ཁ་བའི་ལྷ་མོ།
བྱིའུ་ཆུང་ཞིག
རྒྱང་རིང་ནས་བསླེབས་སོང
བདག་གི་ཉལ་ཁང་གྲུ་བཞིའི
སྒེའུ་ཁུང་གི་ལྕགས་ཁྲའི་སྟེང་
བདེན་པའི་གནད་དོན་ཞིག་ཞུ་བ་བཞིན
རིམ་པར་ཅིར་ཅིར་མང་པོ་འདོན
བདག་གིས་ཁོ་ལ་རྣ་བ་གཏད་དེ
མིག་ཟུང་ནན་གྱིས་ཅེར
ཡུན་རིང་མ་འགོར་བར
བྱིའུ་ཆུང་ཆུང་དེ་བདག་གི་ཁང་ཁྱི
བྱིའུ་ཆུང་དེ་རྒྱུན་ལྡན་ཞིག་མ་
བྱིའུ་ཆུང་བདག་གི་མཐེ་བོང་འདྲ་
ཁ་དོག་ལྗང་སེར་ཅན་ཞིག་ཡིན
མིག་རིལ་ཆུང་ཆུང་གཉིས་མྱུར་མོར་
མཇུག་སྒྲོ་རིང་བོ་མེད་པ
བྱིའུ་ཆུང་དེ་རྒྱུན་ལྡན་ཞིག་མ་
བྱིའུ་ཆུང་དེ་དངངས་མ་སྐྲག་གི་
བྱིའུ་ཆུང་དེ་ངའི་ཉལ་ཁང་ལ་སྡོད་
གཡས་འཕུར་གཡོན་འཕུར་དང
ཕར་འཕུར་ཚུར་འཕུར་ཇེ་མང་ནས་ཇེ་
བྱིའུ་ཆུང་དེ་ལྷོད་ལ་འབབ་ཕྱིར
ང་རང་གི་གཟུགས་ཕུང་འགུལ་ཙམ་ཡང་
བྱིའུ་ཆུང་དེ་རེམ་མར་ལྷོད་ལ་
ཅིར་སྐད་རྒྱག་མཚམས་ཆད
བསྐྱར་དུ་སྒེའུ་ཁུང་གི་ལྕགས་ཁྲ
བྱིའུ་ཆུང་དེ་ད་གཟོད་མཛེས་སྡུག་
རྒྱང་རིང་གི་བར་སྣང་ནས
ཉི་མ་དང་འོད་ཟེར་སྒོམ་ཞིང
གཤོག་ཟུང་མཐའ་ལ་བརྐྱངས་ནས་འཕུར་
འཕུར་འཕུར་ནས་དགུང་ཨ་སྔོན་གནམ་
ས་ཆེན་པོའི་ལོ་རྒྱུས་ཀྱི་དཔང་རྟ
འབག་བཙོག་གི་མཁའ་དབུགས་དང
མུན་ནག་གི་ཡུལ་ཁམས་ལ
རང་དབང་དང་གནས་ལུགས་ཞུ་བར་བཞུད
བྱིའུ་ཆུང་ཆུང་དེ
སླར་ཡང་དྭངས་གཙང་གི་མཁའ་མཐར་འཕུ
རྒྱལ་བར་སྨོན
༢༠༡༨/༡/༡༠
བོད་ཡིག་ཙམ་ཡིན་པ་ཡག་བྱུང་དེ་ལས་གཞན་མི་འདུག
༄༅། ཁ་བའི་ལྷ་མོ་ལགས།
ཁྱེད་ཀྱི་བྲིས་རྩོམ་གང་ལེགས་ཀྱང་་་ནང་དོན་གཙོ་བོ་གང་བཤད་ཀྱི་ཡོད་མེད་གསལ་པོ་ཤེས་སོང།
བརྗོད་དོན་གཙོ་མོ་གང་ཡིན་ནམ།
ཚེག་དང་ཤད་སོགས་མེད་ཀྱང་འབྲི་རྩལ་དང་དག་ཆ་དག་པར་བྲིས་འདུག་པས། ལེགས་བསུ་དང་། ལེགས་སོ་ཞུའོ།།