རྩོམ་མཁན། རེབ། ཧེན་སེལ།(Ray Hansell)
(རྡོ་རྗེ་རིན་ཆེན་གྱིས་དབྱིན་ཡིག་ལས་བསྒྱུར།)
ཕེབས་པར་ཞུ། ང་ཡི་འཇིག་རྟེན་དུ་ཕེབས་པར་ཞུ།
རེ་འགས། དེ་ནི་ཕལ་བའི་འཇིག་རྟེན་ཞིག་ཡིན་པར་སྨྲ།
རེད་དེ། དེ་ལྟ་ལགས་མོད་ཀྱང་།
གང་ལྟར། དེ་རུ་ནམ་ཀུན་ང་ཡི་ངོ་གདོང་འཛུམ་གྱིས་ཁེངས།
ཕེབས་པར་ཞུ། ང་ཡི་འཇིག་རྟེན་དུ་ཕེབས་པར་ཞུ།
དེ་ནི། སྤྲོ་སྣང་གིས་ཁྱབ་པའི་འཇིག་རྟེན་ཞིག་དང་།
དེ་ནི། བརྩེ་བས་གླན་པའི་འཇིག་རྟེན་ཞིག་ལགས།
ད་ལྟ། འཇིག་རྟེན་དེ་ང་ལ་མཚོན་ན།
ཧ་ཅང་། ཡིད་དུ་འོང་བའི་རྩེད་ཆས་ཤིག
གལ་སྲིད། ཁྱོད་རང་ཉོབ་སྣང་གིས་རྒྱས་པ་དང་།
གལ་སྲིད། ཁྱོད་རང་གནས་གང་དུའང་འགྲོ་ཡུལ་མ་མཆི་ཕྱིན།
རྟག་ཏུ། བདག་གིས་ཁྱོད་ངའི་འཇིག་རྟེན་དུ་ཕེབས་པར།
སྔོན་བསུ་བྱ་ངེས་པ། ཁྱོད་ཀྱིས་རྟོགས་པར་མཛོད་ཅིག
ཕེབས་པར་ཞུ། ང་ཡི་འཇིག་རྟེན་དུ་ཕེབས་པར་ཞུ།
དེ་རུ། ཞེ་འཁོན་དང་སྡང་སེམས་མེད་ལ།
དེ་རུ། དམག་འཁྲུག་དང་འཐབ་རྩོད་དབེན།
དེ་ཕྱིར། ཕེབས་ཤོག
ང་ཡི་འཇིག་རྟེན་དུ་ཕེབས་པར།
བློ་དོག་མི་གནང་བར་ཞུ།
2014/11/21