བྲག་གཡབ་སྐྱབས་མགོན་མཆོག་ལ་བཅར་འདྲི། Posted on 2015-01-242015-01-24 By ཁ་བརྡ་ 5 Comments on བྲག་གཡབ་སྐྱབས་མགོན་མཆོག་ལ་བཅར་འདྲི། གློག་བརྙན་།
མདང་དགོངས་གཉིད་མ་ལོག་གོང་དུ། ཀུན་མཁྱེན་གྲོ་ལུང་པ་ཆེན་པོ་བློ་གྲོས་འབྱང་གནས་ཀྱིས་མཛད་པའི་བསྟན་རིམ་ཆེན་མོ་བྲག་གཡབ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་བསྐྲུན་པ་སྐལ་བ་ཡོད་པས་བདག་ལ་དབེན་པའི་གནས་འདིར་འབྱོར། དེ་ཉིད་ཀྱི་མགོ་ནས་བཟུང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་༧་གོང་ས་སྐྱབས་མགོན་ཆེན་པའི་བརྟན་བཞུགས་བར་དུ་གུས་པར་བཀླགས། དེ་རིང་ཁམས་བྲག་གཡབ་སྐྱབས་མགོན་མཆོག་ཁ་བརྡར་བཀའ་སློབ་སྩོལ་བཞིན་མཇལ་བར་སྐལ་བ་བཟང་ངོ་སྙམ། ༡༩༦༠་ལོར་བྲག་གཡབ་ཡིན་པོ་ཆེ་ཐོག་མར་ཝཱ་རཱ་ཎ་སཱིའི་མེ་འཁོར་འབབས་ཚུགས་སུ་སེ་ར་ལ་ཁ་སྤྲུལ་སྐུ་གཉིས་ཆོས་འཁོར་གནས་སུ་ཕེབས་པར་ཧིནྡ་སྐད་སོགས་མ་མཁྱེན་པས་སྐུ་ངལ་ཡོད་པ་ན། ཆོས་འཁོར་གནས་སུ་འགྲོ་བའི་མེ་འཁོར་གྱི་འབབས་ཚུགས་ངོ་སྤྲོད་ཞུས། དེ་དུས་ཁོང་རྣམས་སུ་ཡིན་མ་ཤེས་ཀྱང་རྗེས་སུ་ལ་དྭགས་བ་ཀུ་ལ་རིན་པོ་ཆེ་དང་ལྷན་དུ་ཆོས་འཁོར་གནས་ཀྱི་དགེ་འདུན་ཀུན་དགའ་རྭ་བར་བཞུགས་པ་ན། བྲག་གཡབ་སྐྱབས་མགོན་བཞུགག་པ་ཤེས། དེ་རྗེས་སླར་ཡང་ཁ་ཆེའི་ཡུལ་གྱི་རྒྱལ་ས་དཔལ་གྱི་གྲོང་ཁྱེར་དང་། ཨ་རིར་ཕེབས་པར་ཞལ་མཇལ་བྱུང་། ཇི་སྐད་དུ་ལོ་ཙ་པ་བློ་ལྡན་ཤེས་རབ་ཀྱིས། ་ བེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། རིན་ཆེན་བཟང་པོ་མཐོ་རེངས་སྐར་ཆེན་འདྲ། ཁོ་བོ་ཅག་ནི་སྲིན་འབུ་མེ་ཁྱེར་བཞིན།། ་ ཞེས་ལོ་ཙ་པ་བློ་ལྡན་ཤེས་རབ་ཀྱིས་རང་ཉིད་ཉམས་ཆུང་བ་ཉིད་བསྟན་པར་མཛད་པ་བཞིན་དུ། གང་གི་མཆོག་སྤྲུལ་བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཀྱང་། ཆོས་བརྒྱུད་འདི་ལ་ཤེས་ནས་དད་པ་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བ་ཙམ་ལས། ཞེས་སོགས་ཉམས་ཆུང་གི་ཚུལ་དུ་བཞུགས་པར་བསྟན་པར་མཛད་དོ། །
བྲག་གཡབ་སྐྱབས་མགོན་གྱིས་དངོས་གནས་ཡག་པོ་གསུངས་འདུག ཡིན་ནའང་༧གོང་ས་མཆོག་ལ་སྐྱབས་མགོན་རིན་པོ་ཆེ་ཞེས་འབོད་ན་དེ་ཙམ་གྱིས་ཞེ་ས་མ་རེད་གསུངས་པ་དེར་མོས་མཐུན་བྱེད་ཐུབ་མ་སོང་། སྐྱབས་མགོན་ལས་ལྷག་པའི་ཞེ་ས་གཅིག་གང་ནས་འཚལ་ཡོང་། འདི་ནི་ངེད་ཀྱི་བསམ་ཚུལ་ཙམ་ཡིན། །
བོད་ལ་བླ་མ་ཁོང་འདྲ་བ་ད་དུང་མང་ཙམ་བྱུང་ན། བསྟན་འགྲོ་གཉིས་ལ་ཕན་ཐོགས་ཆེ། བླ་མའི་མཚན་གནས་འཛིན་མཁན་ཚོས་ཀྱང་བྲག་གཡབ་༧སྐྱབས་མགོན་ཁོང་དང་འདྲ་བར་བསྟན་འགྲོ་སྤྱི་དང་། ཡང་སྒོས་གཉན་འཕྲང་ཅན་གྱི་དུས་འདིར་བོད་ དང་བོད་མིའི་དོན་དུ་ཕྱག་ལས་མང་ཙམ་གནང་ཐུབ་པར་ཤོག དེ་མིན་བླ་མའི་གོ་གནས་འཛིན་པ་ལས་འགྲོ་ལ་ཕན་རྒྱུ་ནི་ཉིན་སྐར་ཙམ་རེད་དོ།
་་་་་་་་་ ཡང་སྒོས་གཉན་འཕྲང་ཅན་གྱི་དུས་འདིར་བོད་དང་། བོད་མིའི་དོན་དུ་ཕྱག་ལས་མང་ཙམ་གནང་ཐུབ་པར་ཤོག དེ་མིན་བླ་མའི་གོ་གནས་འཛིན་པ་ལས་འགྲོ་ལ་ཕན་རྒྱུ་ནི་ཉིན་སྐར་ཙམ་རེད་དོ། ་་་་་་་་་
མདང་དགོངས་གཉིད་མ་ལོག་གོང་དུ། ཀུན་མཁྱེན་གྲོ་ལུང་པ་ཆེན་པོ་བློ་གྲོས་འབྱང་གནས་ཀྱིས་མཛད་པའི་བསྟན་རིམ་ཆེན་མོ་བྲག་གཡབ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་བསྐྲུན་པ་སྐལ་བ་ཡོད་པས་བདག་ལ་དབེན་པའི་གནས་འདིར་འབྱོར། དེ་ཉིད་ཀྱི་མགོ་ནས་བཟུང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པའི་༧་གོང་ས་སྐྱབས་མགོན་ཆེན་པའི་བརྟན་བཞུགས་བར་དུ་གུས་པར་བཀླགས། དེ་རིང་ཁམས་བྲག་གཡབ་སྐྱབས་མགོན་མཆོག་ཁ་བརྡར་བཀའ་སློབ་སྩོལ་བཞིན་མཇལ་བར་སྐལ་བ་བཟང་ངོ་སྙམ། ༡༩༦༠་ལོར་བྲག་གཡབ་ཡིན་པོ་ཆེ་ཐོག་མར་ཝཱ་རཱ་ཎ་སཱིའི་མེ་འཁོར་འབབས་ཚུགས་སུ་སེ་ར་ལ་ཁ་སྤྲུལ་སྐུ་གཉིས་ཆོས་འཁོར་གནས་སུ་ཕེབས་པར་ཧིནྡ་སྐད་སོགས་མ་མཁྱེན་པས་སྐུ་ངལ་ཡོད་པ་ན། ཆོས་འཁོར་གནས་སུ་འགྲོ་བའི་མེ་འཁོར་གྱི་འབབས་ཚུགས་ངོ་སྤྲོད་ཞུས། དེ་དུས་ཁོང་རྣམས་སུ་ཡིན་མ་ཤེས་ཀྱང་རྗེས་སུ་ལ་དྭགས་བ་ཀུ་ལ་རིན་པོ་ཆེ་དང་ལྷན་དུ་ཆོས་འཁོར་གནས་ཀྱི་དགེ་འདུན་ཀུན་དགའ་རྭ་བར་བཞུགས་པ་ན། བྲག་གཡབ་སྐྱབས་མགོན་བཞུགག་པ་ཤེས། དེ་རྗེས་སླར་ཡང་ཁ་ཆེའི་ཡུལ་གྱི་རྒྱལ་ས་དཔལ་གྱི་གྲོང་ཁྱེར་དང་། ཨ་རིར་ཕེབས་པར་ཞལ་མཇལ་བྱུང་། ཇི་སྐད་དུ་ལོ་ཙ་པ་བློ་ལྡན་ཤེས་རབ་ཀྱིས།
་
བེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།
སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ།
རིན་ཆེན་བཟང་པོ་མཐོ་རེངས་སྐར་ཆེན་འདྲ།
ཁོ་བོ་ཅག་ནི་སྲིན་འབུ་མེ་ཁྱེར་བཞིན།།
་
ཞེས་ལོ་ཙ་པ་བློ་ལྡན་ཤེས་རབ་ཀྱིས་རང་ཉིད་ཉམས་ཆུང་བ་ཉིད་བསྟན་པར་མཛད་པ་བཞིན་དུ། གང་གི་མཆོག་སྤྲུལ་བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཀྱང་། ཆོས་བརྒྱུད་འདི་ལ་ཤེས་ནས་དད་པ་ཐོབ་པའི་སྐལ་བཟང་ཉམས་སུ་མྱོང་བ་ཙམ་ལས། ཞེས་སོགས་ཉམས་ཆུང་གི་ཚུལ་དུ་བཞུགས་པར་བསྟན་པར་མཛད་དོ། །
འབྱང་གནས། འབྱུང་གནས། ཞེས་ཞུས་དག་བྱས་སོ།
བྲག་གཡབ་སྐྱབས་མགོན་གྱིས་དངོས་གནས་ཡག་པོ་གསུངས་འདུག ཡིན་ནའང་༧གོང་ས་མཆོག་ལ་སྐྱབས་མགོན་རིན་པོ་ཆེ་ཞེས་འབོད་ན་དེ་ཙམ་གྱིས་ཞེ་ས་མ་རེད་གསུངས་པ་དེར་མོས་མཐུན་བྱེད་ཐུབ་མ་སོང་། སྐྱབས་མགོན་ལས་ལྷག་པའི་ཞེ་ས་གཅིག་གང་ནས་འཚལ་ཡོང་། འདི་ནི་ངེད་ཀྱི་བསམ་ཚུལ་ཙམ་ཡིན། །
བོད་ལ་བླ་མ་ཁོང་འདྲ་བ་ད་དུང་མང་ཙམ་བྱུང་ན། བསྟན་འགྲོ་གཉིས་ལ་ཕན་ཐོགས་ཆེ། བླ་མའི་མཚན་གནས་འཛིན་མཁན་ཚོས་ཀྱང་བྲག་གཡབ་༧སྐྱབས་མགོན་ཁོང་དང་འདྲ་བར་བསྟན་འགྲོ་སྤྱི་དང་། ཡང་སྒོས་གཉན་འཕྲང་ཅན་གྱི་དུས་འདིར་བོད་
དང་བོད་མིའི་དོན་དུ་ཕྱག་ལས་མང་ཙམ་གནང་ཐུབ་པར་ཤོག དེ་མིན་བླ་མའི་གོ་གནས་འཛིན་པ་ལས་འགྲོ་ལ་ཕན་རྒྱུ་ནི་ཉིན་སྐར་ཙམ་རེད་དོ།
་་་་་་་་་ ཡང་སྒོས་གཉན་འཕྲང་ཅན་གྱི་དུས་འདིར་བོད་དང་། བོད་མིའི་དོན་དུ་ཕྱག་ལས་མང་ཙམ་གནང་ཐུབ་པར་ཤོག དེ་མིན་བླ་མའི་གོ་གནས་འཛིན་པ་ལས་འགྲོ་ལ་ཕན་རྒྱུ་ནི་ཉིན་སྐར་ཙམ་རེད་དོ། ་་་་་་་་་