ཉེ་བའི་ཉིན་ཤས་ནང་རྒྱ་ནག་གི་གསར་ལམ་ཁག་དུ་སྔ་ཕྱིར་རྒྱུ་མཚན་གསལ་བོ་མེད་པར་གནས་ཚུལ་གཉིས་ཐོན་ཡོད་ལ་འདིའི་ཐད་དོ་སྣང་དང་དབྱེ་ཞིབ་ཆེད་འདིར་བཀོད་ཡོད་་་་་་་་
2010-01-07 ཉིན་གསར་འགྱུར་ནང་ཀྲུང་དབྱང་གིས་གཏན་འབེབས་གནང་དོན། བློ་མཐུན་པདྨ་འཕྲིན་ལས་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་རྒྱུ་དང་། བློ་མཐུན་ལེགས་མཆོག་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་མུ་མཐུད་བཞེས་རྒྱུ་མིན་པ་འདི་ཙམ་འཁོད།
ཡང་ཟླ་༡ཚེས་༡༢ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཤིང་། ཚོགས་ཐོག་ཏུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལེགས་མཆོག་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་རྣམ་གཉིས་ཀྱིས་ལས་ཁུར་རྩ་དགོངས་ཞུ་བའི་སྙན་ཞུ་སྒྲོག་འདོན་གནང་ཞིང་། ལེགས་མཆོག་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ལས་ཁུར་རྩ་དགོངས་ཞུས་པ་དང་། བྱམས་པ་ཕུན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡི་ལས་ཁུར་རྩ་དགོངས་ཞུས་པར་གྲོས་འཆམ་བྱུང་བ་རེད་ཟེར།
ད་སྔའི་བྱ་བ་རྣམས་ཝ་ལི་མ་ཤི་ཁ་དང་། ཕོ་རོག་གིས་བཏོག་ཁ་ཡིན་ནམ། ཅི་ཡིན་མི་ཤེས་ཡ།
ཡ་ག྄ྲོགས་པོ་ཁ྄ྱེད་རི་བོང་གནམ་ར྄ྡིབ་ཀ྄ྱི་སེམས་ཁ྄ྲལ་མ་བ྄ྱེད། ལེགས་མཆོག་དང་། བ྄ྱམས་པ་ཕུན་ཚོགས་གཉིས་གོ་གནས་ར྄ྩ་དགོངས་ཞུས་པ་མ་རེད། ཁོང་གཉིས་ཀ྄ྲུང་དབ྄ྱང་དབུས་གཞུང་གི་ནང་། དེ་ས྄ྔོན་ང་ཕོད་དང༌། རག་ས྄ྡིས་ཁོང་ཚོས་བ྄ླངས་པའི་གོ་མིང་ཨུ་ཡོན་ཀ྄ྲང་ཟེར་བའི་གོ་མིང་ཆེན་པོ་དེ་ས྄ྤ྄ྲད་ར྄ྒ྄ྱུའི་འཆར་གཞི་རེད། ཀ྄ྲུང་དབ྄ྱང་ནང་དེ་ས྄ྔོན་ནས་བོད་པ་ལ་ཐོབ་ཐང་ཡོད་ཅེས་བོད་མི་འགའ་ཤས་མེ་ཏོག་བུམ་པ་ནང་བཞིན་ས྄ྒ྄ྲིག་པ་ཁ྄ྱེད་ཀ྄ྱིས་མི་ཤེས་སམ། ཁོང་གཉིས་ཀ྄ྱང་དེ་རང་ཡིན་པ་ང་ཚོས་ས྄ྔོན་དཔག་ཐུབ་ཀ྄ྱི་འདུག
མ་གཞི་ནས་བོད་ནང་གི་བོད་མི་ཞིག་གིས་བོད་མིའི་འགོ་ཁ྄ྲིད་བ྄ྱས་ན་དེ་ལ་ས྄ྐ྄ྱོན་འདོག་དང༌། ཟུར་ཟ། ཁོ་ལ་དམའ་འབེབ་བ྄ྱས། ར྄ྒ྄ྱ་མི་ཞིག་གིས་བོད་པའི་འགོ་ལ་བས྄ྡད་ན། ཡིན་དང་ཡིན། ཁ྄ྱོད་ལོས་ས྄ྡོད་ཟེར་བ་བཞིན་ཅི་ཡང་མི་ས྄ྨ྄ྲ་བ་ས྄ྣང་ཚུལ་འདི་ངོ་མ་ས྄ྐ྄ྱུག་བ྄ྲོ་གི་འདུག
གོང་གི་གནས་ཚུལ་ཐད་བོད་ནང་གི་ཤེས་ཡིན་ཅན་ཞིག་དང་གླེང་མོལ་བྱེད་སྐབས་ཁོས་་་
གལ་སྲིད་དོན་དངོས་ཁོ་གཉིས་རང་ཐད་ནས་རྩ་དགོངས་ཞུས་བ་ཡིན་ན་ང་ཚོས་་ཤེས་དགོས་པ་ཞིག་ནི་ཁོ་གཉིས་ཀྱིས་རྒྱ་ནག་གི་ཆབ་སྲིད་ཀྱི་གདུབ་རྩུབ་དེ་མཐོང་བའི་རྐྱེན་རྗེས་མར་ཡང་ཅི་འབྱུང་གི་ངེས་པ་མེད་པ་དང་ གནད་འགག་གི་སྐབས་སུ་རང་མི་རང་གི་དགྲ་རུ་ལངས་དགོས་པའི་རྒྱ་ནག་གི་གཡོ་ཐབས་དེ་རྟོགས་ཡོད་པས་རེད་ཟེར་ན་ཡང་མི་ཆོག་པ་མེད་པར་འདོད་ལ་རྒྱ་ནག་ཆེས་སྐྲག་དགོས་ས་དེ་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་དཔོན་པོ་དག་ལས་སྣེ་ནས་བུད་འགྲོ་བ་དེ་ཡིན་སྲིད་ཟེར་།
ད་སྔར་ཁོ་གཉིས་ཀས་རྒྱ་ནག་གི་བྱ་སྤྱོད་མ་མཐོང་བ་ག་ལ་ཡིན། ཁོ་གཉིས་ཀས་གློ་བུར་དུ་རྩ་དགོངས་བྱས་པ་འདིའང་རྒྱ་ནག་གི་ཆབ་སྲིད་དམ་ཡང་ན། ཁོ་གཉིས་ཀར་དམིགས་ཡུལ་གཞན་ཞིག་ཡོད་ནི་རེད་ལགས།
ཁོ་གཉིས་རྒྱ་ནག་གི་སྲིད་འཛིན་དང་ཧ་ཅང་འདྲིས་པོ་ཡོད་པ་མ་ཟད། རྒྱ་མིའི་རྒྱུག་ཁྱི་ངོ་མ་དེ་བྱས་ནས་བོད་མིའི་སེམས་ལ་རྨ་ཁ་བཟོས་པ་ཉུང་ཉུང་མིན་པས་རྒྱ་ནག་གཞུང་སར་འཐེན་རྒྱུ་ཡིན་པར་ཐེ་ཚོམ་མེད། ད་སྐབས་རྒྱ་ནག་གཞུང་གིས་བོད་ཐོག་སྲིད་བྱུས་གསར་པ་ཞིག་ལག་ལེན་བསྟར་རྩིས་ཡོད་པས་དེ་དང་འབྲེལ་བ་ཡོད་པ་མིན་མི་སྲིད།
ཨ་ཁུ་ཀླུ་སྨྱོན་ལགས།
ཉེ་ཆར་བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ནས་གློ་བུར་དུ་གོ་གནས་ནས་རྩ་དགོངས་བྱས་འདུག་པ་འདིའི་རྒྱུ་མཚན་གང་ལ་ཐུག་ཡོད་ཀིན་འདོད་ཀི་ཅིག་གསུངས་རོགས་གནང་ཐུགས་རྗེ་ཆེ།
བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་ཀྱི་མི་ཚེའི་ལོ་རྒྱུས་རེ་ཤེས་མཁན་ཡོད་ན་འདིར་འབྲི་རོགས་གནང་ཐུགས་རྗེ་ཆེ།
འདིའི་སྐོར་དུས་བབ་ཏུ་ཏོག་ཙམ་གསལ་བོ་ཞིག་འདུག
ཐུགས་རྗེ་ཆེ་ད་དུས་བབ་ཚང་ལ་འགྲོ་གིན་ཡིན།