བཅར་འདྲི་བ་བློ་བརྟན།
བོད་ཀྱི་སྐད་ཡིག་དེ་རྒྱུན་གནས་ཡོང་བར་བརྩོན་མཁན་ཞིག་ལ་མཚོན་ན། རང་རིགས་བྱིས་པ་ཚོར་རང་གི་སྐད་ཡིག་ཤེས་སུ་འཇུག་རྒྱུ་དེ་རེད། བྱིས་པ་ཚོས་རང་གི་སྐད་ཡིག་ཤེས་པ་ལ་བྱིས་པ་དང་མཐུན་པའི་བྱིས་སྒྲུང་ནི་མེད་ཐབས་མེད་པ་ཞིག་རེད། དེར་བརྟེན་བྱིས་སྒྲུང་གསར་བ་༼ནེ་ཙོ་དང་གྲྭ་བ་ཆུང་ཆུང་།༽ཟེར་བ་ཞིག་སྐུ་བལྟམས་འདུག
ཨ་རིར་ང་དང་ས་གནས་གཅིག་པར་གནས་སྡོད་བྱེད་མཁན་དོན་གྲུབ་ལགས་ནས་བྱིས་སྒྲུང་གསར་བ་༼ནེ་ཙོ་དང་གྲྭ་བ་ཆུང་ཆུང༽ ཟེར་བ་ཞིག་བརྩམས་ཡོད་པ་དྲ་ལམ་ཁག་ནས་མཐོང་བས། དོན་གྲུབ་ལགས་ལ་དེའི་ཐད་ནས་ཁ་བརྡ་བྱས་པ་ཡིན།
དོན་གྲུབ་ཀྱིས་བཤད་ན། ད་ཐེངས་པར་དུ་བསྐྲུན་པའི་བྱིས་སྒྲུང་༼ནེ་ཙོ་དང་གྲྭ་བ་ཆུང་ཆུང་༽ ཞེས་པ་འདི། གོང་ས་མཆོག་གིས་ཕྱི་མི་དག་ལ་ཐེངས་མང་གསུང་མྱོང་བའི་སྒྲུང་ཞིག་རེད། གོང་ས་མཆོག་དེ་སྔོན་བོད་དུ་ནོར་གླིང་ཕོ་བྲང་དུ་བཞུགས་སྐབས་དངོས་སུ་བྱུང་གི་སྒྲུང་ཞིག་སྟེ། གོང་ས་མཆོག་དང་ཁོང་གི་ཞབས་ཞུ་བ། ནེ་ཙོ་བཅས་ཀྱི་བར་གྱི་སྒྲུང་རེད། སྒྲུང་དེས་བསྟན་དོན་ནི་བཙན་པོ་དབང་ཡོད་ལས་བྱམས་སྐྱོང་བྱས་ན། ཕན་ཚུན་གྲོགས་པོ་དང་འཆམ་པོ་ཆགས་ཀྱི་ཡོད་པ་དེ་བསྟན་ཡོད། འོན་ཏེ་སྒྲུང་རང་ལ་མཚོན་ན་མཇུག་ཏུ་འཆམ་པོ་ཆགས་པའི་རྣམ་པ་མེད་ཀྱང་། ངས་སྒྲུང་དེའི་མཇུག་ལ་འགྱུར་བ་ཕྲན་བུ་བཏང་སྟེ། བྱིས་པའི་སེམས་ཁམས་དང་མཐུན་པའི་ནེ་ཙོ་དང་གྲྭ་ཆུང་གྲོགས་པོ་གྱུར་བར་བཟོས་ཡོད། ཅེས་བྱིས་སྒྲུང་དེའི་ཡོང་ཁོངས་དང་བརྒྱུད་རིམ་ཞིག་ཁ་བརྡ་བྱས་སོང་།
རེད་རེད། བྱིས་སྒྲུང་དེའི་ཡོང་ཁོངས་དང་བསྟན་དོན་གསལ་བོ་ཆགས་སོང་། རེད་དེ་བྱིས་སྒྲུང་དེའི་རི་མོ་དང་ཚིག་བེད་སྤྱོད་གཏོང་སྟངས་སོགས་ཧ་ཅང་གལ་ཆེན་ཞིག་ཡིན་རྒྱུ་རེད། དེའི་ཐད་ནས་ག་འདྲ་ཡིན་མིན་ཁ་བརྡ་ཞིག་བྱས་ན།
ཨོ་ཡིན་ད་ཡིན། དོན་གྲུབ་ཀྱིས་རི་མོ་དང་ཚིག་ག་འདྲ་བེད་སྤྱོད་བྱེད་མིན་གལ་ཆེན་དོན་ཆེན་རེད། བྱིས་སྒྲུང་འདི་བྱིས་པ་ལོ་གསུམ་བཞི་ལོན་པ་དེའི་རིགས་ལ་དམིགས་ཡོད། ཁོང་ཚོའི་སེམས་ཁམས་དང་དགའ་ཕྱོགས། འཚར་ལོང་བཅས་ལ་འབྲེལ་བ་ཡོད་པ་རེད། ངའི་བྱིས་སྒྲུང་འདིའི་རི་མོ་དང་མིང་ཚིག་དག་ལ་དོ་ནན་གྱིས་ཁོང་ཚོ་དང་འཚམས་པ་ཞིག་ཡོང་ཐབས་ལ་འབད་ཡོད། གཙོ་བོ་ནི་བྱིས་པ་ཚོས་བོད་ཀྱི་སྐད་ཡིག་ལ་ལོ་ཚོད་ལ་དཔག་པའི་གང་འཚམས་ཤེས་སུ་འཇུག་རྒྱུ་དེ་རེད། དེ་ཤེས་པའི་ཐབས་ལ་བྱིས་པ་ཚོར་སྒྲུང་བཤད་ཀློག་བྱ་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད་ལ། ཐེངས་འདིའི་ངའི་བྱིས་སྒྲུང་དེ་ཡང་དེའི་ཆེད་དུ་རེད། ངས་བྱིས་པ་ལོ་ལྔ་མན་ཆད་ལ་བོད་ཡིག་བསླབ་དེབ་བརྩམས་པ་འདི་ཐེངས་གསུམ་པ་དེ་ཡིན་ཞིང་། བྱིས་སྒྲུང་གི་དེབ་དང་པོ་དེ་ཡིན་ལ་མུ་མཐུད་དུ་དེའི་ཐད་ནས་ལས་འཆར་འགའ་བསྒྲིགས་ནས་ཡོད། ཅེས་བྱིས་པའི་སྒྲུང་དེབ་དེའི་ཁྱད་ཆོས་ཐད་ནས་ག་འདྲ་ཡིན་མིན་བཤད་སོང་།
ཁྱོད་ཀྱི་ཁ་བརྡ་ལ་ཉན་གྱིན་ཉན་གྱིན་ང་ལ་འདྲི་བ་ཞིག་རང་བཞིན་གྱིས་བསླེབས་སོང་། འདྲི་བ་ནི་བྱིས་པ་ཚོ་གཉིད་ཉར་ཁར་བོད་ཀྱི་ཕ་མ་ཚོར་བྱིས་སྒྲུང་བཀླགས་ཏེ་གཉིད་ཉར་བའི་གོམས་གཤིས་ཡོད་མེད་དང་དེའི་གནས་སྟངས་ག་འདྲ་ཞིག་རེད། དེའི་ཐད་ནས་ཁ་བརྡ་ཞིག་བྱེད་རོགས།
ཨོ་དེའི་ཐད་ང་ལ་བསམ་ཚུལ་ཡོད། དོན་གྲུབ་ཀྱིས་བོད་ཀྱི་ཕ་མ་ཚོས་བྱིས་པར་སྒྲུང་ཀློག་བཞིན་གཉིད་ཉར་བའི་གོམས་གཤིས་དེ་སྐྱོ་བོ་རེད་བསམ། སྤྱིར་བོད་ཡུལ་དུ་བྱིས་པ་ཚོར་གནའ་གཏམ་བཤད་པའི་སྲོལ་སྔོན་མ་ནས་ཡོད་ལ། བྱིས་པ་གཉིད་ཁུག་པའི་གླུ་ཟེར་བ་སོགས་ཡོད་ཀྱང་། དེ་དག་དེང་སང་གི་བྱིས་པར་སློབ་གསོ་སྤྲོད་པའི་མཐུན་རྐྱེན་དུ་འཁྱེར་མ་ཐུབ་པའམ། དེ་དག་ཉམས་མུས་སུ་འགྲོ་བཞིན་པའི་རྣམ་པ་ཞིག་མཐོང་གིན་འདུག ནུབ་ཕྱོགས་ཀྱི་མི་མང་ལ་མཚོན་ན་དེ་དག་གལ་ཆེན་དུ་བརྩིས་ཏེ་ལོ་མང་པོ་འགྲོ་ཚར་བ་རེད་ལ། དེའི་ཐད་ནས་བྱིས་པའི་ལོ་ཚོད་འདྲ་མིན་དང་མཐུན་པའི་སྒྲུང་སོགས་མཐུན་རྐྱེན་འཛོམས་པོ་རེད། བོད་པ་ཚོས་ཀྱང་ངེས་པར་དུ་དེ་དག་ལ་མིག་དཔེ་བལྟས་ཏེ་ལེགས་ཆ་ལེན་པ་དང་བོད་པ་རང་གི་སྲོལ་རྒྱུན་ན་ཡོད་པའི་བྱིས་པ་ཚོར་གནའ་གཏམ་བཤད་སྲོལ་དག་རྒྱུན་འཛིན་བྱས་ཏེ། བོད་ཕྲུག་ཚོས་རང་གི་སྐད་ཡིག་ཤེས་པ་དང་། བོད་པའི་གཤིས་ཀ་ཡོད་པ་ཞིག་གསོ་སྐྱོང་བྱེད་དགོས་པ་ནི་ད་ལྟའི་དུས་འདིར་གནད་འགག་ཆེན་པོ་ཆགས་འདུག ཅེས་འགན་ཡོད་པ་དང་བསམ་བློ་བཏང་བའི་སྐད་ཆ་ལྗིད་པོ་ཞིག་བཤད་སོང་།
མི་སྒེར་དང་ཚོགས་སྡེ། སློབ་གྲྭ་གང་ལ་དགོས་མཁོ་ཡོད་ན་དྲ་ལམ་འདི་ནས་ tibetanbabybooks.com འབྲེལ་བ་བྱེད་ཆོག་ལ། ཉོ་མཁན་ལ་སྡེབ་ཚོང་དང་སིལ་ཚོང་གཉིས་ཀ་བྱེད་བཞིན་ཡོད་འདུག
༅༅། བྱིས་སྒྲུང་དེབ་ཆུང་དཔེ་ཡག་པོ་བྲིས་འདུག་ ནུབ་ཕྱོགས་ལུང་པར་ཚར་ལོང་
བྱུང་བའི་བུ་ཕྲུག་ཚོར་ཕན་ཐོགས་ཡོང་ས་རེད། ཡིན་ཡང་ཕ་མ་ཚོའི་ཐུགས་སྣང་གནང་ནས་
ཕྲུ་གུར་བསླབ་དགོས་པ་ལས་དེ་མིན་དེབ་དེ་མཐོང་བ་དང་རང་བཞིན་གྱི་ཕྲུ་ལ་འཇགས་ཐུབ་
རྒྱུ་ཁག་པོ་རེད་སྙམ།
སྐུ་ཞབས་བློ་བརྟན་ལགས་ནས་འབད་བརྩོན་ཧ་ལས་པ་གནང་འདུག་
བཀྲིས་བདེ་ལེགས་ཡོད། རང་རེའི་རྩ་ཆེན་བླ་སྲོག་སྐད་དང་ཡི་གེ་གཉིས་
ཉམས་འགྲོ་གི་འདུག་པར་བརྟེན་ཧ་ཅང་བློ་ཕམས་ཡང་འདུག་
དེབ་སྟེང་དུ་གྲྭ་བ་ཆུང་ཆུང་དང་ནེ་ཙོ་ཞེས་བྲིས་འདུག་པ་ལ་བཅར་འདྲིའི་ནང་༼ནེ་ཙོ་དང་གྲྭ་བ་ཆུང་ཆུང་།༽ ཞེས་བརྗེ་དགོས་དོན་ཅི་ཞིག་ཡིན་པ་ཡིན་ན།
ཨ་འབར་འཇིགས་དབང་ལགས། དེབ་དེ་རྩོམ་པ་པོ་ང་བློ་བརྟན་མ་རེད། དོན་གྲུབ་རེད། ཉིད་ནས་ཐུགས་རྗེ་ཆེ་ཞུ་ས་ནོར་འདུག
དེ་ནས་དཔལ་ཆེན་དོན་གྲུབ་ལགས། ཉིད་ནས་བཤད་པ་དེ་བདེན་པ་རེད། ༼གྲྭ་བ་ཆུང་ཆུང་དང་ནེ་ཙོ༽ ཟེར་བ་དང་༼ནེ་ཙོ་དང་གྲྭ་བ་ཆུང་ཆུང་༽ གང་བརྗོད་ན་ཁྱད་པར་མེད་སྙམ། གོ་སྐབས་བྱུང་ན་དེབ་དེ་ཅིག་བཀླགས་ནས་དགོངས་ཚུལ་ཡོད་ན་གསུང་རོགས།
གྲྭ་པ་ཆུང་ཆུང་དང་ནེ་ཙོ།
གྲྭ་པ་ཞེས་པ་ཡོངས་གྲགས་རེད། ཨ་མདོ་བ་ཚོས་ཀླད་རྙིང་མཁྲེགས་བཟུང་བྱས་ནས་ཁ་སྐད་ཡིག་སྐད་ལ་བཙན་འཇུག་བྱེད་བཞིན་འདུག
བསམ་ཤེས་ཁྱོད་རང་སྙིང་གཟེར་རྒྱག་གི་འདུག་གམ། ཧ་ཧ་
བོད་ཀྱི་སྐད་རིགས་མི་ཉམས་པའམ། མི་སྟོར་བའི་ཆེད་དུ། འབད་རྩོལ་ལ་དགའ་བསུ་བྱ་དགོས།
འོན་ཀྱང་སོ་སོའི་ཁ་སྐད་དུ་འཐོན་པ་བཞིན་འབྲི་ན། བོད་པ་གཞན་པས་སྐྱོན་བརྗོད་པ་ཐག་ཆོད། དཔེར་ན། གྲྭ་བ། ཞེས་པར། གྲྭ་པ། ཞེས་འབོད་མཁན་ཀུན་ཁ་བཙམས་ནས། སྡོད་དཀའོ།
རྒྱུ་མཚན་དེས་ན། བཀའ་བསྟན་དང་། བོན་ཀྱི་བཀའ་དང་བཀའ་བརྟེན། སྔོན་བྱོན་བོད་ཀྱི་མཁས་པ་ས་སྐྱ་པཎྜི་ཏ་དང་། ཀུན་མཁྱེན་ཀློང་ཆེན་པ། ཙོང་ཁ་པ་ཡབ་སྲས་གསུམ། འཇམ་དབྱངས་བཞད་པ། གུང་ཐང་བསྟན་པའི་སྒྲོན་མ། ཐུ་ཀྭན་ཆོས་ཀྱི་ཉི་མ་སོགས་མཁས་གྲུབ་དག་གིས་བྲིས་པའི་དཔེ་ཆ་གང་རུང་གི་མིང་ཚིག་རྣམས་ཀྱི་་རྗེས་སུ་འབྲངས་ནས། འབྲི་བ་གལ་ཆེ་བར་མཐོང་། ཁ་སྐད། བེད་སྤྱོད་ཅེས་པར་། འབད་སྤྱོད། ཅེས་འབྲི་ན། ཡི་གེ་དང་མཐུན་པའི་གོ་བ་ཡོད་པ་ཞིག་ཏུ་མཐོང་། རང་གི་བསམ་འཆར་བྲིས་པ་ལགས་སོ།
ནམ་རིང་སྒྲུང་གི་མི་ཁྱོལ་ཁྱོལ་ཀྱང་དོན་ལ་སྨིན་དཀའ་ཟེར་བའི་དཔེ་དེ་མིན་ན་ཡག་འདའ་།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་༼གྲྭ་བ་༽ནོར་བ་དང་། ༼གྲྭ་པ་༽ནོར་མེད་པའི་ཁུངས་གང་ན་ཡོད།
༼གྲྭ་པ་༽ཁ་སྐད་མིན་པ་དང་། ༼གྲྭ་བ་༽ཁ་སྐད་ཡིན་པའི་ཁུངས་གང་ན་ཡོད།
གསལ་འདེབས་ཞུ་རྒྱུ་གཅིག་ལ་༼གུང་ཐང་བསྟན་པའི་སྒྲོན་མ༽ ནོར་བ་རེད། ༼གུང་ཐང་བསྟན་པའི་སྒྲོན་མེ་༽ཞེས་འབྲི་དགོས་པ་རེད།
ལ་དྭགས་པ་བློ་དཔལ་ལགས། བ་པ་སྔོན་ནས་ད་བར་མཁས་པའི་ཁྲོད་ན་གཅིག་གྱུར་ཅིག་མེད་ལ། ཕྱོགས་གཉིས་ཀ་རྒྱུ་མཚན་ཡོད། དེ་ནས་ཟུར་ཞུ་ཞིག་ལ། བོན་གྱི་༼བཀའ་བརྟེན༽ རེད། ༼བཀའ་བསྟན༽གཞན་༼སྒྲོན་མ༽ མ་རེད།༼སྒྲོན་མེ༽ ༼ཐུ་ཀན༽ མ་རེད། ༼ཐུའུ་བཀྭན༽རེད།
གྲྭ་པ་འགྲིགས་པ་རེད། གྲྭ་བ་ནོར་བ་རེད། སྔོན་བྱོན་གྱི་བཀའ་བསྟན་ཚང་མའི་ནང་ལ་གྲྭ་བ་ཟེར་བ་མིན་འདུག ཁྱེད་ཚོ་ཞིབ་པར་དྲ་ཐོག་ན་ཕྱིན་ནས་བཀའ་བསྟན་རྣམས་ལ་འཚོལ་དང་། གྲྭ་བ་ཟེར་བ་འདི་ཚེ་བརྟན་ཞབས་དྲུང་གིས་ཀླད་རྙིང་མཁྲེགས་བཟུང་བྱས་ནས་འཁྱེར་ཡོང་བ་དང་། དེ་ལ་དོར་བཞིས་གླེན་པའི་རྐུབ་ལ་བླུན་པོ་རྒྱུགས་ནས་མ་དག་རྒྱུན་བྱམས་ཡོང་བའི་རེ་བ་བྱས་པ་རེད། དབུས་གཙང་དང་སྟོད། ཁམས་པ་སོགས་ལ་ཡིག་སྐད་གཅིག་འགྱུར་རེད། ཨ་མདོ་བ་ཉུང་ཤས་ཅིག་གིས་ཆོལ་གསུམ་ཡིག་སྐད་དེ་ཟུར་ལ་འཐོན་བཞིན་འདུག ཨ་མདོ་བ་གཟུ་བོར་གནས་པ་ཚོས་གྲྭ་བ་འབྲི་མཚམས་བཞག་སོང་།
སྟབས་ལེགས་པར་སྡེ་དགེ་པར་ཁང་དང་། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་ནས་ཨ་མདོ་མགོ་མཁྲེགས་ཀླད་རྙིང་བླུན་རྟགས་དེ་ཁས་ལེན་གྱི་མིན་འདུག སྙིང་ནས་དགའ་བའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བླ་རུང་སྒར་ལ་ཡང་བརྡ་སྤྲོད་སྔོན་གྱི་ཁུངས་བཙུན་པ་རྣམས་བཀོལ་དགོས་པ་དང་། གྲྭ་བ་དང་ཞིང་བ་ཟེར་བ་ནོར་བཅོས་བརྒྱབ་ཟིན་འདུག
དོར་བཞི་འདིའི་བྱས་ཉེས་བཤད་དགོས་ན་བཤད་མི་ཚར་བ་བ་འདུག
ད་ལྟ་བོད་གངས་ཅན་ལྗོངས་སུ། དོར་བཞི་དང་ཁོང་གི་དགེ་ཕྲུག་ཉུང་ཤས་ལས་ཚང་མས་གྲྭ་པ་བྲིས་པ་རེད།
ཞིབ་པར་འཚོལ་དང་།
གྲཱ་བ་མ་རེད་བྲལ་བ་རེད་།
ཉོན་མོངས་འདོད་ཆགས་དང་བྲལ་བས་ན་བྲལ་བ་ཟེར་།
གྲཱ་བ་འདི་དག་ཆ་ནོར་བ་རེད་གྲཱ་བ་འདི་ལ་གོ་རྒྱུ་གང་འདུག་ཞིབ་ཏུ་དཔྱོད་དང་མཁས་པ་ཚོ་།
བོད་ནང་ལ་ཆོལ་གསུམ་ཆིག་སྒྲིལ་ཡོང་བའི་འབད་བརྩོན་མང་པོ་བྱེད་བཞིན་འདུག སྐད་ཡིག་རེད། བརྡ་སྤྲོད་རེད། འདུ་ཤེས་རེད། གང་སྤྱིའི་ཐོག་ནས་འབད་པ་བྱེད་བཞིན་པའི་སྐབས་ལ། ག་དུས་ཡིན་ནའང་། མཁས་པའི་མིང་འཛིན་པའི་ཀླད་སྟོང་འགའ་ཤས་ཀྱིས་བོད་པའི་རྐང་པ་ནས་འཐེན་བཞིན་འདུག
བདག་སྒྲ་བཀོལ་སྟངས་འདིས་མཚོན་ཨ་མདོ་བ་ཉུང་ཤས་ཅིག་གིས་ཕྱོགས་ཡོངས་ནས་བོད་པའི་ཆིག་སྒྲིལ་ལ་གནོད་སྐྱོན་ཚབས་ཆེ་གཏོང་བཞིན་འདུག་པ་ལ། ཐབས་སྐྱོ་བ་ཞིག་ལ་ཁོང་ཚོ་སྤྱི་ཚོགས་ནས་འབུད་འགྲོ་བཞིན་འདུག གཙོ་བོ་དེ་སྐད་དང་འདུ་ཤེས་རེད། ཁམས་པ་དང་དབུས་གཙང་དབར་ལ་སྐད་ཀྱི་སྐྱོན་འདི་ཙམ་མི་སྣང་ལ་འདུ་ཤེས་ཀྱང་གུ་དོག་པོ་དེ་འདྲ་མ་རེད།
ཁམས་པ་བླ་མ་ཞིག་ཡིན་ན། བོད་ཆོལ་ཁ་གསུམ་ལ་རང་བཞིན་གྱིས་སྐད་གྲགས་དང་དད་པ་ཡོང་བཞིན་འདུག ད་བར་ཨ་མདོ་བའི་བླ་མ་ཞིག་བོད་སྤྱི་ལ་ཁྱབ་ཐུབ་ཀྱི་མིན་འདུག་ གཙོ་བོ་སྐད་ཡིག་དང་ཀླད་པ་མཁྲེགས་པོ་དེ་རེད། ད་ཆ་རྒྱལ་བ་ཀརྨ་པ་བོད་སྤྱི་པའི་བླ་མ་ཆགས་ཟིན་སོང་། མཁན་ཆེན་ཚུལ་བློ་བོད་སྤྱི་པའི་བླ་མ་ཆགས་ཟིན་སོང་། རྫོང་གསར་མཁྱེན་བརྩེ་བོད་སྤྱི་པའི་བླ་མ་ཆགས་ཟིན་སོང་། ས་སྐྱ་གོང་མ་བོད་སྤྱི་པའི་བླ་མ་ཆགས་ཟིན་སོང་། དགའ་ལྡན་རྒན་བློ་བཟང་སྙན་གྲགས་བོད་ཡོངས་ལ་ཁྱབ་ཟིན་སོང་། གསུང་སྒྱུར་ཐུབ་བསྟན་སྦྱིན་པ་བོད་ཡོངས་ལ་མཁས་པའི་གོ་འཕང་ཐོན་ཟིན་སོང་། ཚེ་རིང་ཤ་ཀྱ་ཕྱི་ནང་ཡོངས་ལ་མཁས་པའི་མིང་ཆགས་ཟིན་སོང་། ཨ་མདོ་བ་སུ་འདུག
སྤྱི་སྐད་མ་ཤེས་མཁན་གྱི་བླ་མ་དཔེར་ན་ཨ་མདོ་བའི་བླ་མ་རྣམས་དང་། ལ་དྭགས་ཀྱི་བླ་མ་རྣམས་བོད་ཀྱི་རིག་གནས་ཁོར་ཡུག་ནས་འབུད་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག ལྟོས་དང་། བོད་ནང་ལ་ཨ་མདོ་བླ་མ་ཁམས་དང་དབུས་གཙང་ལ་འགྲོ་དོན་གནང་ཐུབ་མཁན་འདུག་དམ། མིན་འདུག ཕྱི་རྒྱལ་ལ་སུ་འདུག མིན་འདུག
གཙོ་བོ་སྐད་ཡིག་དང་འདུ་ཤེས་ལ་འབྲེལ་འདུག དེ་བཞིན་སེམས་ཁམས་དང་འབྲེལ་འདུག ཨ་མདོ་བ་ཚོ་ལུང་པ་ཆུང་ཆུང་ཞིག་དང་། ཁོར་ཡུག་ཆུང་ཆུང་ཞིག་གི་ནང་ལ་བརྩོད་པ་ཆེན་པོ་ཞིག་བརྒྱབ་ནས་འཚོ་ཐུབ་ན་དེ་གཟི་བརྗིད་ལ་བརྩི་བཞིན་འདུག གླེན་རྟགས་རེད། སྤྱི་ཚོགས་ལ་ཚུར་འཁོར་དགོས། བསམ་བློ་གུ་ཡངས་ཙམ་བྱེད་དགོས། མགོ་མཁྲེགས་པོ་བྱས་ནས་བོད་པའི་བདག་སྒྲ་ཚང་མ་ཨ་མདོའི་སྐད་ནང་བཞིན་ཡོང་དགོས་ཅེས་བསམ་བློ་གུ་དོག་པོ་ཞིག་བཏང་ནས་བསྡད་ན་སྤྱི་ཚོགས་ནས་འབུད་འགྲོ་གི་རེད།་
ཨ་མདོ་བ་ཚོར་ཆོས་དང་རིག་གཞུང་གི་ཤེས་བྱ་འདུག འོན་ཀྱང་འཇོན་སྟངས་མེད་པ་ལྟ་བུ་རེད། སྤྱི་ཚོགས་སྤྱི་ལ་འགུལ་སྐྱོད་གཏོང་བའི་འཇོན་སྟངས་དེ་ཨ་མདོ་བའི་ནང་ནས་རྒྱལ་བ་རིན་པོ་ཆེ་དང་པན་ཆེན་རིན་པོ་ཆེ་མི་རབས་མཐའ་མ་ལྟ་བུ་རེད། ཁོང་གཉིས་ཀྱང་གཙོ་བོ་དབུས་གཙང་གི་སློབ་གསོ་ཐོབ་པ་རེད།
ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་དར་སྒྲེང་མཁན་བོད་ནང་ལ་ཁམས་པ་དང་དབུས་གཙང་མི་རེད། དཔེར་ན་གོང་དུ་བཞུས་པ་བཞིན་མཁན་པོ་ཚུལ་བློ། མཁན་པོ་བསོད་དར་རྒྱས། དེ་བཞིན་དགེ་བཤེས་སྙན་གྲགས་སོགས་རེད།
ཨ་མདོ་བ་ཚོ་བཙན་བྱོལ་ནང་ལ་ནང་ཁུལ་བརྩོད་པ་ཆེན་པོ་ཞིག་ལ་མགོ་འཁོར་ནས་འདུག བོད་ནང་ལ་ཡང་སྐད་འཕྲིན་ནང་ལ་ཨ་མདོའི་ཚོགས་ཆུང་ནང་ལ་བརྩོད་པ་ཆེན་པོ་ཞིག་བསླངས་ནས་བོད་སྤྱི་ལ་ནུས་པ་མེད་པར་བསྡད་འདུག ལྟོས་དང་། ཨ་མདོ་བ་བོང་རྫི། ཆགས་སྒོ་རེད། ལོ་འདི་ཙམ་སློབ་གྲྭར་ཕྱིན། ད་ལྟ་དགེ་འདུན་ཆོས་འཕེལ་བླུན་རྒན་ཞིག་ལ་སྒྲུབ་ནས་བསྡད་འདུག བོད་པ་ཁེམ་སྦུ་རི་ཇི་སློབ་ཆེན་ནས་འབུམ་རམས་པ་ཐོབ་མཁན་བོད་ནང་ནས་ཡོང་བ་ཁོང་གཅིག་པུ་ཡིན་པ་ཡོད། ད་སྐད་འཕྲིན་ནང་ལ་སྨྱོ་ནས་འདུག ངོ་མ་རེད། དེ་ནས་ཧོར་གཙང་འཇིགས་མེད། དེ་བཞིན་བླ་བྲང་སྐལ་བཟང་ཟེར་བ་དེ་ཚོ་མཁས་པ་རེད། བོད་པའི་སྤྱི་ཡོངས་ཀྱི་སྤྱི་ཚོགས་ནང་ལ་ཡོང་ཐུབ་ཀྱི་མིན་འདུག རྒྱུ་མཚན་ཅི་རེད།
ཁམས་པ་ཞིག་དང་དབུས་གཙང་ཞིག་ལ་དེ་ལྟ་བུའི་གོ་སྐབས་ཐོབ་ན། བོད་དང་རྒྱ་ནག ཨ་རི་སོགས་ལ་མཁས་པའི་མིང་ཐོན་ཟིན་ཡོད། ལྟོས་དང་། ཚེ་རིང་ཤཀྱ། ད་ལྟ་ཕྱི་ནང་ཡོངས་ཀྱི་བརྩི་བའི་མཁས་པ་རེད། བོང་རྫི་ཁོང་གཉིས་གོ་སྐབས་བྱས་ན། བོང་རྫི་ལེགས་པ་ཐོབ་ཡོད། ཁོ་སྐད་གསུམ་གྱི་བདག་པོ་རེད།
ངས་བཤད་པ་འདི་གོ་རྒྱུ་འདུག་གམ། ཨ་མདོ་བ་ཚོ་ངོ་མ་ཨ་མདོའི་སྐད་ནང་ལ་འདང་བརྒྱབ་ཟེར་བ་ཞིག་བཤད་ཀྱི་འདུག སྤྱི་སྐད་ལྟར་ན་བསམ་གཞིགས་ཟེར་བ་དེ་ཡིན་རྒྱུ་རེད། དེ་ངོ་མ་རྒྱག་རན་འདུག དེ་ཚུར་རྒྱག་དགོས་ཀྱི་འདུག
ང་རང་ཨ་མདོ་བ་ཚོར་དགའ་བའི་ཤ་ཚའི་གཏམ་ཡིན།
འགྲོ་དོན་གནང་ཐུབ་མཁན་འདུག་དམ། ཞེས་པ་འདུག་གམ་ལ་བཅོས་རོགས།
དེ་བཞིན་སྐབས་ཐོག་རྩོམ་འདི་དང་འབྲེལ་བ་ཡོད་པའི་སྐད་ཆ་ཞིག་བཤད་ན། གྲྭ་བ་ཆུང་ཆུང་ཟེར་བ་འདི་བོད་སྐད་མ་རེད། བོད་སྐད་ལ་གྲྭ་པ་ལོ་ཆུང་དེ་ཚོར་དམིགས་བསལ་ཐ་སྙད་ཡོད། ངས་འདིར་འབྲི་རྒྱུ་མིན། ཁྱེད་ཚོས་བོད་ཡིག་གི་ཡིག་ཚང་བསྔོགས་ནས་ཕྲིས་དང་། གྲྭ་པ་ཆུང་ཆུང་ཟེར་བ་ཁྱོན་ནས་ང་ཚོའི་སྐད་ནང་ལ་མེད། དེ་ཕྱི་རྒྱལ་གྱི་སྐད་ཐད་སྒྱུར་བྱས་པ་རེད། ད་ཤོད་དང་།
ད་བྱས་ན། ཡིག་སྐད་དུ་བཙུན་ཆུང་དང་། ཡུལ་སྐད་ལ་ཨེན་ཆུང་ཟེར་བ་དེ་ཚོ་བཀོལ་དགོས་ཀྱི་ཡོད་པ་འདྲ།
ཡིན་ནའང་གྲྭ་ཕྲུག་ཅེས་མ་འབྲི་རོགས།
གྲྭ་མ། གྲྭ་པོ། གྲྭ་མོ། གྲྭ་པ། གྲྭ་བོ། གྲྭ་བ་སོགས་ནི་པུ་ལིངྒ་ཡིན་ན་འདྲ། སྟྲི་ལིངྒ་ཡིན་ན་འདྲ། དེ་འདྲ་གལ་ཆེན་པོ་ཨེ་ཡིན་ནམ། གང་ལྟར་བོད་རང་གི་སྐད་བརྡ་རིགས་པར་གཏན་ཏུ་ཕབ་པའི་བོད་སྐད་ལ་གང་འབྱོར་བའི་སྒྲ་དེ་ནི་ཤིན་ཏུ་ནས་དག་པོ་དེ་ཡིན་ནོ།
ཤེས་རིགས་ལས་ཁུང་ལག་པར་དཀྲིས་ནས་ར་མིན་ལུག་མིན་གྱི་སློབ་དེབ་བཏོན་ན། ཁྱེད་ཚོ་བརྡ་དག་ལ་མཁས་སེམས་ཅན་ཚོ་གྲགས་ཡ་མི་འདུག།
མི་རྡོག་གཅིག་གིས་ཕན་སེམས་བཟུང་ནས་ཀློག་དེབ་ཞིག་དཔར་བ་ལ། ཁྱེད་ཚོ་དེ་འདྲ་ཞིག་སྨྱོ་དགོས་དོན་ཞིག་ཡོད་པ་མ་རེད། ཨེ་གོ་ཐལ། ལོ་ལོ་ཚོ།
ཨ་མདོ་ན་མཁས་བ་མེད་ན། དེ་ནི་སེམས་སྐྱོ་དགོས་བ་ཞིག་རེད། ཨ་མདོ་ལ་མཁས་བ་གསོ་སྐྱོང་བྱེད་པའི་ཐབས་ཤེས་ཅི་འདྲ་ཡོད།
མངོན་རྟོགས་རྒྱན་ན།
་
འདི་ལ་བསལ་བྱ་ཅི་ཡང་མེད།
གཞག་པར་བྱ་བ་ཅུང་ཟད་མེད།
ཡང་དག་ཉིད་ལ་ཡང་དག་ལྟ།
ཡང་དག་མཐོང་ནས་རྣམ་པར་གྲོལ།།
[སྐབས་༥པ། ཚིགས་བཅད་༢༡།]
་
དག་ཆ་ནོར་ཡོད་པ་ཀུན་ལ་ཞུས་དག་དགོས། སྔོན་བྱོན་བོད་ཀྱི་མཁས་པ་ཡེ་ཤེས་སྡེ་དང་། སྐ་ཅོག་རྣམ་གཉིས། རིན་ཆེན་བཟང་པོ་སོགས་ཀྱིས་སྒྲོན་མ་ཞེས་བྲིས་ཡོད། གོང་གསལ་བོད་ཀྱི་མཁས་པ་རྣམས་ཀྱི་མཚན་བྲིས་པ་ལ། དོལ་པོ་པ་ཤེས་རབ་རྒྱལ་མཚན་དང་། ཀུན་དགའ་སྙིང་པོ་འམ། ཏཱ་རཱ་ནཱ་ཐ་གཉིས་བསྣན་དགོས་པར་སེམས་སོ།
བློ་གྲོས་རབ་བརྟན་ལེགས་ཀྱིས། ཐུ་ཀན། ཞེས་དག་ཆ་ནོར་ཡོད་པར་ཐུའུ་བཀྭན་ཞེས་ཞུས་དག་མཛད་པར་བཀའ་དྲིན་ཆེ་ཞུ་འོས་སོ།
བོན་ཀྱི་བཀའ་དང་བཀའ་བརྟེན། འདི་བཞིན་བྲིས་པ་ནི། སངས་རྒྱས་པ་ལ་བཀའ་བསྟན་གཉིས་ཡོད་པ་ལྟར་བོན་ལ་ཡང་མིང་མི་འདྲ་བ་མ་གཏོགས་གཉིས་ཡོད་པར་སེམས། བཀའ་བརྟེན་པ་བསྟན་འགྱུར་གྱི་ཚོད་དུ་བྱུང་བར་སྙམ། བཀའ་ལ་བརྟེན་ནས་བྱུང་བ་ལ་བཀའ་བརྟེན་ཞེས་པ་ཐོས། འདི་ཉིད་ནོར་ཡོད་ན། གསལ་པོ་ཞིག་གསུང་གྲོགས་་ཞུའོ།
དེབ་དེའི་མགོ་བརྗོད་ཀྱི་མིང་གོ་བ་དང་སེམས་པ་མ་བདེ་བ་ཞིག་བྱུང། ང་ཚོ་བོད་པ་ནི་གྲྭ་བ་ལ་དད་མོས་དང་གུས་འདུད་ཅན་གྱི་མིའི་རིགས་ཤིག་ཡིན་པས་ནེ་ཙོ་དང་གྲྭ་བ་ཆུང་ཆུང་ཟེར་དུས་གྲྭ་ཕྲུག་རྣམས་ནང་དོན་མི་ཤེས་ལ་ངེས་འབྱུང་ཀྱང་མེད་ཅིང་ལས་འབྲས་ཀྱི་བླང་དོར་ཀྱང་མི་ཤེས་པས་ཨ་འུ་ནེ་ཙོ་དང་འདྲ་བའི་དཔེ་རུ་བཀོད་འདུག ང་ཚོ་བོད་ཀྱི་གཏམ་དཔེ་ལ། ནེ་ཙོས་སྲོག་གཅོད་པ་ནི་ཤིན་ཏུ་ཡ་ང་རབ་ཏུ་སྤངས་བར་བྱའོ། ཞེས་སྨྲ་བཞིན་ཐང་ནས་འབུ་འཐུ་བཞིན་ཟ་ཚུལ་བཤད་ཀྱིན་ཡོད། བྱས་ཙང་དོན་དུ་གྲྭ་བ་ཆུང་ཆུང་མཚན་གཞི་ཙམ་ལས་གོ་རྒྱུ་ངོ་ཐོག་དེང་སང་གི་གྲྭ་བ་རྣམས་ནེ་ཙོ་དང་མཚུངས་པའི་དཔེ་རུ་བཀོད་འདུག ུ
བྱིས་པའི་སྒྲུང་དེབ་ཡག་བྱུང་། ཡིན་ནའང་། དྲ་བྱང་དེར་འཛུལ་ནས་དེབ་དེ་ཚོ་བཀླགས་པ་ན། དེབ་ཀྱི་ཁ་བྱང་ན་ཡིག་ནོར་འདུག ནང་ནའང་ཡིག་ནོར་འདུག དེ་ཚོ་ངེས་པར་གཟབ་ནན་གནང་རོགས། ལྷག་པར་དུ་གང་ཐུབ་ཐུབ་ཀྱིས་བོད་སྤྱི་སྐད་ལ་སྙེགས་ཐུབ་པ་གནང་ན་ལེགས་པར་མཐོང་སོང་།
ཟུར་གནས་ལགས། ད་དུང་གསུང་དང་། ཨ་མདོ་བའི་སྐོར་ནས་ཡིན་ད། ཧ་ཅང་གི་ཉན་སྤྲོ་བ་ལ། དགོད་རྒྱུ་ཡོང་གི་འདུག ང་ད་དུང་དགོད་ན་འདོད། ད་དུང་རྫོགས་ཡོད་རྒྱུ་མ་རེད། གསུང་དང་། ཁ་ན་ལེགས་བཤད་མེད་པ་ནས་ཡོད་པ་བར་དུ་སྒུག་ཆོག
ཡ་བློ་གྲོས་རབ་བརྟན། ད་མི་བཤད། ང་རང་ཨ་མདོ་བ་ཚོར་སེམས་གཏིང་ནས་གུས་ཞབས་ཡོད། འདིར་མི་ཉུང་ཤས་ཀྱིས་བརྡ་སྤྲོད་ལ་གཏོར་གཤིག་བཏང་བ་འདི་འཐེར་འདོན་བྱས་པ་ཡིན། ཁྱོན་ཡོངས་ནས་བཤད་ན། ང་ཨ་མདོ་བ་ཚོར་དགའ་མཁན་ཞིག་ཡིན། ངས་ནམ་ཡང་བཀའ་དྲིན་ལོག་འཇལ་མི་བྱེད།
ཁྱོད་ངའི་མཆན་མགོ་ནས་མཇུག་བར་ལྟོས་དང་། ངས་ཨ་མདོ་བ་ཉུང་ཤས་ཅེས་གསལ་པོ་བཤད་ཡོད། དྲ་འབུ་འཐེན་འཁྱེར་གྱིས་ནང་རུལ་སོང་བ་འདི་འདྲ་མིན། ཇི་ཙམ་བློ་གཟུ་བོར་གནས་ཐུབ་པའི་འབད་པ་བྱེད་བཞིན་ཡོད།
འོན་ཀྱང་། གྲྭ་བ། ཞིང་བ། བཟོ་བ། སློབ་པ། ༼ཁྱེད་ཚོས་ལྟར་ན། སློབ་མ་ཟེར་ན་ནོར་བ་རེད།༽ སྟོང་བ་ཉིད། ལྟ་བུ་ཁུངས་ལུངས་མེད་པའི་ཡི་གེ་འདི་འདྲ་བྲིས་ཡོང་དུས། མགོ་སྟོང་བ་ཉུང་ཤས་དེ་ཚོར་སྤྲོ་ལངས་ཡོང་གི་འདུག
སྨན་མ། ༼སྨན་པ་ཟེར་ན་ནོར་བ་རེད་པའ།༽ གླུ་བ། སོགས་མཐོང་དུས་ཏོག་ཙམ་བསུན་སྣང་བསླེབས།
གཞན་ཨ་མདོའི་ནང་གི་རྗེ་དམུ་དགེ་བསམ་གཏན་དང་། གུང་ཐང་རིན་པོ་ཆེ་སོགས་ལ་སེམས་གཏིང་ནས་དད་པ་ཞིག་ཡོད། ཨ་མདོའི་སྐོར་འཕར་མ་བཤད་དགོས་པ་དེ་ཚོ་ཡིན། བདེ་མོ།
ཟུར་གནས་ལགས། ཨ་མདོ་བས་ཡོད་ཚད་བ་འབྲི་བཞིན་མེད། དེ་ཤེས་པར་གྱིས། བ་འབྲི་ས་སྐོར་ཞིག་གི་ཐད་ནས་ཁ་མ་འཆམ་པ་དེ་རེད། ཁྱོད་ཨ་མདོ་བར་དགའ་མིན་དྲིས་མེད། བློ་རྒྱ་ཡངས་བོ་གྱིས། རང་ཉིད་འགྲིག་བསྡད་ཡོད་རྐྱང་མ་བསམ། དཔེར་ཁ་ཤས་བཞག་པ་དེར་བལྟས་ན། དོན་ལྔ་སྣོད་དྲུག་བསྟན་འདུག ད་མ་བཤད་ན་ཡག་ས་རེད།
ལ་དྭགས་བློ་བཟང་འཇམ་དཔལ་ཟུར་གནས་ཟེར་བ་འདི་དག་ཆེན་པོ་བཤད་རྒྱུར་ངན་གོམས་ལ་སོང་བ་ལས། ཁུངས་ལུང་གང་ཡང་སྟོན་རྒྱུ་མི་འདུག ཧ་ཧ་ཧ་
ཕྱོགས་ཞེན་དང་བློ་སྣ་ཆུང་ཆུང་། གཟིགས་རྒྱང་ཐུང་བས་རྐྱེན་གྱིས་མདོ་སྨད་པ་ཚོ་སྐྱེས་མི་ཆོག་པ་ལྟ་བུ་རེད། བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཤིང་། རྒྱུན་བསྐྱངས་པ་དང་། དུས་བསྟུན་གྱིས་བོད་མི་རིགས་དང་བཅས་པར་ཕན་པའི་གསར་གཏོད་ཀྱང་མདོ་སྨད་པས་བྱས་ཡོད་ཀྱང་། དེ་དག་ལ་དགོས་པའི་ལེགས་གསོལ་ཕར་ཟད། སྤྱི་ཚོགས་ཐོག་ནས་སོ་སོས་དགོས་མཁོ་དེ་བླངས་རྗེས་འོ་མ་རག་རྗེས་འབྲི་མོ་བརྗེད་པའི་གཏམ་དུ་ཟད། དབུས་པ་དང་ལྷག་པར་དུ་མདོ་སྟོད་པའི་གྲས་ནས་མི་བྱས་པ་གང་འཚམས་ཅན་རེ་ཐོན་ཚེ་དེ་ལས་ལྷག་ཅིག་བོད་ལ་མ་བྱོན་པ་ལྟ་བུ་དང་།མཁས་དབང་དང་། བོད་ལ་བཀའ་དྲན་གཞལ་ཐབས་མེད་པ་སོགས་མིང་ཆེ་རུ་ཆེ་ཚད་བརྗོད། དེ་ཡང་ཨ་མདོ་བ་མ་སྐྱེས་པའི་རྟགས་ཤིག་ངེས་པར་དུ་རེད་འདུག་ཨང་།
ཨ་མདོའི་སྐད་ལ་མ་དགའ་བ་བའི་མཁྲེགས་འཛིན་གྱི་བསམ་བློ་དེ་མ་དོར་བ་ཡིན་ན་དེའི་མཇུག་འབྲས་ནི་ཁམས་སྐད་ཟེར་བའི་གདགས་གཞི་ཞིག་རྙེད་མི་སྲིད་ལ། དབུས་སྐད་ཟེར་བའི་གདགས་གཞི་ཞིག་ཀྱང་མ་རྙེད་པ་ཡོང་ངེས། གང་ཡིན་ཟེར་ན་བོད་སྐད་ཅེས་པ་ནི་ཆོལ་ཁ་གསུམ་གྱི་སྐད་ཀྱི་ཕུང་བོ་དེ་ལ་བརྗོད་པ་ལས་ལྷ་སའི་སྐད་དང་། གཙང་པའི་སྐད། མངའ་རིས་སྐད། ཀོང་པོའི་སྐད། ལི་ཐང་སྐད། སྡེ་དགེ་སྐད་ལྟ་བུའི་བྱེ་བྲག་པ་གཅིག་ལ་བརྗོད་ཀྱི་མེད་པ་རེད་དོ། ། དེ་ཧ་གོ་ན་ལེགས། ལ་དྭགས་བློ་བཟང་འཇམ་དཔལ་ལགས་དང་། ཟུར་གནས་ཞེས་པ་ལ་དམིགས་ཀྱིས་ཞུས་པ་ཡིན།
ལྷག་པར་དུ་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་བོད་དང་མཐུན་གྱི་མི་འདུག་ཅེས་ཡང་ཡང་བརྗོད་ཀྱི་འདུག་པས་སྐུ་ཉིད་ནས་བོད་སྐད་ཅེས་པ་ལ་དྭགས་ཀྱི་སྐད་ལ་གཞི་འཇོག་གམ་གང་ལ་བྱེད། ཁག་གཅིག་གིས་ཁ་ལ་ཡོང་ཚད་དུ་བཀའ་བསྟན་དུ་མི་འདུག་ཅེས་ཧམ་པ་ཆེན་པོ་བཤད། ངོ་ཡང་ཚ་ཤེས་ཀྱི་མི་འདུག དེང་སང་བཀའ་བསྟན་ལ་རྩིས་འཕྲུལ་དུ་བལྟ་ཆོག་ཆོག་ཡོད་པས་སྐར་ཆ་འགའ་ཤས་ནང་རྫུན་སྐུབ་བརྡོལ་ཡོང་བས་དེ་ལྟ་བུའི་རྫུན་གྱིས་འཕྲལ་ཕུགས་གང་ལ་མི་ཕན་པ་མ་ཟད། རང་གི་དེ་ཉིད་ལ་ཕྱིར་བསྟན་པ་ལས་མ་འདས་སོ།། དེ་ཙམ་གྱིས་འཐུས་པར་བྱོས།