སྒྱུར་མཁན། གོང་དཀར་ངག་རྣམ།
༡ ང་ཚོ་ཐུན་མོང་གི་གཞི་རྩ།
ང་ཚོ་ཚང་མའི་སེམས་རྒྱུད་ནང་རྩ་ཆེའི་སེམས་ཤིག་ཡོད། རྩ་ཆེའི་སེམས་འདི་ནི་ང་ཚོ་རང་ཉིད་དང་འཛམ་གླིང་གི་ཆེད་དུ་བཅངས་པའི་ཚད་མཐོའི་རེ་འདུན་གྱི་རྒྱུ་རྐྱེན་དེ་ཆགས་ཡོད། དེས་ང་ཚོར་རེ་འདུན་དེ་དག་སྒྲུབ་པར་སྙིང་སྟོབས་ལྡན་པར་བྱེད། བློ་རྒྱ་ཆུང་ཆུང་དང་། རྙོག་འཛིང་། བསམ་བློའི་འགལ་ཟླ་བཅས་ཀྱི་རྨོངས་སྒྲིབ་འོག་སྐབས་རེ་ང་ཚོའི་རིན་ཐང་ཅན་གྱི་སེམས་དེ་དཀའ་ངལ་དུ་མཐོང་སྲིད། འོན་ཏེ། ང་ཚོ་ཚང་མའི་རྒྱུད་དུ་རྩ་ཆེའི་སེམས་ཤིག་གནོད་མེད་བརྟན་པོའི་ངང་འཛམ་གླིང་ཐོག་ཞབས་འདེགས་སྒྲུབ་ཆེད་དུ་གནས་ཡོད།
དེབ་འདིའི་དམིགས་ཡུལ་ནི་རྩ་ཆེའི་སེམས་འདི་ངོས་གཟུང་རྒྱུ་དང་། དེའི་འབྲེལ་ལམ་སློབ་སྦྱོང་བྱ་རྒྱུ་སྟེ། སེམས་དེ་ཉིད་ང་ཚོའི་གཞི་རྩ་ཡིན་པར་ཚོར་དུ་འཇུག་རྒྱུ་དེ་ཡིན། གལ་ཏེ་ང་ཚོས་དེ་སྒྲིབ་བྱེད་རྣམས་མེད་པར་བཟོ་ཐུབ་ན། ད་གཟོད་ང་ཚོའི་སེམས་དེའི་ཐོག་ནས་འཛམ་གླིང་ལ་འགྱུར་བ་གཏོང་ཐུབ། ང་རང་ནང་པའི་གྲྭ་པ་ཞིག་ཡིན་ནའང་། དེབ་འདི་ནི་ནང་པའི་གཞུང་ལུགས་དང་ཉམས་ལེན་སྐོར་གྱི་དེབ་ཅིག་མིན་པར་ང་ཚོ་འགྲོ་བ་མིའི་ཉམས་མྱོང་གི་སྐོར་ཡིན།
ང་ཚོ་ཚང་མར་ཐུན་མོང་གི་གཞི་རྩ་ཞིག་ཡོད་པ་དེ་ནི་ང་ཚོའི་མི་ཚེ་དང་། ང་ཚོའི་འཛམ་གླིང་ལ་བསམ་གཞིག་བྱེད་རྒྱུ་དེ་ཡིན། འདིའི་ཐོག་ནས་ང་ཚོ་གྲོགས་པོར་ལྟ་ཐུབ་ཀྱི་རེད། ངའི་སློབ་སྦྱོང་གཙོ་བོ་དེ་ནང་པའི་ལྟ་གྲུབ་དང་། ནང་པའི་ཆོས་ལུགས་ཡིན་ཙང་དོན་གནད་དམིགས་བསལ་ཅན་གྱི་ཐོག་ཆོས་ཚིག་ཁ་ཤས་བེད་སྤྱོད་བྱེད་སྲིད་པ་རེད། འདི་དག་ནི་ང་རང་སྒེར་གྱི་མི་ཚེར་ཕན་ཐོགས་ཅན་ཁོ་ནར་མཐོང་བ་དང་། འདི་དག་གིས་ཁྱེད་ཚོར་ཡང་ལྟ་ཚུལ་གསར་པ་སླེབ་རྒྱུར་ཕན་ཐོགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ངའི་སྐད་ཆ་རྣམས་ནང་པའི་གཞུང་གིས་གང་གསུངས་པའི་གནད་དོན་དུ་མ་བསམ་རོགས། ངས་རང་ཉིད་སྒེར་གྱི་ཉམས་མྱོང་ཐོག་ནས་ལབ་ཀྱི་ཡོད།
ང་ད་ལྟ་ལོ་ཉི་ཤུ་རྩ་ལྔ་ཡིན། ང་ཆུང་དུས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པར་ངོས་འཛིན་བྱུང་བ་ནས་བཟུང་ལོ་ངོ་དགུ་བརྒྱའི་བརྒྱུད་པ་ཡོད་པའི་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་སྤྲུལ་སྐུའི་འགན་འཁུར་གྱི་ཡོད་པའི་ངོས་འཛིན་བྱུང་། ཡིན་ནའང་། རང་ཉིད་མི་ཞིག་ཡིན་པ་ལས་ཀརྨ་པ་ཡིན་པར་བསམ་གྱི་མེད། དམིགས་བསལ་གྱི་འོས་འགན་དང་གོ་སྐབས་ཡོད་པའི་མི་ཞིག་ཡིན་པ་ཙམ་ཡིན། ང་ལ་ཀརྨ་པའི་མཚན་གནས་དང་གནས་བབ་ཡོད་པའི་རྒྱུ་མཚན་གྱིས་དམིགས་བསལ་གྱི་ལས་འགན་ཡོད། འོན་ཏེ། འཛམ་གླིང་ཐོག་ནས་ང་ཚོར་གང་ཞིག་འབྱུང་མིན་ལ་གཞིགས་ན་འོས་འགན་དེ་ཐུན་མོང་དུ་ཡོད།
ང་རང་རྒྱལ་བ་ཀརྨ་པའི་སྐྱེ་ཕྲེང་དུ་གཏོགས་པའི་ཆ་ནས་སློབ་སྦྱོང་མང་པོ་རག་ཡོད་ཀྱང་། ཆེས་ཐོག་མའི་ནང་གི་ཤེས་ཡོན་ནི་ཕ་མ་ནས་བྱུང་། འདི་ནི་ཕལ་ཆེར་ང་ཚོ་ཚང་མར་དངོས་ཡོད་ཀྱི་གནས་ཚུལ་ཆགས་ཡོད། ངའི་ཨ་མས་ཡི་གེ་ཀློག་ཤེས་ཀྱི་མེད་ཀྱང་བསམ་པ་རྣམ་དག་དང་། བྱམས་སེམས་ཅན་ཞིག་ཡིན། ངའི་ཕ་མ་གཉིས་ནི་ངོས་ཀྱི་ཐོག་མའི་ནང་གི་དགེ་རྒན་ཡིན། ང་ཚོའི་ཕ་མས་ང་ཚོ་འཛམ་གླིང་འདིར་ཁྲིད་ཡོང་བ་དང་གསོ་སྐྱོང་བྱས་ཡོད།
ང་ཚོ་ག་ནས་ཡིན་མིན་དེ་གནད་འགག་མ་རེད། ང་ཚོ་བྱིས་པ་ཡིན་པའི་སྐབས་སུ་ཚང་མར་ཕ་མའམ་ཡང་ན་བལྟ་རྟོག་བྱེད་མཁན་གཞན་ཞིག་གིས་བྱམས་སྐྱོང་བྱས་ཡོད། འདི་ནི་ང་ཚོ་ཚང་མར་ཐུན་མོང་དུ་ཡོད་པའི་ཉམས་མྱོང་ཞིག་རེད། དེ་བཞིན་ང་ཚོ་གོ་ལ་གཅིག་ཐུན་མོང་དུ་ལོངས་སྤྱོད་ཅིང་ང་ཚོ་སྐྱེས་པ་ནས་འདིའི་སྟེང་དུ་གནས་བཞིན་ཡོད། ང་ཚོ་དེ་སྔ་ཕན་ཚུན་གཅིག་གིས་གཅིག་ལ་ངོ་སྤྲོད་ཙམ་ཡང་བྱེད་མྱོང་མེད། དེབ་འདིའི་ཐོག་ནས་ང་ཚོ་ཐུག་འཕྲད་བྱུང་བ་ནི་ཡག་པོ་བྱུང་། ང་ཚོའི་ཐུག་འཕྲད་འདི་ནི་གནས་གཞན་ཞིག་ཏུ་བསྐྱོད་དེ་ཚུགས་དགོས་མེད།
ངས་དེབ་འདིའི་ནང་རང་ཉིད་ཀྱི་འཛམ་གླིང་འདིའི་ཆེད་དུ་བཅངས་པའི་རེ་འདུན་རྣམས་ཁྱེད་ཚོ་དང་མཉམ་དུ་ཤོད་རེས་བྱེད་ཀྱི་ཡིན། གལ་ཏེ་ང་ཚོས་འདིའི་ནང་ཉམས་མྱོང་དང་རེ་འདུན་རྣམས་ཤོད་རེས་བྱེད་ཀྱི་ཡོད་པར་ཚོར་ན་ནི་འགྲིག་པ་རེད། ང་ཚོ་ཚང་མར་མི་ཚེའི་བརྒྱུད་རིམ་ཁྲོད་ནས་འགྱུར་ལྡོག་མང་པོ་ཞིག་གི་ཉམས་མྱོང་བྱུང་ཡོད། དངོས་པོའི་འགྱུར་ལྡོག་ནི་ང་ཚོ་མིག་མདུན་དུ་ཕྱོགས་གང་ས་ནས་འཕེལ་རྒྱས་འགྲོ་བཞིན་ཡོད།
ང་ཚོ་ཚང་མས་བྱིས་པའི་དུས་ནས་བཟུང་རང་ཉིད་ཀྱི་གཟུགས་པོ་མགྱོགས་མྱུར་ངང་འཚར་ལོངས་འབྱུང་བཞིན་ཡོད་པ་མཐོང་གི་ཡོད་པ་དང་། ན་ཚོད་སྨིན་པའི་དུས་སུ་ཡང་ང་ཚོ་མུ་མཐུད་དེ་འགྱུར་ལྡོག་འགྲོ་གི་ཡོད་པར་ཤེས་ཀྱི་ཡོད། ལུས་པོའི་འཚར་ལོངས་འདི་སེམས་ཀྱི་ཡར་རྒྱས་དང་མཚུངས་པ་དགོས། ཕྱིའི་ཡར་རྒྱས་དང་མཉམ་དུ་ང་ཚོས་རང་ཉིད་ཀྱི་བློ་གྲོས་ཡར་རྒྱས་གཏོང་རྒྱུར་ཡང་ཐབས་ཤེས་དང་། བཟང་ངན་གང་ཡིན་གྱི་རྣམ་དབྱེ་འབྱེད་པའི་བློའི་ནུས་པ་ཇེ་ཟབ་ཏུ་གཏོང་དགོས། ལུས་པོའི་ཐོག་ནས་དར་མའི་ཚོར་སྣང་ཡོང་བ་དང་ཆབས་ཅིག་ནང་དུའང་སེམས་ཀྱི་ལང་ཚོ་ཞིག་ཡོང་ཆོག ང་ཚོས་གཞོན་དུས་ཀྱི་ལང་ཚོ་དར་མ་དེ་འཛམ་གླིང་ལ་འབུལ་ཐུབ་ལ་དེའི་རྗེས་ལ་ང་ཚོའི་ཤེས་རབ་ཀྱི་ལང་ཚོ་དེ་ཡང་འཛམ་གླིང་ལ་འབུལ་ཐུབ།
ང་ཚོར་མི་ཚེའི་བརྒྱུད་རིམ་ནང་ཕྱོགས་ཕན་ཚུན་གཉིས་ཀ་ནས་ཤེས་རྒྱུ་མང་པོ་ཞིག་ཡོད། ངོས་རང་ལ་ཐུག་པའི་མི་མང་པོའི་དོན་དམ་པའི་མངོན་འདོད་དང་རེ་འདུན་གྱིས་ང་ལ་དགའ་སྤྲོ་སྦྱིན་གྱི་འདུག ངས་ཁོང་ཚོའི་ཕྱོགས་ནས་སློབ་སྦྱོང་བྱས་པ་ཡིན། ང་ལ་འཛམ་གླིང་འདིར་དམིགས་པའི་རེ་བ་དུ་མ་ཡོད། འོན་ཏེ། རེ་བ་དེ་ཤུགས་ཆེ་མི་དྲགས་རྒྱུར་ཐབས་ཤེས་བྱེད་ཀྱི་ཡོད། དོན་དངོས་ཐོག་ངའི་རེ་འདོད་དག་འགྲུབ་མིན་ལ་མ་ལྟོས་པར་དེ་དག་གིས་ང་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། ངའི་བྱ་སྤྱོད་ཀྱི་ཁ་ཕྱོགས་འཁྲིད་རྒྱུར་སྨོན་ལམ་བྱེད་ཀྱི་ཡོད། གྲུབ་འབྲས་ལ་རེ་ལྟོས་ཤུགས་ཆེ་དྲགས་པ་དེས་ང་ཚོ་སོ་སོའི་དམིགས་ཡུལ་ལ་ཞེན་ཆགས་སྐྱེ་རུ་འཇུག་གི་ཡོད།
ང་ཚོའི་རེ་སྨོན་དག་ངེས་པར་དུ་ང་ཚོ་རང་ཉིད་ལ་བདེ་སྐྱིད་ཡོང་ཆེད་དུ་ལམ་ལྷོང་ཡོང་མི་དགོས། རེ་བ་སྨིན་པར་བྱེད་རྒྱུ་ནི་དོན་སྙིང་ལྡན་པ་ཞིག་དང་། གྲུབ་འབྲས་སོན་མིན་ལ་མ་ལྟོས་པར་དེའི་ཕྱོགས་སུ་ལས་དོན་སྒྲུབ་རྒྱུ་ནི་དེ་བས་དགེ་མཚན་ཆེ། གལ་ཏེ་ང་ཚོས་འགྱུར་བ་དེ་གྲུབ་འབྲས་ཀྱི་ཕྱོགས་ལས་ཐག་རིང་དུ་བཞག་ན་ད་གཟོད་འཛམ་གླིང་གི་ཆེད་ང་ཚོའི་རེ་འདུན་སྒྲུབ་རྒྱུའི་ནུས་སྟོབས་ལྡན་པའི་སེམས་ཤུགས་དང་ང་ཚོའི་རྒྱུད་ཀྱི་བླ་ན་མེད་པའི་སེམས་དེ་རྙེད་ཀྱི་རེད།
ད་ལྟ་བར་དུ་ང་ཚོས་དོན་དངོས་ཀྱི་གོ་རྟོགས་དེ་མེད་བཞིན་དུ་གོ་ལ་འདི་མཉམ་སྦྱོད་བྱེད་བཞིན་ཡོད། ད་ལྟ་ནི་ང་ཚོས་ཐུན་མོང་གི་ཁྱིམ་གཞིའི་ཆེད་དུ་ང་ཚོའི་རེ་འདུན་རྣམས་སྤེལ་རེས་བྱེད་ཆོག་ལ། ང་ཚོར་རང་ཉིད་ཀྱི་ཆེད་དུ་དང་ཕྱོགས་ཕན་ཚུན་གཉིས་ཀར་དམིགས་པའི་ཐུན་མོང་གི་རེ་འདུན་ཡོད་ཆོག དེ་ལས་ལྷག་པའི་རྙོག་དྲ་ཚ་བ་གང་ཡང་མི་དགོས། རེ་འདུན་སྤེལ་རེས་དང་ཉམས་མྱོང་གིས་ང་ཚོ་མཉམ་དུ་མིའི་གཞི་རྩའི་གནས་རིམ་ཞིག་ཏུ་འདྲེན་པར་བྱེད། དེ་ཙམ་གྱིས་ང་ཚོར་བདེ་སྐྱིན་འདྲེན་ནོ།།
[མཆན།] འདི་ནི་༸རྒྱལ་བ་ཀརྨ་པ་རིན་པོ་ཆེས་མཛད་པའི་བླ་ན་མེད་པའི་སེམས་ཞེས་པ་དེའི་ལེ་ཚན་དང་པོ་དེ་ཡིན། དབྱིན་སྐད་མ་ཤེས་པའི་ཀློག་པ་པོ་ཁོ་ནའི་ཆེད་དུ་བོད་སྒྱུར་ཞུས་ཁུལ་ཡིན།
ཧ་ཧ་ཧ་ཧ་ ད་དུང་སློབ་་སྦྱོང་མང་ཙམ་གནང་རོག། པུ་གུའི་སྐད་ཆ་མང་ཙམ་བཤད་རོག།
གནང་རོགས་་་་ཧ་ཧ་ཧ་ད་དུང་མིང་གཞིར་སྦྱོང་དགོས་འདུག
ཡག་པོ་བསྒྱུར་འདུག མུ་མཐུད་ནས་ཡིན། ལེའུ་རྗེས་མ་རྣམས་ཀྱི་བོད་འགྱུར་མར་རེ་སྒུག་བྱེད། ཁྱུང་སེ་མིང་ཅན་འདིས་རྨང་གཞི་ཡི་རྨང་ལ་མང་བྲིས་འདུག དེ་བཞིན་ཤར་པ་མིང་ཅན་གྱིས་ཕྲུ་གུ་ལ་པུ་གུ གནང་རོགས་ལ་གནང་རོག དེ་ཙམ་ཡང་མ་ཤེས་མཁན་ཞིག་གིས་གཞན་གྱི་རིན་ཐང་ཅན་ལྡན་འགྱུར་ལ་མཐོང་ཆུང་བྱེད་པ་ནི་སོ་སོ་རང་ཉིད་ཀྱི་འཚང་རེད་དོ།།
རིན་ཐང་ཅན་ལྡན་ཅེས་བཏགས་ནོར་ཐེབས་པར་(རིན་ཐང་ལྡན་པའི་)བཅོས
སེམས་བཟང་ལགས་་་་ངས་གང་བྲིས་འདུག་གང་བརྗོད་ཀྱི་འདུག་ཡག་པོར་བསམ་བློ་བཏང་ནས་བྲིས་དང་་་ངས་བཤད་རྒྱུ་ནི་བརྡ་སྤྲོད་ཀྱི་མིང་གཞི་ལ་སྦྱོང་དགོས་པ་འདུག་ཟེར་གྱི་ཡོད། མིང་གཞི་ལ་རྨང་གཞི་འབྲི་དགོས་སམ་ཧཧཧ་
སེམས་བཟང་ལགས་་་་ངས་མིང་གཞི་བྲིས་པ་ལས་་་་་མང་ཞེས་བྲིས་མེད།
མཆན་མ་བཏབ་སྔོན་དུ་དག་ཆ་སོགས་ལ་ཞིབ་འཇུག་ལེགས་པར་གནང་
དགོས་
སློབ་མའི་བླ་མ་ལ་བསྟོད་མ་ཤེས་ན་། བླ་མ་རྫུན་མ་ཆགས་ཡོང་གོ གཟབ་གཟབ་གནང་རོགས།
བོད་སྤྱི་ལ་ཕན་པའི་བླ་མ་ཡིན་ཚེ་། རྒྱ་འདྲེ་དམར་པོ་ལ་དམིགས་ཕུག་པའི་དགག་པ་བརྒྱབ་དང། དོལ་འདྲེ་ཚོགས་པ་ལ་དགག་པ་བརྒྱབ་དང། དངུལ་དོ་པོ་དོ་པོ་རྩ་རས་ཁུག་མ་ནང་ལ་མ་བཞག་པར་བོད་སྤྱི་ལ་གནང་དང། རྒྱ་གར་ནང་ལ་ངོ་ཚ་དགོས་པའི་ཁྲིམས་འགལ་ཡོང་མི་སྲིད། དོལ་འདྲེ་ཚོགས་པ་འདིས་ཐ་ན་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་ཡང་ཉེས་ཁ་་བཟོས་བཞིན་ན་། བླ་མ་མིང་ཆེན་པོ་ཡོད་དུས་དོལ་འདྲེའི་ཐོག་ལ་བཀའ་གནང་དང། ཡིན་ད་ཀརྨ་པ་མཆོག།
ཆིག་ལབ་མ་རྒྱག་དྲ་འབུ་ངན་པ་ཚོ། སོ་སོ་ལ་དེ་འདྲ་བསྒྱུར་ཐུབ་པའི་ནུས་པ་མེད་ཅིང། ལྷག་པའི་བསམ་པ་ཡང་མེད་པས་ད་དུང་བསྒྱུར་པ་པོ་ཁོང་གིས་སློབ་སྦྱོང་གི་ཞོར་དུ་དེ་འདྲ་ཞིག་བསྒྱུར་ནས་ཚང་མའི་སྤྱན་ལམ་དུ་ཕུལ་བ་ནི་བླ་ན་མེད་པ་རེད།
ཕྲག་དོག་གི་ཚོས་ཤིང་ཁོག་པ་ནག་ཅིང་རུལ་ཟིན་པའི་དྲ་འབུ་དེ་དག་ལ་ཡ་ལན་ནམ་ཡང་བྱེད་རྒྱུ་མེད།
ཀརྨ་པ་འདི་བླ་མ་ཚད་ལྡན་རེད། ཡིན་ནའང་ཁོང་གིས་ཕྱི་རྒྱལ་ཁག་ལ་བཀའ་སློབ་གནང་དུས་ཤེས་ཡོན་གྱི་རྣམ་དཔྱོད་མི་འདུག་ཟེར། ཕམ་པོ་རེད། བླ་མ་ཚད་ལྡན་ལ་ཤེས་ཡོན་མེད་ན།
ཐེངས་ཁ་ཤས་བཀླགས་ཡིན་ངོ་མ་སེམས་འགུལ་ཐེབས་དགོས་པ་ཞིག་གསུངས་འདུག རྒྱལ་དབང་ཀརྨ་པའི་མཛད་འཕྲིན་རྒྱས་ཤིང་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུ། དེ་བཞིན་སྒྱུར་མཁན་གོང་དཀར་ངག་རྣམ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
གསུང་མཁན་སྒྱུར་མཁན་གཉིས་ཀ་ལ་དགའ་གུས་དང་འབྲེལ་ནས་ལེགས་སོའི་ངོ་སོ་བསྟོད། མུ་མཐུད་དུ་གསུང་བཟང་འགྱུར་བཟང་འདི་འདྲ་ཡང་ཡང་སྤེལ་བར་སྨོན།
བོད་འགྱུར་འདི་ཧ་ལས་པའི་བཟང་། བོད་མི་ཤེས་ཡོན་ཅན་མི་ཉུང་བ་ཞིག་ནས་དེང་སང་ཡང་འབྲི་རྩོམ་གྱི་ནང་དོན་ཟབ་ཚད་དེ་ཚིག་སྦོམ་པོ་དང་གཏམ་དཔེ་སོགས་བཀོལ་མ་བཀོལ་ལ་ལྟོས་པ་ལྟར་ལྟ་གི་ཡོད་ཚོད་འདུག འདི་ལྟར་ལྟ་གི་ཡོད་པ་ནི་ཁ་བརྡའི་མཆན་རྣམས་ལས་ཤིན་ཏུ་གསལ། འདི་ནི་ནོར་འཁྲུལ་ཆེན་པོ་རེད། འབྲི་རྩོམ་གྱི་ནང་དོན་ཟབ་ཚད་ནི་འབྲི་རྩོམ་དེ་ཡིས་ཀློག་ཁན་རྣམས་ལ་ནུས་པ་ཇི་ཙམ་ཐོན་མི་ཐོན་ལ་ལྟོས་དགོས་པ་རེད། ད་ལམ་གྱི་བོད་འགྱུར་འདི་ཡི་ནང་དོན་དང་སྐད་ཡིག་གཉི་ག་བོད་ཡིག་ཤེས་མཁན་མང་ཆེ་བས་ཀློག་ཐུབ་པས་མ་ཚད་གོ་བ་ཡག་པོ་ལོན་ཐུབ་པའི་རེ་བ་འདུག སྒྱུར་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཀྲ་ཤིས་བདེ་ལེགས་ཞུ། ན་གས།
ད་ལོ་སེམས་དཔའ་ཆེན་པོ་མང་པོ་མང་པོ་ནུབ་ཕྱོགས་ལ་ཕེབས་ནས་ནུབ་ཕྱོགས་པ་དད་ལྡན་ཉམ་ཆུང་ཚོའི་དངུལ་ཁང་སྟོང་པ་བཟོས་སོང་། སེམས་དཔའ་ཆེན་པོ་ཚོའི་བཀའ་སློབ་རིན་ཐང་ཆེ་བས་རིན་ཆེན་གསེར་ལས་ཀྱང་རྫ་ཆེ་བ།
སེམས་བཟང་ལགས། ཁོ་བོ་ནི་ད་དུང་སློབ་ཕྲུག་ཅིག་གི་ངོ་བོར་གནས་ཡོད་ཙང་དེབ་འདིའི་ལེ་ཚན་རྗེས་མ་དག་བསྒྱུར་རྒྱུར་དུས་ཚོད་དཀའ་ངལ་འདུག བྱས་ཙང་གནས་སྐབས་རིང་ཁྱེད་ཀྱི་རེ་འདོད་དེ་སྐོང་ཐུབ་ས་མ་རེད།
གཅིག་བྱས་ན་མཚུར་ཕུ་བླ་བྲང་གི་སྒྱུར་གནང་གི་ཡོད་སྙམ།
སེམས་བཟང་ལགས།
ཁོ་བོ་ནི་ད་དུང་སློབ་ཕྲུག་ཅིག་གི་ངོ་བོར་གནས་ཡོད་ཙང་དེབ་འདིའི་ལེ་ཚན་རྗེས་མ་དག་བསྒྱུར་རྒྱུར་དུས་ཚོད་དཀའ་ངལ་འདུག བྱས་ཙང་གནས་སྐབས་རིང་ཁྱེད་ཀྱི་རེ་འདོད་དེ་སྐོང་ཐུབ་ས་མ་རེད།
འོན་ཏེ། མཚུར་ཕུ་བླ་བྲང་གིས་གང་མགྱོགས་བོད་སྒྱུར་གནང་སྲིད་པ་རེད།
རྔ་བ་གངས་རི་ལགས་ཀྱིས་གསུངས་པ་ལྟར།
གསུང་དུམ་བུ་འདིས་ཁོ་བོར་ཡང་སེམས་འགུལ་ཚད་མེད་ཐེབས་བྱུང་། ལྷག་པར་ཀརྨ་པ་རིན་པོ་ཆེས་དེ་སྔ་དབྱིན་སྐད་ཐོག་དེབ་ཅིག་བརྩམས་གནང་ཡོད་པ་དེའི་ནང་གང་ཞིག་གསུངས་ཡོད་སྙམ་མཁན་ཚོར་བོད་སྒྱུར་དུམ་བུ་འདིས་ཕན་ཐོགས་རྒྱུ་དེ་ཉིད་ཁོ་བོའི་རེ་བ་ཡིན།
རྩོམ་པ་པོ་ན་ག་ལགས་ཀྱིས་ཁོ་བོའི་འགྱུར་འདི་དང་། དེ་མིན་གྱི་༸གོོང་ས་མཆོག་གི་གསུང་བཤད་ཆོས་ཀྱི་བདུད་རྩི་ཞེས་པར་གདེང་འཇོག་གནང་བར་སླར་ཡང་སེམས་ཤུགས་བསྐྱེད་བྱུང་། ཁྱེད་ཀྱིས་གསུངས་པ་ལྟར་རྩོམ་གྱི་སྤུས་ཚད་ལ་ལྟ་སྟངས་ལོག་པའི་སྣང་ཚུལ་འདི་ནི་ཐབས་སྐྱོ་ཤོས་ཤིག་རེད། ལྷག་པར་རྩོམ་ཡིག་གི་རྣམ་གྲངས་དང་ངོ་བོ་སོགས་རྩོམ་རིག་གི་རྒྱུན་ཤེས་ལ་གོ་རྟོགས་མེད་མཁན་མང་པོ་ཞིག་གིས་ཚིག་སྦོམ་པོ་མེད་ན་རྩོམ་དེར་སྙིང་པོ་མེད་པར་ལྟ་གི་འདུག ཤ་ཚ་རྒྱུ་རང་རེད།
ཐེངས་གཅིག་བཀའ་སློབ་ཉན་དུ་བཅར་བ་ཡིནཔས། ཤིན་ཏུ་ནི་བཀའ་སློབ་ཉམས་དང་ལྡན་པ་བོད་བསྟན་སྲིད་མ་ཚད་འགྲོ་ཀུན་ཡོངས་ལ་བདེ་སྐྱིད་ཀྱི་ལམ་སྟོན་གནང་ཐུབ་པ་ཞིག་ལུས་མིན་བསམ་པ་བྱུང་། སྐུ་ཚེ་ཞབས་པད་བརྟན་པར་ཤོག མཛད་འཕྲིན་གོང་ནས་གོང་འཕེལ་ཡོང་བའི་སྨོན་འདུན་བཅས།
་་་་་་་་་ མུ་མཐུད་དུ་གསུང་བཟང་འགྱུར་བཟང་འདི་འདྲ་ཡང་ཡང་སྤེལ་བར་སྨོན། ་་་་་་་་་་་་་་་
འབད་པ་བྱེད་ཐག་ཆོད་ཡིན།
བོད་རང་གི་སྐད་ཐོག་ནས་རྩོམ་མི་ཐུབ་པ་ཚོས་གཞན་པར་དབྱིན་ཇིའི་རྒད་པོ་ཚོས་གཏམ་ཉོག་ཚོ་ལ་ཡག་བཅོས་བྱས་ནས་མི་ཆེན་སོ་སོའི་དེབ་ཡིན་འདོགས་སྟོན་པ་ནི་དངོས་ནས་བོད་པའི་རིག་གཞུང་གི་ཞབས་འདྲེན་རེད། དེ་ལས་དྲུང་པ་དང་དར་ཐང་དང་བསོ་རྒྱལ་དང་འཇམ་དབྱངས་མཁྱེན་བརྩེ་རྣམ་པས་དབྱིན་ཡིག་ཐོག་ནས་སོ་སོའི་ཕྱག་རྩལ་གྱིས་རྩོམ་པ་ངོ་མ་བཀུར་འོས་པ་རེད། ཡིན་ན་ཡང་དབྱིན་ཇི་སོགས་ཆོས་སྒྲ་རྣ་བས་ཚོར་མ་མྱོང་པ་ཚོ་ཅུང་ཕན་ན་མ་གཏོགས་བོད་རང་སྐད་ལ་བསྒྱུར་ན་དེ་ཙམ་ཚོར་བ་མི་འདུག་བསམས། དེ་བས་ཚན་རིག་ཁག་དང་དཔལ་འབྱོར་རིག་པ། དམག་དོན། འཕྲུལ་སྤྱོད་རིག་པ་སོགས་བོད་རང་ལ་མེད་པའི་གནམ་གྲུ་དང་མཚོ་གྲུ། ཐ་ན་ལྕགས་རྟ་བཟོ་ཐབས་སོགས་བསྒྱུར་ན་མི་བཟང་ངམ།
ད་ཐེང་པདྨ་ལགས་ཀྱིས་གཟུངས་པ་དེར་མོས་མཐུན་བརྒྱ་ཆ་བརྒྱ་ཐམས་པ་ཡོད། སྤྱིར་ན་དེབ་བརྩམས་ཟེར་ན་ཡང་མི་ཆེན་བླ་དྲགས་ཚོས་ཆེ་བ་ངོམ་སྤྱད་ཙམ་རེད། འདི་ཚོ་བོད་བསྒྱུར་བྱས་བསྡད་ན་ཉི་མ་མི་ཆོད་མཁན་ཚོར་ཕན་ན་མ་གཏོགས་བོད་རང་གི་མདུན་ལམ་ལ་ཕན་མདོག་ཁ་པོ་མ་རེད། ང་ཚོའི་མཆོད་ཁྲིའི་སྟེང་ན་འདི་འདྲ་དང་འདི་ལས་ཡག་པ་མི་ཚེ་གང་བོར་ཀློག་ན་ཡང་ལྟ་ཀློག་མི་ཚར་བ་ཞིག་ཡོད་རེད།
བོད་ལ་དགོས་པ་ངོ་མ་དེ་ཚོ་ནི་འཛམ་གླིང་དེང་རབས་སློབ་ཚན་ཚོའི་བརྗོད་བྱ་ཚན་རིག་དང་། ས་ཁམས། ལོ་རྒྱུས། འཕྲུལ་ཆས་རིག་པ། དངོས་ཁམས། རྫས་འགྱུར། སྐད་བརྡ་རིག་པ། གྲངས་རྩིས། སྨན་བཅོས། སྨན་བཅོས་འཕྲོད་རྟེན་ཤེས་བྱ། མཚན་ཉིད་རིག་པ། བརྡ་འཕྲིན་རིག་པ། ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ། སྐྱེ་ཁམས་རིག་པ། ཁོར་ཡུག་མཚན་ཉིད་རིག་པ། རྒྱ་མཚོའི་རིག་པ། དམག་དོན་རིག་པ། གནའ་རྫས་བརྟག་དཔྱད་རིག་པ། གན་རྫས་སྔོགས་འདོན་རིག་པ་སོགས་ང་ཚོ་ལ་མེད་པ་དེ་ཚོ་རེད། འདི་ཚོའི་སྐོར་ལ་ཤོག་ལྡེབ་རེ་ལས་བསྒྱུར་འབྲི་མ་ནུས་ན་ཡང་བསྒྱུར་ན་ཡང་རང་གཞན་ལ་བློ་སྐྱེད་རེ་ཐོབ་ངེས་རེད། དོན་དག་མེད་ས་ལ་དཀའ་ལས་བརྒྱབ་བསྡད་ན་རང་གཞན་གྱི་དུས་ཚོད་འཕྲོ་བརླགས་རེད།
མ་གཞི་ང་རང་ཚོའི་བླ་ཆེན་ཚོའི་མཚན་ཐོག་ནས་ཕྱིའི་སྐད་ཡིག་གི་སྟེང་ལ་དེབ་བཀྲམས་པ་དེ་ཁོ་རང་ཚོ་ལ་དམིགས་ཡུལ་ཞིག་ཡོད་རེད། སྐད་ཆ་སྙན་པོ་བཤད་ན་ང་ཚོ་དེའི་གདུལ་བྱ་མ་རེད། སྐད་ཆ་དྲང་པོར་བཤད་ན་དེབ་དེ་ང་ཚོའི་ཆེད་དུ་སྤེལ་བ་མ་རེད། ང་རང་ཚོ་ལ་ཤ་ཚ་ཡོད་མཁན་ཚོས་ང་རང་ཚོའི་སྐད་ཡིག་གི་སྟེང་དུ་དེབ་འབྲི་གི་རེད། ངས་མཚམས་མཚམས་ལ་བོད་མི་འདི་ཚོ་སྙིང་ཡང་རྗེ་གི། ང་རང་ཚོ་ལ་ཤ་ཚ་མཁན་རེ་ཡོད་ན་དེ་ལ་ང་ཚོས་བརྩི་བཀུར་མི་ཤེས་གི།
མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པ་ལྟར་ཁ་བརྡའི་དྲྭབ་འདིར་མ་མཐོང་བའམ་མ་འགོད་པའི་རྒྱུ་མཚན་གྱི་མེད་པའི་མ་ཁྱབ། ༧རྒྱལ་དབང་བཅུ་བདུན་པའི་གསུངས་བོད་ཡིག་གིར་ཡོད་པ་༼ ཆོས་དང་མཐུན་པའི་གོམས་སྟབས་བསྒྱུར་བ༽ ཞེས་པ་དེབ་གྲངས་༧ ཙམ་ཡོད་པ་དེ་ཡང་སྙན་ངག་དང་ཚིག་མཐོན་པོ་མ་ཡིན་པ་ཕལ་ཚིག་དང་དེང་དུས་སྐྱ་སེར་ཚང་མའི་གོ་བདེ་བ་དང་དགོས་མཁོ་ཡོད་པའི་དེབ་སྤུས་ལེགས་འདུག་པའི་མཇལ་བར་ཞུ།
༧རྒྱལ་དབང་བཅུ་བདུན་པའི་གསུངས་གི་བདུད་རྩི་ཆ་ཤས་ཞིག།
དང་པོ། སྔོན་མ་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་ལས་འགུལ་གང་མང་ཞིག་སྤེལ་བ་རེད། གཙོ་བོ་དགོན་སྡེ་ཁག་ནས་ཁོར་ཡུག་སྲུང་སྐྱོབ་བྱས་པ་དེ་གལ་ཆེན་པོ་འདུག གང་ཡིན་ཞེ་ན་དགོན་སྡེ་དེ་སྤྱི་ཚོཌ་ཀྱི་གྲུབ་ཆའི་ནང་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ལྷག་པར་དུ་ཧི་མ་ལ་ཡ་དང་བོད་པའི་སྤྱི་ཚོགས་ནང་ལ་དགོན་སྡེ་ཚོའི་ཤུགས་རྐྱེན་ཆེན་པོ་ཡོད་དུས། གལ་སྲིད་དགོན་སྡེ་ཚོས་སྣེ་འཁྲིད་པ་ཡིན་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ལ་ཞུགས་ཐུབ་པ་ཡིན་ན་ཡག་པོ་འདུག་ཅེས་ཁོར་ཡུག་སྲུང་སྐྱོབ་ཐོག་ཚོགས་འདུ་ཡང་ཐེངས་མང་པོ་ཚོགས་པ་རེད། ཟབ་སྦྱོང་ཡང་ཐེངས་ཁ་ཤས་ཚོགས་པ་རེད། གང་ལྟར་དགོན་པ་ཁག་ནས་ཁོར་ཡུག་སྲུང་སྐྱོབ་ཐོག་ཤིང་སྡོང་སྟོང་ཕྲག་ཁྲི་ཕྲག་བཏབ་པ་རེད། དེ་ནས་དགོན་སྡེ་ཁག་གི་ཁོར་ཡུག་སྲུང་སྐྱོབ་དེ་དགོན་པའི་ནང་གཅིག་པོ་ཙམ་མ་ཡིན་པ་ཉེ་འཁོར་དུ་ཡོད་པའི་སྤྱི་ཚོགས་རྣམས་དང་མི་སྡེ་གཞན་པ་དང་འབྲེལ་བ་བྱས་ནས་མཉམ་ལས་བྱེད་ཐུབ་པ་བྱུང་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དེ་གཞི་རྒྱ་ཆེན་པོ་ཞིག་ཡོང་ཐུབ་རྒྱུ་རེད་ཅེས་དྲན་གྱི་འདུག དེ་འདྲ་ཡིན་དུས་གང་ལྟར་ཁོར་ཡུག་སྲུང་སྐྱོབ་ཟེར་རྒྱུ་དེ་སྨོན་ལམ་རྒྱབ་པ་དང་། གཏོར་མ་བཟོ་བ། ཆོ་ག་འདོན་བསྡད་པ་ཞིག་མ་ཡིན་པར། སྲུང་སྐྱོབ་བྱས་ནས་བྱ་བ་ལ་ཞུཌ་ཟེར་གྱི་ཡོད་རེད། ཚང་མས་དངོས་ཡོད་གནས་ཚུལ་དང་ལས་དོན་ཐད་ལ་ཤུཌ་རྐྱེན་མང་ཙམ་གནང་ཐུབ་པ་ཡིན་ན་ཡག་པོ་མེད་དམ་བསམ་གྱི་འདུག་ཚང་མའི་ཐུགས་ལ་བཞག་རོགས་གནང་།
གཉིས་པ། དགོན་སྡེ་ཁག་ནང་ཡིན་ན། དགོན་པ་ཁག་གི་བསྟན་པའི་བདག་པོ་རྣམས་དང་ལས་བྱེད་རྣམ་པ་མདོར་ན་ཚང་མའི་ངོས་ནས་ཧུར་བརྩོན་བྱས་ན་དགོན་སྡེ་སོ་སོའི་དགེ་འདུན་པ་རྣམས་རྒན་གཞོན་མཐོ་དམན་བར་གསུམ་ཚང་མ་དེང་དུས་ཀྱི་ཤེས་ཡོན་དང་། སྲོལ་རྒྱུན་གྱི་ཤེས་ཡོན། མཐོང་བ་བརྒྱུད་པའི་ཕྱག་བཞེས་དང་སྒྲུབ་བརྒྱུད་ཀྱི་ལུགས་བཟང་པོ་དེ་ཚོ་མ་ཉམས་པར་གནང་བ་དེ་ཡག་པོ་ཞེ་དྲག་ཡོད་རེད། ཚང་མ་ལ་བསྟོད་པ་ཞུ་འོས་པ་དང་རྗེས་སུ་ཡི་རང་ཞུ་འོས་པ་རེད། དེ་ལ་སྐྱོན་བརྗོད་ཞུ་རྒྱུ་དང་འགྲིགས་མི་འདུག་ཞུ་རྒྱུ་གང་ཡང་མི་འདུག །ཡིན་པ་ཡིན་ན་ཡང་། ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་ཀྱི་བར་དུ་གང་ལྟར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་མ་ཡིན་དུས། ད་དུང་ཡང་ཡར་རྒྱས་གཏོང་རྒྱུ་ཡོད་རེད་བསམ་གྱི་འདུག་དེ་འདྲ་ཡིན་དུས་ཡར་རྒྱས་གཏོང་དགོས་རྒྱུ་ནི། ལྷག་པར་དགོན་སྡེ་ཁག་གི་ནང་ལ་གྲྭ་ཆུང་མང་པོ་ཡོད་པ་ཡིན་དུས། དེ་ལ་སྤྱིར་བཏང་སྲོལ་རྒྱུན་གྱི་ཆོ་ག་ཕྱག་ལེན་དང་མཐོང་བ་བརྒྱུད་པའི་ཕྱག་བཞེས་མང་པོ་ཡོད་པ་དེ་ཚོ་དུས་མཐུན་གྱི་ལམ་སྲོལ་དང་མཐུན་པའི་ཐོག་ནས་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པ་དྲན་གྱི་འདུག གང་ཡིན་ཞེ་ན་གྲྭ་པ་དེ་ཚོ་ཆེན་པོ་ཆགས་དུས་གྲྭ་པ་བྱས་ནས་དགོན་པའི་ནང་བསྡད་པ་ཡིན་ནའང་འདྲ། སྤྱི་ཚོགས་དང་དུས་རབས་ཀྱི་འགྲོ་སྟངས་དང་མཐུན་པའི་བསྟན་པའི་བྱ་བ་སྒྲུབ་ཐུབ་ཀྱི་རེད། གལ་སྲིད་དགོན་པའི་ནང་བསྡད་མ་ཐུབ་པ་ཡིན་ན་ཡང་སྤྱི་ཚོགས་ནང་གཞན་དང་འདྲ་འདྲ་མཉམ་མཉམ་བྱས་ནས་ལས་ཀ་བྱེད་ཐུབ་པ་ཞིག་ཡོང་གི་རེད། ཕ་གིར་གྲྭ་ཆུང་ཁ་ཤས་ཡོད་ཅེས་གྲངས་ཀ་ཙམ་ཞིག་གི་མི་འགྲིགས་པས། དེ་ལ་བདག་པོ་རྒྱབ་ནས་ལྷག་པར་ཤེས་ཡོན་སྤྲོད་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་འདུག་མ་གཏོགས་རྟ་དང་བོང་བུ་རྭ་བའི་ནང་བསཌ་པ་བཞིན་ལྟོ་གང་ཐུབ་གཏད་པ་དང་གོས་གང་བགོན་པ་ཙམ་ཞིག་གི་འགྲིགས་ཀྱི་མི་འདུག་པས། ངེས་པར་དུ་དུས་མཐུན་གྱི་འགྲོ་སྟངས་དང་མཐུན་པ་ཞིག་སྦྱོང་རྒྱུ་དང་། ཚན་རིག་ཆེད་ལས་པ་ཆགས་རྒྱུའི་དམིགས་ཡུལ་མེད་ཀྱང་ཚན་རིག་གི་རྣམ་གཞག་དང་ལོ་རྒྱུས་རིག་པ་དེ་བཞིན་ཁོར་ཡུག་སོགས་རྨང་གཞི་ཤེས་ཡོན་སོགས་འཛམ་གླིང་
སྤྱིའི་སློབ་སྦྱོང་བྱེད་དགོས་པ་རེད་མ་གཏོགས་ང་ཚོ་འཛམ་གླིང་གི་མི་གྲལ་ནས་བུད་འགྲོ་བའི་ཉེན་ཁ་འདུག དེ་འདྲ་ཡིན་དུས་ཚང་མས་དེ་ཚོའི་ཐོག་ཤུགས་རྒྱབ་དགོས་པ་དེ་གལ་ཆེན་པོ་མེད་དམ་བསམ་གྱི་འདུག ང་རང་ངོས་ནས་ཀྱང་དེའི་ཐོག་ལ་འཆར་གཞི་འདྲ་བྱེད་ཀྱི་ཡོད། ཡིན་ན་ཡང་གཙོ་བོར་དགོན་སྡེ་ཁག་ནང་གོང་ལ་བཞུཌ་མཁན་གྱི་བླ་མ་དང་དབུ་འཛིན། བར་ལ་བཞུགས་མཁན་དབང་
ཆེ་བའི་ལས་སྣེ་རྣམ་པ། འོག་ལ་བཞུགས་པའི་དགེ་འདུན་རྣམ་པ་ཚོ་ཚང་མའི་ངོས་ནས་གདུང་ཤུགས་གཅིག་སྒྲིལ་ཐོག་ཕྱག་ལས་གནང་བ་ཡིན་ན་ངས་མང་པོ་བཤད་མི་དགོས་པ་བྱས། དངོས་པོའི་གནས་ཚུལ་ལ་འདི་དང་འདི་བྱས་ཡོད་ཅེས་སྟོན་ཆོག་པ་དང་ངོམ་ཆོག་པ་ཡོང་གི་རེད་བསམ་གྱི་འདུག དེ་ཡང་ཐུགས་ལ་བཞག་དགོས་པ་གལ་ཆེན་པོ་འདུག
གསུམ་པ། འཕྲོད་བསྟེན་ཐོག་ལ་དགོན་སྡེ་ཁག་ནང་འཕྲོད་བསྟེན་དེ་གང་འདྲ་ཡིན་པ་ཏག་ཏག་ཤེས་ཀྱི་མི་འདུག ང་དགོན་པ་ཁག་ལ་ཞིབ་འཇུག་བྱས་ནས་ཐབ་ཚང་ནང་ཕྱིན་ཏེ་ཉིན་རེར་ཚྭ་ག་ཚོད་ཟ་གི་འདུག དེ་བཞིན་ཀ་ར་དང་སི་པན་ག་ཚད་བཏབ་ཀྱི་འདུག་ཅེས་རྒྱ་མ་བཀྱག་རྒྱུ་གང་ཡང་བྱུང་མ་སོང་། ཡིན་ན་ཡང་གསང་བའི་ཐོག་དགོན་པ་ཁག་གི་སྤྱི་ཐབ་ལ་ཞལ་ལག་ཞིབ་འཇུག་བྱེད་མཁན་ཞིག་གཏོང་དགོས་དྲན་བསྡད་ཀྱི་ཡོད། དགེ་འདུན་ཚང་མ་མཉམ་ཏུ་ཞལ་ལག་མཆོད་ཀྱི་ཡོད་ཙང་ཐབ་ཚང་སྣོད་ཆས་དེ་ཚོ་ཡང་གཙང་མ་ཉར་རྒྱུ་དང་དེ་བཞིན་ཞལ་ལག་ནང་ཚྭ་དང་སྣུམ་རྫས་རིགས་སོགས་གང་ལྟར་མི་མང་པོ་ཞིག་མཉམ་ཏུ་བཞེས་ལག་མཆོད་ཀྱི་ཡོད་ཙང་། དེས་འཕྲོད་བསྟེན་ཀྱི་འགན་འཁུར་ཆེན་པོ་འདྲ་ཆགས་བསྡད་ཡོད་རེད་ཅེས་དྲན་གྱི་འདུག་དེ་འདྲ་ཡིན་དུས་སྤྱི་ཐབ་ཀྱི་གཉེར་པ་དང་མ་བྱན་ཚོ་ཚང་མའི་ཐུགས་བསམ་གནང་དགོས་པ་དེ་གལ་ཆེན་པོ་འདུག ལྷག་པར་དུ་རིམ་པས་དགོན་སྡེ་ཁག་འཕྲོད་བསྟེན་ཡར་རྒྱས་བཏང་ནས་སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་ནད་གཞི་སྔོན་འགོག་དང་དགེ་འདུན་རྣམ་པ་ཚོར་ཞལ་ལག་རོ་བརྒྱ་ལྡན་པ་ཞིག་མ་བྱུང་ཡང་གང་ཡོད་པ་དེ་བྲོ་བ་ཞིམ་ལ་བཅུད་དང་ལྡན་པ་ཞིག་སྐུ་གཟུགས་ལ་ཕན་པ་ཞིག་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག བཞི་པ། མཐར་སྔོན་བཤད་པ་ནང་བཞིན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དེ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་
ཚོཌ་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་སྡིག་པ་ལ་འཛེམས། དགེ་བ་ཅི་ཐུབ་སྒྲུབ། རང་གི་སེམས་རྒྱུད་འདུལ་བ་དང་སངས་རྒྱས་ཀྱི་བསྟན་པ་ཉམས་ལེན་བྱེད་པ་དང་མི་གཞི་བཟང་པོ་ཞིག་དང་འགན་འཁུར་ཡོད་པའི་མི་བཟང་པོ་ཞིག་བྱས་ནས། ང་རང་ཚོ་ཕ་དང་མའི་རྒྱུ་རྐྱེན་ལ་བརྟེན་ནས་འཛམ་བུ་གླིང་འདིར་སྐྱེས་པ་རེད། དེར་སྐྱེས་པ་དེ་གད་སྙིགས་གཡུག་པ་བཞིན་མ་ཡིན་པ་སོ་སོའི་རིན་ཐང་ཡོད་པ་ཞིག་དང་། འགན་འཁུར་ཡོད་པ་ཞིག་བྱེད་དགོས་པ་རེད། བྱེད་མ་བྱེད་ཟེར་རྒྱུ་དེ་གནམ་ནས་བཀའ་གནང་བ་དང་ས་ནས་ཡི་གེ་ཤར་ཡོང་བ་ཞིག་གང་ཡོད་མ་རེད། གཙོ་བོ་སོ་སོའི་བསམ་བློ་དང་འདུན་ལམ་དེ་སོ་སོའི་གདམ་ག་བྱས། ལྷག་པར་དུ་དེང་སང་འཛམ་གླིང་ཐོག་ཕྱི་དངོས་པོའི་ཡར་རྒྱས་ཚད་མཐོ་པོ་ཕྱིན་ནས་མི་ཚང་མ་འཕྲུལ་ཆས་སོགས་དངོས་རྫས་ཀྱི་རྗེས་སུ་འབྲངས་ནས་ཉིན་མཚན་ཀུན་ཏུ་ལས་བྲེལ་ཁོ་ནས་དུས་འདའ་བསྡད་ཡོད་པ་རེད། དེ་འདྲའི་སྐབས་ལ་རིམ་པར་ལྷན་སྐྱེས་ཀྱི་མིའི་དགེ་སེམས་དང་བཅོས་མ་མ་ཡིན་པའི་ཡོན་ཏན་དེ་ཚོ་བརྗེད་འགྲོ་བ་དང་བརླག་འགྲོ་བའི་ཉེན་ཁ་ཆེན་པོ་འདུག དཔེར་ན་ང་ཆུང་དུས་ཕ་ཡུལ་འབྲོག་ས་ཡིན་ཙང་ས་གཞིའི་སྟེང་ལ་ཉལ་བསྡད་པ་དང་རྩྭ་ཐང་དཀྱིལ་ལ་འགྲེ་ལོག་རྒྱབ་ན་ཡང་རྒྱབ་ས་ཡོད་བསྡད་པ་དང་། རང་བྱུང་ཁམས་ལ་ཐག་ཉེ་བ་དང་བརྩེ་གདུང་ཟབ་པོ་ཞེ་དྲག་ཡོད་པའི་ཚོར་བ་ཡོང་བསྡད་ཀྱི་འདུག་ད་རིམ་པ་བཞིན་རྒྱ་གར་སླེབས་ནས་བོད་ནང་བཞིན་རྩྭ་ཐང་དང་སྤང་ལྗོངས་སྟེང་ཉལ་བསྡད་ས་དང་འགྲེ་ལྡོག་རྒྱབ་ས་གང་ཡང་མེད་ཙང་རང་བྱུང་ཁམས་ལ་ཐག་རིང་དུ་འགྲོ་བའི་བཟོ་འདྲ། ལྷག་པར་དུ་གྲོང་ཁྱེར་ནང་བསྡད་མཁན་ཚོ་ཡིན་
ཡང་སྤང་ལྗོངས་དང་རང་བྱུང་ཁམས་ལ་འབྲེལ་བ་བྱེད་ས་མེད་ཙང་གང་ལྟར་སོ་སོའི་ལྷན་སྐྱེས་དགེ་སེམས་བཟང་པོ་དང་ལེགས་པའི་ཆ་ཕྲན་ཙམ་མེད་ཀྱང་དེ་ལ་བདག་སྐྱོང་དང་རྩ་ཆེན་བརྩིས་པ་དང་། མདོར་ན། གཞན་ལ་ཕན་ཐོགས་པའི་མི་བཟང་པོ་ཞིག་བྱས་ན་གཞི་ནས་སོ་སོའི་མི་ཚེ་དོན་དང་ལྡན་པ། སྙིང་པོ་དང་ལྡན་པ། འབྲས་བུ་ཡོད་པ་ཞིག་ཡོང་ཐུབ་ཀྱི་ཡོད་རེད་ཅེས་བསམ་གྱི་འདུག
དེ་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་བརྒྱད་པའི་གོ་སྒྲིག་ཚན་པའི་ལས་བྱེད་དང་། དྭང་བླངས་ཞབས་ཞུ་བ་རྣམ་པ་དང་། དགུ་བརྒྱའི་དུས་དྲན་གྱི་གོ་སྒྲིག་ཚོགས་ཆུང་། བཀའ་བརྒྱུད་སྨོན་ལམ་ཐེངས་ཉེར་བརྒྱད་པའི་སྦྱིན་བདག་རྣམ་པ། བཀའ་བརྒྱུད་རྒྱལ་བ་ཡབ་སྲས་དབུས་པའི་དགེ་འདུན་པ་རྣམས། དགེ་ལྡན་དང་རྙིང་མ་ས་སྐྱའི་དགོན་སྡེ་ཁག་ནས་ཕེབས་པའི་གྲྭ་བཙུན་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་རྣམས། རྡོར་གདན་མཆོད་རྟེན་དོ་བདག་པ་རྣམ་པ་རེ་རེ་ནས་ཐུགས་རྗེ་ཆེ་ཞུའི་བཀའ་སློབ་སྩལ།
གྲོགས་པོ་སྐུ་དགའ་ཡག་པོ་རེད་སོང་། འདི་ཡང་ཁོས་རྩོམ་པ་མ་རེད། གཏམ་བཤད་པ་གཞན་དཀོན་མཆོག་ཕྲིན་ལས་ནས་བྲིས་པ་རེད། སི་སྟུས་བྱམས་ཆོས་སྡེ་ལྔ་དབྱིན་ཡིག་ཐོག་ལ་བསྒྱུར་ཐབས་བྱས་ནས་བྱམས་མགོན་སི་སྟུ་པར་དང་མཚན་རྟགས་བཀོད་པ་དེ་ཚོ་ངོ་མ་བོད་བརྒྱུད་ནང་བསྟན་ལ་ཤ་མ་ཚ་བ་རེད། ཁྲ་འགུའི་དཔེ་མཛོད་ཁང་སོགས་ནས་གུ་བཀྲ་དང་བུ་སྟོན་སོགས་ཀྱི་ཆོས་འབྱུང་དང་མཁྱེན་ཀོང་མཆོག་གླིང་གསུང་སོགས་དང་།ས་སྐྱ་དང་དགེ་ལུགས་སོགས་དཔེ་དེབ་རྩ་ཆེན་པོ་ཚང་མ་ཀུན་གྱི་རྒྱབ་ཤ་ཀརྨ་པ་མཁྱེན་ནོ་ཟེར་ནས་གཡོ་འཕྲུལ་སྡུག་པའི་ལས་ངན་དེ་ཚོ་མཐོང་སོང་ངམ། མདོར་ན་སི་ཀར་གྱི་རང་རྩོམ་ངོ་མ་དང་རྣམ་ཐར་རེ་བོད་ཡིག་ཐོག་ཡོད་ན་འདིར་བཀོད་ན་ཡག་པོ་འདུག འགའ་རེས་ངོས་ནས་སི་ཀར་ལ་སྡང་གི་འདུག་ཟེར་ཀྱང་བདེན་པ་གཏན་ནས་མ་རེད། འགའ་རེས་རྫུན་བསྟོད་ནས་གཡོ་སྒྱུས་དྲུང་ནས་ཞབས་འདྲེན་པ་ལས་ངོས་མ་བཟང་མོས་ཁ་ཏ་དང་བཀའ་སྐྱོན་ལས་གང་ཡང་མིན་ནོ། xxxxx
པདྨའི་སྐད་ཆ་ལ་དོན་སྙིང་ཅི་ཡང་མེད། ཁོས་ཞྭ་དམར་ཀརྨ་པའི་གསུང་ཞིག་བསྒྱུར་ཡོད་ན་སྔག་བརྗོད་ནམ་མཁར་མི་ཤོང་བ་ཞིག་བྱེད་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་རེད། མི་འདི་དང་འདི་ལྟ་བུ་དག་གིས་བསྒྱུར་མཁན་ལ་གཅིག་བཤད་ཁུལ་བྱས་ཀྱང་དོན་ངོ་མ་བསྒྱུར་བྱ་དེ་སུས་གསུང་མིན་ལ་ལྟ་ནས་སྐད་ཆ་བཤད་པ་ལས། འགྱུར་གྱི་ངོ་བོ་ལ་ལྟ་ཐུབ་པའི་རྣམ་དཔྱོད་མེད་པ་ཧ་ཅང་གསལ་པོ་རེད། བསྒྱུར་ཡག་ཉེས་བཤད་པ་ལ་དང་པོ་སོ་སོས་བསྒྱུར་བྱའི་སྐད་ཡིག་དེ་རང་མགོ་ཐོན་པ་ཞིག་ཤེས་དགོས་ཀྱང་མི་འདི་ཚོས་བོད་ཡིག་ཆག་ཐོ་ཞིག་ལས་ཡིག་རིགས་གཞན་ལ་ཤེས་རྒྱ་མེད་པ་གསལ་པོ་རེད།
གོང་དུ་རྒན་ན་ག་ལགས་ཀྱིས་གསུངས་པ་ལྟར་བོད་འགྱུར་འདི་དངོས་གནས་མར་ཀློག་པའི་སྐབས་སུ་བོད་ཡིག་རང་ཐོག་ནས་བརྩམས་པའི་དཔེ་དེབ་ཀྱི་ལེ་ཚན་ཞིག་ཀློག་གིན་ཡོད་པའི་ཚོར་བ་བྱུང་། བོད་འགྱུར་ཟེར་ན་དེ་འདྲ་ཞིག་དགོས། གཞན་མ་གཏོགས་དེང་སང་བོད་འགྱུར་འགའ་ཀློག་ཡོང་དུས་ནས་ཁའི་ནང་གི་ལྕེ་འཕྲོ་བརླག་འགྲི་ཡོང་བསམ་པ་དེ་འདྲའང་ཡོང་གི་འདུག
གོང་དཀར་ངག་རྣམ་གྱིས་ད་བར་དུ་བོད་འགྱུར་ཞུས་པའི་དཔེ་དེབ་མི་ཉུང་བ་ཞིག་ཡོད། དེའི་ནང་ནས་༧གོང་ས་མཆོག་གིས་བདེན་པ་བཞིའི་སྐོར་ “ཆོས་ཀྱི་བདུད་རྩི་” དེ་ཧ་ཅང་ལེགས། ཁོང་ལ་སྙིང་ནས་བཀྲིན་ཆེ་ཞུ་བ་དང་། མུ་མཐུད་ནས་བོད་འགྱུར་གང་མང་ཡོང་བའི་རེ་བ་ཞུ།།