ཐོར་རྒོད་པ་སྤྱན་ཆབ།
ཆུང་ཆུང་བྱིས་པའི་དུས་ཚེ་ལ།།
སྐུ་ཡི་འཕེན་པ་རྫོགས་པ་ཐོས།།
དུང་ཟླ་དཀར་པོའི་དཀྱིལ་འཁོར་ནས།།
ཁྱེད་སྐུ་རབ་རུབ་མཇལ་བ་དྲན།།
ཞིབ་ཀྱིས་བལྟས་པས་ཡོད་ཡོད་འདྲ།།
ཡང་ཡང་བལྟས་པས་མེད་མེད་འདྲ།།
མིག་ཟུང་ཕྱིས་ནས་བལྟས་པ་ན།།
ཡོད་ཡོད་འདྲ་བའི་སེམས་དེ་རྨད།།
ཁྱེད་སྐུ་ཟླ་བར་དཔེ་བྱས་པ།།
བསིལ་ཟེར་བོད་ལ་ཕོག་པས་རེད།།
ཡིན་ཡང་གདུལ་བྱའི་མིག་ཟུང་གིས།།
ཅི་ཡང་མ་མཐོང་ལོག་པར་མཐོང་།།
ཨ་མདོའི་ཚོང་པ་རྒྱག་པ་ཞིག།
དབུས་ཀྱི་ཡུལ་ལ་ལྷགས་འདུག་སྐད།།
དབུས་ཀྱི་ཇོ་ཤྱཀ་རྣམ་གཉིས་སུ།།
མཇལ་དར་འོད་ཀྱིས་འཁྱིལ་ལེ་ཡོད།།
སྐུ་གསུང་ཐུགས་ཀྱི་སྤྲུལ་བའི་སྐུ།།
གངས་ཅན་ཡུལ་གྱི་བྱོན་ནའང་།།
མུན་ནག་སྟུག་པོའི་དགུ་རིམ་ནས།།
ལོ་ཟླའི་མདའ་རྩེ་དགུ་རྩེག་འཁོར།།
མི་བརྟན་མི་ཡི་སེམས་ཉིད་ལས།།
གཡོ་ཞིང་གཡོས་པ་ཁྱོད་ཉིད་དེ།།
ཨ་གསར་འོ་དོད་འཕྱུར་བ་ལས།།
མཛད་པ་རྨད་བྱུང་མུན་པར་བསྲེས།།
མདོར་ན་ཉིད་ཀྱི་བཀའ་རྒྱ་ལས།།
དེ་རིང་འདིར་བཞུགས་སྐུ་ངོ་དང་།།
ལྷ་སྲས་ལྷ་ལྕམ་དག་གིས་ནི།།
བོད་ཆས་དཀྲིས་པ་ཅི་ཙམ་ཡོད།།
བོད་སྐད་བཤད་མཁན་ག་ཚོད་ཡོད།།
གསུང་གི་དཔལ་ལ་རྒྱབ་བསྟན་པའི།།
འགྲོ་བ་ཚུལ་ལས་འཆོས་པ་དག།
གདུལ་བའི་སྲོལ་གྱིས་རྒྱུ་ཞིང་རྒྱུ།།
བསམ་ཞིང་བསམ་ན་སེམས་པ་འདར།།
མ་བསམ་མཐོང་བས་ཀྱང་ལུས་པོ་འདར།།
བཞིན་གྱི་སྨྲ་སྒོ་རིན་པ་ཆེ།།
ནང་གི་སེམས་ཉིད་རིན་པོ་ཆེ།།
སོ་སོར་བྱས་པའི་བྱེད་ལས་ཀྱི།།
སོ་སྐྱེས་རྨོངས་བའི་བྲན་པ་དག།
མར་གྱུར་སེམས་ཅན་གདུལ་བྱ་ལས།།
ད་དུང་དབུག་དབྱུང་མི་བགྱིད་དམ།།
ཏང་དང་གུང་ཁྲན་གཡོ་སྒྱུས་མེར།།
ཏུན་དང་མའོ་ཡང་བསླུ་ཡིས་ཚོས།།
ཁྱེད་ཀྱི་དབུ་ཕྱག་ཞབས་ལྔ་བོ།།
ས་ལ་གཏུགས་པའང་བོད་ཀྱིས་ཆེད།།
བོད་ཀྱི་སྡིག་སྒྲིབ་ནག་པོ་ལས།།
འོད་ཀྱི་སྐུ་གཞོན་མུན་པར་བཏབ།།
མུན་པའི་དམག་དང་མནར་གཅོད་ལས།།
སླར་ཡང་བོད་ལ་འབྱོན་ནམ་མིན།།
རྒ་བའི་མིག་ཟུང་རུབ་པ་ཚོས།།
ཉིད་ཀྱི་བློ་སྤོབས་ཁྱེར་ནས་འདུག།
སྐྱེ་བའི་ཕྲེང་རིམ་ཡོད་ཚད་དུ།།
ཉིད་ཀྱི་འཁོར་དུ་སྨོན་ནས་འདུག།
ཡིན་ཡང་སྐྱེ་དགུའི་བསོད་ནམས་ཀྱི།།
ལས་ཀྱི་གཤིན་ས་ཐ་དད་དེ།།
འདི་ན་ཁྱེད་ལ་གཤེ་ཞིང་གཤེ།
འདི་ནས་ཁྱེད་ལ་སྨད་ཅིང་དམོད།།
2012/04/25ཞོགས་པའི་00:48སྟེང་ས་བཅད་མ་སྟོང་བའི་ཚུལ་གྱིས་གྲུབ།
དཔར་པ་དང་སྤྲུལ་སྐུ།
དཔར་པ་དྲིན་ཅན་ཁྱོད་ཀྱིས། །
པཎ་ཆེན་ཆུང་སྲིད་དཔར་འདི། །
འཛམ་གླིང་ཡོངས་ལ་ཁྱབ་པ། །
བྱེད་མཁན་ཁྱོད་ཀྱང་དྲིན་ཆེ། །
༸པཎ་ཆེན་བཅུ་པའི་ཡང་སྲིད། །
བཅུ་གཅིག་༸བསྟན་དགེ་ཁྱོད་རང་། །
ད་ལྟ་གང་དུ་བཞུགས་ཡོད། །
མཇལ་བའི་དུས་ཅིག་ཡོད་དམ། །
ད་འཇམ་དབྱངས་བཀྲ་ཤིས་ཀྱིས་སྒྲ་སྙན་རྡུང་ལེན་གྱིས་བླངས་བཞག་ན་ཧྲ་ག