ནམ་མཁའ།༡༩/༣/༢༠༡༢ལ་ཡོ་རུབ་ནས་བྲིས།
ད་ལྟའི་དུས་འདིར་དཔྱིད་འགོ་ཚུགས་སྟེ་ལྗོན་ཤིང་དག་གི་ཡལ་གའི་རྩེ་མོ་རུ་འདབ་མའི་ཆུན་པོ་ཆག་པ་མ་ཟད།ཁ་ཤས་ཞིག་གི་འདབ་མ་ཅུང་ཟད་ཁ་ཕྱེ་འདུག་པ་འདིས།མི་ཐམས་ཅད་ཀྱི་སེམས་སུ་རང་བཞིན་གྱིས་སྤྲོ་སྣང་ཞིག་སྦྱིན་ཐུབ། འཁོར་ཡུག་འདིས་དབང་གིས་མིའི་ཐམས་ཅད་ཀྱི་སེམས་སུ་བདེ་སྐྱིད་གསར་བ་རེ་འབྱུང་གི་ཡོད། སྤྱིར་ང་རང་ཡང་འདིའི་གྲལ་གྱི་དཔྱིད་ཀའི་འཁོར་ཡུག་གི་སྤྲོ་སྣང་མྱོང་མཁན་གྱི་མི་ཞིག་ཡིན། ཡིན་ཡང་རང་ཡུལ་བྲལ་བའི་མི་ང་རང་ལྟ་བུའི་བོད་མི་དང་ཕ་ཡུལ་ན་ཡོད་པའི་ཤ་ཁྲག་གཅིག་པ་ཚོ། ཁ་སང་དེ་རིང་འདིའི་སྤྲོ་སྣང་འདི་མྱོང་ཐུབ་ཀྱི་མེད་པ་མ་ཟད། སང་ཉིན་ང་རང་འཛིན་བཟུང་དང་ཡང་ན་ང་ཚོའི་ཐོག་ལ་མེ་མདའ་རྒྱབ་ཡོང་སྙམ་པའི་འཇིགས་སྣང་ཞིག་གིས་ངང་བསྐྱལ་བཞིན་ཡོད། ཕྱི་ལོགས་སུ་བོད་མི་ཚོས་ཀྱང་སང་ཉིན་ཕ་ཡུལ་དུ་གནས་ཚུལ་ག་འདྲ་ཞིག་འབྱུང་ངེས་ཡིན་ནམ་སྙམ་པའི་སེམས་ཁུར་ཞིག་གིས་བསྡད་ཡོད།
ལྷག་པར་དུ་ཁ་སང་གི་ཁ་པར་དེས་ང་ལ་སྡུག་བསྔལ་སྣོན་མ་ཞིག་སྤྲད་སོང་། དེ་ནི་ངའི་ཕ་ཡུལ་གྱི་གྲོགས་པོ་ཞིག་ལ་སེམས་ཁ་བདེ་སྡུག་གི་དབང་གིས་གནས་ཚུལ་ག་འདྲ་ཡིན་མིན་གྱི་འབྲེལ་བ་ཞིག་བྱས་བ་ཡིན། ཁོས་ང་ལ་༡༤/༣ཉིན་གྱི་གླེང་སློང་ཅུང་བྱེད་ཞོར་དུ་རེབ་གོང་ཁུལ་ཐོག་གི་དབྱི་ཧྥུ་སློབ་ཆུང་གི་གནས་ཚུལ་གླེང་སོང་། ༡༤/༣ཉིན་མོ་མི་ཆ་ཚང་ཕལ་ཆེར་དགོན་པའི་སྒྲོལ་མའི་ཐང་ཆེན་དུ་དཔའ་བོ་འཇམ་དབྱངས་དཔལ་ལྡན་གྱིས་མེ་བསྲེགས་བཏང་བ་དེར་ཕྱིན་ཚར་བ་རེད། དབྱི་ཧྥུ་སློབ་ཆུང་གི་སློབ་རིམ་དང་པོ་དང་གཉིས་བའི་སློབ་མ་ཡོངས་རྫོགས་ཁྲོམ་སྲང་དུ་སྐད་འབོད་བྱེད་དུ་ཕྱིན་པ་རེད་ཟེར། ངའི་སྐྱེ་དམན་གྱིས་ཚལ་བཙོང་སའི་ཁྲོམ་ན་ཡོད་པས་ཁོང་ཚོས་མཐོང་འདུག་ཟེར། དེ་ནས་ངས་ཁོའི་སྐྱེ་དམན་ལ་འདྲི་དུས་མོས་ང་ཚོ་བོད་མོ་མང་པོས་དེང་སང་ཚལ་བཙོང་གི་ཡོད་པས། དེའི་ཁྲོམ་དཀྱིལ་ནས་ཁོང་ཚོས་ཁུ་ཚུར་གནམ་ལ་འཕྱར་སྟེ་༼ཀ་ཁའི་བདག་པོ་ང་ཚོ་ཡིན༽དེ་མིན་སྐད་ཆ་གཞན་ཞིག་བཤད་ཞོར་འགྲོ་གི་འདུག ཕར་དགོན་པའི་ཕྱོགས་ལ་འགྲོ་མ་སོང་ཟེར།ང་ཚོ་བུད་མེད་ཚོས་ཅི་ཡང་ཤེས་ཀྱི་མེད་མོད།བོད་ཀྱི་བུད་མེད་ཚང་མས་མིག་ཆུ་འཕྱི་གི་འདུག་ཟེར་ཞོར་མོ་རང་ཡང་བསྐྱར་ངུས་སོང་བས། ང་རང་ཡང་མགྲིན་པ་བརྣངས་ནས་ཅུང་ཙམ་སྐད་ཆའི་མཚམས་ཆད་སོང་། ཅུང་ཙམ་འགོར་རྗེས་མོས་མུ་མཐུད་ནས་གསུང་བ་ལ། ཁྱེད་ཚོ་ཕྱི་ལོགས་ན་ཡོད་མཁན་ཚོས་འདྲ་པར་ཕྲན་བུ་རེ་དང་གནས་མདོར་བསྡུས་རེ་མ་གཏོགས་ཤེས་ཀྱི་ཡོད་པ་མ་རེད་ང་ཚོ་འདིར་དངོས་སུ་མཐོང་ནས་མྱངས་ཀྱི་ཡོད་པ་རེད་ཟེར། མཚམས་འདིར་ཁ་པར་ཡང་ཆད་སོང་ལ་གནས་ཚུལ་བསྐྱར་འདྲི་བྱེད་ཐུབ་མ་སོང་བས་དྲ་གྲོགས་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་ཐུབ་མ་སོང་བས་དགོངས་འགལ་མེད་པར་ཞུ།
ངའི་དྲ་གྲོགས་རྣམ་པ་ཚོ།ཁྱེད་ཚོ་ཕྲུག་གུ་ལོ་བདུན་བརྒྱད་ཅན་གྱི་ཕ་མ་ཡིན་ཚེ། ཁོང་ཚོའི་མཛུབ་མོ་ལྔ་བོ་ཁུ་ཚུར་བྱེད་དུ་བཅུགས་སྟེ་གཟིགས་དང་ཅི་འདྲའི་ཆུང་ཆུང་ཞིག་རེད་འང་། ཡིན་ཡང་བྱིས་པ་འདི་དག་སེམས་སུ་ཡང་ན་ཟུག་ཆེ་རུ་ཕྱིན་འདུག་པ་འདི་ཕྱོགས་གཅིག་ནས་སྤོབས་པ་སྐྱེས་དགོས་ཞིག་ཡིན་ལ། ང་ཚོ་ཆ་ཚང་སེམས་ཤུགས་འཕར་དགོས་བ་ཞིག་ཀྱང་རེད།
ད་ཐེངས་ཀྱི་གནས་ཚུལ་ཕྲན་བུ་འདིའི་སྟེང་ནས་འགྱོད་པ་ཞིག་ཡོད་པ་ནི། བྱིས་པ་ཚོས་ཁྲོམ་སྲང་ན་སྐད་འབོད་བྱེད་བཞིན་པའི་འདྲ་པར་ཞིག་རེག་མ་སོང་བས་ཆེས་ཤིན་ཏུ་འཕངས་སེམས་ཞིག་སྐྱེས། དེ་མིན་འཛམ་གླིང་སྟེང་ར་སྤྲོད་དང་བཙན་བྱོལ་གཞུང་གི་སློབ་ཕྲུག་ཚོ་ཡང་ངོ་སྤྲོད་བྱེད་འདོད་བྱུང་།
བཟང་གི། སེམས་ཤུགས་སྐྱེས་དགོས་བ་ཞིག་རེད་བསམ་ནས་བྲིས་ཡིན་རྒྱུ་རེད། བྱིས་བ་དེ་ཚོ་ཁོ་རང་ཚོའི་ངོས་ནས་ལས་འགུལ་དེ་འདྲ་སྤེལ་དཀའ་མོ་རེད། རྒྱབ་ལོག་གི་སྐུར་སློང་བྱེད་མཁན་དེ་ཚོས་གཟབ་གཟབ་མ་བྱས་ན་རྒྱ་རོ་འདི་ཚོས་བྱིས་བ་ལ་ཡང་མེ་མདའ་རྒྱག་ཡོང་།
ཆོས་འཕེལ་དར་རྒྱས་ལགས། དངོས་ཡོད་གནས་སྟངས་ཞིག་ཅི་བཞིན་བརྗོད་པ་ལ་རྒྱུ་མཚན་དམིགས་གསལ་བ་དགོས་བ་རེད་དམ། བྱིས་བ་ཆུང་ཆུང་ཚོས་རང་ངོས་ནས་ཐོབ་ཐང་རྩོད་ལེན་བྱེད་མི་ཐུབ་པའི་རྒྱུ་མཚན་འདྲ་འདྲེན་རྒྱུ་ཡོད་དམ། ཁྱོད་ལ་ཆ་རྒྱུས་མེད་ཀྱང་སྲིད་དེ་ཕྲན་རང་ཆུང་དུས་དམར་ཆུང་གདོང་ལེན་རུ་ཁག་སྔོན་ཐོན་སློབ་ཕྲུག་ཚོས། རང་ཉིད་ཀྱི་ལོ་ཚོད་ལ་བབ་པའི་འགན་ཆེན་པོ་འཁུར་ཀྱིན་མེས་རྒྱལ་ལ་ཞབས་འདེགས་ཞུ་རྒྱུར་བྲེལ་ཤ་ལངས་ནས་ཡོད། དེ་དུས་ཕྲན་མ་དགོས་བོད་གངས་ཅན་ཐོམས་ནས་བསྡད་ཡོད་བ་རེད། ཆོས་འཕེལ་ལགས། སྐུལ་སློང་ཞེས་བའི་ཚིག་འདི་ཁ་ནང་ལ་ག་དུས་ནས་གོམས་སོང་།
ནག་ཐར་སྐྱིད་ལབ་ན་ངའི་སེམས་ལ་ཁ་ཤགས་ནང་གི་ཞི་མོ་དེ་དྲན་གི ད་དུང་ངས་གྲོགས་པོ་ཞིག་ལ་ནག་ཐར་སྐྱིད་ཅེས་ལབ་ཀྱིན་ཡོད། གཅིག་ཐེངས་ན་ཁོ་ཡིན་ཡང་སྲིད། གང་ལྟར་མུ་མཐུད་ནས་གླེང་མོལ་ལ་རོལ།
སྐུ་ཞབས་ཆོས་འཕེལ་དར་རྒྱས་ལགས་རྒྱ་ནག་དམར་པོ་ཚོའི་ལངས་ཕྱོགས་མ་འཛིན་བྱིས་པ་རྣམས་བོད་རེད་མི་རིགས་ཀྱི་ཤ་ཞེན་ཡོད་པ་རེད་བདེན་ཀྱི་གཏམ་སྐད་ཆ་ལ་འཁྱོགས་པོས་བརྗོད་ན་ཀླད་པ་འཁྲེགས་པོ་རེད་་་ཡང་མིན་ན་ལྗང་ཁུ་ཡིན་ས་རེད།
ངས་དངོས་སུ་མཐོང་མྱོང་པའི་གནས་ཚུལ་ཞིག་བཤད་ས་ཕྱི་ལོའི་ཞི་རྒོལ་རྗེས་ནས་བོད་མི་ཁྱོན་ཡོངས་ཀྱི་སེམས་སུ་བསུབ་མེད་ཀྱི་ལོ་རྒྱུས་ཞིག་བཀོད་ཡོད་པ་རེད་ལྷག་ཏུ་བྱིས་པ་ལོ་བདུན་བརྒྱན་ཅན་ཚོས་བོད་རྒྱ་མི་ལས་ལོགས་སུ་ཡིན་པ་ཧ་གོ་འདུག་ང་རང་ཉིད་ཡང་ཧང་སངས་མྱོང་བྱིས་པ་ཚོས་སེམས་ལ་བག་ཆགས་བརྟན་པོ་ཞིག་བཞག་ཡོད་པ་ཐག་གི་ཆོད་འདི་དགའ་འོས་པའི་བྱ་བ་ཞིག་རེད་མ་འོངས་བོད་ཀྱི་འཐབ་རྩོད་རྒྱུད་མཐུད་གནས་པའི་རྟགས་རེད།
གོང་གི་ཆོས་འཕེལ་ཟེར་བ་འདིས་རིགས་ཀྱི་ག་དུས་ཡིན་ན་དེ་འདྲ་ཞིག་མ་གཏོགས་དཔོག་ཐུབ་ནི་མ་རེད། རྒྱུ་མཚན་གནས་ལུགས་ལ་བལྟ་བའི་མིག་ཞར་ཡོད་པས་རེད་ལ། ཁོ་ཚོའི་རིགས་མ་གླེང་ན་ཡག་ཤོས་རེད། སྐུ་ཞབས་ནམ་མཁའ་ལགས་ཀྱིས་དོན་དངོས་དང་འབྲེལ་བའི་སྐད་ཆ་འདིར་གོ་བ་ཅུང་འདུག་ལ། བསམ་ཞིབ་དེ་བས་ཀྱང་བྱེད་འོས་པ་ཞིག་རེད།
ཆོས་འཕེལ་དར་རྒྱས་ཀྱི་སྐད་ཆ་བཤད་སྟང་དེ་རྒྱ་དམར་གྱི་སྐད་ཆ་བཤད་སྟང་དང་ཇི་འདྲའི་འདྲ་བ་ལ།
ཆོས་འཕེལ་དར་རྒྱས་ཀྱིས་བཤད་པ་དེ་ལ་རྒྱུ་མཚན་ཞིག་འདུག་ལ་ཆ་ཚང་བདེན་པ་མ་རེད། རྒྱ་གཞུང་གིས་བྱིས་པ་ཆུང་ཆུང་ཡིན་ཡང་མེ་མདའ་རྒྱག་པའི་ཉེན་ཁ་ཧ་ཅང་ཡོད་པ་རེད། དེ་བདེན་པ་རེད། བྱིས་པ་དེ་ཚོ་ལ་སྐུལ་སློང་བྱས་པ་རེད་ཟེར་ན། དེ་ལ་བདེན་དཔང་དགོས་ངེས་རེད། འདི་རྒྱ་གཞུང་གིས་བཤད་པའི་སྐད་ཆ་དང་གཅིག་མཚུངས་རེད། བོད་ཀྱི་མ་འོངས་པའི་སོན་རྩ་དང་དཔའ་རྒོད་ཆུང་ཆུང་དེ་ཚོ་ལ་ཁྱོད་ཀྱིས་མཐོང་ཆུང་བྱས་པ་ཞིག་གི་རྣམ་པ་ཞིག་ཡང་མངོན་འདུག ངས་བསམ་ན་དེ་ནི་ཏན་ཏན་ཁོ་ཚོའི་བསམ་བློ་དང་གཞུང་གིས་གཉའ་གནོན་དང་མི་རིགས་ལ་བརྙེས་བཅོས་བྱེད་པའི་ལོ་རྒྱུས་དེ་ཁོ་ཚོའི་མིག་མདུན་དུ་ཡང་མངོན་ཡོང་གི་ཡོད་སྟབས། རང་རིགས་ལ་ཞེན་ཆགས་དང་བརྩེ་བ་ལ་ལུས་ཡོད། དེའི་ཕྱིར་ཁོ་ཚོས་བསམ་བློ་དེ་ལྟར་བྱུང་ངེས་དང་འབྱུང་འོས་པ་ཞིག་རེད། ཁོ་ཚོས་དགོས་འདུན་བཏོན་པ་དེ་ཡང་ཀ་ཁ་བདག་པོ་ཡིན་པ་བཤད་འདུག ཁྱོད་ཀྱིས་རྗེས་ཕྱོགས་བསམ་ཚུལ་འབྲི་སྐབས་གཟབ་གཟབ་བྱེད་རོགས་ཞུ།
ནག་ཐར་སྐྱིད་ལཊ། ཉིད་ནས་བྲིས་བའི་དྲི་བ་དེ་ལ་དགའ་བསུ་ཡོད།
༡༽ རྒྱུ་མཚན་དམིགས་ཡུལ་དགོས་བ་ཡོད་མེད་གོང་གི་རྩོམ་ཡིག་དེའི་འོག་ནས་ཡར་བྲཙིས་ཚིག་འཕྲེང་དགུ་བ་ནས་ཀློག་རོགས། ངས་གོ་བ་ལེན་ཚུལ་ནི་རྩོམ་པ་བོས་རྒྱ་ཆེའི་ཀློག་པ་བོ་རྣམས་ལ་སེམས་འགུལ་ཡོང་ཆེད་དུ་བཀོད་པ་དེ་རེད།
༢༽ བྱིས་བ་བ་ལོ་བདུན་ཅན་གྱིས་ལས་འགུལརང་ངོས་ནས་ལས་འགུལ་སྤེལ་དང་སྤེལ་མི་ཐུབ་སྐོར་རེད། ཕྲན་ཡང་ཕ་ཡུལ་ནས་སློབ་ཆུང་ནས་སློབ་འབྲིང་། རིམ་གྱིས་མཐོ་སློབ་ལ་འགྲོ་མྱུང་། དེའི་སྐབས་རང་གྲོལ་གྱི་ལང་ཚོའི་འབབ་ཆུ་ཞེས་བའི་སྙན་རྩོམ་དེ་གསར་དུ་ཐོན་པའི་སྐབས་རེད། སློབ་འབྲིང་དུ་ཡོད་པའི་ང་ཚོ་སློབ་མ་འགས་མི་རིགས་ཀྱི་ལ་རྒྱ་ཟེར་བ་དེ་ནས་འགོ་བཟུང་བ་ཡིན་ལ་དེ་ནས་བརླག་ཡང་མེད། གང་ལྟར་དེའི་སྐབས་ལ་སློབ་ཆུང་སློབ་མ་ཕར་ཞོག་སློབ་འབྲིང་སློབ་མའི་ནང་ལ་ཡང་ང་ཚོ་ཉུངཉུང་ཙམ་ལས་མེད་པ་དང་དགེ་སློབ་མང་བོས་ང་ཚོ་ལ་ལྟ་སྟེངས་ནི་མངོན་ཐོན་ནམ་མགོ་ཆོག་དེ་རེད།
༣༽ སྐུར་སླུང་ཟེར་བའི་ཚིག་དེ་གོང་དུ་བརྗོད་པའི་ཚིག་འཕྲེང་དགུ་བ་ནས་ཀློག་དེ་༼ང་ཚོ་ཚང་མ་སེམས་ཤུགས་འཕར་དགོས་བ་ཞིག་རེད་༽ མཐོང་དུས་སེམས་ལ་དྲན་སོང་།
༤༽ ཉིད་ནས་གསུང་མེད་ཡང་གོང་དུ་ཡོད་པའི་མཆན་འགའ་རེས་རྒྱ་དམར་ལྟ་བའི་སྐོར་ལ། ང་ཡང་ཁྱེད་ཚོ་ནང་བཞིན་སྐྱིད་ས་བདེ་ས། རྒྱ་གཞུང་ལ་སྐྲག་མི་དགོས་སའི་ས་ཆ་ཞིག་ན་རང་གིས་འཚོ་བ་རོལ་བཞིན་ཡོད། སེམས་ནང་ན་བོད་པ་ཞིག་ཡིན་བསམ་དགོས་བ་ནི་བོད་ལུས་སུ་སྐྱེས་བ་ལས་གཞན་མེད། རྒྱ་མི་མྱུལ་མ་མིན་ལ་ཀྲུང་གོའི་སྒོར་མོ་ཡང་ཟ་མི་དགོས་བར་མི་ཡུལ་འདི་ན་འཚོ་ཐུབ་མཁན་ཞིག་ཡིན། ཤ་ལ་རྒྱབ་ན་རུད་པ་ན་བའི་ཁ་དཔེ་ལྟར་བོད་ལ་དགའ་མཁན་ཞིག་དང་བོད་མིའི་བདེ་སྡུག་ལ་རྒྱང་ལྟ་བྱེད་མཁན་ཞིག་ཡིན།
མང་བོ་བཤད་ན་རྙོག་འགྲོ་ལ་དུས་ཚོད་ཡང་མེད་པས་དེ་ཙམ་བྱ།
ཆོས་འཕེལ་དར་རྒྱས་ལགས། དྲིས་ལན་འབྱོར་ཙམ་བྱུང་སོང་དེ་དྲི་བ་ལ་ཡོལ་གྱིན་པའི་སྣང་བ་ཞིག་སྤྲད་སོང་། རྒྱུ་མཚན་སྐུ་ཉིད་ཀྱི་འདོད་པ་ལྟར་ན་གནས་ཚུལ་འདི་བོད་མི་རྣམས་སེམས་ཤུགས་བསྐྱེད་ཆེད་བརྩམས་བཞག་པ་ཞིག་དང་སྒྲོ་འདོགས་རེད་མདོག་མདོག དེ་ལས་ཀྱང་བོད་ཀྱི་བྱིས་བ་རྣམས་ལ་དཔྱོད་ཤེས་དང་འགུལ་ཤུགས་མེད་པར་འདོད་པའི་དབང་གིས་སྐུལ་སློང་ཞེས་བའི་ཚིག་འདི་བསམ་དབང་མེད་པར་ཤོར་སོང་བ་རེད། ནམ་རྒྱུན་ཏུ་ནས་སྤྱང་ལྟོགས་ཚོའི་འགྲམ་ཆུ་འཁྱིལ་ས་དེ་གོ་སྐབས་ཆགས་འགྲོ་ཡི་ཡོད་བར་བརྟེན། སྐུ་ཉིད་ཕུད་འདེད་བྱེད་དོན་འདི་ཡིན།
དང་པོ། ཁ་སང་དེ་རིང་གི་གནས་བབས་ཁྲོད་གནས་ཚུལ་ཇི་བཞིན་དུ་གསར་འགྱུར་བརྒྱུད་ལམ་ལ་གཏོང་རྒྱུ་གལ་ཆེན་ཡིན་པ་སུས་ཀྱང་བསམ་ཤེས་བྱེད་ཐུབ་རྒྱུ་རེད། དེར་བརྟེན་སེམས་འགུལ་ཐེབས་མིན་ནི་གནས་སྟངས་དངོས་དེ་ཇི་བཞིན་ཁས་ལེན་ཡོད་མེད་ལ་ཐུག་ཡོད་པ་རེད། སྐུ་ཉིད་ལ་མཚོན་ན་བོད་ཀྱི་བྱིས་བས་ཐོབ་ཐང་སྲུང་སྐྱོབས་བྱེད་ཚུལ་འདི་ངོས་ལེན་བྱེད་ཐབས་དཀའ་བ་ཞིག་རེད་དམ།
གཉིས་བ། སློབ་ཆུང་ནས་སློབ་འབྲིང་རིམ་གྱིས་མཐོ་སློབ་ག་ལེར་བོད་མིའི་ལ་རྒྱ་བཟུང་། ད་ལྟ་མུ་མཐུད་ནས་བོད་མིའི་བདེ་སྡུག་ལ་སེམས་ཁུར་བྱེད་ཕྱོགས་འདི། ཕྲན་ལ་མཚོན་ན་ཆ་རྒྱུས་ཡོད་པའི་གནས་སྟངས་ཡིན་ལ་དེ་བཞིན་ངོས་ལེན་ཡོད། ཡིན་ནའང་བདག་གི་དྲི་བའི་ཁྲོད་ན་སྐུ་ཉིད་ཐོམས་བསྡད་འདུག རྒྱུ་མཚན་དེ་སྔོན་་་སློབ་ཆུང་སྐབས་ཀྱི་ཁྱོད་དང་ཕྲན་ཐེ་བའི་དམར་ཆུང་གདོང་ལེན་རུ་མི་དག་ལ་རང་ཉིད་ཀྱི་ལོ་ཚོད་ལས་བརྒལ་བའི་འགན་ཆེན་པོ་མེས་རྒྱལ་གཅེས་འཛིན་བྱེད་པར་འགུལ་ཤུགས་རེ་བྱུང་མྱོང་བ་ལྟར་ན།། ད་ལྟའི་བོད་མིའི་སློབ་ཕྲུག་རྣམས་ལ་རང་ངོས་ནས་སྐད་ཡིག་གཅེས་འཛིན་གྱི་གཡོ་འགུལ་རེ་འབྱུང་མི་སྲིད་པའི་དོགས་པ་དེ་གང་ནས་སླེབས་སོང་ངམ། བསམ་བློ་ཞིབ་ཏུ་བཏང་ན་གོ་ལ་ཧྲིལ་བོ་འགྱུར་བ་འགྲོ་དང་འགྲོ་མུས་བཞིན། མཐོ་སྒང་འདིའི་བོད་མི་རྣམས་ཀྱང་གཉིད་སེལ་ནས་གྲུང་རིག་སེ་ཡོད་ད།
གསུམ་པ། ལེགས་སོ་དང་ལེགས་སོ་ཞུ་རྒྱུ་ཡིན། བདེ་མོ།