གཅན་ཡེ་རྒྱམ།
བྱང་ཨ་རིའི་ནུབ་དཀྱིལ་ས་གནས་མེ་ཌེ་སིན་དང་མེ་ནེ་སོ་ཊར། ཞིས་ཀ་གོ་བཅས་མངའ་སྡེ་གསུམ་གྱི་ནང་གནས་པའི་བོད་རིགས་ཡོངས་ནས་མཉམ་རུབ་ཀྱིས་འཁྲུངས་སྐར་སྲུང་གཙི་བྱེད་པའི་ལུགས་སྲོལ་ཡོད་པ་སྔར་མུས་བཞིན། བོད་ཁ་བ་ཅན་གྱི་འདི་ཕྱིའི་སྐྱབས་གནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོང་གྲངས་དོན་བདུན་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གཟབ་རྒྱས་གནང་ཕྱིར་རྩེད་རིགས་སྣ་མང་དང་། རིག་གཞུང་འཁྲབ་སྟོན། མར་མེ་ཁྲོམ་སྐོར། སྲིད་དོན་གཏམ་བཤད། རང་ལུས་མེར་སྲེག་དང་འབྲེལ་བའི་གཏམ་བརྗོད་སོགས་ཉིན་བཞིའི་རིང་འཛད་རིམ་གྲ་རྒྱས་པོ་ཞིག་གྲ་སྒྲིག་བྱས་འདུག ༢༠༡༢ལོའི་ཕྱི་ཟླ་༧པའི་ཚེས་༥གཟའ་ཕུར་བུ་ཉིན་གྱི་ཆུ་ཚོད་༡:༣༠ནས་ལས་བྱེད་དང་མི་མང་། རྩེད་འགྲན་པ་རྣམས་རྩེད་ཐང་ར་བའི་སྟེང་འཁོད་མཚམས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ནས་དབུ་འཛུགས་ཀྱིས་ཧ་ལས་པའི་ཚ་བ་ཆེན་པོའི་ནང་ལ་རྐང་སྤོལ་འགོ་ཚུགས། དགོང་དྲོ་མར་མེ་ཁྲོམ་སྐོར་གྱི་ལམ་ནས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་དང་མི་མང་རྣམས་ཆིག་སྒྲིལ་ནུས་བ་གོང་མཐོར་བཏང་། ཕྱི་ཟླ་༧ཚེས་༦ཉིན་གྱི་ཞོགས་པ་ནས་རི་དྭགས་ནགས་ཀྱི་ཚལ་དགོན་པའི་ནང་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་བཀོད་དེ་མཆོད་པ་དང་སྨོན་ལམ་གྲུབ་མཚམས་མི་མང་ཡོངས་གྲལ་བསྟར་བཞིན་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས། རིམ་པར་བསང་གསོལ་དང་། གསོལ་སྟོན་སོགས་གྲ་རྒྱས་པར་བཤམ་སྟེ་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ། དགོང་དྲོ་ས་གནས་གསུམ་གྱི་སློབ་ཕྲུག་ཚོས་རིག་གཞུང་འཁྲབ་སྟོན་གནང་།
ཕྱི་ཚེས་༧གཟའ་སྤེན་པའི་ཉིན་རྩལ་འགྲན་པ་རྣམས་མུ་འཐུད་དེ་རྐང་སྤོལ་དང་ལག་སྤོལ་གཉིས་ཀའི་འགྲན་རྩོད་ལ་ཞུགས། དེའི་དགོང་དྲོར་མེར་སྲེག་དོན་རྐྱེན་དང་འབྲེལ་བའི་གཏམ་བརྗོད་འཁྲབ་སྟོན་མི་མང་ལ་གཟིགས་འབུལ་ཞུས།
ཕྱི་ཚེས་༨གཟའ་ཉི་མའི་ཉིན་རྐང་སྤོལ་དང་ལག་སྤོལ་གཉིས་མཐའ་མཇུག་གི་གཏིང་རྩོད་ལ་ཞུགས་ཏེ། རྐང་པ་སྤོལ་རྩེད་མཁན་ནས་ན་གཞོན་རུ་ཁག་གི་ནང་ཞིས་ཀ་གོའི་འབྲོག་པའི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་དང་། སློབ་ཕྲུག་རུ་ཁག་ནང་མེ་ཌེ་སིན་གྱི་པོ་ཏཱ་ལ་རུ་ཁག་ལ་རྒྱལ་ཁ་ཐོབ། ལག་པ་སྤོལ་རྩེད་མཁན་ནས། བུ་ཡི་རུ་ཁག་ནང་མེ་ཌེ་སིན་གྱི་ ༥༩ རུ་ཁག་ལ་རྒྱལ་ཁ་ཐོབ་པ་དང་། བུ་མོའི་རུ་ཁག་ནང་མེ་ནེ་སོ་ཊའི་རླུང་འཚུབ་རུ་ཁག་ལ་རྒྱལ་ཁ་ཐོབ་སྟེ་རྩལ་འགྲན་ཁག་མཇུག་རྫོགས། གཞས་གཏོང་མཁན་གདན་ཞུས་ཀྱིས་ཕུར་བུ་རྣམ་རྒྱལ་དང་། བློ་བཟང་ཚེ་བརྟན། བསྟན་རྡོར། ཚེ་རིང་སྒྲོལ་དཀར། ཚེ་རིང་བསམ་འགྲུབ། མིག་དམར་ཆུང་སྐྱིད། བསྟན་འཛིན་བདེ་ལྡན་སོགས་ཀྱིས་ཉིན་གུང་གཞས་སྣ་འཁྲབ་སྟོན་ཞུས། བསྟན་རྡོར་ལགས་ཀྱིས་སྲིད་དོན་གཏམ་བཤད་གནང་བ་དང་། བཀའ་ཟུར་སྟག་ལྷ་སྐལ་བཟང་གཡང་སྐྱིད་ལགས་སྐུ་མགྲོན་གྱི་གཙོ་བོར་གདན་ཞུས་ཀྱིས་བཀའ་སློབ་ཟབ་མོ་དང་འབྲེལ་རྩལ་འགྲན་པ་རྣམས་ལ་བྱ་དགའ་གནང་སྟེ་དགའ་བཞིན་སྤྲོ་བཞིན་འཁྲུངས་སྐར་སྲུང་གཙིའི་ལས་རིམ་རྣམས་བཀྲ་ཤིས་ལོ་ལེགས་ངང་མཇུག་སྡོམ་བྱས།
པར་དང་པོའི་ནང་དུ་བསང་གི་དུ་བ་ལ་ལྟོས་དང་མཐོང་རྒྱུ་ཞིག་འདུག ལག་པ་ཐར་མོ་སྦྱར་ཡོད་པའི་བཟོ་འདྲ་ཞིག་མཐོང་གི་འདུག་གམ།
དུ་བ་མ་རེད་རྩམ་པ་རེད།
བལྟས་བལྟས་ན་རི་འགུལ། ཉན་ཉན་ན་རྫ་གྲགས།
ཨ་རུ་ར་ནས་གསུངས་པ་འདྲ་བོ་འདུག