རྩོམ་པ་པོ་ཀྲོ་རེ། ལོ་ཙྭ་བ་མྱི་བཟང།
༢༠༠༨ ཡི་ཡར་སྔོན་དུ་ཕྱི་རྒྱལ་གྱི་བོད་རྒྱའི་འབྲེལ་འདྲེས་བྱེད་པའི་ལས་འགུལ་དེ་དོན་དང་ལྡན་པ་ཞིག་ཡིན་མོད། དཔེར་ན་ཐ་ཝེན་གྱི་ལིན་ཀྲོད་ཀྲིན་གྱིས་༼གྲྭ་བས་མི་བསད་པ།༽དང་། ༼མཐའ་མཇུག་གི་ཏྭ་ལའི་བླ་མ༽སོགས་དེབ་གཉིས་པར་སྐྲུན་གནང་ཡོད་པ་དང་། ལྕམ་མོ་ལེ་ལགས་ནས་༼རིའི་ཕ་རོལ་ནི་བོད་ཡིན༽ཟེར་བ་པར་སྐྲུན་གནང་བ་དང་། དེ་བཞིན་༼རྡ་རམ་ས་ལའི་འགྲུལ་བཞུད༽ཟེར་བའི་དེབ་དེ་རྩོམ་སྒྲིག་གནང་ཡོད། ཧྥོ་ཀྲིན་མེ་ཡིས་སྔ་རྗེས་སུ་༼སྙན་ངག་གངས་ལྗོངས་ནས་ཐོན་པ།༽དང་། ༼བོད་ཀྱི་བཙན་བྱོལ་སྙན་ངག༽ཟེར་བའི་དེབ་གཉིས་པར་སྐྲུན་གནང་ཡོད།
དེ་བཞིན་ཚོ་ཁྲང་ཆིན་ལགས་ཀྱིས་༼རང་བཙན་ནི་བོད་མི་དམངས་ཀྱི་ཐོབ་ཐང་ཡིན༽ཟེར་བའི་དཔྱད་རྩོམ་དང་། ༼དོན་གྱི་རང་བཙན་ཡིན་པ། མིན་གོ་དུས་སྐབས་ཀྱི་བོད་ཀྱི་གནས་བབ༽སོགས་བརྩམས་ཡོད། མ་ཟད་༼རྒྱ་ནག་སྐམ་ས་ཆེན་མོའི་ཤེས་ལྡན་མི་སྣས་བོད་དོན་དཔྱད་པ༽དང་། ༼རྒ་ནག་གི་ལྟ་བ་མི་མཐུན་མཁན་གྱིས་བོད་དོན་ལ་བལྟ་བ།༽ཟེར་བའི་དེབ་གཉིས་ཕྱོགས་སྒྲིག་གནང་ཡོད། དེ་མ་ཟད་སྐུ་ཞབས་ཀྲིན་ཝེ་གོང་དང་ལྕམ་ཧེན་ཞོ་ཝིན་སོགས་ཀྱི་ལྷག་བསམ་རྣམ་དག་གི་བརྩམས་ཆོས་ལས་མངོན་པ་ནི་བོད་ཀྱི་གནད་དོན་ངོ་མ་དེ་རེད། དེ་བས་རྒྱ་ནག་མི་དམངས་ནས་གཞུང་དང་རྩ་བ་ནས་མི་འདྲ་བའི་བཤད་སྟངས་ཤིག་ཐོས་ཐུབ་ཡོད་པ་རེད།
༢༠༠༨ ནི་དབྱེ་མཚམས་ཤིག་ཡིན། དེ་ནས་བཟུང་སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་ནས་ཐེངས་གསུམ་ལ་བྱང་ཨ་རིའི་བོད་རྒྱ་འབྲེལ་བའི་ཚོགས་འདུ་དམངས་གཙོ་ལས་འགུལ་བ་ཧྲིན་ཤོ་ལགས་སུ་བཀོད་སྒྲིག་གཙོ་སྐྱོང་གནང་བཅུག་པ་རེད། དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་གུས་མོས་༼བྱང་ཨ་རིའི་རྒྱ་བོད་མཛའ་འབྲེལ་གྱི་གསང་གནས།༽ http://bangchen.net/朱瑞/ནང་བཀོད་ཟིན་མོད། ཁ་སྣོན་གནང་དགོས་པ་ནི་སྐབས་དེར་མི་གཞན་འགའ་ཡང་ཚོགས་འདུ་ནང་ཁྲིད་ཡོང་བ་མ་ཟད་གོང་ས་མཆོག་དང་སྐུ་པར་བསྐྱོན་གནང་བ་རེད། མི་དེ་ཚོ་བོད་དོན་དང་འབྲེལ་བ་ག་རེ་ཡོད་དམ།
ང་ལ་གསལ་ཆ་མེད་མོད། ཡིན་ཡང་གསལ་བོ་ཡོད་པ་ནི་མི་དེ་ཚོས་ཧྲིན་ཤོའི་ལག་པ་བརྒྱུད་ནས་ཆབ་སྲིད་སྐྱབས་བཅོལ་ཞུ་བཞིན་ཡོད་པ་རེད། སྐྱབས་བཅོལ་རྫུན་མ་ཟེར་བ་དེ་རེད། མི་དེ་ཚོ་ཆབ་སྲིད་ངོ་རྒོལ། དམངས་གཙོ་ལས་འགུལ། ཆབ་སྲིད་རྡུང་གནོན་ཟེར་བ་སོགས་དང་འབྲེལ་བ་ཡོད་པ་མ་རེད། ཁོ་ཚོ་ཁ་ན་ཏྲའི་ཆབ་སྲིད་སྐྱབས་བཅོལ་ཆ་རྐྱེན་ཆེད་པར་རྒྱབ་ནས་སྐྱབས་བཅོལ་རག་ཐབས་བྱེད་རྒྱུ་དམིགས་ཡུལ་དེ་ཁོ་ན་རེད། འདི་ཡང་སྐྱབས་བཅོལ་ལས་གཞི་ནང་གི་ཚོང་ཆེན་ཞིག་ཡིན།
ཀུན་དགའ་བཀྲ་ཤིས་ལགས་ཀྱི་ཐབས་བརྒྱ་ཇུས་སྟོང་གིས་ངོ་སྤྲོད་བྱེད་བཞིན་པའི་རྒྱ་རིགས་མཁས་པ་གཉིས་ནི་སྐུ་ཞབས་ཀྲང་པོ་ཧྲོ་(张博树)དང་། ལྕམ་ལེ་ཅིང་ལིན་(李江琳)རེད།
ཐོག་མར་སྐུ་ཞབས་ཀྲང་པོ་ཧྲོ་གླེང་གི་ཡིན། ཀྲང་པོ་ཧྲོ་ནས་༼རྒྱ་ནག་གི་དམངས་གཙོ་འགྱུར་བཅོས་ནང་གི་བོད་དོན་༽ཟེེར་བའིི་དེབ་པར་སྐྲུན་གནང་ཡོད་པ་རེད། དེབ་དེ་ནང་ལོ་རྒྱུས་བཟོ་བཅོས་ཧ་ལས་པ་གནང་ནས་མ་འོངས་པར་བོད་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩ་མེད་བཟོ་རྒྱུར་ལམ་ཀ་བཟོས་ཡོད་པས་བོད་པ་དང་བོད་དོན་ཉམས་ཞིབ་པ་མང་པོས་སྐྱོན་བརྗོད་དང་དོགས་འདྲི་ཤུགས་ཆེན་པོ་གནང་ཡོད།
བོད་རིགས་རྩོམ་པ་པོ་སངས་རྒྱས་སྐྱབས་ནས་དཔྱད་རྩོམ་འགའ་སྤེལ་ཏེ་ཀྲང་པོ་ཧྲོ་ཡིས་ལོ་རྒྱུས་དོན་དངོས་འཁྱོག་བརྗོད་དང་བདེན་པ་མིན་པ་སོགས་ཐེར་འདོན་གནང་ཡོད། ཁོས་སྦ་གསང་མེད་པར་བརྗོད་དོན། ༼རྒྱ་ནག་གི་དམངས་གཙོ་འགྱུར་བཅོས་ནང་གི་བོད་དོན་༽ཟེར་བའི་ནང་ཀྲང་ལགས་ནས་བོད་ཀྱི་ལོ་རྒྱུས་དངོས་ལ་རྩིས་མེད་ཀྱི་དང་། བོད་ཆོལ་ཁ་གསུམ་འཛིན་སྐྱོང་གཅིག་གི་འོག་གནས་སྡོད་བྱེད་རྒྱུར་ངེས་ལེན་མེད་པ། རང་ཐག་རང་གཅོད་ཁས་ལེན་མེད་པ་དང་། ༧གོང་ས་མཆོག་གི་གསུང་ལ་འགྲེལ་ལོག་རྒྱག་པ་སོགས་གསལ་བོ་བཀོད་ཡོད།
རྒྱ་རིགས་རྩོམ་པ་པོ་ལྕམ་ཐང་དན་ཧོང་ལགས་ཀྱིས་༼བོད་ཀྱི་གནད་དོན། བཙན་རྒྱལ་ལེའུ་གསུམ་༽ ཟེར་བའི་ལེའུ་གསུམ་པའི་ནང་ཡིག་ཆ་ཕུན་སུམ་ཚོགས་པ་ལུང་འདྲེན་གནང་ནས་ཀྲང་གིས་ལོ་རྒྱུས་བཟོ་བཅོས་དང་བཙན་རྒྱལ་རིང་ལུགས་པའི་ལོ་རྒྱུས་བལྟ་བ་ཡིན་པ་ཐེར་འདོན་གནང་ཡོད། ཐང་གིས་ཀྲང་ལགས་ཀྱི་རང་ཉིད་རྩ་ཁྲིམས་རང་དབང་རིང་ལུགས་པ་ཡིན་པར་བཟོ་སྐྲུན་གནང་ཡོད་མོད་ཁོས་བོད་དོན་བརྗོད་སྐབས། བོད་ནི་ཡོན་རྒྱལ་རབས་ཀྱི་མངའ་འོག་ཡིན་པ། བོད་མིན་རྒྱལ་རབས་ཀྱི་མངའ་འོག་ཡིན་པ། བོད་མན་ཇོའི་མངའ་འོག་ཡིན་པ། བོད་དོན་དངོས་ཀྱི་རང་བཙན་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ངོས་ལེན་མེད་པས་༡༩༤༩ ལོར་རྒྱ་དམར་ནས་སྲིད་དབང་བཙུགས་རྗེས་བོད་བཙན་བཟུང་བྱས་པ་དེ་ནི་བཙན་འཛུལ་མིན་པར་དེ་ནི་བདག་དབང་ལག་བསྟར་བྱས་པ་རེད་ཟེར། དེ་ནས་མ་འོངས་པར་རྒྱ་ནག་དམངས་གཙོར་གྱུར་རྗེས་སུ་རྒྱལ་སྤྱིའི་ཁྲིམས་ཀྱི་ནང་དུ་རང་ཐག་རང་གཅོད་ལ་ཚད་གཞི་ཞིག་ཡོད་པ་ནི་རང་ཐག་རང་གཅོད་བདག་དབང་ཁ་བྲལ་གྱི་ལག་ཆར་བེད་སྤྱོད་བྱས་མི་ཆོག་ཟེར་བ་དེ་རེད། དེ་བས་བོད་མི་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་མ་རེད་ཟེར།
བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་༼ཏྭ་ལའི་བླ་མ་སྐུ་ཕྲེང་༡༣བའི་ཕྱི་འབྲེལ་དཔོན་རིགས་ཨོ་རི་སིའི་སོ་བ་ཡིན་ནམ༽ཟེར་བའི་རྩོམ་ཡིག་ནང་དུ། ཁྱད་མཚར་བ་ནི་ཀྲང་པོ་ཧྲོ་ལྟ་བུ་རྒྱལ་ཁབ་རིང་ལུགས་པའི་མཁས་པ་ལ་བཙན་བྱོལ་བོད་གཞུང་གི་རྒྱ་རིགས་འབྲེལ་བར་འགན་ཁུར་མཁན་གྱི་ལས་ཁུངས་ནས་རྒྱ་ནག་མི་དམངས་གྱིས་བོད་དོན་གྱི་དོན་དངོས་གོ་རྟོགས་སྤེལ་མཁན་གྱི་མཉམ་ལས་པར་ངོས་འཛིན་གྱི་ཆེ་བསྟོད་ཆེན་པོ་གནང་གི་འདུག་པ་དེ་རེད།
དེ་མ་ཟད་ཀྲང་པོ་ཧྲོ་ཡི་དེབ་ལ་ཆེ་བསྟོད་གནང་མཁན་༢༠༠༧ ལོར་བཙན་བྱོལ་བོད་དང་འབྲེལ་བ་བྱེད་མཁན། རྡ་སར་ཐེངས་མང་ཕེབས་པ། དེ་མ་ཟད་བོད་རྒྱ་འབྲེལ་བའི་ཚོགས་འདུ་མང་པོར་ཞུགས་མཁན་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཡིན་ཟེར་མཁན་ལི་ཅིང་ལིན་དང་ཏང་ཡེ་ཧྥོ་གཉིས་ཀྱང་རེད། ཏང་ནས་ཆེད་དུ་རྩོམ་ཡིག་བྲིས་ནས་དེབ་དེ་ནི་རྙེད་དཀའ་བའི་དེབ་ཡག་པོ་ཞིག་ཡིན་བརྗོད་ཡོད།
གཤམ་དུ་ལྕམ་ལི་ཅིང་ལིན་སྐོར་གླེང་གི་ཡིན། ལྕམ་ལི་ཡིས་བོད་དོན་ཉམས་ཞིབ་བྱས་རྗེས་ཀྱི་མཇུག་སྡོམ་གྲགས་ཅན་ནི་བོད་ཁུལ་གྱི་དམངས་གཙོ་བཙོས་བསྒྱུར་ནི་བོད་ཀྱི་གནད་དོན་གྱི་འབྱུང་ཁུངས་ཡིན་ཟེར་བ་དེ་རེད། མོས་བརྗོད་དོན་ལྟར་ན་༡༩༥༥ ནས་༡༩༥༦ ཡི་དུས་ཚིགས་འདི་ནི་བོད་ཀྱི་གནད་དོན་རྒྱུས་ལོན་བྱེད་པའི་གནད་འགག་ཡིན། འདི་ནི་བོད་དོན་གྱི་དོན་ངོ་མའི་འབྱུང་ཁུངས་ཡིན། བོད་ཀྱི་གནད་དོན་གྱི་འབྱུང་ཁུངས་བོད་ཀྱི་ལོ་རྒྱུས་བདག་དབང་དང་འབྲེལ་བ་ཆགས་ཡོད་པས། ལྕམ་ལི་ཡིིས་བོད་མིའི་ལོ་རྒྱུས་ཀྱི་ལྟ་བར་རྩིས་མེད་ཀྱིས་ལོ་རྒྱུས་དངོས་དང་མི་མཐུན་པའི་ཉམས་ཞིབ་སྡོམ་ཚིག་ལ་བོད་མིས་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད།
བོད་ཀྱི་སྙན་ངག་པ། ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ནས་སྐྱོན་བརྗོད་གནང་དོན། རྒྱ་རིགས་མཁས་པས་བོད་དོན་གྱི་འབྱུང་ཁུངས་༡༩༥༦ ལོ་ཡི་དམངས་གཙོ་བཅོས་བསྒྱུར་རེད་ཟེར་བ་དེ་ནི་རྒྱ་རིགས་འགའི་ལྟ་ཚུལ་ཡང་ན་མོ་རང་གི་ལྟ་ཚུལ་ཡིན་རྒྱུ་རེད། བོད་མིས་ནམ་ཡང་དེ་ལ་ངོས་ལེན་གནང་གི་མ་རེད། འདི་འདྲའི་ལྟ་ཚུལ་བརྗོད་པ་འདིས་ངས་འཇིགས་སྣང་ཞིག་ཚོར་སོང་། བརྗོད་ཚུལ་འདི་ནི་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེ་རྨང་གཞིར་བཞག་པ་རེད།
བོད་མི་དམངས་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་རིགས་མཁས་པས་༡༩༥༦ ལོའི་དམངས་གཙོ་བཅོས་བསྒྱུར་བོད་དོན་གྱི་འབྱུང་ཁུངས་རེད་ཟེར་བ་ནི་དེང་རབས་བོད་ཀྱི་ལོ་རྒྱུས་ཀྱི་གནད་འགག་དང་གཡོལ་ཐབས་གནང་བ་རེད། ངས་བསམ་པར་བོད་ཀྱི་ཉེ་རབས་ལོ་རྒྱུས་༡༩༤༩ ནས་འགོ་བཙུགས་ཚེ་དོན་དང་མཐུན་པ་རེད། གལ་ཏེ་ཆབ་མདོ་དམག་འཁྲུགས་དང་དོན་ཚན་བཅུ་བདུན་དང་བྲལ་ན་ཆ་མ་ཚང་བའི་བོད་ཀྱི་དེང་རབས་ལོ་རྒྱུས་མིན།
བོད་ཀྱི་རང་དབང་སློབ་ཕྲུག་ཚོགས་པའི་རྡ་སའི་ཡན་ལག་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་རིགས་མཁས་པས་བོད་ཀྱི་གནད་དོན་གྱི་འབྱུང་ཁུངས་༡༩༥༦ ལོའི་དམངས་གཙོ་བཅོས་བསྒྱུར་རེད་ཟེར་བ་དེར་ང་རང་ཡ་མཚར་སོང་་་་ཧང་སང་སོང་། ལྟ་བ་འདིའི་རིགས་འཛིན་མཁན་ལ་རྒྱུ་རྐྱེན་གཉིས་ཡོད་པ་རེད་བསམ་སོང་། གཅིག་ནི་བོད་དོན་རྩ་བ་ནས་མི་ཤེས་མཁན་ཡིན་དགོས། དེ་མིན་ཚེ་བསམ་བཞིན་བོད་ཀྱི་ལོ་རྒྱུས་ལ་བཟོ་བཅོས་གནང་ནས་བོད་ཀྱི་གནད་དོན་གྱི་ངོ་བོ་འགྱུར་བ་གཏོང་རྒྱུ་དེ་རེད། ང་ཚོ་བོད་མིས་དེ་རྩ་བ་ནས་ངོས་ལེན་བྱེད་ཀྱི་མ་རེད།
ལྕམ་ལི་ཡིས་ལོ་རྒྱུས་ཀྱི་གནད་འགག་ཡོད་པའི་དུས་ཚིགས་འགོ་བཅད་རྔ་གཏུབ་དང་ལོ་རྒྱུས་ཀྱི་གནད་འགག་དོན་རྐྱེན་ལ་གཡོལ་ཐབས་ཀྱིས་བོད་དོན་གྱི་འབྱུང་ཁུངས་ནི་དམངས་གཙོ་བཅོས་བསྒྱུར་ཡིན་པ། དེ་ནས་བོད་ཀྱི་གནད་དོན་ནི་དམར་ཕྱོགས་དང་བོད་ཀྱི་གནད་དོན་ཡིན་པ་(རྒྱལ་ཁབ་གཉིས་ཀྱི་གནད་དོན་མིན་པ)། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བའི་ནང་བོད་དུ་བྱུང་བའི་དམག་འཁྲུག་ནི་དོན་དངོས་ཐོག་རྒྱ་དམར་གྱི་སྲིད་དབང་བཟུང་ནས་རྒྱལ་ཁབ་གྱི་དབང་ཆ་སྐྲུན་པའི་ཆ་ཤས་ཡིན། བོད་དུ་བྱུང་བའི་ཡོད་ཚད་རྒྱ་ནག་ནང་ཁུལ་བྱུང་བའི་དོན་རྐྱེན་དང་གཅིག་པ་ཡིན།
གོང་བཞིན་བོད་ཀྱི་གནད་དོན་རྒྱ་ནག་གི་ནང་ཁུལ་གྱི་གནད་དོན་ཡིན་པ། བོད་དོན་གྱི་ངོ་བོ་ནི་རྒྱ་ནག་གི་རྒྱལ་རབས་དབང་འཛིན་པའི་སྲིད་ཇུས་ཡིན་པར་བརྗོད་ནས་བོད་དོན་གྱི་ངོ་བོ་སྟེ་རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་ཞིག་ཧམ་ཟ་དབང་བསྒྱུར་གནང་བ་ཁས་ལེན་མེད་པར་བོད་མིས་སྐྱོན་བརྗོད་གནང་ཡོད།
བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་༼རྒྱ་དམར་དང་བོད་ཀྱི་གནད་དོན་ཟེར་བ་གནད་དོན་ཞིག་ཡིན།༽ཟེེར་བའི་རྩོམ་ཡིག་ནང་དུ་བོད་དུ་བྱུང་བའི་དོན་རྐྱེན་དང་རྒྱ་ནག་ཏུ་བྱུང་བའི་དོན་རྐྱེན་ལ་ཁྱད་པར་ཡོད། དེ་གཉིས་ལ་ངོ་བོ་ཁྱད་པར་ཡོད་དེ་རྒྱ་ནང་ནང་ཁུལ་དུ་བྱུང་བའི་དོན་རྐྱེན་ནི་ནང་ཁུལ་གྱི་ངོ་ལོག་ཡིན་པ་དང་། བོད་དུ་བྱུང་བའི་དོན་རྐྱེན་ནི་རྒྱ་ནག་གིས་བཙན་འཛུལ་དང་བཙན་བཟུང་བྱས་པ་རེད།
གཞན་ཞིག་ནི། རྒྱ་དམར་ནས་མན་ཇུ་རྒྱལ་རབས་ཀྱི་མཇུག་དང་གོ་མིན་ཏང་སྐབས་སུ་བོད་ཀྱི་ཁམས་དང་ཨ་མདོ་ས་ཆ་བཙན་བཟུང་བྱས་པ་རྒྱུ་མཚན་དུ་བྱས་ནས་ཕྱོགས་གཅིག་ནས་བོད་ཀྱི་ཁམས་དང་ཨ་མདོ་ས་ཆ་བཙན་བཟུང་བྱས་པ་དག་ཞིང་ཆེན་གཞན་པར་བཅད་པ་རེད། དེ་ནས་བོད་ཆེན་པོ་ཟེར་བའི་བརྗོད་གཞི་དེ་བཟོས་པ་རེད། མ་ཟད་བོད་ཀྱི་མངའ་ཁུངས་ནི་བོད་རང་སྐྱོང་ལྗོངས་ཟེར་བར་འགྲེལ་བརྗོད་གནང་ནས་བོད་མིས་བོད་ཆོལ་གསུམ་སྲིད་འཛིན་གཅིག་གི་འོག་དགོས་པའི་རེ་བ་ལ་ཁས་ལེན་བྱེད་ཀྱི་ཡོད་པ་མ་རེད།
དོན་དངོས་སུ་ལྕམ་ལི་ནི་ཉམས་ཞིབ་པ་ཡིན་པས་ལོ་རྒྱུས་ཡིག་ཆར་རྒྱུས་ཡོད་པ་རེད། མོས་བཀའ་ཤག་ནས་ཁམས་དང་ཨ་མདོ་གཉིས་ལ་ལོ་རྒྱུས་ཐོག་ག་དུས་པར་དབང་བསྒྱུར་གནང་ཡོད་མེད་དང་། ག་དུས་རྒྱ་ནག་གིས་བཙན་འཛུལ་བྱས་པ་སོགས་གསལ་བོ་ཤེས་ཀྱི་ཡོད་པ་རེད། ཡིན་ཡང་མོས་བོད་ཀྱི་མངའ་ཁུངས་བཤད་དུས་སྐད་ཆ་ཁུངས་མེད་ལུང་མེད་ཁམས་དང་ཨ་མདོ་བཀའ་ཤག་གིས་བདག་དབང་ལས་ཕྱིར་ཤོར་ནས་ལོ་ངོ་བརྒྱ་ཕྲག་འགའ་སོང་བ་སོགས་བརྗོད་ཀྱི་ཡོད་པ་རེད།
བོད་རྒྱའི་འབྲེལ་ལམ་ཡར་རྒྱས་གནང་སྐབས་རྒྱ་རིགས་ཚོས་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མེད་པས་བོད་དོན་བཤད་དུས་རྒྱ་གཞུང་གིས་ཀླད་པར་གང་བླུགས་པ་བཤད་པ་ནི་རྒྱུན་ལྡན་ཡིན་མོད། ཡིན་ཡང་ལྕམ་ལི་ལྟ་བུར་མཚོན་ན་མོས་བརྗོད་པ་ལྟར་དེང་རབས་བོད་ཀྱི་ལོ་རྒྱུས་རང་དབང་ཉམས་ཞིབ་པ་ཡིན་ཟེར། ༢༠༠༧ ལོ་ནས་རྒྱ་གར་རྡ་རམ་ས་ལར་སོང་ནས་བོད་དོན་ལ་ཉམས་ཞིབ་གནང་ཡོད་པ་དང་། དེ་བཞིན་གཏིང་ཟབ་པའི་སྒོ་ནས་བོད་རྒྱ་འབྲེལ་བའི་ཚོགས་འདུ་ལ་མཉམ་ཞུགས་གནང་ཡོད། གོང་ས་མཆོག་ལ་བསྟོད་པའི་རྩོམ་ཡང་ཡང་འབྲི་བཞིན་ཡོད། འདི་འདྲའི་མི་ཞིག་ནས་ཉམས་ཞིབ་རིག་པའི་ངོ་གདོང་ཐོག་གོང་གསལ་གྱི་སྡོམ་ཚིག་དེ་འདྲ་བཞག་ཚེ་དོན་དངོས་རྒྱ་རིགས་རྣམས་ལ་བོད་དོན་གོ་རྟོགས་ལོག་ལམ་དུ་ཁྲིད་ཀྱིན་ཡོད།
ལྷག་པར་དུ་ལྕམ་ལི་ཡིས་དོགས་འདྲི་གནང་མཁན། བོད་རིགས་དོགས་འདྲི་གནང་མཁན་ཚོར་ཕྱི་རྣམ་པར་ཡ་ལན་མེད་ཀྱང་ལྐོག་དུ་མོ་དང་ཁྱོ་ག་ཏང་ཡེ་ཧྥོ་གཉིས་ནས་རྡ་རམ་ས་ལ། ཆིག་དྲིན་སོགས་གསང་མིང་བེད་སྤྱོད་གནང་ནས་དྲ་ཐོག་ཏུ་ཁུངས་མེད་ཨུ་ཚུགས་བྱེད་ཀྱི་ཡོད་པ་རེད། དཔར་ན་མོའི་དྲ་ཐོག་ཏུ་འདི་ལྟར་བྲིས་ཡོད། ང་རྒྱལ་དང་ཕྱོགས་ལྷུང་ཅན་གྱི་བོད་མིས་ང་དང་མཉམ་དུ་སྐད་ཆའི་བདག་དབང་རྩོད་ཀྱི་འདུག
རྒྱུན་ལྡན་ལྟར་ན་བོད་རྒྱ་འབྲེལ་བ་དང་བསམ་བློ་བརྗེས་རེ་ཡིན་པས་ལྕམ་ལི་ཡིས་མོའི་རིག་པའི་མཇུག་སྡོམ་གྱི་དོགས་འདྲི་ལ་ཉམས་ཞིབ་རིག་པའི་སྒོ་ནས་ལན་གནང་ཆོག་མོད་ཅི་ཕྱིར་མ་གནང་བ་རེད་དམ།
ལྕམ་ལི་དང་རྒྱ་ནག་གཞུང་ཚབ་ནེའུ་ཡོག་ཡན་ལག་ཁང་གི་ཕྱི་འབྲེལ་ལས་བྱེད་པ་ཝེ་གང་ངམ་བོད་མིང་ལ་རིག་འཛིན་བློ་གསལ་ཟེར་བ་གཉིས་ཀྱི་རྩོད་པ་ནང་ཝེ་གང་གིས་བརྗོད་པ་ལྟར་ན། ལྕམ་ལི་ཁོ་ཚང་ལ་སོང་ནས་ཞལ་ལག་ཟས་ཡོད་པ་དང་། དེ་མ་ཟད་ཁོ་གཉིས་མཉམ་འབྲེལ་བྱེད་རྒྱུར་གྲོས་མོལ་གནང་ཡོད། ལྕམ་ལི་ཡིས་མི་གཅིག་མིན་པར་ཐེངས་པོར་རྒྱ་ནག་གི་ནེའུ་ཡོག་གཞུང་ཚབ་ཡན་ལག་ཁང་གི་འགན་འཛིན་རིམ་པ་ནས་མགྲོན་འབོད་ཞལ་ལག་ཕུལ་ཡོད་པ་དང་། དེ་མ་ཟད་གསེར་གྱི་མགུལ་རྒྱན་ཡང་ཕུལ་པས་མོས་བླངས་པ་སོགས་བརྗོད་ཡོད། གཞུང་ཚབ་ཁང་ནས་གསེར་གྱི་མགུལ་རྒྱན་བླངས་པ་དེ་ལག་རྟགས་ཆུང་ཆུང་ཡིན་ནམ།
ལྕམ་ལི་ཡིས་ཐེངས་མང་པོར་གསུངས་པ་ལ་༢༠༡༠ ལོར་རྒྱ་ནག་ལ་སོང་དུས་བོད་ཁུལ་འགྲོ་འདོད་ཡོད་པས་བོད་ཀྱི་ས་ཆ་འགར་སོང་བ་ཡིན་མོད་གར་སོང་རྒྱ་ནག་འབྲེལ་ཡོད་ཀྱིས་རྗེས་འདེད་གནང་སོང་། དཔེར་ན་སྐུ་འབུམ་དང་མཚོ་སྔོན་པོར་སོང་དུས་ཡང་དེ་འདྲ་རེད་ཟེར། ཡིན་ཡང་མོས་༼༡༩༥༩་ལྷ་ས་༽དང་། ༼ལྕགས་བྱ་གནམ་ན་འཕུར་དུས་༽ཟེར་བའི་དེབ་གཉིས་པར་སྐྲུན་བྱས་རྗེས་༢༠༡༢ ལོར་ཕྱིར་རྒྱ་ནག་ལ་ཕེབས་དུས་རྗེས་འདེད་བྱེད་མཁན་མེད་པ་མ་ཟད་བོད་ཁུལ་དུ་གསང་བར་བསྐྱོད་ཐུབ་ཡོད། ༼ཕྱིར་ཨ་རི་ལ་ཡོང་རྗེས་༼བོད་ཁུལ་དུ་གསང་བར་བསྐྱོད་པ།༽ཟེར་བའི་དེབ་དེ་པར་སྐྲུན་གནང་ཡོད།༽
སྐུ་ཞབས་ཀྲང་པོ་ཧྲོ་དང་ལི་ཅིང་ལིན་གཉིས་ཀྱི་རྩ་བའི་ལངས་ཕྱོགས་དང་འབྲེལ་བའི་རྩོད་གཞི་དེ་སྐོར་དང་། རྒྱ་ནག་གཞུང་ཚབ་ཁང་གི་ཡན་ལག་ཁང་གི་མི་སྣ་དང་ཞལ་ལག་ཟ་བ། གསེར་གྱི་མགུལ་རྒྱན་བླངས་པ་སོགས་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཤེས་ཡོད་པ་མ་རེད་དམ། དེ་བས་བློ་ཡུལ་ཤར་དཀའ་བ་ནི་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཁོ་གཉིས་ངོ་སྤྲོད་དང་ཁྱབ་བསྒྲགས་གནང་གི་འདུག་་་་དེ་བས་ཁོ་གཉིས་བོད་རྒྱ་འབྲེལ་ལམ་གྱི་ཚོགས་འདུ་སྣ་ཚོགས་ནང་སླེབས་པ་མ་ཟད། དྲ་རྒྱ་ཐོག་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཆེད་དུ་༼རྒྱ་ནག་གི་དམངས་གཙོ་འགྱུར་བཅོས་ནང་གི་བོད་དོན་༽ཟེར་བའི་དེབ་ལ་རྒྱབ་གཉེར་བྱེད་ཀྱི་འདུག
དཔེར་ན་རྒྱ་ཡིག་མི་ཤེས་པའི་བོད་རིགས་སྤུན་ཟླ་རྣམས་ལ་འདི་ལྟར་ངོ་སྤྲོད་གནང་འདུག ༼ཁོང་གི་དེབ་དེ་ནི་རྒྱ་རིགས་ཤིག་གིས་ཆེད་དུ་བོད་སྐོར་བྲིས་པའི་དེབ་ཞིག་ཡིན་པ་དང་། ངའི་ངོས་འཛིན་ལ་དེབ་འདི་ནི་ཝང་ལི་ཞུང་གིས་བྱ་གཏོར་བོད་ཀྱི་ལས་དབང་ཞེས་པའི་དེབ་ཀྱི་རྗེས་ལ་བྲིས་པའི་བོད་སྐོར་གྱི་དེབ་ཞིབ་ཚགས་ཤོས་ཡིན། དེབ་འདིའི་ནང་རྒྱ་ཞེན་གྱི་སྐད་ཆ་དང་། ཁོང་རང་རང་ཉིད་ཀྱི་ལྟ་ཚུལ་དང་བསམ་ཚུལ་བྲིས་ཡོད་པ་ངས་གསལ་ཤོས་ཤེས་ཀྱི་ཡོད། གང་ཡིན་ཟེར་ན། དེབ་འདི་མི་(མ)འབྲི་གོང་ནས་ཁོང་གིས་ང་ལ་དེབ་འབྲི་སྟངས་ཀྱི་སྐོར་ཞིབ་ཕྲ་གསུངས་མྱོང་། དེབ་འདིའི་ནང་དབུ་མའི་ལམ་གྱི་སྐོར་དང་།བོད་པའི་མངོན་འདོད་ག་རེ་ཡིན་པ་གསལ་བོར་བྲིས་ཡོད་པ་ནི་རིན་ཐང་ཆེན་པོ་རེད།
ལྷག་པར་དུ་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ཁོང་གིས་བོད་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཞེས་པའི་རྩོམ་ཡིག་ཞིག་བྲིས་ཡོད་པ་དེ་རྒྱ་རིགས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱ་མིས་བྲིས་པའི་དེབ་ནང་རྒྱ་ཞེན་གྱི་རྣམ་པ་འདུག་པས་དེབ་འདི་ཡག་པོ་མ་རེད་ཅེས་ལབ་བ། འདི་ནི་ཡག་པོ་མ་རེད། ཁོང་གིས་བྲིས་པ་ནོར་འཁྲུལ་མཐོང་ན་རྒྱུ་མཚན་ལྡན་པའི་དགག་པ་དང་གསལ་བཤད་བྱེད་ཐུབ་ན་ཡག་པོ་རེད། སེམས་ཚོར་དང་རྒྱ་ཞེན་གྱི་རྣམ་(པ)ལ་འདུག་ཅེས་བཤད་ན་ཡག་པ་(པོ)མ་རེད་༽
སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས། དེབ་དེས་བོད་ཀྱི་ལོ་རྒྱུས་ཐོག་གི་བདག་དབང་ལ་ཁས་ལེན་མེད་པ། བོད་ཀྱི་རང་ཐག་རང་གཅོད་ལ་རྩིས་མེད་བྱེད་ཀྱི་ཡོད། འདི་ནི་བོད་མིའི་མངོན་འདོད་ཡིན་ནམ། མི་གཞན་པས་དེབ་དེ་ལ་སྐྱོན་བརྗོད་གནང་བ་ནི་༼རྒྱ་ཞེན་གྱི་རྣམ་པ་འདུག་པས་༽རེད་ནམ། དོན་ངོ་མ་དེ་འདྲ་རེད་དམ།
གལ་ཏེ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་མཚོན་གྱི་ཡོད་ན་གོང་གི་བྱེད་སྟངས་དེས་གནང་པའི་བརྡ་འཕྲིན་ནི་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་དར་སྤེལ་ཆེད་མངོན་སུམ་མིན་པའི་སྒོ་ནས་བོད་ཀྱི་གནད་དོན་དམངས་གཙོ་བཅོས་བསྒྱུར་དང་བོད་ཀྱི་གནད་དོན་རྒྱ་དམར་དང་བོད་ཀྱི་གནད་དོན་ཡིན་པ་ཁས་ལེན་གནང་བ་རེད། མ་ཟད་རང་འགུལ་ངང་ཁོ་ཚོའི་བོད་ལ་བཙན་འཛུལ་དང་བོད་བཙན་བཟུང་བྱས་མེད་པ་ཁས་ལེན་གནང་བ་རེད།
གཞན་ཡང་༧གོང་ས་མཆོག་གིས་སྟོན་པའི་དབུ་མའི་ལམ་དང་མི་དེ་ཚོས་མ་ནི་བཞིན་འདོན་པའི་དབུ་མའི་ལམ་གཉིས་ཀྱི་ངོ་བོ་དང་ནང་དོན་གཅིག་པ་ཡིན་ནམ། རྒྱ་ནག་གི་རིག་གནས་ནང་ཡོད་པའི་གཡོ་ཐབས་སོ་དྲུག་ནང་ཡོད་པ་འདི་འདྲའི་གདུང་མ་བརྐུས་ནས་ཀ་བ་བརྗེས་པ་རྐྱང་ཡིན།
དེ་ཡང་ཡུན་རིང་མུ་མཐུད་ནས་བོད་དོན་ལ་དོ་སྣང་དང་། དེ་བཞིན་བོད་དོན་ལ་ཉམས་ཞིབ་ཀྱི་འབྲས་བུ་སྨིན་ཡོད་པའི་རྒྱ་རིགས་དཔེར་ན་མོ་ལེ། ཧྥོ་ཀྲིན་མེ། ཚོ་ཁྲང་ཆིན། ཀྲིན་ཝེ་གོང་། ཧེན་ཞོ་ཝིན་སོགས་ཅི་ཕྱིར་༢༠༠༨ སྟེ་དམིགས་བསལ་གྱི་ལོ་འདི་རྗེས་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་རིང་དུ་ཕྱིན་པ་ཡིན་ནམ།
ཡིག་ཆའི་ཁུངས།
http://minzhuzhongguo.org/ArtShow.aspx?AID=43154
http://minzhuzhongguo.org/ArtShow.aspx?AID=43488
http://minzhuzhongguo.org/ArtShow.aspx?AID=44065
http://minzhuzhongguo.org/ArtShow.aspx?AID=45118
http://minzhuzhongguo.org/ArtShow.aspx?AID=47134
http://minzhuzhongguo.org/ArtShow.aspx?AID=43733
http://woeser.middle-way.net/2014/08/13.html
http://bloodundersnow.blogspot.ca/2014/02/blog-post_28.html
http://bloodundersnow.blogspot.ca/2011/05/blog-post_24.html
http://woeser.middle-way.net/2012/11/blog-post.html
http://woeser.middle-way.net/2012/11/blog-post.html
http://www.duping.net/XHC/show.php?bbs=11&post=1240199
གཤམ་གྱི་དྲ་རྒྱའི་ནང་གཞུང་ཚབ་ལས་བྱེད་དང་བགྲོ་གླེང་གནང་བའི་བརྗོད་བྱ་ཆ་ཚང་ཡོད།
http://www.21ccom.net/plus/feedback.php?aid=35663
http://woeser.middle-way.net/2014/07/blog-post_18.html
མ་རྩོམ་ཡོང་ཁུངས་ཀྲོ་རེ་ཡི་ཟིན་བྲིས།
http://zhu-ruiblog.blogspot.com.es/2014/12/blog-post_19.html
སྤྱི་ཚོགས་སྟེང་གི་བཤད་ཡམ་འདི་མོ་འདི་སྒྱུར་ནས་འདུག་པ་ལས་མཁས་དབང་རེ་གཉིས་ཀྱིས་འཆད་རྩོམ་རེ་གཉིས་བསྒྱུར་ན་མི་ལེགས་སམ། ཀུན་དགའ་བཀྲ་ཤིས་ནི་དམིས་ལོང་ཅན་ཞིག་ག་ལ་ཡིན།
དམུས་ལོང་ཅན།
ང་ནི་སྔོན་མ་ནས་ཀུན་དགའ་བཀྲ་ཤེས་ལགས་ཀྱི་གནང་སྟངས་ལ་དོགས་པ་ཡོད། འོན་ཀྱང་། ངས་རྒྱ་ཡིག་མི་ཤེས་པས་ཁོང་གིས་སྟོད་སའི་རྒྱ་ཡིག་དེ་ཚོའི་ནང་དོན་ལ་དབྱེ་ཞིབ་བཟོ་ཐུབ་མ་སོང་། གང་ལྟར་ཀུན་དགའ་ལགས་ཀྱིས་འབྲེལ་གྲོགས་རྒྱ་རིགས་དེ་ཚོའི་ལོ་རྒྱུས་དང་བོད་སྐོར་འཛིན་སྟངས་སོགས་ལ་ཞིབ་དཔྱོད་ནན་པོ་དགོས་འདུག།
གལ་སྲིད་ཀུན་དགའ་བཀྲ་ཤིས་ཀྱི་བྱེད་སྟངས་དང་འགྲོ་སྟངས་ནོར་གི་ཡོད་ཚེ་དེའི་འགོ་ཁུངས་རྡ་ལམ་ས་ལའི་སྒྲིག་འཛུགས་དང་སྐུ་སྒེར་ཡིག་ཚང་གཉིས་ལ་ཐུག་ཀྱི་ཡོད་པ་རེད་མ་གཏོགས་ཀུན་དགའ་བཀྲ་ཤིས་ཁོ་རང་སྐེ་ལ་ཐག་པ་བསྐོན་པའི་ཁྱི་གུ་ཆུང་ཆུང་ཞིག་མ་རེད་དམ།
གོང་གི་རྩོམ་ཡིག་འདི་ཁུངས་ཡོད་ཡིན་ན་གནས་ཚུལ་ཚབ་ཆེན་ཆགས་འདུག་་་་་ཁུངས་མེད་ཡིན་ན་ཁྲིམས་ལ་སྦྱར་ཆོག་གི་རེད་་་་་་
ཨ་རིའི་འབྲེལ་མཐུད་པ་འཐེན་པ་དེ་ལས་གནད་དོན་ཡོད་པའི་དོགས་པ་ཡོང་གི་འདུག ཀུན་དགའ་ལགས་ཁོང་རང་ལ་དེའི་ཐད་བཀའ་མོལ་གང་གསུང་རྒྱུ་ཡོད་ན་ཧ་གོ་འདོད་ཆེན་པོ་ཡོད།
བྱང་ཨ་རིའི་གསང་བ་ཞེས་ཁ་བྱང་དུ་བཀོད་པ་ནི་བརྗོད་བྱ་རྗོད་བྱེད་གཉིས་དང་མི་མཚམས་པར་འདུག འདི་ནི་གསང་བ་གང་ཡང་མ་རེད། གལ་སྲིད་གསང་བ་ཞིག་ཡིན་ཚེ་དེ་ལྟར་སྤྱི་ཚོགས་ཐོག་ལ་མངོན་གསལ་དོད་པས་ཤེས་མཁན་མེད། ཧཧཧ། ད་ཡིན་ན་གཅིག་གིས་གཅིག་ལ་སྐྱོན་བརྗོད། རྫོགས་རྒྱུ་མེད་པའི་སྐྱོན་བརྗོད།
གསང་བ་ཆེན་པོ་འདུག་་་་་་རྒྱ་ནག་གཞུང་ཚབ་དང་འབྲེལ་བ།བོད་གཞུང་གི་འབྲེལ་བ།དེ་བཞིན་ཁ་སང་དེ་རིང་རྒྱ་མོ་དེ་བོད་གཞུང་གི་སྐུ་མགྲོན་དུ་ག་ས་གང་ལ་གདན་འདྲེན་ཞུ་ཡིས་འདུག་་་་་་དེ་མ་ཚད་བོད་པའི་སྐོར་ལ་མཁས་པ་རེད་ཟེར་བཞིན་བོད་པའི་ཚབ་བྱས་ནས་བོད་དོན་བཤད་ཀྱི་འདུག་ག་་་་ཧཧཧཧཧ་་་་་་་་་་སྐྱོན་བརྗོད་མེད་ན་ཡར་རྒྱས་མེད་ཟེར།
ཀུན་དགའ་བཀྲ་ཤིས་འདྲ་བོ་ང་ཚོའི་སྤྱི་ཚོགས་ནང་ལ་དཀོན་པོ་རེད་དངོས་ཡག་པོ་འདུག