་སྐྱོབ་ཆེད་རེད་ཟེར།
རང་དགར་མི་ཁ་ཤས་ཀྱིས་བོད་མེས་པོའི་བརྡ་སྤྲོད་གཞུང་ལུགས་དང་འགལ་བའི་བརྡ་སྤྲོད་གཏན་འབེབས་བྱས་པ་ནི། བོད་སྐད་ཡིག་ལ་སྒེར་གཅོད་བྱས་པ་ཞིག་རེད་ལ། སྒེར་གཅོད་འདིའི་མཇུག་འབྲས་ནི་བོད་མི་རིགས་ཀྱི་སྒལ་ཚིགས་འཐོར་རྒྱུ་དེ་ཡིན་པ་ཤོད་ཅི་ལ་དགོས། དེ་ལྟ་ན། གནད་དོན་འདིའི་ཐད་བོད་མི་ཡོད་དོ་ཅོག་གིས་བློ་གཟུར་བོར་གནས་པའི་ཐོག་མུ་མཐུད་དགག་སྒྲུབ་ཀྱི་རྩོམ་ཡིག་གང་མང་སྤེལ་རྒྱུ་དེ། བོད་རིགས་ཤེས་ལྡན་པ་ཚོར་ཐད་ཀར་འཁྲི་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད་སྙམ།
བོད་མིའི་མ་སྐད་ཚོགས་འདུར།
https://www.youtube.com/watch?v=r3XdfjSYfdY
ཨོ་ཧོ་ཧོ། ཨ་ཁ་ཁ། ཤེས་རིག་ལས་ཁུང་ནི། ཤེས་མེད་ལས་ཁུང་ཆགས་ཟིན་འདུག བོད་ཀྱི་སྐད་ཡིག་གི་རྣམ་བཞག་མི་ཤེས་པའི་ཤེས་མེད་ལས་ཁུང་། ཤེས་རིག་བཀའ་བློན་ཟུར་པ། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་བྱས་རྗེས་ལས་གཟེངས་སུ་ཐོན་པའི་ལས་གཞི་ཡག་པོ་བསྒྲུབས་ཤག ཐུགས་རྗེ་ཆེ། འབུམ་རམས་པ་རང་རེད། ད་དུང་ཡང་ཆོས་རིག་ལས་ཁུང་ནས་དགོན་སྡེ་ཚོའི་གཞུང་ལུགས་སློབ་དེབ་ཡང་གསར་བཟོ་གནང་ན་དགེ་མཚན་ཆེ་བར་མངོན།
ཨོ་ཧོ་ཧོ། ཨ་ཁ་ཁ། ཤེས་རིག་ལས་ཁུང་ནི། ཤེས་མེད་ལས་ཁུང་ཆགས་ཟིན་འདུག བོད་ཀྱི་སྐད་ཡིག་གི་རྣམ་བཞག་མི་ཤེས་པའི་ཤེས་མེད་ལས་ཁུང་། ཤེས་རིག་བཀའ་བློན་ཟུར་པ། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེས་གཟེངས་སུ་ཐོན་པའི་ལས་གཞི་ཡག་པོ་བསྒྲུབས་ཤག ཐུགས་རྗེ་ཆེ། འབུམ་རམས་པ་རང་རེད། ད་དུང་ཡང་ཆོས་རིག་ལས་ཁུང་ནས་དགོན་སྡེ་ཚོའི་གཞུང་ལུགས་སློབ་དེབ་ཡང་གསར་བཟོ་གནང་ན་དགེ་མཚན་ཆེ་བར་མངོན།
བློ་བཟང་སངས་རྒྱས་སམ་སློབ་བཟང་སངས་རྒྱས་ཞེས་དག་ཆ་གང་ཡིན་ཡག་པོ་མ་ཤེས་པར་བོད་གཞུང་སློབ་གྲྭ་ཐོན། ང་ན་ ཚ་མེད་ གཡག་ལྔ་གར་(རྔ་དཀར་) ཤི། ཟེར་ནས་གསུང་བཤད་གནང་མཁན་འདིས་ བོད་པ་ཚང་ལ་ཤ་ཚ་ཞེན་ཁོག་ཡོད་མཁན་ཞིག་མིན་པ་མགོ་རུལ་པ་སྣ་བའི་འཚོར་དགོས་ཚོད་ཡིན།
ཡིན་ནའི་བོད་མིའི་ལས་དབང་ལ་མི་ངན་དེ་འདྲ་ཞིག་འོག་མགོ་བསྐོར་འཐེབས།
རང་ཉིད་ལ་འཇོན་ཐང་མེད་ནའང་སློབ་སྟོན་པ་ཡག་པོ་ཞིག་ཡོད་ན་ལས་དོན་གང་ཙམ་གྲུབ་ངེས་ཀྱང་སློབ་སྟོན་པ་ཆོས་རིག་བཀའ་བློན་ཟུར་པད་མ་ཆོས་འབྱོར་གྱི་བཟོ་བ་འདྲ་བ་ཞིག་ལས་མེད་པར་བ་འདིའི་ཉལ་སྟངས་ལ་བལྟས་ན་བའུ་དེ་སྐེ་བསྐྱོག་བསྐྱོག་གཅིག་བསྐྱེས་རྒྱུ་ཐག་གཅོད་པའི་དཔེ་ལྟར་གཞན་རེ་བ་རྒྱབ་ས་གང་ལ་ཡོད། ཨེ་མ་བློ་ཕམ་པ་ལ།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།
དབྱངས་ལྔ་སོ་སོའི་སྒྲ་གདངས་མ་འདྲེས་ཅིག །
སུམ་རྟགས་མ་འགལ་གསར་བཅོས་རྩོམ་ལ་རེམས། །
དཔེར་ན་བསྐལ་གཞན་དབྱངས་ཨར་ཐོན་ཐབས་དང་། །
འབྲི་བྱེད་འབྲི་བྱར་འབྲི་ཡེ་འབྲི་ཡ་ཐོབ། །
དབྱངས་ཨ་ཨི་ཨུ་ཨེ་ཨོ་ཨ་མ་ལས། །
མ་སྐྱེས་ཡི་གེ་མིང་ཚིག་བོད་ལ་མེད། །
ཀི་ཀུ་ཀེ་ཀོ་ཀ་ལྔར་ངེས་པས་ཤེས། །
ཀད་ཀན་ཀལ་ཀས་དབྱངས་ཨར་ཉམས་གསོ་དགོས། །
ཅིའི་ཕྱིར་ཞེ་ན་ཅུང་ཟད་གླེང་བར་སྤྲོ། །
ཧིན་སྐད་སང་ཉིན་ཀལ་ལ་བོད་གཟུགས་ཀལ། །
ཨ་ེམེད་ཀེལ་རུ་བཀླགས་ན་ཨ་ཀལ་སྒྲ། །
རྩ་ཆད་འགྲོ་བ་ཅུང་ཟད་དཔྱད་ན་ཤེས། །
་
ལྷ་སའི་ཁ་སྐད་ཞེ་ས་ཕུལ་བྱུང་རེད། །
འོནད་ཀྱང་ཆོལ་གསུམ་བོད་རིགས་སྤྱི་སྐད་ནང་། །
ཡོད་རེད་ཡོད་བཞིན་ཡོག་རེད་བྲིས་པ་དང་། །
ཡིན་ན་འང་ལ་ཡིན་ནའི་ལབ་པ་ནོར། །
་
ང་ཁྱོད་ཁོ་གསུམ་སྐྱེས་བུ་དང་གཉིས་གསུམ། །
སྐྱེས་བུ་དང་པོ་འདས་པར་ཕྱིན་པ་ཡིན། །
ད་ལྟ་བ་ལ་ང་ནི་འགྲོ་བགྱིད་ཡོད། །
མ་མོངས་པ་ལ་ང་ནི་འགྲོ་བགྱི་ཡིན། །
་
སྐྱེས་བུ་གཉིས་པ་འདས་པར་ཕྱིན་པ་རེད། །
ད་ལྟ་བ་ལ་ཁྱོད་རང་འགྲོ་བགྱིད་འདུག །
མ་འོངས་པ་ལ་ཁྱོད་རང་འགྲོ་བགྱི་རེད། །
བགྱིད་བགྱི་གཉིས་ཀྱི་ཁྱད་པར་འབྱེད་དགོས་ཤིང་། །
་
སྐྱེས་བུ་གསུམ་པ་འདས་པར་ཕྱིན་པ་རེད། །
ད་ལྟ་བ་ལ་ཁོ་རང་འགྲོ་བགྱིད་འདུག །
མ་འོངས་པ་ལ་ཁོ་རང་འགྲོ་བགྱི་རེད། །
རེད་འདུག་དུས་ཀྱི་ཁྱད་པར་ཤེས་པའང་གཅེས། །
་
ང་ནི་ཕྱིན་པ་ཡིན་དང་འགྲོ་བགྱིད་ཡོད། །
འགྲོ་བགྱི་ཡིན་སོགས་བགྱིད་བགྱི་བེད་སྤྱད་ནས། །
དེང་བོད་སྐད་ལ་འབྲི་དགོས་ཡོད་མིན་ནི། །
འབྲེལ་སྒྲའི་གི་གྱི་ཡི་ལ་༼ སྐད་ཆ་ ༽ དྲིས་ན་ཤེས། །
ཀརྡོས།
བོད་སྐད་ལ་གཟེས་བའི་སློབ་དེབ་ཞིག་ཡིན་ན། བོད་སྐད་ཤེས་ཀྱང་བོད་སྐད་ཀྱི་འགྲོས་དེ་འདྲ་མི་འཁྱེན་པ་འམ་མི་བཤད་པའི་བོད་རིགས་ཀྱི་བུ་ཕྲུག་གཞན་ཚོ་ལ་བོད་སྐད་ཀྱི་སློབ་དེབ་གཞན་པ་ཞིག་དགོས་བ་མི་འདུག་གམ།
རྨིང་གཞི་ལ་སྒྲ་ལོག་བསླབས་ན། དངོས་གཞི་ལ་ཀླད་གོར་ཡིན་འགྲོ། ཀུན་སློང་མི་བཟང་བའི་མི་བུ་གཅིག་གཉིས་ཞིག་གིས། ཕྱོགས་བཟུང་བྱས་ནས་སྤྱི་སྐད་ལ་རེ་བ་བཅོལ་ཡང་། བརྡ་སྤྲོད་ཤོར་ན། ཁྱེད་ཚོ་ལ་བཅོལ་སའི་གཞི་མེད་སོང་བ་རེད། ཨམ་ཅོག་ཚ། ངོ་ཚ། ད་ཁྱེད་ཚོ་ལ་བྱུང་རྒྱུ་དེ་ལས་མེད། ཧ་ཧ་ཧ།