ཆང་སྐྱེས།
སྐུ་ངོ་རྒྱག་པ་ཚོ་སྐུ་བསོད་ཆེ་བས།།
ཨ་རིའི་ཤོག་སྒོར་ལ་འདང་རྒྱག་མི་འདུག།
མི་དམངས་དཀྱུས་མ་ཚོ་ངོ་སོ་ཆུང་བས།།
ཇ་རི་ཟས་རིན་ལ་སེམས་ཁྲེལ་ཆེ་ཐལ།།
ནག་པོ་ཁྲམ་པ་ཚོ་གཡོ་སྒྱུ་ཆེ་བས།།
རྫུན་གྱི་ཞྭ་མོ་དེ་གཞན་ལ་གཡོག་སོང་།།
བདེན་པའི་སྐྱེས་བོ་ཚོར་དབང་ཐང་ཆུང་པས།།
མགོ་བོ་རིག་ཚད་ལ་རྡོག་ལོག་ཟེར་དགོས།།
ལྷ་སྲས་སྐུ་སྲས་ཚོ་རིགས་རུས་མཐོ་བས།།
ཅི་བྱེད་གང་སྒྲུབ་ལ་ཐོབ་ཐང་ཚང་འདུག།
ཉམ་ཐག་བུ་ཆུང་ང་སྐྱེས་ཁུངས་དམན་པས།།
གར་འདུག་རང་དབང་ལ་ཆ་རྐྱེན་བརྩི་ཐལ།།
ཆོལ་ཁ་ལུང་ཚན་གྱི་ལ་རྒྱ་བརྩད་དེ།།
མཚོན་གྱི་རྩེ་མོ་དེ་ནང་ལ་གཏད་སོང་།།
ཨ་མདོ་ཁམས་པ་ཞེས་ཁོག་དཔུང་བཟུང་ནས།།
ཆིག་སྒྲིལ་སྟོབས་ཤུགས་ཀྱི་ལག་རྡང་གཏོར་ཐལ།།
རང་རེའི་རིགས་རྒྱུད་འདི་ཨག་གསར་ཆེ་བས།།
གཞན་གྱི་སྐད་ཡིག་ལ་ཨུ་ཚུགས་རྒྱག་གིས།།
དབྱངས་གསལ་སོ་བཞི་ཡི་ལས་དབང་བསམ་ན།།
ཀི་རིང་ཚོད་ཚོད་ལ་བཏབ་ན་འདོད་བྱུང་།།
སྔར་སྔ་མོའི་དམངས་གཞས་འདི་འདྲ་འདུག།
རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད།
དངུལ་ད་ཡངས་ཆར་པ་བབས་བབས་རེད།
དུས་དེང་སང་དམངས་གཞས་འདི་འདྲ་འདུག།
དངུལ་ཌོ་ལར་ཆར་པ་བབས་བབས་རེད།
བོད་ཆོལ་གསུམ་ཆིག་བསྒྲིལ་རྩ་གཏོར་བཏང།
ས་ཡ་དྲུག་པོ་ལ་རང་བཙན་དགོས་ཀྱང་། །
རང་བཙན་ལོན་མཁན་གྱི་མི་རབས་མ་སྐྱེས། །
་
ཆོལ་ཁ་གསུམ་པོ་ལ་ཆིག་སྒྲིལ་དགོས་ཀྱང་། །
ཆིག་སྒྲིལ་བཟོ་མཁན་ལ་སྣང་ཆུང་ཤོར་བགྱིད། །
་
བོད་རིགས་ཡོད་ཚད་ལ་དཔལ་འབྱོར་དགོས་ཀྱང་། །
རང་བདག་རྒྱུ་དངོས་དེ་ལོན་མཁན་མི་འདུག །
་
གཞིས་བྱེས་བོད་ཡོངས་ལ་ཚན་རྩལ་དགོས་ཀྱང་། །
ཚན་རིག་སྦྱོང་མཁན་དེ་གྲྭ་བཙུན་ཙམ་རེད་འདུག །
་
ས་ཡ་བདུན་ལྷག་གིས་བོད་ཡིག་ཤེས་དགོས་ཀྱང་། །
བོད་ཡིག་བོད་སྐད་དེས་ཁ་ལག་སྤྲོད་མི་ཐུབ། །
་
བོད་ཡིག་བོད་སྐད་ལ་སྦྱོང་མཁན་དགོས་ཀྱང་། །
སྦྱངས་ནས་ཕན་ཐོགས་དེ་ཤེས་མཁན་མི་འདུག །
་
བོད་སྐད་བོད་ཡིག་ལ་གསར་གཏོད་དགོས་ཀྱང་། །
གསར་གཏོད་བྱེད་མཁན་ཚོར་དགྲ་ལྟར་སྡང་བགྱིད། །
བོད་པས་བོད་ཡིག་མ་སྦྱངས་དབྱིན་ཡིག་སྦྱངས།
བོད་པས་བོད་ཡིག་མ་བྲིས་དབྱིན་ཡིག་བྲིས།
བོད་པས་བོད་སྐད་མ་རྒྱབ་དབྱིན་སྐད་རྒྱབ།
བོད་ཀྱི་སྐད་ཡིག་བོད་མིའི་ཉམས་ཆགས་བཏང།
རང་སྡེའི་རིགས་ལ་ཞེན་པ་དཀར་པོའོ་མདངས།
རང་བྱུང་སྙིང་གི་དབུས་ན་གནས་པ་འདི།
རང་གི་རང་ལ་དྲན་བསྐུལ་མ་ཐུབ་ན།
རང་ལས་ལྷག་པའི་འགན་འཁུར་སུ་ཡིའི་བྱེད།
དུས་རབས་ཉེར་གཅིག་ཤར་ནུབ་མི་རིགས་འདྲེས།
དུས་རབས་ཉེར་གཅིག་སྐད་ཡིག་རིག་གཞུང་འདྲེས།
དུས་རབས་ཉེར་གཅིག་ཆས་གོས་ལུགས་སྲོལ་འདྲེས།
དུས་རབས་ཉེར་གཅིག་སེམས་ཅན་བསོད་ནམས་ཉམས།
རང་འགན་རང་གི་མ་ཁྱོག།
རང་སྐད་རང་གི་མ་རྒྱབ།
རང་ཡིག་རང་གི་མ་སྦྱངས།
རང་གོས་རང་གི་མ་གོན།
རང་ཟས་རང་གི་མ་ཟས།
རང་བློ་རང་ལ་མ་འཁེལ།
རང་དོན་རང་གི་མ་སྒྲུབས།
རང་བཙན་རང་གི་མ་སྲུངས།
རང་དབང་རང་གི་མ་འཇོན།
༄༅། རང་མ་ཤེས་ལྡན་ཚོར་དྲིས་དུ། བོད་གངས་ལྗོངས་དེ་འཛམ་གླིང་གི་མཐོ་ཤོས་།
བྱམས་སྙིང་རྗེ་མེད་པའི་གུང་བྲན་གྱི་དམར་པོས། བཙན་དབང་རང་བཤད་དེ་བཅོམ་སོང།
ད་མ་བརྗེད་གངས་ཕྲུག་གཞོན་ནུ། རང་ཕ་ཡུལ་དགྲ་བོ་ཡི་ལག་ནས།
ད་ངེས་པར་ལེན་པར་བརྩོན་རན།
༄༅། ཉན་ཅིག་འདི་ནི་དུས་རབས་ཉེར་གཅིག་རེད། རང་གི་ལུང་པ་རྒྱ་དམར་ཇག་པས་བཅོམས།
བོད་མི་མང་པོ་འཛམ་གླིང་གང་སར་འཐོར། གནས་ཡུལ་སོ་སོའི་ཁོར་ཡུག་སོ་སོ་རེད།
བོད་སྐད་རྒྱུག་རྒྱུའི་ཁོར་ཡུག་མེད་པར་བརྟེན། དབྱིན་སྐད་མི་རྒྱག་ཀ་མེད་མ་རེད་དམ།
བོད་པ་ཡིན་ཞེས་བོད་རྩམ་ཟ་མཁན་མེད། འབྲས་ལ་སོགས་པ་ཡུལ་དེའི་ཟས་ལོས་ཟ།
བྲོད་ཁོག་སྟོང་པ་སྡོད་པས་འགྲིགས་ཐབས་བྲལ།
བསམ་མེད་གཞན་ལ་སྐྱོན་འཛུགས་མ་གནང་རོགས།
]དངོས་ཡོད་དོན་ལ་དཔྱད་ནས་སྐད་ཆ་ཤོད/