༄༅། །ཕྱི་ལོ་ ༢༠༡༡ ཟླ་བ་ ༣ ཚེས་ ༡༠ ཉིན་བྱང་ཨ་རིའི་མངའ་སྡེ་མ་ས་ཅུ་སེཊ་ས་གནས་བྷོས་ཊོན་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༢ པ་དེ་བཞིན་བསྲུང་བརྩི་གནང་བར། སྔ་གྲོའི་ཆུ་ཚོད་ ༡༡ ཐོག་ས་གནས་བྷོས་ཊོན་སྤྱི་ཁྱབ་ལས་ཁུང་(CITY HALL)མདུན་དུ་ཡོད་པའི་ཨ་རིའི་རྒྱལ་དར་དང་མངའ་སྡེའི་དར་ཆ་དང་མཉམ་དུ་བོད་ཀྱི་ རྒྱལ་དར་ཀྱང་བསྒྲེངས་འཛུགས་གནང་བ་དང་ཆབས་གཅིག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་ གླུ་འབུལ་གནང་མཛད་རྗེས་རྒྱལ་བའི་ཞབས་བརྟེན། བདེན་ཚིག་སྨོན་ལམ་དང་མི་མང་ལངས་གླུ་བཅས་འབུལ་གནང་མཛད་དེ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཁའ་དབྱིངས་སུ་གཟི་བརྗིད་དང་ལྡན་ཞིང་འཆོར་སྐབས་མི་མང་རྣམས་དགའ་སྐྱོ་བཟུང་འབྲེལ་གྱི་འཚོར་བའི་ངང་སྔ་དྲོའི་མཛད་སྒོ་གྲུབ་སོང་། དེ་ནས་ཕྱི་དྲོ་ ཆུ་ ཚོད་གཉིས་དང་ཕྱེད་ཀའི་ཐོག་མངའ་སྡེའི་སྤྱི་ཁྱབ་ཚོགས་ཁང་ཆེན་མོའི་(STATE HALL)མདུན་མཛད་རིམ་གཉིས་པ་དབུ་འཛུགས་ཀྱི་ཐོག་མར་བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་ཆེ་བློ་བཟང་རྒྱལ་མཚན་ལགས་ནས་དུས་དྲན་གྱི་ངོ་སྤྲོད་གསུང་བཤད་གནང་། ཚོགས་པའི་རིག་གཞུང་འགན་འཛིན་ཀརྨ་ཕུན་ཚོགས་ལགས་ནས་༧གོང་ས་མཆོག་ནས་གསུམ་དུས་ ཀྱི་གསུང་བཤད་བོད་ཡིག་ཐོག་ལྗགས་ཀློག་གནང་། དེ་རྗེས་རིག་གཞུང་སྟི་གནས་ཁང་གི་རྒྱུན་ལས་བུ་མོ་བསྟན་འཛིན་གཡུ་སྒྲོན་ནས་དབྱིན་ ཡིག་ཐོག་༧གོང་ས་མཆོག་གི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་ངག་དབང་ནོར་བུས་རང་གཞུང་བཀའ་ཤག་གི་གསུམ་དུས་ཀྱི་ གསུང་འཕྲིན་ཀློག་གནང་མཛད་རྗེས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་འདི་ལོ་ ༢༠༡༡ ལོའི་བོད་རང་བཙན་ཆེད་གོམ་བགྲོད་དེ་བཞིན་ས་གནས་ཁེབ་ཀོཊ་ནས་ས་གནས་བྷོས་ཊོན་བར་ཕྱི་ཟླ་ ༧ ཚེས་ ༢༠ ནས་ ༢༧ བར་གནང་བརྟེན་ཁེལ་བའི་གསལ་བསྒྲགས་གནང་རྗེས་དྲུང་ཆེ་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཌེ་ཝིལ་པེ་ཁྲེ་རིག་(Governor Deval Patrick)མཆོག་ནས་བསྩལ་གནང་མཛད་པའི་བོད་ཀྱི་ཉིན་མོ་ངོས་འཛིན་(Proclamation) གྱི་གསལ་བསྒྲགས་གནང་རྗེས་བོད་ནང་ད་བར་འདས་གྲོང་སོང་བའི་བོད་རིགས་དཔའ་བོ་ དཔའ་མོ་རྣམས་ཀྱི་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གནང་རྗེས་ཟློས་དགེ་དངོས་གྲུབ་ལགས་ནས་བོད་རྒྱལ་ཆེན་པོའོ་རྒྱལ་གླུ་གཏོང་གནང་མཛད་ཕྲལ་མི་མང་རྣམས་རུ་གཉིས་འགྲིགས་ཀྱི་སྐད་འབོད་གོམ་བགྲོད་གནང་སྟེ་དགོང་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་མཛད་སྒོ་རྒྱལ་ཁའི་ངང་གྲུབ་སོང་བའི་གནས་ཚུལ་དུ་ ཕུལ།
གནས་ཚུལ་མཁོ་གཏོང་བ་ངག་དབང་།
ཁྱེད་ཅག་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
གལ་ཆེན་དོན་ཆེན་དུ་བསམ་ནས་ཉིན་མོ་འདི་རྗེས་དྲན་བྱེད་དགོས་བ་དེ་ང་ཚོ་ཚང་མས་ལས་འགན་ཧ་ཅང་ཆེན་པོ་རེད་བཀའ་དྲིན་ཞུ།།