ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པར་གྲོས་འཆམ་བྱུང་བའི་གྲོས་ཆོད།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡ དང་ ༢ ཉིན་གཉིས་རིང་བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པར་གྲོས་འཆམ་བྱུང་བའི་གྲོས་ཆོད།
གོ་སྒྲིག་པ། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་། ཚོགས་ཡུལ་དང་མཐུན་འགྱུར་གནང་མཁན། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ།
༡) ཚོགས་འདུ་འདིའི་ཐོག་ནས་སྔོན་འགྲོ་དང་འཛིན་རིམ་དང་པོ། གཉིས་པ་བཅས་ཀྱི་སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་། ལས་རོགས་སྐལ་བཟང་དབྱངས་སྒྲོན་ལགས། བློ་བཟང་ཚེ་རིང་ལགས། སངས་རྒྱས་སྒྲོལ་མ་ལགས་རྣམས་དང་། འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་རྩོམ་སྒྲིག་པ་བྱམས་པ་མཁས་གྲུབ་ལགས་དང་། སྐལ་བཟང་ཚེ་རིང་ལགས། ཀརྨ་དངོས་གྲུབ་ལགས། སྐལ་བཟང་ཅུང་ལགས། བསྟན་འཛིན་རྡོ་རྗེ་ལགས། ཚེ་བརྟན་ཆོས་འབྱོར་ལགས་བཅས་ནས་སོ་སོའི་ལས་བྲེལ་ལ་མ་ལྟོས་པར་བོད་མི་རིགས་ཀྱི་ཆེད་དུ་དུས་ཚོད་ཆེད་བཏང་གིས་སློབ་དེབ་བརྩམས་གནང་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཤེས་རིག་ལས་ཁུངས་དང་། འབྲེལ་ཡོད་བསྐྱར་ཞིབ་དང་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། ཨ་རི་དོན་ཁང་དང་འབྲེལ་ཡོད་དེའི་སྐབས་ཀྱི་ལས་བྱེད་ཚེ་དབང་ཕུན་ཚོགས་ལགས་དང་། ད་ལྟའི་ལས་བྱེད་བསྟན་འཛིན་དབྱིག་གཉེན་ལགས་ལ་ལེགས་གསོའི་བཀའ་དྲིན་ཆེ་ཞུ།
༢) ཚོགས་འདུའི་ཐོག་དམིགས་བསལ་འཛིན་རིམ་གཉིས་པའི་སློབ་དེབ་ནང་དག་ཡིག་དང་རྟགས་འཇུག བརྡ་སྤྲོད་དང་མ་མཐུན་པའི་གནད་དོན་ཁག་ཚོགས་མི་རྣམ་པས་དགོངས་ཚུལ་སྦྱང་བཤད་ཞུས་པར་གསལ་བཤད་ཀྱིས་དག་པ་རྣམས་ཕུད། གཞན་དགོངས་ཚུལ་བྱུང་བ་རྣམས་སློབ་དེབ་རྩོམ་སྒྲིག་པ་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ནས་བློ་ངེས་བྱུང་ཐོག སྐབས་འཕྲལ་བརྡ་སྤྲོད་དང་མ་མཐུན་པ་ཁག་བསྒྱུར་བཅོས་ཀྱིས་ཤེས་རིག་ལས་ཁུངས་ནས་དོན་ཁང་བརྒྱུད་ས་གནས་སོ་སོར་གཏོང་རྒྱུ།
༣) ས་གནས་ཁག་ཅིག་གིས་སློབ་དེབ་བསྐྱར་ཞིབ་དང་འགྲེམས་སྤེལ་ཟིན་པའི་སློབ་དེབ་ས་གནས་སུ་མ་བཏང་གོང་རགས་ཟིན་ཚོད་ལྟ་གནང་ཟིན་པ་ཁག་ཕུད། ས་གནས་གཞན་སོ་སོར་སྔོན་འགྲོ་དང་འཛིན་རིམ་དང་པོའི་སློབ་དེབ་རྣམས་ལག་བསྟར་ཞུ་རྒྱུ། འཛིན་རིམ་གཉིས་པའི་སློབ་དེབ་ནང་བརྡ་སྤྲོད་དང་མ་མཐུན་པའི་རིགས་ཕུད་གཞན་རྣམས་ཚོད་ལྟ་གནང་སྟེ་ས་གནས་སོ་སོའི་དགེ་རྒན་ཐུན་མོང་གི་བསམ་ཚུལ་ཇི་ཡོད་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ ནང་ཚུད་ཨ་རི་དོན་ཁང་བརྒྱུད་ཤེས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ་དང་། ཤེས་རིག་ལས་ཁུངས་ནས་ཟླ་བཞི་ནང་ཚུད་བསྐྱར་ཞིབ་གནང་འོས་གནང་སྟེ་མཐའ་མའི་གཏན་འབེབས་གནང་རྒྱུ།
༤) འཛིན་རིམ་གསུམ་པ་དང། བཞི་པ། ལྔ་པ་བཅས་ཀྱི་སློབ་དེབ་རྣམས་འཛིན་རིམ་དེ་དག་ཡོད་པའི་སློབ་གྲྭ་ཁག་ནང་ཚོད་ལྟ་གནང་རྒྱུ། དེ་དག་ནང་སྐྱོན་ཡོད་རིགས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་དྲུག་པའི་ཟླ་མཇུག་སྔོན་ཨ་རི་དོན་ཁང་བརྒྱུད་ཤེས་རིག་ལས་ཁུངས་སུ་འབུལ་རྒྱུ།
༥) ཡིག་རྒྱུགས་གཏོང་ཕྱོགས་ཐད་གཅིག་མཚུངས་ཡོང་ཐབས་སུ་ཤེས་རིག་ལས་ཁུངས་ནས་ལམ་སྟོན་ལྟར་ས་གནས་སོ་སོས་གང་འགབ་ལག་བསྟར་གནང་རྒྱུ།
༦) ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ནང་ཟུར་ལྟའི་ཡིག་ཆ་ཁག་མང་དག་ཡོད་པ་ས་གནས་སོ་སོས་གང་ཐུབ་བེད་སྤྱོད་གནང་རྒྱུ།
༧) མཐུན་རྐྱེན་སྦྱོར་ཐུབ་མཚམས་འགུལ་རིས་ཐོག་ནས་ན་གཞོན་ཚོར་བོད་སྐད་ལ་དོ་སྣང་ཆེ་རུ་སླེབས་ཐུབ་ཐབས་བྱ་རྒྱུ།
༨) སྔོན་འགྲོ་ནས་འཛིན་རིམ་གསུམ་པའི་བར་གྱི་སློབ་དེབ་རྣམས་དབུ་ཅན་དང་དབུ་མེད་གཉིས་ཀའི་ནང་ཡོད་པ་ཤེས་རིག་ལས་ཁུངས་ནས་བཟོ་འགོད་གནང་རྒྱུ།
༩) སློབ་མ་ཚོས་བོད་ཀྱི་སྐད་ཡིག་སློབ་སྤེལ་ཐད་ཕ་མ་རྣམས་ནས་དོ་འཁུར་ཆེ་ཙམ་གནང་དགོས་པ་དང་། དེ་བཞིན་ཕ་མ་རྣམས་ལ་གོ་བཀོན་སློབ་གསོ་གནང་རྒྱུ།
༡༠) དགེ་རྒན་རྣམས་ལ་སློབ་འཁྲིད་ཐབས་ལམ་དང་འབྲེལ་བའི་སྐོར་ལ་ཟབ་སྦྱོང་དང་ཉམས་མྱོང་བརྗེ་རེས་གོ་སྒྲིག་ཞུ་ཐབས་གནང་རྒྱུ།
༡༡) ཕྱི་ལོ་ ༢༠༡༧ ལོའི་ཚོགས་འདུ་དྲུག་པ་ས་གནས་པོཊ་ལེན་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་གོ་སྒྲིག་ཞུ་རྒྱུའི་སྤྱི་མོས་ཐུགས་གཏན་འཁེལ།།
་་་་་་་་་་ ༡) ཚོགས་འདུ་འདིའི་ཐོག་ནས་སྔོན་འགྲོ་དང་འཛིན་རིམ་དང་པོ། གཉིས་པ་བཅས་ཀྱི་སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་། ལས་རོགས་སྐལ་བཟང་དབྱངས་སྒྲོན་ལགས། བློ་བཟང་ཚེ་རིང་ལགས། སངས་རྒྱས་སྒྲོལ་མ་ལགས་རྣམས་དང་། འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་རྩོམ་སྒྲིག་པ་བྱམས་པ་མཁས་གྲུབ་ལགས་དང་། སྐལ་བཟང་ཚེ་རིང་ལགས། ཀརྨ་དངོས་གྲུབ་ལགས། སྐལ་བཟང་ཅུང་ལགས། བསྟན་འཛིན་རྡོ་རྗེ་ལགས། ཚེ་བརྟན་ཆོས་འབྱོར་ལགས་བཅས་ནས་སོ་སོའི་ལས་བྲེལ་ལ་མ་ལྟོས་པར་བོད་མི་རིགས་ཀྱི་ཆེད་དུ་དུས་ཚོད་ཆེད་བཏང་གིས་སློབ་དེབ་བརྩམས་གནང་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ་་་་་་་་་་
དིང་སང་གི་བོད་རིགས་གཞོན་པ་ཚོ། མ་རབས་དང་ཧམ་ཆེན་པོ་ཆགས་ཡོད་ཚོད་འདུག གོང་གི་མཁས་དབང་དེ་ཚོའི་ལོ་ཚད་ལ་བལྟས་ན་དཔོག་ཐུབ་པ་མི་འདུག་གམ། ལགས།། །།
རང་ལོ་སོ་ལྔ་མ་ཟིན་པར་བོད་མའི་དབུས་སྒྲིག་འཛུགས་ཀྱི་བཀའ་བློན་དུ་འཁོད་སྟངས་དང་། རང་ལོ་ང་ལྔ་མ་ཟིན་པས། བོད་མི་རིགས་ཀྱི་སློབ་དེབ་བཟོ་སྟངས་ལ་བལྟས་ན། བཙན་བྱོལ་བོད་མི་རྣམས་ར་ལངས་ཆ་ལངས་ཆགས་སམ། རྒན་གཞོན་གོ་རིམ་མེད་པ། བསླབ་པ་རྒན་གཞོན་མེད་པ། ཡ་རབས་ཉམས་མྱོང་ཅན་གྱིས་ཕོངས་པའམ། གཞོན་སྐྱེས་རྣམས་མ་རབས་ཕྱི་མི་ལྟར་གྱུར་བཞིན་ཡོད་པ་གཉིས་སུ་ངེས་པས། བོད་རིགས་ཀུན་གྱི་གཟབ་པར་མཛོད་ཅིག་ཀྱེེ།། །།ཀརྡོས།། །།
བོད་རིགས་ཀུན་གྱི་གཟབ་པར་མཛོད་ཅིག་ཀྱེེ།། །།ཀརྡོས།། །།
འདི།
བོད་རིགས་ཀུན་གྱིས་གཟབ་པར་མཛོད་ཅིག་ཀྱེེ།། །།ཀརྡོས།། །།
ལ་བཅོས།
བཙན་བྱོལ་སྤྱི་ཚོགས་ནང་བསམ་བློ་བཏང་སྟངས་ཁྱད་མཚར་པོ་དེ་འདྲ་ཞིག་འདུག ཕྲུ་གུ་ཚོས་བོད་ཡིག་བསླབ་དགོས་རབས་བཤད། ཚོགས་འདུས་འཚོགས། གྲོས་ཆོད་བཞག ཕ་མ་ཚོས་ཡང་ཕྲུ་གུ་རྣམས་ཀྱིས་བོད་ཡིག་དགོས་རབས་བཤད།
དགོད་བྲོ་བ་ཞིག་ལ་ཕ་མ་མང་ཤོས་ཀྱིས་བོད་ཡིག་མི་ཤེས། བོད་སྐད་ཡང་ཡག་པོ་ཞིག་བརྒྱབ་མི་ཐུབ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགན་དེ་ཕྲུ་གུ་ཁོ་ནའི་ཐོག་ཏུ་གཡུགས། ཕ་མ་བོད་ཡིག་ལ་རྨོངས་ནས་ཡོད་མཁན་ཚོས་ཀྱང་བོད་ཡིག་གལ་ཆེ་རབས་དང་ཕྲུ་གུ་ཚོས་སྦྱང་དགོས་མདོག་བཤད་ནས་་སྐད་བརྒྱབ།་་་་ཧཧ
ལོ་སུམ་བཅུ་བཞི་བཅུའི་ནང་དུ་ཡོད་པའི་ཕ་མ་དེ་ཚོས་ཁོ་རང་ཚོ་གཞོན་ནུ་ཡིན་ཟེར་གྱི་རེད་བ། གཞོན་ནུ་ཡིན་ཅིའི་ཕྱིར་བོད་ཡིག་སྦྱང་མི་དགོས་སམ། བོད་ཡིག་མི་ཤེས་པའི་ཕ་མ་ཀླད་སྟོང་དེ་ཚོ་ལ་བོད་ཡིག་མི་མཁོ་ན་དེ་ཚོའི་ཕྲུ་གུ་ཚོ་ལ་ཅིའི་ཕྱིར་བོད་ཡིག་དགོས་པ་རེད་དམ།
བོད་ཡིག་མི་ཤེས་པའི་ཕ་མ་དེ་ཚོས་བོད་ཀྱི་ལོ་རྒྱུས་དང་རིག་གནས། མཐའ་ན་བཙན་བྱོལ་སྒྲིག་འཛུགས་ཁྱིའི་ཕོར་ལྟ་བུ་དེའི་བཅའ་ཁྲིམས་ཀྱི་དགོངས་དོན་ཙམ་ཡང་མི་ཤེས། ད་དུང་ཁུག་མའི་ནང་དུ་ཨ་སྒོར་ཁ་ཤས་བྱུང་ན་ཆོས་སྲིད་གཉིས་ཀྱི་ཐོག་ཏུ་ལག་པ་སྤྱངས་ཀྱི་རེད། བོད་ཡིག་མི་ཤེས་པའི་ཕ་མ་དེ་ཚོ་ཆོས་སྲིད་གཉིས་ཀྱི་ཐོག་ནས་གཡང་སར་ལྷུངས་བསྡད་ཡོད་དུས་བོད་པའི་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་ནོར་འཁྲུལ་བྱུང་གི་ཡོད། བོད་ཡིག་ལ་རྨོངས་པའི་ཕ་རྒན་མ་རྒན་མང་སོང་བས་བོད་ཀྱི་རྩ་དོན་བརླག་འགྲོ་གི་ཡོད།
ངས་བལྟས་ན་ཕ་མ་ཚོ་ལ་བོད་ཡིག་སློབ་དེབ་ཤིག་བཟོས་ན་ཡག་པོ་འདུག བོད་ཡིག་མི་ཤེས་པའི་ཕ་མ་དེ་ཚོ་མགྱོགས་པོ་ཤི་ནི་འགྲོ་ཡི་མ་རེད། ལོ་བཞི་བཅུ་ལྔ་བཅུ་སྡོད་ངེས་རེད། ཅིའི་ཕྱིར་ཕ་མ་ལོ་ཆུང་ཆུང་དེ་ཚོས་བོད་ཡིག་སློབ་མི་དགོས་པ་རེད་དམ། ཁོ་ཚོ་ལ་བོད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་ལས་འགན་མེད་པ་ཨེ་རེད།་་་་དྲི་བ་ཡིན་ད།
ཧ་ཧ་ཧ་ཁ་བརྡ་ཚ་གི་ཀ་ཅོ་གཉིས་སྨྱོས་ནས་སྨྱོ་ལབ་རྒྱབ་འདུག་ག
འོ་དི་རིང་ཅོ་རིའི་རྣམ་དཔྱོད་དེར་ཡིད་དབང་ཤོར།
ཅོ་རི་བདེན། འཛམ་གླིང་ནང་གི་སྐད་ཡིག་སྟོང་བའི་རྒྱུ་གཅིག་སྐད་ཡིག་སྦྱོང་མཁན་གྱི་ཕྲུ་གུ་ཚོ་མ་ཡིན་པར། ཕ་མ་རྣམས་ལ་རག་ལུས་པ་ཤོད་ཀྱི་འདུག་པས། ཅིས་མ་བདེན།
རྩིས་བཤེར་བྱས་པར་ལྟར་ན། ཕྲུ་གུ་ཕ་སྐད་མ་ཤེས་མཁན་གྱི་ནང་ལ། ཁོང་ཚོའི་ཕ་མ་རྣམས་ཀྱིས་ཕ་སྐད་༼ཡི་གེ་ཚུད་ཡོད།༽མ་ཤེས་མཁན་དེ་བརྒྱ་ཆ་༧༠རེད་ཟེར། ཐད་ཀར་འབྲེལ་བ་འདུག ཕ་མས་སྐད་ཡིག་ཡག་པོ་མ་ཤེས་ཙང་། ཕྲུ་གུས་ཤེས་ཀྱི་མེད།
ཕ་མ་རྣམས་ཀྱིས་སྐད་ཡིག་སྦྱོང་དགོས་པ་འདི་ངོ་མ་བདེན་པ་རེད། ད་དུང་དེ་ཚོར་སློབ་སྦྱོང་དང་དོ་འཁུར་བྱེད་པ་ནི་སྐད་ཡིག་སྲུང་བའི་ཕྱིའི་བཙན་མཁར་དང་པོ་དེ་ཡིན་འདུག
དཔེ་གཞན་ཞིག་བཞག་གི་འདུག སྔོན་མ་དབྱིན་ཇིའི་ལུང་པར་ཚ་བའི་ནད་སྡུག་པོ་ཞིག་ཁྱབ་ནས། བྱིས་པ་མང་པོ་ཤི། སྐབས་དེ་དུས་གཞུང་གིས་འགྲོ་སོང་ཁྱོན་ཆེ་བཏང་ནས་བྱིས་པ་མྱུར་སྐྱོབ་བྱས་རུང་ཅང་ཕན་མི་འདུག སླད། སྨན་པ་དང་སྤྱི་ཚོགས་ཚན་རིག་པ་མཉམ་འབྲེལ་ཐོག་ཞིབ་འཇུག་བྱས་པར། ནད་དེ་ཡོང་ས་མའི་འོ་མ་ལས་ཡིན་པ་བརྩད་ཆོད། དེར་བརྟེན། ཁོང་ཚོས་བྱིས་པ་སྲུང་སྐྱོབ་བྱེད་ཀྱིན། གཙོ་བོ་མ་རྣམས་ལ་དུག་སེལ་བའི་སྨན་བཅོས་ཛ་དྲག་བྱས་པས། ལོ་ལྔའི་རྗེས་ལ་ནད་དེ་མེད་པ་བཟོ་ཐུབ་ཡོད། དེ་ཕལ་ཆེར་དུས་རབས་༡༧ནང་ཡིན་ཚོད།
#7 བློ་བཟང་། ་ལགས་ཀྱིས་སྤེལ་དོན།:
October 7th, 2016 at 8:50 am
ཧ་ཧ་ཧ་ཁ་བརྡ་ཚ་གི་ཀ་ཅོ་གཉིས་སྨྱོས་ནས་སྨྱོ་ལབ་རྒྱབ་འདུག་ག ་་་་་་་ ཟེར།
་
ཁྱེད་རང་གི ་་་་་ཁ་བརྡ་ཚ་གི་་་་་་ ཟེར་ན་གང་རེད། བློ་བཟང་པོ་ལགས།
གང་ལྟར་གྲ་བ་འམ་ཆོས་བ་འདི་ཚོ་ལ་སྙིང་རྗེ།
བོད་མི་རིགས་འདིའི་འདུས་མ་ད་གསུམ་འདི་འདྲ་ཟིག་ཡིན་ཡང་ཁོ་ཚོའི་ཁོ་ཚོ་ཧ་ལས་བ་ཡིན་བསམ་གི་ཡོད་བ་རེད། གྲ་ཁྱི་ཚོ།
གོང་གི་རྩོམ་སྒྲིག་པ་དེ་དག་ལས་བོད་ཡིག་གི་སྙན་ཞུ་ཡག་པོ་ཞིག་འབྲི་ཐུབ་མཁན་ཨེ་ཡོད་བསམ་པ་དྲན་སོང་།
སློབ་དེབ་བཟོ་མཁན་དེ་ཚོའི་གྲས་ན་བོད་ཡིག་ལ་རང་རྐྱ་འཕེར་བ་ཞིག་གཏན་ནས་མེད་པ་བདེན་པ་རེད། དེའི་རྐྱེན་གྱིས་ཕྱིའི་མཐུན་འགྱུར་ཆ་ཚང་ཡོད་པའི་དམའ་རིམ་གྱི་སློབ་དེབ་ཕྱོགས་སྒྲིག་ཙམ་བྱེད་རྒྱུར་ཡང་འདི་འདྲའི་དཀའ་ངལ་ཞིག་བྱུང་བསྡད་ཡོད་པ་རེད།
#13 རྒྱང་མིག ་ལགས་ཀྱིས་སྤེལ་དོན།:
October 8th, 2016 at 12:58 pm
་་་་་་་་་ སློབ་དེབ་བཟོ་མཁན་དེ་ཚོའི་གྲས་ན་བོད་ཡིག་ལ་རང་རྐྱ་འཕེར་བ་ཞིག་གཏན་ནས་མེད་པ་བདེན་པ་རེད། ་་་་་་་་་ ཟེར།
#12 བསོད་ནམས་དོན་གྲུབ། ་ལགས་ཀྱིས་སྤེལ་དོན།:
October 8th, 2016 at 12:37 pm
་་་་་་་་ གོང་གི་རྩོམ་སྒྲིག་པ་དེ་དག་ལས་བོད་ཡིག་གི་སྙན་ཞུ་ཡག་པོ་ཞིག་འབྲི་ཐུབ་མཁན་ཨེ་ཡོད་བསམ་པ་དྲན་སོང་། ་་་་་་་་་ ཟེར།
སྔོན་འགྲོ་དང་འཛིན་རིམ་དང་པོ། གཉིས་པ་བཅས་ཀྱི་སློབ་དེབ་རྩོམ་སྒྲིག་པ།
སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་།
བློ་བཟང་ཚེ་རིང་ལགས།
སངས་རྒྱས་སྒྲོལ་མ་ལགས།
་
སློབ་དེབ་རྩོམ་སྒྲིག་པ་བྱམས་པ་མཁས་གྲུབ་ལགས་དང་།
སྐལ་བཟང་ཚེ་རིང་ལགས།
ཀརྨ་དངོས་གྲུབ་ལགས།
སྐལ་བཟང་ཅུང་ལགས།
བསྟན་འཛིན་རྡོ་རྗེ་ལགས།
ཚེ་བརྟན་ཆོས་འབྱོར་ལགས།
་
ཁོང་རྣམས་པས་ལན་གནང་མི་འདུག
བདེན་པ་རེད། དངོས་གནས་སེམས་ཁྲལ་བྱ་དགོས་ཀྱི་གནས་ཤིག་རེད། འབྱུང་འགྱར་བོད་དང་བོད་མི་ཚོར་ཐུགས་བསམ་མ་བཞེས་པའི་རྟགས་རེད།
གཟའ་འཇུག་སློབ་དེབ་རྩོམ་སྒྲིག་གནང་མཁན་དེ་ཚོར་བོད་རང་གི་སྐད་ཡིག་ཅི་ཕྱིན་པར་མི་ཤེས་ཁར་རང་མཐོང་ཆེ་བའི་མི་འགའ་འདུག། ད་ལམ་ཁོ་ཚོའི་ངོ་གདོང་གསལ་པོ་བོད་མིའི་སྤྱི་ཚོགས་སུ་བསྟན་སོང་།
བྱང་ཨ་རིའི་བོད་ཡིག་སློབ་དེབ་སྐོར་ལ་གཏན་འབེབས་བྱུང་བའི་གྲོས་ཆོད་བཞག་པ་དེ་ཚོ་ཡག་པོ་རེད། ཡིན་ནའང་ཆོས་ལུགས་ཚང་མར་སློབ་ཁྲིད་བྱེད་པའི་གོ་སྐབས་སྤྲོད་རོགས་གནོངས། ལྷག་དོན་དུ་བོད་ཀྱི་བོན་ཆོས་ལ་གོ་སྐབས་ངེས་པར་དུ་སྤྲོད་དགོས་པ་རེད། ཤེས་ནའང་མ་ཤེས་མདོག་མདོག་མ་གནང་རོགས། བོད་ཀྱི་ལོ་རྒྱུས་དེ་ཚོ་ཡང་ཚད་ལྡན་ཚུལ་མཐུན་བྱས་ནས་སློབ་རོགས་གནོངས། གཙོ་བོ་བོད་རང་གི་རིག་གནས་དེ་ཚོ་རྨང་གཞིར་བཞག་ནས་སློབ་ཁྲིད་བྱེད་དགོས་པར་སེམས་སོ། །
རྩོམ་སྒྲིག་བྱས་པས་ནོར་བ་སྲིད། །
ནོར་བ་མཐོང་དུས་གསར་བཅོས་དགོས། །
བཅོས་འདོད་མེད་པའི་སྤམ་འདོད་འདི། །
རྩོམ་ཡིག་ཕན་ལས་གནོད་ཆེ་སྲིད། །
བརྩམས་པས་དགའ་བ་ཚད་མེད་བྱུང་། །
ནོར་བས་བློ་ཕམ་ཅུང་ཟད་བྱུང་། །
མ་བཅོས་ལས་ལ་ཡར་རྒྱས་མེད། །
ཡར་རྒྱས་མེད་ན་རྗེས་ལུས་ཉིད། །
ཀརྡོ་ཁྱེད་ལབསྟོད་ཚིག་མེ་ཏོག་ལན་བརྒྱར་ཕུལ།
དོན་སྙིང་ལྡན་པའི་ཚིགས་བཅད་ཡག་པོ་དེ་འདྲ་བརྩམས་པར་སྙིང་ཁོང་ནས་ལེགས་སོ་ཞུ།
གོང་དུ་བོན་པོ་ལགས་ཀྱིས་གསུངས་པའི་སྐད་ཆ་ལའང་རྒྱབ་སྐྱོར་གཙང་མ་ཡོད། བད་མི་ཞིག་ཡིན་པའི་ཆ་ནས་སློབ་ཁྲིད་ཐོབ་ཐང་འདྲ་མཉམ་སྤྲད་དགོས་པ་སྨོས་ཅི་དགོས། རྟག་པར་ཟབ་སྦྱོང་བྱས་ནས་དམངས་ཁྲོད་བཀའ་སློབ་ཡིན་མདོག་གིས་གསུངས་གསུང་པ་རེད་བ།
http://bodyiglobjong.com/doe-books/text-books/Text%20book%20Tibetan/tibetan-new-textbooks/stage-1.pdf
་
ཤེས་རིག་ལས་ཁུངས་ཀྱི་དྲརྒྱ། མགོ་ནས་ཅུང་ཟད་བཀླགས་པ་ཡིན།
་
རྐུབ་སྟེགས། རྐུབ་བཀྱག
སྨྱུག་གཞོག གཞོག་གྲི
རྣ་ཅོག སྙན། རྣ་བ། རྣ་མཆོག
བོང་བུ་ཡི་རྣ་མཆོག་རིང་པོ་ཡོད།
ལ་ཕུག་ཟོས་ན་ཞིམ་པོ་ཡོད།
མངར་བཟས་ན་ཡ་མ་ན།
་
འདི་དག་ལ་བསམ་བློ་དང་། དྭོགས་པ་མང་ཙམ་ཤར་བྱུང་། བསླབ་དེབ་དེ་སྔོན་འགྲོ་ཙམ་ཡིན་པ་གསུངས་འདུག་པས་་་་་་
དྲ་རྒྱ།
་
མངར་མོ་བཟས་ན་ཡ་མ་ན།
རྐུབ་བཀྱག ཨམ་ཆོག མངར་མོ། བཟས་ན། འདི་ཚོ་ལས་ ལྷག་པའི་ ཞེས་ས་སོགས་ ད་ལྟའི་ སྔོནའགྲོའི་ སྐབས་སུ་ རྩ་བ་ ཉིད་ནས་ དགོས་ མི་འདུག་ སྙམ་ཡང་།
སློབ་དེབ་ནོར་འཁྲུལ་ཅན་དེ་ཚོ་སྤྱི་ཚོགས་སྟེང་མ་སྤེན་ན་བཟང་།