བོན་རྒྱ་བསྟན་འཛིན་རབ་རྒྱས།
ད་ལྟའི་གནས་སྐབས་ནི་ཨང་ཀི་བརྒྱད་ཀྱི་མཚོན་དོན་ལ་རྩོད་པ་ངར་ཤུགས་ཀྱིས་འགྲོ་བའི་སྐབས་ཤིག་རེད། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ། ཨང་ཀི་བརྒྱད་ཀྱི་ཕྱི་ནང་མཚོན་ཐབས་ཡོངས་སུ་ཤེས་པ་དག་ནི་རྩོད་ར་འདིར་ཞུགས་ཀི་མེད་པ་མ་ཟད། རྣམ་རྟོག་གིས་ཟས་ཤིང་རྨོངས་པ་དག་གིས་དོན་མེད་ལ་ཆོ་ངེ་སྒྲོགས་པའི་སྐབས་ཤིག་རེད། ཡིན་ནའང་། སྐབས་འདིར་འགྲེལ་བརྗོད་སྟབས་བདེ་ཞིག་རྒྱུ་མཚན་ལྡན་པའི་སྒོ་ནས་བཤད་འདོད་བྱུང་སོང་བས་དེ་ལྟར་བཤད་རྒྱུ་ཡིན།
སྤྱིར་བཏང་མཚན་ཉིད་རིག་པའི་དཔྱད་ཐབས་ནས་བལྟས་ན། ཨང་ཀི་བརྒྱད་8ནི། བདེན་དོན་ཟུང་འཇུག་དང་། འབྲལ་བ་མེད་པའི་བརྩེ་དུང་མཚོན་པ་ཅན་གྱི་ཨང་ཀི་ཞིག་རེད། དེ་བཞིན་གོ་རིགས་ཟུང་འཇུག བདེན་དངོས་ཟུང་འཇུག་སོགས་ཀྱང་ཨང་ཀི་འདིས་རིགས་བསྒྲེའི་ལམ་ནས་མཚོན་ཐུབ་པ་ཞིག་རེད། ཨང་རྩིས་ལམ་ནས་(2*2=4)རང་བསྒྱུར་དང་(2+2=4)རང་སྣོན་གང་བྱས་ནའང་ཐོབ་རྟགས་འགྱུར་བ་མེད་པ་ནི་བཞི་རེད། དེའི་ཕྱིར་ཨང་ཀི4ནི། བདེན་དོན་མཚོན་བྱེད་ཀྱི་ཨང་ཀི་བླ་ན་མེད་པ་དེ་རེད། བདེན་དོན་མཚོན་བྱེད་ཀྱི་ཨང་ཀི་4དེ་ཟུང་འཇུག་བྱས་པའི་ཐོབ་འབྲས་ནི་8ཉིན་ཡིན། དེ་ནི་ཨང་ཀི8ཀྱིས་དོན་སྟེང་ནས་བདེན་དོན་ཟུང་འཇུག་མཚོན་སྟངས་རེད།
ཡང་ཆོས་རྣམས་ཀྱི་གནས་ལུགས་བསམ་གྱིས་མི་ཁྱབ་པ་མཚོན་བྱེད་ནི་0ཐིག་ལེ་རེད། དེ་ཡིན་པའི་རྒྱུ་མཚན་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་སྟོང་པ་ཉིད་རེད་ལ། དོན་སྟོང་བ་ཉིད་ཀྱི་དབྱིབས་ནི་ཐིག་ལེ་དང་། དཔེ་ནི་ནམ་མཁའ་རེད། དཔེར་ན། ཟབ་མོ་སྟོང་པ་ཉིད་དང་། རྣམ་མཁྱེན་མཚོན་བྱེད་ཀྱི་ཨང་ཀི་ཞིག་འབྲི་ན་དེ་ལ་0འདི་ལས་གཞན་འབྲི་རྒྱུ་མེད། རྒྱུ་མཚན་ཅི་རེད་ཟེར་ན། དང་པོ་ནི་0ཐིག་ལེ་ཡིས་མཚོན་པ་སླ་ཞིང་། རྣམ་མཁྱེན་ཡང་མཁྱེན་པ་ཀུན་ལས་མཐར་ཐུག་པ་ཡིན་པས། མཐར་ཐུག་ནི་ཀླད་གོར་ལས་ཨང་ཀི་གཞན་ཞིག་གིས་མཚོན་མི་ནུས་སོ། །དཔེར་ན།(0་་་་་་་1་་་་་་་0) གཅིག་ནས་ཡར་བརྩིས་ནའང་ཀླད་ཀོར་ལས་འགྲོ་ས་མེད་ལ་མར་བརྩིས་ནའང་ཀླད་ཀོར་ལས་འགྲོ་ས་མེད། དེའི་ཕྱིར། དོན་དངོས་མཐར་ཐུག་པ་ཀླད་ཀོར་རེད། དེའི་ཆ་ནས་སྟོང་པ་ཉིད་ཀྱིས་གནས་ལུགས་མཚོན་གྱིན་ཡོད། འདི་ཡང་མཚན་ཉིད་རིག་པའི་དཔྱད་ཐབས་ཤིག་རེད། མཐར་ཐུག་པའི་གནས་ལུགས་ཟུང་འཇུག་གིས་ཨང་ཀི་8ཀྱི་དབྱིབས་གྲུབ་ཡོད། བརྒྱད་ནི་མཐར་ཐུག་གི་གནས་ལུགས་མཚོན་པའི་0ཐིག་ལེ་ཟུང་འཇུག་གིས་བྱས་པའི་དབྱིབས་རིས་དེ་ལ་འགྱུར་བ་ཅི་ཡང་མེད། རྒྱུ་མཚན་དེས་ན་བརྒྱད་ནི་མཐར་ཐུག་གི་གནས་ལུགས་ཟུང་འཇུག་དང་། འགྱུར་མེད་ཀྱི་བདེན་དོན་ཟུང་འཇུག་གི་བསྡུས་གཟུགས་ཤིག་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་བདག་གི་ཨང་ཀི8ནི་བླ་ན་མེད་པར་བརྩི་གིན་ཡོད། བདག་གི་འབེལ་རྩོམ་རིག་པའི་བླ་ཨང་ལའང་ཨང་གྲངས་8འདི་འདེམས་ཡོད། རྒྱུ་མཚན་དེའི་ཕྱིར། བདག་གིས་《ཤལ་མ་ལིའི་ཁྲག་སྡོང་》གི་ནང་ངོས་དང་ཕྱི་ངོས་ཀྱི་ཟུར་ལ་ཨང་གྲངས་8ཆེན་པོ་བྱས་ནས་གསལ་ལ་མི་གསལ་བ་རེ་བྲིས་ཡོད། འདི་ལ་ཆོས་ལུགས་རེ་རེ་དང་མཚན་ཉིད་རིག་པའི་དཔྱད་ཐབས་རེ་རེ་བརྒྱུད་ན་ངོ་མཚར་བའི་དཔྱད་པ་གཏོང་རྒྱུ་མང་དུ་ཡོད། ཆོས་ལུགས་ཀྱི་དབང་དུ་བྱས་ནའང་ནང་པ་ཙམ་མིན་པར་ཕྱི་ནང་ཐུན་མོང་ལ་རྟེན་འབྲེལ་གྱི་མཚོན་དོན་ཅན་ཞིག་རེད། དཔེར་ན། ཁ་ཆེ་ལྟ་བུ་ཡིན་ནའང་། དཀོན་མཆོག་སྟོང་པ་ཡིས་མཚོན་གྱིན་ཡོད། དེའི་ཕྱིར་སྟོང་པའི་ནམ་མཁའ་ལ་ཕྱག་འབུལ་བཞིན་ཡོད། རྒྱུ་མཚན་ཁོང་དག་གི་དཀོན་མཆོན་ནི་བླ་ན་མེད་པ་དང་བསམ་གྱིས་མི་ཁྱབ་པ་ཡིན། དེ་ནི་སྟོང་པ་ལས་གང་གིས་མཚོན་མི་ཐུབ། དེའི་ཕྱིར། སྟོང་པའི་དཔེ་ནམ་མཁའ་ལ་ཁོ་ཚོས་ཕྱག་འཚལ་བཞིན་ཡོད།
ཡང་བླུན་པོ་ཁ་ཤས་ཀྱིས་རྒྱ་ལ་བཀྲ་ཤིས་པའི་མཚོན་དོན་ཡིན་ན་བོད་ལ་རྣམ་རྟོག་ཟ་བའི་མཚོན་དོན་ཡིན་དགོས་པར་འདོད་ཀྱིན་ཡོད་ཚོད་རེད་དེ། དེ་ནི་ཕྱོགས་གཅིག་ཚད་མར་སོང་བས་ཕྱོགས་ཀུན་ལ་ཚད་མ་དང་། ཕྱོགས་གཅིག་ལ་འཁྲུལ་བར་སོང་བས་ཕྱོགས་ཀུན་ལ་འཁྲུལ་བར་འདོད་པ་དག་གི་རྣམ་རྟོག་ཙམ་རེད། དེ་ལ་ལྟོས་པ་ཅི་ཡང་མེད་དེ། དཔེར་ན། ཨང་གྲངས་15ནི་རྒྱ་དཀར་ནག་དང་བོད་གསུམ་ཀ་ལ་ལྟོས་བཟང་བའི་གྲངས་ཀ་ཞིག་ཡིན་པ་ལྟ་བུ་རེད། བཀའ་ཁྲི་གསར་བའི་དམ་འབུལ་ཉིན་མོ་ཚེས་བརྒྱད་ལ་འཁེལ་བ་དེས་བོད་ཀྱི་རིག་གཞུང་བརླག་ཡོད་པ་ལྟ་བུ་དང་། རྒྱ་ཡི་རིག་གནས་སྲུང་ཡོད་པ་ལྟ་བུ་རེ་བཤད་ཀྱིན་འདུག་མོད། དོན་ལ་དེ་ལྟ་མིན་པར། སྤྱི་ཟླ་སྤྱི་ཡོངས་ཀྱི་ངོས་འཛིན་ཐོབ་པའི་རིག་གནས་ངོས་ནས་དཔྱད་པ་གཏོང་དགོས་པས་རྒྱ་ནག་ནང་ལ་མར་འགྲོ་དགོས་དོན་མེད་ལ། བོད་པའི་ནང་ལ་ཡར་འགྲོ་དགོས་དོན་ཡང་མེད།
སྤྱིར་བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ངོས་ན་ཨང་ཀིའི་བཟང་ངན་གྱི་སྒོ་ནས་རྟེན་འབྲེལ་ལ་དཔྱོད་པའི་ལུགས་ནི་མེད་ཚོད་ཡིན་ནའང་། ཚེས་བརྒྱད་ནི་ལྷ་ཚེས་ཀྱི་གྲལ་ལ་བརྩིས་ནས་དགེ་བ་འགྱུར་ཆེ་བའི་ཉིན་ཞིག་ལ་ངོས་འཛིན་པ་དང་། ཉིན་དཀར་ནག་དང་བཟང་མི་བཟང་ཡང་བོད་རྩིས་རང་ལ་གཏུགས་ནས་བཤད་པ་ལས་སྤྱི་ཚེས་ལ་བརྟག་ནས་དཔྱད་ལུགས་ཤིག་མེད་དོ། །གང་ལྟར་ཡང་སང་ཉིན་ནི་༸གོང་ས་ཆེན་པོ་དབུ་བཞུགས་ཀྱིས། གངས་རིའི་བུ་རྒོད་སྟག་འདྲ་བ་ཞིག་གིས་རྡོ་རྗེ་དཔའ་དམ་བཞེས་པའི་ཉིན་མོ་ཡིན་པས། སང་ཉིན་ནས་བཟུང་ཉིན་དེ་ནི་བོིད་མི་རིགས་ཀྱི་ལོ་རྒྱུས་ངོས་ལ་འགོད་འོས་པའི་ཉིན་ཞིག་ལ་གྱུར་བ་རེད། དེའི་ཕྱིར། 8ནི་རྒྱ་ཡི་ཅིག་རེད་ཉུག་རེད་ཅེས་པའི་གཏམ་གླེང་དག་ནི་སྙིང་པོ་ཅི་ཡང་མེད་པའི་ཆོ་ངེ་འབའ་ཞིག་རེད་དོ། །
སྤྱིར་བཏང་རྒྱ་ནག་གིས་8 ནི་བཀྲ་ཤིས་པའི་ཉིན་ཞིག་ལ་ངོས་འཛིན་གྱིན་ཡོད་ནའང་། 2008 ནས་བཟུང་རྒྱ་ནག་གིས་8ནི། དོན་མི་འགྲུབ་པ་དང་ཁ་མཆུ་མང་པོ་ཕོགས་སའི་ལྟོས་ཤིག་ལའང་དོགས་པ་ཟ་བཞིན་ཡོད་པ་རེད། དཔེར་ན། 2008ལོའི་ལོ་གསར་སྐབས་རྒྱ་ནག་ལ་གངས་བརྒྱབས་ནས་ལོ་སར་མཇལ་འཛོམས་ཀྱི་འགྲོ་ལམ་བཅད་དེ་མིོ་སེར་བརྒྱ་ཕྲག་ལྷག་གི་ཚེ་སྲོག་ཤོར་ཞིང་མི་སེར་ས་ཡ་ཁ་ཤས་ཀྱི་འཚོ་གནས་ལ་བར་ཆད་བྱུང་ཏེ་ཨ་སྒོར་ཐེར་འབུམ་མང་པོའི་གྱོང་གུད་བྱུང་བ་དང་། 2008 ལོའི་ཨོ་ལིམ་པིག་གི་དཔལ་འབར་སྐོར་སྐྱོད་སྐབས་ལ་མེ་གསོད་པ་དང་སྐམ་མཚོ་གནམ་གསུམ་གྱི་སྟེང་ནས་ངོ་རྒོལ་བྱུང་སྟེ་རྒྱལ་སྤྱིའི་སྟེང་ཁ་དམེ་སྣ་ཚོགས་བྱུང་བ་དང་། རྩེད་འགྲན་དངོས་ཀྱི་མཛད་སྒོ་སོགས་ཀྱི་སྐབས་སུའང་རྫུན་རྐུབ་མང་དུ་བརྡོལ་བ་མ་ཟད། རྩེད་འགྲན་གྲོལ་རྗེས་དོམ་འོག་ལ་རྡིབ་ཚར་བ་དང་། ཡང་2008 ལོར་བུན་ཁྲོན་གོད་ཆག་གིས་ཀྱིས་མི 87000 ལྷག་གི་ཚེ་སྲོག་འཕྲོག་པ་དང་། བྱིས་པའི་ནད་ཡམས་ཀྱིས་བྱིས་པ་མང་པོའི་ཚེ་སྲོག་ཁྱེར་ཞིང་དཔལ་འབྱོར་ལ་གྱོང་གུད་ཐེབས་པ་དང་།
ཡང་ 2008 ལོར་བོད་ས་ཀུན་ནས་ཞི་བའི་གྱེན་ལངས་བྱས་ཏེ་འཛམ་གླིང་སྒུལ་བ་དང་། རྩ་ཁྲིམས་08 དྲ་ཐོག་ནས་འུར་གྱིས་ལངས་པ་སོགས་2008 ལོར་རྒྱ་ནག་སྲིད་གཞུང་ལ་བཀྲ་མི་ཤིས་པ་རུ་འཛིང་ནས་བྱུང་རྐྱེན། མཐའ་ཨང་8 ཅན་ལ་སྤེལ་བའི་བོད་ཀྱི་ངོ་རྒོལ་ཁག་ནི་ནུས་པ་ཅན་དང་གཟབ་གནས་བྱ་དགོས་པ་ཞིག་ལ་ངོས་འཛིན་བཞིན་ཡོད་པ་རེད། དེའི་ཕྱིར་བློ་སེང་གིས་8 གཉིས་ཟུང་ལྡན་གྱི་ཉིན་མོ་ཞིག་དམ་འབུལ་གྱི་ཉིན་མོར་བདམས་པ་དེ་ནི་རྒྱ་ནག་གིས་བཀྲ་ཤིས་པར་བརྩི་བའི་བཤད་སྟངས་ཙམ་ཞིག་ལ་གཞི་བྱས་ནས་ཐེ་ཚོམ་མེད་པར་ཐག་བཅད་པ་ཞིག་ནི་གཏན་ནས་ཡིན་མི་སྲིད་དོ། །
བོད་པ་རང་གི་ལོ་རྒྱུས་ངོས་ནས་བལྟས་ནའང་མཐའ་ཨང་བརྒྱད་ཅན་གྱི་ལོ་ཟླ་གྲངས་མེད་པ་ཞིག་ནི། བོད་མི་རིགས་ཀྱི་སེམས་ཁོང་ནས་ནམ་ཡང་ཡལ་བ་མེད་པར་དྲན་གསོ་ཞུ་ཡུལ་ཤ་སྟག་ལ་གྱུར་ཡོད་དེ། དཔེར་ན། སྤྱི་ལོ་1038ལོར་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་བསམ་ཡས་གཙུག་ལག་ཁང་གི་བར་ཁང་གི་ཀ་བའི་གཟེབ་ནས་《རྒྱུད་བཞི་》གཏེར་ནས་བཞེས་པ་དང་། 1048ལོར་ཇོ་བོ་རྗེས་ལྷ་ས་གཙུག་ལག་ཁང་གི་ཀ་བའི་གསེབ་ནས་《བཀའ་ཆེམས་ཀ་ཁོལ་མ་》དང་། 《བློན་པོས་བཀོད་པའི་ཟླ་བ་འོད་འཇོ།》 《བཙུན་མོས་བཀོད་པའི་དར་དཀར་གདལ་བ་》བཅས་གཏེར་ནས་བཞེས་པ་དང་། 1098 ལོར་གླིང་གེ་སར་འཁྲུངས་པ་དང་།(བདུད་འཇོམས་རིན་པོ་ཆེ་སྔ་འགྱུར་ཆོས་འབྱུང་ནང་གསལ) 1288 ལོར་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་བ་རང་བྱུང་རྡོ་རྗེ་ཀརྨ་པ་པཀྴི་རིན་པོ་ཆེའི་ཡང་སྲིད་དུ་ངོས་བཟུང་ནས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཐོག་མར་བྱུང་བ་དང་། 1388 ལོར་རྗེ་ཙོང་ཁ་པས་《ལེགས་བཤད་གསེར་ཕྲེང་》མཛད་པ་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་《རྒྱལ་རབས་གསལ་བའི་མེ་ལོང་》མཛད་པ་དང་། 1688 ལོར་སྡེ་སྲིད་སངས་རྒྱམ་གྱིས་《བཻཌཱུརྱ་གཡའ་སེལ་》དང་། 《བཀའ་འགྱུར་དཀར་ཆག་》མཛད་པ་དང་། 1888 ལོར་དབྱིན་བོད་དམག་འཁྲུག་བྱུང་བ་དང་། 1938 ལོར་པན་ཆེན་སྐུ་ཕྲེང་བཅུ་པ་སྐུ་འཁྲུངས་པ་དང་། 1948 ལོར་བོད་གཞུང་གི་ཕྱི་བསྐྱོད་ལག་འཁྱེར་ཐོག་བོད་གཞུང་གི་ཚོང་དོན་སྐུ་ཚབ་ཨ་རི་དང་དབྱིན་ཡུལ་སོགས་ལ་འབྱོར་བ་དང་། 1958 ལོར ༸གོང་ས་མཆོག་གིས་སེ་འབྲས་དགེ་གསུམ་ལ་གྲྭ་སྐོར་དམ་བཅའ་བཞག་པ་དང་། མདོ་སྟོད་སྨད་དུ་རྒྱ་དམར་གཞུང་ལ་དྲག་པོའི་གྱེན་ལངས་རིམ་པར་བྱས་ཤིང་། བོད་བསྟན་སྲུང་དང་བླངས་དམག་སྒར་གསར་དུ་བཙུགས། 1968 ལོར་པན་ཆེན་རིན་པོ་ཆེ་བཙོན་ལ་བཀགས་ཤིང་ལྷོ་ཁ་ཕྱོགས་ནས་གྱེན་ལངས་གཞི་རྒྱ་ཆེ་བ་བྱས། 1978ལོར་བོད་ཀྱི་རྒྱལ་གཅེས་བཙོན་མ་མང་པོ་ཞིག་གློད་གྲོལ་གྱི་འགོ་བརྩམས། 1988 ལོར་༸གོང་ས་མཆོག་གིས་སི་ཌ་སི་སྦག་གི་གྲོས་འཆར་འདོན་གནང་མཛད་ཅིང་། རྒྱ་ས་ལྷ་སར་གྱེན་ལངས་ཆེན་མོ་བྱས། 1998ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེགས་མཛད་པ་དང་། ཕ་རན་སིའི་སྐུ་ཞབས་Gilles Blan chrd ཡིས་ངས་བོད་མི་རྣམས་རྒྱ་ནག་གི་གཉའ་གནོན་འོག་ནས་ཐར་ཆེད་ཚེ་སྲོག་གི་འགྲོ་གྲོན་བཏང་བ་ཡིན་ཞེས་རང་སྲོག་བློས་བཏང་བ་དང་། 2008 ལོར་བོད་ཕྱི་ནང་གཉིས་ནས་འཛམ་གླིང་ལ་གྲགས་སྐད་ཆེ་བའི་ས་བྱི་ཞི་རྒོལ་ཆེན་མོ་བསླངས་པ་སོགས་སྐྱིད་སྡུག་གཉིས་ཐད་ནས་ནམ་ཡང་དྲན་གསོ་གཏོང་འོས་པའོ་ལོ་ཟླ་མཐའ་ཨང་བརྒྱད་ཅན་ནི་བོད་རང་གི་ལུགས་ལའང་དྲངས་མེད་པ་ཞིག་ཡོད་པས། ཨང་གྲངས་8 ཅན་ཞིག་དམ་འབུལ་གྱི་ཉིན་མོར་བདམས་པ་དེ་བོད་ཀྱི་རིག་གཞུང་ལ་ཀླད་ཀོར་ཡིན་པ་གཏན་ནས་སྒྲུབ་མི་ཐུབ་པོ། །
བོན་རྒྱ་བ་བསྟན་འཛིན་རབ་རྒྱས་ཀྱིས་རང་གི་བློ་གྲོས་ཀྱི་འཆར་སྒོ་ཐུང་ཐུང་ཞིག་རྩོམ་གཏགས་འཇུག་གསུམ་དུས་གཅིག་ཏུ་བྱས་པའོ། །
ཨང་ཀི་‚‚8‚‚ལ་མཚོན་དོན་མང་པོ་ཞིག་ཡོད་ཚུལ་ཡང་དང་བསྐྱར་དུ་གསུངས་པར་དགག་པ་རྩ་བ་ནས་མེད། མ་ཟད་འདས་པའི་ལོ་རྒྱུས་སུ་ཡང་དོན་སྙིང་ཅན་གྱི་ལོ་རྒྱུས་མང་པོ་ཞིག་‚‚8‚‚ཀྱི་དུས་ཚིགས་ལ་ཁེལ་ཡོད་པར་ངོས་ལེན་ཡོད། མ་གཞི་བློ་བཟང་སེང་གེས་བརྒྱད་པའི་བརྒྱད་ལ་དམ་འབུལ་གྱི་དུས་ཚེས་བདམས་པ་ཙམ་ལ་ཡང་དགག་པ་དང་རྣམ་རྟོག་གང་ཡང་མེད། ལར་ནས་ཤེས་དགོས་པ་དེ་བློ་བཟང་སེང་གེས་རྒྱ་མི་དག་གི་རྣམ་རྟོག་གིས་བཟོས་པའི་ངག་རྒྱུན་གྱི་བཤད་སྲོལ་དེ་སྐད་གསེང་མཐོན་པོས་བགྲངས་ནས་རང་ཉིད་དང་བཅས་པའི་བོད་མི་རིགས་ཀྱི་གལ་ཆེ་བའི་ཉིན་མོ་དེ་རྒྱུ་མཚན་དེ་དག་ལ་གཞི་བཅོལ་ནས་ཐག་གཅོད་བྱས་པར་འཐད་པ་རྩ་བ་ནས་མེད། འབྱུང་འགྱུར་གྱི་མི་རབས་གསར་པ་དག་གིས་བལྟས་དུས་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་ངེས་པའི་ཉིན་མོ་དེའི་ངོ་གདོང་ལ་འགོས་པའི་ལད་ཟློས་རང་བཞིན་གྱི་འགྲེལ་བཤད་ཀྱི་དྲི་མ་དག་གིས། ཨང་ཀི་‚‚8‚‚ལ་ལྟས་ལེགས་པའི་མཚོན་དོན་དང་དོན་ལེགས་པའི་བྱུང་བ་ག་ཙམ་ཡོད་ཀྱང་། བློ་བཟང་སེང་གེས་བདམས་པའི་ཨང་ཀི་‚‚8‚‚ནི་དེ་དག་གཏན་ནས་མི་འདྲ་བའི་གཞན་འགྱུར་གྱི་དྲི་མ་རྫོབ་པོ་ཞིག་ཡོངས་སུ་འཐིལ་གྱིན་པའི་ཨང་ཀི་‚‚8‚‚དེ་ཡིན་པ་ལ་བསྙོན་དུ་མེད་དོ།
བློ་སེང་གིས་དམ་འབུལ་དུས་ཚེས་༨ དང་ ༩ དང་ ༩་༩ ལ་བྱས་ཤིང་འགྲེལ་བཤད་རྒྱའི་ལུགས་ལྟར་བརྒྱབ་པ་འདི་ལ་ཆབ་སྲིད་ཀྱི་ངོ་བོ་ངེས་ཅན་ཞིག་ཡོད་པས་ཆབ་སྲིད་ཀྱི་གོ་རྟོགས་ཉི་མོའི་སྐར་མ་ལ་འགྲན་མཁན་དག་གིས་ཅི་ཡང་མི་སྨྲ་བ་ཁ་རོགས་གེར་བསྡད་ན་དགའ་ཚོད་རེད།
འོ་ན་ཆབ་སྲིད་ཀྱི་ངོ་བོ་ཅི་ཞིག་ཡོད་ཅེ་ན་རྒྱ་དམར་གྱིས་འཛམ་གླིང་རྩེ་འགྲན་བྱེད་སྐབས་དུས་ཚེས་ཚང་མ་བརྒྱད་ལ་བདམས་པའི་ཐོག་ནས་འཛམ་གླིང་ཁྱོན་ཡོངས་ལ་རྒྱའི་ཕྱི་ནང་གསང་གསུམ་ངོམ་སོ་བྱས་པ་ནམ་བཞིན། ང་ཚོས་ཀྱང་དེ་དང་ཆ་འདྲ་བ་ང་ཚོས་ཀྱང་ཁོ་ཚོས་བརྩིས་པའི་ཨང་ཀི་ལ་ལེགས་པར་བརྩིས་ནས་བོད་མིའི་གཞུང་གི་སྒྲིག་འཛུགས་འདི་ཉིད་དམངས་གཙོ་ཡང་དག་པའི་ལམ་དུ་བསྐྱོད་བཞིན་པའི་བརྡ་དེ་ཉིད་གཏོང་བ་ཡིན།
དཔེར་ན་ཕ་རོལ་པ་ལ་གནོད་བྱེད་ཀྱི་རིགས་པ་ཆོད་ཆེན་པོ་ཞིག་གཏོང་བ་ལ་ཁོ་རང་གི་ཁས་ལེན་པ་ཞིག་མཐུན་དཔེ་རུ་བྱས་བྱེད་དགོས་པ་ནི། ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་མེད་མཐུ་མེད་ལས་གཞན་དུ་རང་གི་ལུགས་ཁོ་ནས་ཕ་རོལ་པོ་ལ་གང་ཡང་གནོད་མི་ནུས་སོ།
སྐད་ཆ་བཤད་ལ་གནད་ལ་ཁེལ་དགོས་པ་ལས་དོན་མེད་ཚིག་རྙོག་སྤེལ་ན་དགོས་པ་ཅི་ཡང་མེད།
མདོར་ན་བོན་རྒྱ་བསྟན་འཛིན་རབ་རྒྱས་སོགས་ཅོལ་ཆུང་ཚོས་ཉོན།
༡) བཀའ་ཁྲི་གསར་པའི་ཁྲི་འདོན་གྱི་ཉིན་མོ་འདི་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་རེད། དེས་ན་དེས་བོད་གཞིས་བྱེས་མི་དམངས་ལ་ལ་རྒྱའི་སེམས་ཤུགས་ཤིག་སྤྲོད་ཐུབ་དགོས་སམ་མི་དགོས། དགོས་ན་བྱབ་ཆུང་གི་སྐད་ཆ་པཱ་པཱ་ཅུའུ་ཅུའུ་སོགས་བདམས་པ་ཡིན་ཟེར་ནས་བོད་མི་ཚོར་གཉའ་ཆག་འཇུག་དགོས་དོན་ཅི་རེད།
༢)བློ་བཟང་སེང་གེས་རྒྱ་ལུགས་ཀྱི་ཨང་ཀིར་འཛིན་པའི་ལྟ་ཚུལ་ལྟར་འགྲེལ་བཤད་དང་བཅས་དངོས་སུ་བཤད་ཡོད་ན། འདིར་འབྲེལ་མེད་དོན་གཞན་གྱི་ཨང་ཀི་བརྒྱད་པའི་མཚོན་དོན་མང་པོ་ཞིག་ཤོད་པ་ཅི་རེད། སུ་ཞིག་གིས་ཨང་ཀི་བརྒྱད་པར་མཚཽན་དོན་གཞན་མེད་ཚུལ་དང། ལོ་རྒྱུས་ཀྱི་གནས་ཚུལ་འགའ་རེ་ཨང་ཀི་བརྒྱད་པ་ཁེལ་སྐབས་བྱུང་མི་འདུག་ཅེས་ལབ་ཀྱི་འདུག འདི་ནི་མི་རིགས་རིག་གནས་ལ་ངོས་འཛིན་གྱི་གནད་དོན་དང་། མི་ལ་བླ་སྲོག་ཡོད་མེད་ཀྱི་གནད་དོན་རེད།
༣) བཀའ་ཁྲིར་བཞུགས་རྗེས་བློ་བཟང་སེང་གེ་རང་ཅག་ཚང་མའི་མང་བསྐོས་དཔོན་པོ་རེད། དེས་ལ་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་དང་དགོས། ཡིན་ནའང་རྒྱབ་སྐྱོར་བྱེད་མ་ཤེས་པར་ཁོ་སྐྱག་ལངས་བཏང་ན་ཁོ་བ་མ་ཟད་བོད་རིགས་སྤྱི་ལའང་གྱོང་རག་གི་རེད། རྣམ་དཔྱོད་ཡོད་པའི་རྒྱབ་སྐྱོར་བྱེད་དགོས། དངོས་གནས་ཁོ་ལ་རྒྱབ་སྐྱོར་བྱ་འདོད་ན། སྤམ་པོ་དང་ལ་རྒྱ་ཡོད་པའི་མི་ཞིག་གནང་རོགས་ཞེས་རེ་སྐུ་འདོན་དགོས་པ་རེད།
སྐད་ཆ་བཤད་ན་གནད་ལ་ཁེལ་དགོས་པ་ལས་དོན་མེད་ཚིག་རྙོག་སྤེལ་ན་དགོས་པ་ཅི་ཡང་མེད།
མདོར་ན་བོན་རྒྱ་བསྟན་འཛིན་རབ་རྒྱས་སོགས་ཅོལ་ཆུང་ཚོས་ཉོན།
༡) བཀའ་ཁྲི་གསར་པའི་ཁྲི་འདོན་གྱི་ཉིན་མོ་འདི་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་རེད། དེས་ན་དེས་བོད་གཞིས་བྱེས་མི་དམངས་ལ་ལ་རྒྱའི་སེམས་ཤུགས་ཤིག་སྤྲོད་ཐུབ་དགོས་སམ་མི་དགོས། དགོས་ན་བྱབ་ཆུང་གི་སྐད་ཆ་པཱ་པཱ་ཅུའུ་ཅུའུ་སོགས་བདམས་པ་ཡིན་ཟེར་ནས་བོད་མི་ཚོར་གཉའ་ཆག་འཇུག་དགོས་དོན་ཅི་རེད།
༢)བློ་བཟང་སེང་གེས་རྒྱ་ལུགས་ཀྱི་ཨང་ཀིར་འཛིན་པའི་ལྟ་ཚུལ་ལྟར་འགྲེལ་བཤད་དང་བཅས་དངོས་སུ་བཤད་ཡོད་ན། འདིར་འབྲེལ་མེད་དོན་གཞན་གྱི་ཨང་ཀི་བརྒྱད་པའི་མཚོན་དོན་མང་པོ་ཞིག་ཤོད་པ་ཅི་རེད། སུ་ཞིག་གིས་ཨང་ཀི་བརྒྱད་པར་མཚཽན་དོན་གཞན་མེད་ཚུལ་དང། ལོ་རྒྱུས་ཀྱི་གནས་ཚུལ་འགའ་རེ་ཨང་ཀི་བརྒྱད་པ་ཁེལ་སྐབས་བྱུང་མི་འདུག་ཅེས་ལབ་ཀྱི་འདུག འདི་ནི་མི་རིགས་རིག་གནས་ལ་ངོས་འཛིན་གྱི་གནད་དོན་དང་། མི་ལ་བླ་སྲོག་ཡོད་མེད་ཀྱི་གནད་དོན་རེད།
༣) བཀའ་ཁྲིར་བཞུགས་རྗེས་བློ་བཟང་སེང་གེ་རང་ཅག་ཚང་མའི་མང་བསྐོས་དཔོན་པོ་རེད། དེས་ལ་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་དང་དགོས། ཡིན་ནའང་རྒྱབ་སྐྱོར་བྱེད་མ་ཤེས་པར་ཁོ་སྐྱག་ལངས་བཏང་ན་ཁོ་བ་མ་ཟད་བོད་རིགས་སྤྱི་ལའང་གྱོང་རག་གི་རེད། རྣམ་དཔྱོད་ཡོད་པའི་རྒྱབ་སྐྱོར་བྱེད་དགོས། དངོས་གནས་ཁོ་ལ་རྒྱབ་སྐྱོར་བྱ་འདོད་ན། སྤམ་པོ་དང་ལ་རྒྱ་ཡོད་པའི་མི་ཞིག་གནང་རོགས་ཞེས་རེ་སྐུ་འདོན་དགོས་པ་རེད།
ཨ་ཙི་ཨ་ཙི། བོན་རྒྱ་ལགས། ད་་ཁུངས་མེད་ལུང་མེད་ཀྱི་ཨང་གི་འགྲེལ་བ་མ་བྱེད། བོད་ཀྱི་ཨང་གི་བརྒྱད་པ་ཡང་ངོས་ཟིན་མི་འདུག་གྰ། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་ན་རོ་ཕྲད་བཞག་གི་ཨང་གི་བརྒྱད་པ་དེ་མི་ཤེས་སམ། འདི་རེད་༨། ཐོག་མར་བོད་ཡིག་དང་བོད་ཀྱི་ཨང་ཀིའི་འབྱུང་ཁུངས་ཤེས་ནས་བཟོད་བོད་ཀྱི་སྲོལ་རྒྱུན་ལ་གོང་འཕེལ་གཏོང་ན་བཟང་། དེ་མིན་མིག་གཉིས་ཡོད་པ་དང་སྣ་གུང་གཉིས་ཡོད་པ་རྣ་ཅོ་གཉིས་པ་དང་སྐྱག་ཁུང་གཅིག་ཡོད་པའི་རྒྱུ་མཚན་བཞིན་ཀུན་གྱིས་ཤེས་གསལ་རེད་ལ། ད་སྔོན་གྱི་མཁས་ལ་ལ་བཞུགས་ན་མཛེས་སོ། །དོན་མེད་འུར་ཀི་མ་འདུག་ལོ།
བོན་བརྒྱ་བསྟན་འཛྀན་རབ་རྒྱས་ཀྱིས་ཡག་པོ་གླེང་འདུག ཐུགས་རྗེ་ཆེ། ཤེས་ནས་སྨྲ མཁན་ཉུང་ཞིང་། མ་ཤེས་ནས་གླེང་མཁན་ཉུང་བའི་སྐབས་འདིར། ཤེས་མཁན་ཚོས་ཁ་རེ་གྲག་དགོས་པ་གལ་ཆེན་པོ་རེད། ད་ནི་ང་ཚོས་བཀའ་ཁྲི་གསར་པ་གོང་བཀུར་དང་ཁོང་གི་ཕྱག་ལས་གནང་རིམ་ལ་རྒྱག་གཅིག་མཆོང་གཅིག་གིས་རོགས་འདེགས་བྱེད་དགོས་པ་ལས་ལྷག་པའི་གལ་ཆེ་བ་ཞིག་མེད། དེ་ཚང་མས་ཡིད་ལ་འཛིན་དགོས་པའང་གནད་འགག་ཆེ།
ཨང་གྲངས་བརྒྱད་པ་འདི་ལྟས་ངན་པ་མཚོན་བྱེད་གང་ཡང་མ་རེད། དེས་ན། ས་དཔྱད་ཀྱི་གཞུང་དག་ན། གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་བཀྲ་ཤིས་རྟགས་བརྒྱད་ཅེས་ས་དབྱིབས་ཀྱི་དབང་གིས་གནམ་དེ་འཁོར་ལོ་རྩིབས་མ་བརྒྱད་ཅན་དུ་སྣང་བ་ལེགས་པར་བརྩི་བ་དང་། དེ་བཞིན་ཁོར་ཡུག་གི་ཆགས་སྟངས་གང་ཞིག་བཀྲ་ཤིས་རྟགས་བརྒྱད་དང་དབྱིབས་མཚུངས་ཀྱི་གྲངས་ཚང་བྱུང་བ་ལེགས་པར་བརྩི་བ། ཡང་ན། བགྲང་ཕྲེང་སོགས་ལ་བརྒྱ་དང་བརྒྱད་ཀྱི་གྲངས་སུ་བྱས་ཏེ། བརྒྱད་དེ་བཀྲ་ཤིས་པའི་རྟགས་སུ་བྱེད་པ་ནས། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལ་ཡལ་འདབ་བརྒྱ་དང་བདུན་དེའི་སྟེང་ལ། གཅིག་བསྣན་པས་བཀྲ་ཤིས་པའི་གྲངས་ཚང་ངུ་གྱུར་པ་གསལ་བ་བཅས་ལ་བསམ་པས། བརྒྱད་པ་འདི་བོད་ལྟར་ན་བཀྲ་མི་ཤིས་པ་མཚོན་རྟགས་ཤིག་ཆགས་ཀྱི་ཡོད་པ་མ་རེད། ད་རེས་བཀའ་ཁྲི་གསར་པས་༼པཱ་པཱ༽༼ཅིའུ་ཅིའུ་ཅིའུ༽ལབ་པ་དེས། འགྲེལ་བཤད་དེ་འཕྲེད་ལ་ཤོར་བཅུག་པ་ལས། རྣམ་རྟོག་བྱེད་དགོས་པ་དང་། བོད་ཀྱི་སེམས་ཁམས་དང་རིག་གཞུང་གི་འགྲོས་ལ་ཐན་རྟགས་ནི་གང་ཡང་མིན་པ་རེད།
བོན་རྒྱ་བ་དང་མི་ནག་མདུང་ཐུང་སོགས་ཀྱིས་སྐད་ཆ་བཤད་པ་ཡག་པོ་རེད། ང་ཚོས་གླེང་སྟངས་ཤེས་ན་ཡག་གི ང་ཚོས་བརྒྱད་འདི་གང་ལ་ཡོད་སར་བཙལ་ནས་ཕྱིན་པ་དང་། སྐུ་ཞབས་བློ་སེང་གིས་བརྒྱད་ལ་འགྲེལ་བ་གནང་སྟངས་གཉིས་ཀ་རྦད་དེ་ཁ་ཁ་རེད། སུས་ཀྱང་ཨང་ཀི་བརྒྱད་གང་དུ་ཡོད་མེད་སྐད་ཆ་དྲིས་ཡོད་པ་མ་རེད། མདོ་དོན་ཨང་ཀི་བརྒྱད་ལ་རྩིས་འདང་ཆེ་ལུགས་ཆེ་སྟངས་དེ་རྒྱ་ནག་གི་བཞེད་ཕྱོགས་ཁོ་ནའི་སྟེང་སྐུ་ཞབས་བློ་སེང་འབབ་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་པ་འདི་རེད།
སྐད་ཆ་འདི་ཞེན་ཁོག་དང་། སྲིད་དོན་ཚིག་འགྲོས་ནས་གླེང་དགོས་སྟབས། ཁྱེད་ཚོ་དག་གིས་བརྒྱད་གང་ཐོབ་བཙལ་ནས་སོང་བ་འདི་ལས་ཀ་ལྷག་མ་རེད། འོ་ན། བོད་ཀྱི་མཁས་གྲུབ་ཚོའི་འཁྲུངས་འདས་ལོ་ཚུགས་རབ་གསལ་མེ་ལོང་ལས་ཨང་ཀི་ཚང་མ་ཡར་མར་གང་དུའང་སྦྱར་ཆོག་ཆོག་རེད། གང་དུ་འགྲེལ་འགྲེལ་རེད། དེ་བས་ཁྱེད་ཅག་གིས་གནད་དོན་གླེང་མི་ཤེས་ན་མ་བཤད་ནའང་འགྲིག་གི་རེད། མདོ་དོན་ཆབ་སྲིད་ཟེར་བ་འདི་མི་ཚང་མས་བཤད་ན་ཤོད་འགྲོ་བ་ཞིག་ཡིན་རྒྱུ་མ་རེད་སྙམ།
རྒྱ་ནག་གི་ཅིག་ཡིན་ན། བོད་ལ་རྣམ་རྟོག་ཟ་བྱེད་ཡིན་དགོས་པ་མ་རེད། མདོ་སྨད་ཁུལ་ན། ཙིན་ཐར་རྒྱལ། ཁོན་ཐར་ཚེ་རིང་། ཟོན་ཐར་སྐྱིད་སོགས་ཀྱི་མིང་འདོགས་པ་འདི་ཡང་། རྒྱ་ནག་གི་རིག་གཞུང་རེད། བོད་ཀྱི་རྩིས་པ་དག་གིས་བོད་ཀྱི་སྤྱི་ཚོགས་ལ་ལམ་སྟོན་བྱེད་པར་ཡང་། སྤར་ཁ་ཟེར་བ་ཞིག་ལག་ངོ་ནས་བརྩི་ཚུལ་དེ་ཡང་རྒྱ་ནག་གི་རིག་གཞུང་རེད། དེ་ཚོར་རྣམ་རྟོག་བྱེད་ཀི་མེད་ག ཡང་། རིན་ལང་རྒྱལ། བུན་ཁྲང་སྐྱིད་ལྟ་བུ་རྒྱ་ལྷའི་མིང་གིས་འདོགས་པའང་ཡོད་པ་རེད། རིག་གཞུང་གི་ཤན་ཤུགས་ནི་འགོག་ཐབས་མེད་པ་རེད། དེ་བཞིན་གྲངས་ཀ་བརྒྱད་འདི་བོད་པས་རྣམ་རྟོག་བྱ་ཡུལ་ཁོ་ན་ཞིག་ཀྱང་མ་རེད། ལྟས་ངན་པ་མཚོན་བྱེད་ལ། མི་འཛོམས་དགུ་འཛོམས་ཞེས་དང་། མི་ལས་དགུ་ལས་སོགས་ཟེར་སྲོལ་ཡོད་པ་རེད། ད་གང་ལྟར། བཀའ་ཁྲིས་རྒྱ་སྐད་བརྒྱབ་དང་། བཀའ་ཁྲིས་རྒྱ་ཡི་རིག་གཞུང་འཁྱེར་ཡོང་ནས་འགྲེལ་བཤད་ཅིག་བྱས་པ་ཙམ་རེད། ལྟས་ངན་རྣམ་རྟོག་ཟ་དགོས་པ་ཞིག་སྟོན་དགོས་ན། ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བཤིག་གི་སྐད་ཆ་སྤེལ་ན་དེ་ལྟས་ངན་པ་རེད།
བོད་ཀྱི་བདེན་བའི་དོན་དངོས་རྣམས།།
རྒྱ་ནག་སྲོལ་ལ་ཟུང་འཇུག་ནས།།
གཞིས་བྱེས་བོད་མིའི་རེ་འདུན་དེ།།
གཅིག་མེད་ཐིག་ལེའི་དབྱིངས་སུ་བཀོད།།
ཅེས་མཚན་ཉིད་གཞུང་ལུགས་ནང་མཚོན་སྟངས་དེ་བོན་རྒྱ་ལགས་ནས་གསལ་བོར་འགྲེལ་གནང་བརྗོད་པ་བཞིན་རེད།བློ་སེང་གིས་རང་ཉིད་དཀའ་ཁྲིར་ཐོབ་ཆེད་ཆབ་སྲིད་ཀྱི་ཁ་གཡང་སྙན་མོ་ཞིག་འུར་བསྒྲོགས་བྱས་པ་དེ་རྩ་དོན་བཞི་རེད།༢༠༡༡ཟླ་༨་བའི་ཚེས་༨་ཀྱི་ཉིན་མོ་ནས་བཟུང་།ཁོང་གིས་བཤད་པའི་རྩ་དོན་རྣམས་གཅིག་ཆད་གཉིས་ཟད་ཀྱིས་མཐའ་མར་གཅིག་མེད་ཐིག་ལེ་རུ་འགྱུར་རྒྱུ་ཡིན་པ་ང་ཚོས་སྔ་ས་ནས་ཤེས་ན་བཟང་།
དེ་འདྲ་མ་རེད།
༧གོང་ས་མཆོག་གིས། ༼ ཁྱེད་རང་ཚོ་ཁ་ཤས་ཤིག་གིས་ཕལ་ཆེར་ཤེས་རྒྱུ་རེད། ༢༠༠༡ ལོ་ནས་ང་ཚོའི་ཆབ་སྲིད་ཀྱི་འགན་དེ་འོས་བསྡུ་བྱས་པའི་མི་དེས་ཡོངས་སུ་ཁུར་ནས་ཕྱིན་པ་རེད། ལོ ༡༠ ལྷག་ཅིག་ཕྱིན་པ་རེད། དེའི་རིང་དེར་ངོས་ཀྱི་གནས་སྟངས་ཕྱེད་རྒན་ཡོལ་ཆགས་བསྡད་ཡོད་པ་རེད། ཕྱེད་རྒན་ཡོལ་གྱི་གནས་སྟངས་ཡིན་ཞེས་ངོས་ནམ་རྒྱུན་བཤད་བསྡད་ཡོད། ཁྱེད་རང་ཚོ་ཁ་ཤས་ཀྱིས་གོ་མྱོང་ཡོད་པ་རེད།
ད་ད་ཆ་རྒན་ཡོལ་ཆ་ཚང་ཙམ་དུ་མ་ཟད་པའི་ལོ་རྒྱུས་ལ་འགྱུར་བ་ཆེན་པོ་ཞིག་བཏང་བ་ཡིན། དེའང་དགའ་བཞིན་སྤྲོ་བཞིན་སྤོབས་པའི་ངང་ནས་བཏང་བ་ཡིན། ད་ང་ཚོའི་ད་ལོའི་འོས་བསྡུ་བྱས་ནས་ཐོབ་པའི་མི་གསར་བ་བློ་བཟང་སེང་གེ་འདིར་སླེབས་བསྡད་ཡོད་པ་རེད། སྐྱེས་ས་རྒྱ་གར་དུ་སྐྱེས། འཚར་ལོངས་ཀྱང་རྒྱ་གར་དུ་བྱུང་། ཐོག་མ་ང་ཚོའི་བོད་གཞུང་གི་སློབ་གྲྭའི་ཁོངས་སུ་སློབ་སྦྱོང་བྱས། དེ་ནས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དང་། དེ་ནས་ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་བཅས་སུ་སློབ་སྦྱོང་བྱས་ཏེ་དེང་དུས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཆགས་བསྡད་ཡོད།
ད་བོད་ཡིག་ཡག་ཉེས་གང་འདྲ་ཡོད་མེད་གཞི་ནས་རྒྱུགས་ལེན་དགོས་པ་རེད། གང་ལྟར་ངོས་རང་ཡིད་ཆེས་གཙང་མ་ཡོད། དངོས་གནས་རང་འགན་ཁུར་ཐུབ་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ༽ ཅེས་བཀའ་སྩལ་འདུག
ཉེ་སྔོན་ཨ་རིར་༧གོང་ས་མཆོག་དང་དྲུང་ཆེ་ཚེ་རྒྱམ། སྐད་བསྒྱུར་མཁས་པ་ཐུབ་བསྟན་སྦྱིན་པ་བཅས་ཀྱིས་རྒྱ་རིགས་གྲོགས་པོ་སྐོར་ཞིག་ལ་མཇལ་འཕྲད་སྐབས། ༧གོང་ས་མཆོག་གིས་འོས་ཐོབ་བཀའ་ཁྲི་སྐུ་ཞབས་བློ་སེང་ངོ་སྤྲོད་གནང་བ་ཞིག་འདིར་དྲངས་ཡོད།
དྲ་གྲོགས་རྣམས་ཀྱིས་དཔྱད་བརྗོད་བྱེད་ཡུལ་དང་ངས་སེམས་འཁུར་བྱེད་ཡུལ་མི་གཅིག་གི་ང་ལ་ད་ལྟ་སེམས་འཁུར་ཞིག་ཡོད་པ་ནི་བློ་སེང་གིས་བདམས་པའི་དུས་ཚོད་དེ་མ་རེད།
མཛད་སྒོའི་ཐོག་གོང་ས་མཆོག་གི་མདུན་ནས་བློ་སེང་གིས་བོད་ཡིག་ཇི་འདྲ་ཞིག་ཀློག་ཡོང་སྙམ་པ་དེ་རེད།
ངོ་མ་ཡིན། གྲ་སྒྲིག་བྱས་ནས་ནང་དོན་ཡག་པོ་ཞིག་བྲིས་ཡོད་རྒྱུ་རེད་བསམ་གྱི་འདུག་འོན་ཀྱང་བློ་སེང་ལ་ཀློག་རོགས་གཞན་གྱིས་བྱས་ན་འགྲིག་གི་མ་རེད་དེར་བརྟེན་ག་འདྲ་ཞིག་ཡོང་ན།
ངས་རེ་བར་ཡི་གེ་དེ་བསྐྱར་ཀློག་ཡང་ཀློག་མང་བོ་ཞིག་བྱས་ནས་ཀློག་བྱང་ཐོག་པ་ཞིག་བྱས་ཡོད་པའི་རེ་བ་ཡོད།
དེ་མིན་གཞན་མེད།
ངས་བློ་སེང་ལ་བཅོལ་བའི་རེ་བ་དེ་ཙམ་ཡིན།
བཀྲས་མཐོང་ལ་མ་ཐོབ་པའི་དབང་གིས་བློ་སེང་ལ་སྙིང་ནད་རྩོད་པའི་གོ་སྐབས་ཨེ་རག་བལྟ་མི་རུང་། འདི་མང་གཙོའི་འགྲོ་སྟངས་མ་རེད། བློ་སེང་ནི་ང་ཚོ་བོད་མི་རིགས་ལ་ལས་ཀྱི་བསྐོས་པའི་དབུ་ཁྲིད་ཅིག་ཡིན་པས་ཁོང་ལ་བརྩི་འཇོག་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན། ཐ་ན་རྒྱ་མིའི་མིག་སྔོན་ནས་ཡིན་རུང་རང་གི་དབུ་ཁྲིད་ཀྱིས་མ་འཇོན་རབས་བཤད་མི་རུང་། འོ་རེད། བློ་སེང་ལ་མི་དགའ་མཁན་ཚོའི་འདི་ལ་ཉོན། འདི་གོང་གི་ཤར་ཕྱོགས་ཁུག་རྟའི་མཆན་གྱི་གསལ་བྱེད་ཡིན། གྲོགས་པོ་ཚོ། སྐུ་མཁྱེན། ད་རང་གི་བརླ་ཤ་བཅད་ནས་ཁྱིའི་སྔུན་ལ་གཡུག་རྒྱུ་མཚམས་འཇོག་རོགས་ཞུ།
http://www.facebook.com/video/video.php?v=2169431988190&comments
ཧཧཧ་རྨོག་དད་བོད་རྒྱ་བསྟན་འཛིན་རབ་རྒྱས་ཚོའི་ཉོན་དང་
ངས་ལྟས་ན་སྙིང་རྗེ་ཡ་རང་རེད་་་་ཨང་བརྒྱད་པ་ཙམ་ལ་འགྲིག་མིན་རྙོག་གླེང་དེ་འདྲ་ཞིག་བྱེད་དགོས་དོན་མེད་བསམ་གྱི་ཡོད་་་ད་ཡིན་ན་ལྟས་མོ་འདུག་བོད་རྒྱ་རབ་རྒྱས་འགོ་བཟོ་ནས་ཧཧཧཧཧ་ཤ་ཚ་སྙིང་རྗེ་དགོས་ཡ་རང་རེད་
༼ འདི་ན་ཨ་ཁུ་བོན་རྒྱའི་སྦོམ་བཤད་ལ་གསལ་འདེབས་ཤིག་འདུག སྙིང་རྗེ་བོ་འདུག གཏིང་ཟབ་མོ་རེད། ༽
སྐུ་ཞབས་བོན་རྒྱ་ལགས། Philosophy ཟེར་བ་འདི་ལ་བོད་སྐད་ནང་མཚན་ཉིད་རིག་པ་ཟེར་གྱི་ཡོད་ན། ཁྱེད་ཀྱིས་ Philosophy འདིའི་སྐོར་ལ་རྒྱུས་མངའ་སྣེ་གཅིག་ཀྱང་མེད་ཚོད་འདུག ལྷག་པར་དུ་ནུབ་ཕྱོགས་མཚན་ཉིད་རིག་པའི་ནང་གི་ 8 ཀྱི་གོ་དོན་དང་ངོ་བོ། བྱེད་ལས། བསྟན་བྱ་སོགས་ཀྱི་ཟུར་ཙམ་ཡང་མཐོང་གི་མེད་ཤག་རེད། སྤྱིར་མཚན་ཉིད་རིག་པའི་ནང་ 8 འདི་ལ་དམིགས་སུ་བཀར་ཏེ་དཔྱད་རིན་ཡོད་པ་ཞིག་མིན་ལ། མཚན་ཉིད་རིག་པ་ནི་ཚན་རིག་གི་རིག་པ་སྣ་ཚོགས་ཀྱི་རྨང་གཞིའི་སྟེང་ནས་གྲུབ་པའི་སྤྱི་མཚན་རིག་གཞུང་ཞིག་དང་། ཚན་རིག་གིས་གྲངས་རིག་ལག་ཆར་སྤྱད་དེ་དབྱིབས་རྩིས་དང་ཚབ་རྩིས་ཀྱི་རྩིས་འབྲས་ཤིག་ཡིན།
བྱེ་བྲག་གིས་བཤད་ན། བར་བརྒལ་དབུས་སྨྲའི་མཚན་ཉིད་རིག་པའི་མཁས་དབང་ Anaximander མཆོག་གིས་ “གནམ་མཁའི་དབྱིངས་ནས་ས་གཞིར་བལྟས་པའི་དཔྱད་སྟོབས་དེ་ད་དུང་རང་སྟོབས་རྫོགས་པ་ཞིག་མ་རེད་ལ། ས་ངོས་ནས་གནམ་མཁར་དཔྱད་པའི་རིགས་པ་དེ་ཡང་རང་རྐྱ་བ་ཞིག་མ་རེད། རྒྱུ་མཚན་ནི་ཆ་རུ་གྲུབ་པའི་ལྟོས་འཇོག་གི་སྐྱོན་དུ་གྲུབ་ཡོད། དེས་མཚོན་པའི་མཚན་ཉིད་རིག་པའི་དཔྱོད་བྱེད་གྲངས་རིས་ 2.4.6.8. 10 ་བཅས་ཀྱང་བར་བརྒལ་དབུས་སྨྲའི་མཚན་ཉིད་རིག་པའི་དཀྱིལ་སྙིང་དུ་འཇོག་ཐབས་མེད་མོད། ཕྱི་མ་ 10 ་ནི་བསྟན་བྱའི་དོན་ལས་ལྡོག་སྟེ་གྲངས་རིས་ཀྱི་ངོས་ཐད་ནས་ 0 ་ཡིས་སྟོང་པ་སྟོན་ཞིང་ 1 ་གིས་ཡ་མཚོན་པས། སྔ་མ་བཞི་ཕྱི་དོར་བྱས་ཏེ་ 10 དཀྱིལ་སྙིང་དུ་འཇོག་དགོས།” ཞེས་པའི་བསྒྲགས་གཏམ་སྤེལ་བའི་རྗེས་ཀྱི་མཚན་ཉིད་རིག་པ་སྨྲ་བ་ཚོས་ 10 ་འདི་དབུས་སུ་བཞག་ཅིང་། མཐའ་སྣེ་གཅིག་ཏུ་ 0 ་དང་། མཐའ་སྣེ་ཆིག་ཤོས་ལ་ 1 ་གི་རིག་པ་སྟེ་( མནོ་བསམ་ཀུན་སྤྱོད་རིག་པ )སྤྱད་དེ་། སེམས་དང་བེམ་པོའི་དངོས་པོ་གཉིས་ཀྱི་འགལ་འབྲེལ་དཔྱོད་ཀྱི་ཡོད། འདི་ལ་མཚན་ཉིད་རིག་པའི་བརྡ་ཆད་ལྟར་ན། “ནང་གི་ཤེས་པ་དང་ཕྱི་རོལ་བྱ་དངོས་ལ་རྟོག་འཇུག་བྱེད་པའི་གྲངས་རིས་” ཟེར་གྱི་ཡོད།
བོན་རྒྱ་ལ་ནན་སྐུལ་ཞུ་རྒྱུར། ངས་ཆོས་ལུགས་སྐོར་དེ་ཙམ་མི་ཤེས་ལ། ལྷག་པར་དུ་ནང་ཆོས་མི་ཤེས་མོད། ཁྱེད་ཀྱིས་གོང་དུ་ “ ཆོས་རྣམས་ཀྱི་གནས་ལུགས་བསམ་གྱིས་མི་ཁྱབ་པ་མཚོན་བྱེད་ནི་ 0 ཐིག་ལེ་རེད། དེ་ཡིན་པའི་རྒྱུ་མཚན་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་སྟོང་པ་ཉིད་རེད” ཅེས་ཆོས་ལུགས་ཀྱི་རྗོད་ཚིག་སྤྱད་དེ་རྫིག་མདོག་སྟོན་པ་འདི་ཡ་མཚན་རེད། ང་ཚོས་ 8 ་རྩོད་ཀྱི་ཡོད་པ་ལས་ 0 ་རྩོད་ཀྱི་མེད་ལ། གལ་སྲིད་ཉིད་ཀྱིས་ 0 ་འདི་ཡིས་ 8 ་འདི་ཡང་དག་པར་སྒྲུབ་ཀྱི་ཡོད་ན་དེ་བས་ཀྱང་འཁྲུལ། སྤྲོས་པའི་མཐའ་ 8 ་ནི་མཐར་ཐུག་གི་གནས་ལུགས་དཀྱིལ་དབུས་ 0 ་ཟབ་མོ་སྟོང་བ་ཉིད་སྒྲུབ་བྱེད་ཀྱི་རིགས་པ་རེད། “བརྟེན་འབྱུང་སྟོང་བའི་དོན་དུ་གསུངས་པ་དང་། སྟོང་པ་བརྟེན་འབྱུང་གི་དོན་དུ་གསུངས་པ” ཞེས་པའི་གདམས་པ་འདིའི་ཚིག་རྗོད་སྔ་ཕྱིའི་འགྲོས་རིམ་ལས་ཀྱང་ཁྱེད་ལ་ 8 དང་ 0 གཉིས་ཀྱི་བསྟན་བྱ་གླེང་གི་ཡོད། འདི་ལྟར་བལྟས་ཡོང་ན། གོང་དུ་དྲ་གྲོགས་ཉི་མ་ལགས་ཀྱིས་བཤད་པ་ལྟར། ཁྱེད་ནི་ནུབ་ཕྱོགས་མཚན་ཉིད་རིག་པ་ཕར་ཟད། ནང་པའི་མཚན་ཉིད་རིག་པའི་ཐད་དུ་ཡང་མིག་གཉིས་ལྐོག་ནས་ལོང་པའི་བྱི་ལོང་སྐྱ་རིལ་ཞིག་རེད།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་༼ པཱ་པཱ་ཅུག་ཅུག ༽ ལབ་པ་འདིར་ང་ལ་བཟང་དང་ངན་གྱི་སྐད་ཆ་གང་ཡང་མེད་ལ། འདིའི་ནང་དོན་བཟང་རུང་ངན་རུང་ན་གཞོན་ཞིག་གི་སེམས་ཚོར་སྐྱེན་པོའི་འབྲས་རྟགས་དང་། སྣང་ཚུལ་མ་འདྲ་བ་ཞིག་གི་འགུལ་སྐྱོད་ཡིན་པས་རྒྱབ་སྐྱོར་ཞུ་རྐྱང་ཡིན་མོད། བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ་ཞེས་པའི་དཔེ་ལྟར། སྐུ་ཞབས་བོན་རྒྱ་ལགས་ཀྱིས་ནུབ་ཕྱོགས་མཚན་ཉིད་རིག་པ་དང་། ནང་དོན་མཚན་ཉིད་རིག་པ་སོགས་དྲུད་ཡོང་ནས་རྫིག་རྫིག་བྱས་ན། མི་འདིས་ག་ཚོད་ཅིག་མཁྱེན་གྱི་ཡོད་ན། གང་འདྲ་ཞིག་བཤད་ཀྱི་ཡོད་ན་བསམ་པའི་སེམས་འཚབ་ཅིག་གིས་དེད་ཡོང་གི་འདུག་པས་ཁོ་པར་གསལ་འདེབས་ཙམ་བྱས་པ་ཡིན། ད་དུང་ 2008 ལོ་དང་། 1038 ལོ། 1048ལོ། 1098 ལོ། 1988 ལོ། 1998ལོ་སོགས་གྲངས་རིས་ 8 མཐོང་ཚད་དྲུད་ཡོང་ནས་ཅིག་ཅིག་རེད་མིག་མིག་རེད། ཅེས་མཁས་མདོག་སྟོན་རྐྱང་བྱེད་པ་འདི་ཡང་དགོད་བྲོ་བ་ཞིག་སྟེ། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། བོད་བརྒྱུད་ནང་བསྟན་རིག་པའི་མཚན་ཉིད་རིག་པ་སྨྲ་བ་ཨ་ཅིང་ཅིང་། ནུབ་ཕྱོགས་མཚན་ཉིད་རིག་པ་སྨྲ་མཁན་ཡང་ཁྱོད་དང་ང་ལས་དྲག་པ་མང་ཐག་ཆོད་ཡོད་པ་ཤེས་པར་བགྱིས་ཨ། །
2011.8.6
( གོང་གི་དེ་བོད་ཀྱི་དུས་བབ་ཟིན་བྲིས་ལས་བོན་རྒྱའི་རྩོམ་ཡིག་གི་དཔྱད་མཆན་རེད། འདིར་བཤུ་འགོད་བྱས་པ་ཡིན། )
བུ་བཟང་པོ་བོན་རྒྱའི་བུ་ལ་འདུག བདེན་གཏམ་ལ་རྗེས་སུ་ཡི་རང་བྱེད། དེ་མིན་བཅོལ་ཆུང་ཚོའི་སྐད་ཆ་ལ་ཞེན་པ་ལོག་སོང་།
འདིར་མདོ་དོན་གཙོ་བོ་ཨང་ཀི་བརྒྱད་ཀྱི་གོ་བའི་སྟེང་ནས་རྩོད་རྙོག་མང་པོ་ཞིག་གསུང་གིན་འདུག་ནའང་བསམ་བློ་ཞིབ་ཀྱིས་མ་བཏང་ཡང་རྒྱ་ནག་གིས”8″ལ་འགྲེལ་སྟངས་དང་བོད་ཀྱིས་ ༨ ལོ་འགྲེལ་སྟངས་ནི་ལོག་པའམ་མི་འདྲ་བའི་གནས་མང་པོ་ཡོད་པས་རྣམ་པ་ལྷན་རྒྱས་ནས་དེ་ལྟར་བསམ་ན་ཅི་ཞིག་རག་ཡོང་བའམ་རྙེད་སྲིད་པ་རེད་ལགས།
ངོ་མ་བཤད་མི་ཤེས་ནི་འདྲ་ཞིག་རེད། སྔོན་མ་བཀའ་བློན་ཟམ་གདོང་བླ་མ་ཡིན་དུས་ཀྱང་འདིའི་རིགས་ཀྱིས་ཅིག་རེད་མུག་རེད་ཟེར་ནས་སྐྱོན་རྐྱང་རྐྱང་རྒྱབ་འདུག་གི ད་མཁས་དབང་བློ་སེང་དུས་ལ་སླེབས་སྐབས་སུ་ཡང་སྐྱོན་རྒྱག་རྒྱུ་མགོ་བཙུགས་འདུག མ་གཞི་ནས་ཁྱེད་ཚོས་སྐྱོན་བཙལ་རྒྱུ་མ་གཏོགས་ཅི་ཞིག་ཤེས་གི་ཡོད། རང་སེམས་ནང་ལ་སྐོར་ནས་འདང་ཞིབ་མོ་ཞིག་རྒྱག་རོགས། ད་ག་རེ་ཡིན་རུང་མིན་རུང་ང་ཚོའི་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཁོང་ལ་རྒྱབ་སྐྱོར་བྱེད་པའི་དུས་ལ་སླེབས་པ་རེད། ཁོང་གི་འབྱུང་འགྱུར་གྱི་གྲུབ་འབྲས་བལྟ་དང་བཤད་ཆོག་གི་རེད།
གང་ལྟར་རྩོད་པ་ཇི་ལྟར་བརྒྱབས་ཀྱང་བློ་སེང་ལགས་ཀྱི་ཁྲི་འདོན་མཛད་སྒོ་དེ་ལྟར་གཏན་འཁེལ་ཟིན་པ་རེད། ཉིན་དེའི་༧གོང་ས་མཆོག་གི་བཀའ་སློབ་དང་བཀའ་ཁྲི་གསར་པའི་རྟེན་འབྲེལ་མཛད་སྒོའི་བཀའ་སློབ་ལ་རེ་སྒུག་བྱས་ཡོད། ཅིའི་ཞེ་ན། བཀའ་སློབ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་གི་མཇུག་བསྡོམས་དང་དབུ་འཛུགས་མཉམ་དུ་འཁེལ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་རེད། མ་ཟད་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་བློ་སེང་ལ་བཀྲ་ཤིས་པའི་ཁ་བཏགས་དཀར་པོ་རེ་ད་ལྟ་ནས་གྲ་སྒྲིག་བྱེད་དགོས།
༧གོང་ས་མཆོག་གིས། “ད་ལོའི་འོས་བསྡུ་བྱས་ནས་ཐོབ་པའི་མི་གསར་བ་བློ་བཟང་སེང་གེ་འདིར་སླེབས་བསྡད་ཡོད་པ་རེད། སྐྱེས་ས་རྒྱ་གར་དུ་སྐྱེས། འཚར་ལོངས་ཀྱང་རྒྱ་གར་དུ་བྱུང་། ཐོག་མ་ང་ཚོའི་བོད་གཞུང་གི་སློབ་གྲྭའི་ཁོངས་སུ་སློབ་སྦྱོང་བྱས། དེ་ནས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དང་། དེ་ནས་ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་བཅས་སུ་སློབ་སྦྱོང་བྱས་ཏེ་དེང་དུས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཆགས་བསྡད་ཡོད། ད་བོད་ཡིག་ཡག་ཉེས་གང་འདྲ་ཡོད་མེད་གཞི་ནས་རྒྱུགས་ལེན་དགོས་པ་རེད།” ཅེས་གསུངས་པ་ལྟར་བོད་ཡིག་ནི་བཀའ་བློན་རྣམ་པ་དང་ལྷག་པར་བཀའ་བློན་ཁྲི་བར་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཞིག་རེད། དེ་སྔ་རྗེ་བཙུན་པདྨ་ལགས་བཀའ་བློན་ལས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་མོས་བོད་ཡིག་ཡག་པོ་མི་ཤེས་པ་རྒྱུ་མཚན་གཙོ་བོར་བགྲངས་ཡོད། བློ་སེང་ལགས་ཀྱི་བོད་ཡིག་གི་གནས་ཚུལ་ཅི་འདྲ་ཡིན་ཆ་མ་འཚལ་ཡང་། ངེས་པར་དུ་དབྱིན་ཡིག་ནང་འབྲི་དགོས་པའི་ཕྱི་འབྲེལ་གྱི་ཡིག་ཆ་ཁག་ལས་གཞན་བོད་ཀྱི་ལས་ཁུངས་དང་ས་གནས་སོ་སོའི་ཡིག་འབྲེལ་རྣམས་ངེས་པར་བོད་ཡིག་ནང་འབྲི་དགོས་པའི་ཁྲིམས་སྲོལ་ཞིག་འཛུགས་རྒྱུ་ཧ་ཅང་གལ་ཆེ། འདི་ནི་བོད་ཀྱི་སྐད་ཡིག་བཙན་བྱོལ་སྤྱི་ཚོགས་ནང་ཡུན་གནས་ཐུབ་པའི་ཐབས་ཇུས་ཤིག་ཡིན་པས། མཁས་དབང་བློ་བཟང་སེངྒེ་ལགས་དང་བཀའ་ཤག་གསར་པས་ཅིས་ཀྱང་ཐུགས་ལ་འཇགས་པའི་རེ་བ་ཆེ། དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ཀྱི་ས་གནས་རྣམས་སུ་ལས་ཀ་བྱེད་པའི་ལས་བྱེད་ཅིག་ཡིན་ཕྱིན་བོད་སྐད་བཤད་ཅིང་བོད་ཡིག་འབྲི་དགོས་པའི་བཀའ་ནན་ཕེབས་པ་ལ་བརྟེན་ནས། བོད་རིགས་ལྟ་ཅི་ཐ་ན་རྒྱ་རིགས་ལས་བྱེད་རྣམས་ཀྱིས་ཀྱང་བོད་ཡིག་སྦྱོང་བའི་དུས་ཤིག་ཤར་མྱོང་བ་ལས་ལྷག་པའི་བཙན་བྱོལ་བོད་མིའི་ལས་བྱེད་ཅིག་ཡིན་ཕྱིན་ངེས་པར་དུ་བོད་ཡིག་རང་རྐྱ་འཕེར་བ་ཞིག་ཡིན་དགོས་པ་ཆ་རྐྱེན་དང་པོར་བརྩི་དགོས། འདིའི་ཐད་བོད་ལ་དགའ་ཞིང་བོད་ཡིག་ལ་དུངས་པ་ཟབ་པའི་ཤེས་ལྡན་རྣམས་ཀྱིས་ཅིས་ཀྱང་འབད་བརྩོན་ལྷོད་མེད་དུ་གནང་བའི་རེ་བ་སྙིང་ནས་ཞུའོ།།
བོད་བསྒྱུར་བྱས་པའི་སྐུ་ཞབས་བློ་སེང་གི་རྩོམ་ཡིག་དེའི་ནང་། སྤྱིར་དམིགས་གསལ་གྱིས་ང་ཚོའི་འདང་རྒྱག་ཕྱོགས་དང་མི་མཐུན་ས་ཆེར་མི་འདུག འདྲེ་མགོ་རྡོ་ནས་༿བཀའ་ཁྲིའི་གནས་ཚད་དང་མཐུན་པའི་རྩོམ་ཡིག་ཅིག་ཡིན་མིན་མི་ཤེས་ཀྱང་། ༾ གསུངས་བཞིན་ཞིབ་འདང་རེ་དང་རྒྱོབ་དང་། དང་པོ། རྒྱ་ལུགས་བཞིན་གྱི་ཚེས་གྲངས་གཏན་འཁེལ་ནས་སྲིད་སྐྱོང་བསྒྲགས་གཏམ་སྤེལ་བ་འདི། སུས་ཀྱང་བསམ་མ་མྱོང་བའི་དོན་རྐྱེན་གློ་བུར་ཞིག་ཡིན་སྟབས་ང་ཚོ་ཡོངས་སུ་འདྲོགས་ལངས་ནས་རང་རང་གི་བསམ་ཚུལ་འདོན་བཞིན་པ་ལྟར། དོན་དངོས་ནས་བཤད་ན་ སྐུ་ཞབས་བློ་སེང་ལ་ང་ཚོ་དང་མི་འདྲ་བའི་བསམ་གཞིགས་བྱེད་སྟངས་རྣོ་ངར་ཅན་ཡོད་པའི་ཁྱད་རྟགས་རེད། འོན་ཀྱང་ཅིའི་ཕྱིར་དུ་བཀའ་ཁྲི་བློ་སེང་ལགས་བསམ་གཞིགས་འདི་ལྟར་བྱས་་བ་ཡིན་ནམ། ཨང་གྲངས་བརྒྱད་འདི་བོད་མི་རིགས་ལ་མཚོན་ན་༿ལྕགས་སྒྲོག་ཁོལ་མ་དང་རྣོ་ལྕགས་ངར་མ༾ཚབ་དུ་གྱུར་མྱོང་བའི་ཚུལ་སུས་ཀྱང་མ་མཐོང་མ་ཐོས་ཟེར་སྲོལ་ག་ལ་ཡོད། ལྷག་དུ་བཀའ་ཁྲི་ཞིག་གི་ཐད་ནས་དེ་བས་ཀྱང་ངོ། འདི་ལྟར་འདང་རྒྱག་ཕྱོགས་ཚོར་ཤུགས་ཀྱི་སྟོབས་ཆེ་སྟབས་བརྡར་ཤ་ཡང་དག་ཅིག་གཅོད་བྱེད་དུ་ཆ་རྐྱེན་ཡག་པོ་རང་མ་རེད། ཕྲན་གྱིས་བཀའ་ཁྲི་བློ་སེང་རང་མི་རིགས་ཀྱི་རིག་གཞུང་གི་རུས་རྐང་མི་འདུག་སོགས་རྫབ་ཆེན་དེ་འདྲ་ནམ་ཡང་ལབ་མི་སྲིད། དེ་ལས་རྒྱ་ནག་གི་གཅེས་ཕྲུག་དུ་གྱུར་བའི་ཨང་གྲངས་འདི་ལ་བློ་སེང་ལགས་སྙིང་ཉེ་དགོས་དོན་གང་ཡིན་ནམ། རྒྱ་ནག་ཨང་གྲངས་འདི་ལ་དུང་བ་ཟབ་རྐྱེན་ཁོ་བོས་སྤྲེད་འཁྲབ་པའམ། ཡང་ན་རྒྱ་ནག་ཕྱོགས་ནས་དོ་སྣང་ཆེར་བསྐྱེད་དུ་ཡིན་ནམ། དེ་མིན་ན་་་་ཅི་ཞིག་ཡིན་ནམ་སོགས་འུ་ཅག་གིས་བསམ་གཞིགས་ཡང་དང་བསྐྱར་དུ་བྱེད་ཆོག གཉིས་བ། ༼ མི་ལོ་བཅུ་ཕྲག་རིང་ཏཱ་ལའི་བླ་མའི་བོད་ཀྱི་སྲོལ་རྒྱུན་ཁྲོད་ལྷ་དང་སྐུ་དྲག་གིས་དབང་སྒྱུར་བའི་མ་ལག་རིམ་བཞིན་དོར་ཏེ་བོད་མི་ཚོར་ཁོང་ཉིད་ཞལ་མ་བཞུགས་པའི་ཉིན་མོ་གྲ་སྒྲིག་བྱ་དགོས་བའི་བརྡ་སྟོན་གྱི་ཡོད། ༽ ཞེས་གསུངས་བ་ལྟར་བོད་མི་རིགས་རང་ཉིད་ཀྱི་ཆེད་དུ་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་ཁམས་དང་མོས་བ་ལྟར་ཐག་གཅོད་གང་ཡང་བྱེད་རུང་བ་འདི་ཙམ་རེད། རྟགས་དང་རྟེན་འབྲེལ་ཀྱི་ཆེད་དུ་བོད་སྤྱི་བའི་རྩ་དོན་ལ་ཤུགས་རྒྱག་གི་ཡོད་ན་དཀའ་ལས་རང་རེད། དུམ་མཚམས་གཉིས་བ་འདི་འདྲེ་མགོ་རྡོ་ལ་བཞག་ཡོད།
དངོས་དོན་ལ་ཨང་ཀི་བརྒྱད་པ་དེ་ལ་དགའ་ཕྱོགས་ཀྱིས་གྲངས་འགོ་གྲངས་མཇུག་༨་ཡོད་པའི་བྱ་བ་
བཟང་པོ་རྟོག་ངོར་འཆར་ཚད་ཚང་མ་བཙལ།༨་ལ་སྡང་ཕྱོགས་དག་གིས་གོང་ལྟར་གྲངས་ཀྱི་འགོ་
མཇུག་གང་ལ་༨་ཐོབ་པའི་བྱ་སྤྱོད་ངན་པ་ཐ་དག་བཙལ་བསྡད་པ་ལས་དོན་གནད་ཆེན་པོ་དེ་ཙམ་མ་
མཐོང། འོན་ཀྱང་ཚང་མས་འདས་མ་འོངས་གང་ལ་བོད་རང་གི་བདེ་སྡུག་ལ་བསམ་མཁན་ཡིན་ཙང་
དེ་ལ་དགག་སྒྲུབ་ཀྱི་རྣམ་པ་གང་ཡང་མེད་དོ།
བོན་རྒྱས་འདྲ་མགོ་རྡོག་གི་གཏམ་ལ་མི་འདོད་པར་དགག་ལེན་ཞིག་བྲིས་ཚུལ་གྱིས་འདི་སླེབ་འདུག་ཀྱང་། རྒྱུ་མཚན་དང་། གནས་ལུགས་མེད་པ་མ་ཟད། འདྲ་མགོ་རྡོའི་དོན་གྱི་ཚིག་དང་འབྲེལ་མེད་ཤ་སྟག་བྲིས་འདུག
འདྲེ་མགོ་རྡོས་ང་ཚོས་བརྒྱད་འདི་གང་ལ་ཡོད་སར་བཙལ་ནས་ཕྱིན་པ་དང་། སྐུ་ཞབས་བློ་སེང་གེས་བརྒྱད་ལ་འགྲེལ་བ་གནང་སྟངས་གཉིས་ཀ་རྦད་དེ་ཁ་ཁ་རེད། སུས་ཀྱང་ཨང་ཀི་བརྒྱད་གང་དུ་ཡོད་མེད་སྐད་ཆ་དྲིས་ཡོད་པ་མ་རེད། མདོ་དོན་ཨང་ཀི་བརྒྱད་ལ་རྩིས་འདང་ཆེ་ལུགས་ཆེ་སྟངས་དེ་རྒྱ་ནག་གི་བཞེད་ཕྱོགས་ཁོ་ནའི་སྟེང་སྐུ་ཞབས་བློ་སེང་འབབ་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་པ་འདི་རེད། ཟེར་བར་རྩ་འཛིན་བྱེད་པ་ལས་རི་བོང་ཅལ་སྒྲོག་བྱེད་མི་ཉན།
འདེམས་ཐོན་བཀའ་ཁྲི་བློ་སེང་གིས་ཐོག་མར།བོད་ཀྱི་ཆོས་སྲིད་བྱ་བ་གལ་ཆེའི་རིགས་ལ་ཚེས་ཆ་སོགས་བཟང་ངན་བརྩི་བའི་སྲོལ་རྒྱུན་ལམ་ལུགས་ཡོངས་སུ་རྡོག་རོལ་བཏང་ནས་ངན་པ་དགུ་འཛོམས་འདྲ་བའི་ཉིན་མོ་དེ་ཉིད་ལ།དེ་ལྟར་སྐད་གསངས་ཐོན་པོས་འགྲེལ་བརྗོད་གནང་བ་ལ་ཕྱི་ནང་གི་མཚོན་དོན་གཉིས་
ཡོད་པར་སེམས་ཏེ།
༡༽གོ་དོན་གཅིག་ནི།རྒྱ་གཞུང་ལ་འདི་ལྟར་བརྡ་ལན་སྤྲོད་བྱེད་ཡིན་ཏེ།༼པཱ་པཱ་རྗུའུ་རྗུའུ་རྗུའུ༽ཞེས་པ་ང་ཚོ་བཙན་བྱོལ་བོད་པའི་གཞུང་གི་སྒྲིག་འཛུགས་འདི་༼༨ཱཱྀྀ༔ཡར་༽༼༨༔རྒྱས༽་ལྡན་པའི་ངང་ཕྱི་རྒྱལ་དུ་ཡུན༼༩་རིང་པོ་༩རིང་པོ་༩མུ་མཐུད༽་སྲ་བརྟན་ཡོང་གི་རེད་ཅེས་པའི་དོན་ཡིན་པ་དང་།
༢༽གོ་དོན་གཞན་པ་ནི།ཞི་མོལ་བྱུང་རྗེས་ཁོང་རང་ཉིད་༽༨ཕྱུག་པོའི་༨༽ངང་༼རྒྱ་ནག་གི་སྲིད་འཛིན་ཨའོ་པཱ་མཱ༽བྱེད་ཀྱི་ཡིན་ཞེས་པའི་དོན་རེད།
འགྲེལ་བཤད་གཞན་རྙོག་དྲ་ཚ་པོ་དེ་འདྲ་ཡོད་པ་མ་རེད་གང་ཡིན་ཟེར་ན་་་་་་་་་་་་་་ཁྲི་འདོན་མཛད་སྒོ་འདིའི་
འགྲེལ་བཤད་ལས་ཟུར་བལྟས་ལེབ་མཐོང་ཡིན་པའི་ཕྱིར་རོ།།
ཨང་ཀི་8་ལ་རྩོད་པ་རྒྱག་དགོས་དོན་མེད། བློ་སེང་གིས་ཨང་ཀི་8་ལ་འགྲེལ་བཤད་རྒྱག་སྟངས་དེར་བློ་ཕམ་བྱུང་།
བློ་སེང་གི་ཨང་8་འདམས་ཀྱང་དེར་སྐྱོན་མེད། འོན་ཀྱང་འགྲེལ་བཤད་རང་གི་དགྲ་ལ་ལས་ཟློས་བྱས་པ་དང་རང་མི་རིགས་ཀྱི་སྲོལ་རྒྱུན་རྩི་ལུགས་ལ་སྣང་མེད་གཏང་འདུག སྤྱི་ཚེས་8ཉིན་མེ་ཆུ་འཕྲད་པས་འཕྲོད་འབྱོར་མི་ལེགས་པ་མ་ཟད་ དབུལ་ལག་ཁེལ་འདུག དབུལ་ལག་ཉིན་བོད་མི་རྣམས་རྟེན་འབྲེལ་གྱི་ལས་ཐམས་ཅད་ལ་འཛེམས་ཀྱི་རེད། བློ་སེང་གིས་དེར་སྣང་མེད་གཏང་ནས་ཨང་ཀི་8་ལ་རྒྱ་མིའི་སྐད་ཀྱི་ཐོག་འགྲེལ་བཤད་ཤིག་རྒྱབ་འདུག དེར་ཧ་ཅང་བློ་ཕམ་བྱུང་།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཁྱོད་ནས་ཨང་ཀི་8་དེ་སྟོང་པ་ཟུག་འཇུག་ཡིན་ཟེར་བ་ཏག་ཏག་རེད། ཚེས་8་ཉིན་དབུལ་ལག་ཁེལ་བས་ དབུལ་པོ་ལག་སྟོང་དང་བློ་སེང་རྒྱ་རོའི་ལས་ཟློས་བྱེད་མཁན་ཀླད་སྟོང་གཉིས་ཟུང་འཇུག་བྱས་པས་ཨང་ཀི་8་དེ་གྲུབ་པ་རེད། བོད་པ་ཚོར་གྲངས་ལ་བརྒྱད་ལ་སྟོང་པ་ཟུང་འཇུག་གི་འགྲེལ་བཤད་མེད།
མཆན་ཨང་ལྔ་པའི་མིང་ཅན་གྱི་བོན་དེ་བོན་ཡིན་མིན་མི་ཤེས། རང་མིང་བོན་ཞེས་བཀོད་པ་དེ་ཡང་རྒྱུ་མཚན་གང་ཡོད་མི་ཤེས། དྲྭ་ངོས་འདི་ཡི་ཐོག་ཨང་ཀའི་8པའི་སྐོར་ལ་མཚོན་དོན་བཤད་འགྲེལ་མང་པོ་ཞིག་རང་གི་རིག་རྩལ་ལ་དཔག་ནས་གསུངས་མཁན་མང་པོ་ཞིག་མཆིས་མོད། དྲང་པོར་བཤད་ན་གོང་དུ་བོན་བརྒྱས་ངོ་སྤྲོད་བྱས་ཟིན་པ་དེ་ཚོ། ཡག་པ་ཞེ་དྲག་འདུག་པ་ཁོ་བོས་མྱོང་ཚོར་བྱུང། མཁས་པ་ཟེར་བ་དེ་འདྲ་རང་རེད། ཁུང་ལུང་རྒྱུ་མཚན་དང་འབྲེལ་ནས་ཞིབ་བཤད་སྤུས་ཀ་ལེགས་པོ་ག་འདྲ་གནང་འདུག རྗེས་སུ་ཡིད་རངས་ཡོད། དེ་མིན་ཅིག་ཅིག་མིག་མིག་བཤད་མཁན་མང་པོ་དེ་ཚོ་ཡང། ཡག་པོ་རེད། རྩོད་པའི་ག་དར་བྱེད་པ་རེད། རྩོད་པ་བརྒྱབ་ཤོག་ཨ། མཐའ་དོན་རང་རེ་ཁ་བརྡ་དྲྭ་གྲོགས་རྣམས། སྤྱི་མོས་བྱུང་ན་རབ། དེ་མིན་མང་མོས་ཀྱི་ལམ་ནས་ཨང་ཀའི་8པའི་མཚོན་དོན་བཟང་རྟགས་ངན་རྟགས་གང་ཡིན་འགྲེལ་བཤད་འདི་ཡིན་ཟེར་བ་བཞི་བརྒྱབས་ནས། སང་ཉིན་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པར་ཕུལ་ན་མ་རེད་པས།
ཟེར་བ་བཞི་ཞེས་པར་ཟེར་བ་ཞིག་ཞེས་སུ་བཅོས་གནང་རོགས།
it also can be said, there is nothing more to said. then you have to put thinks in to fact.
བོད་པ་ཚང་གིས་ཚིག་རྩོད་ལ་མཁས་ནི་རེད། དེ་མ་གཏོགས་ཅང་མི་ཐོན།
ཡ་ཡ་དགྲ་ཟླ་ཚོས་ཁ་རྩོད་སྣ་རྩོད་ཀྱི་མི་ཚེ་སྐྱེས་རྒྱུ་ལས་མེད། མགོ་རུལ་པར་སྣས་མི་ཚོ། ངེད་རྣམས་ཀྱི་ཡོད་ཚོད་ཀྱི་ཡོད་ཚོད་ནི་རྒྱ་ལག་ཏུ་ཤོར་ཟིན།
ཚིག་མཚོན་གྱིས་རྣོ་ངར་དང་རྣམ་དཔྱད་ཀྱིས་རིག་རྩེ་ཡོད་ན་དེར་གཏོད་དགོས་ཀྱང་། མཛའ་གྲོགས་དང་འཆམས་མཐུན། གཉིས་ཕན་དང་མཉམ་གནས་བཅས་ཁ་སྙན་དང་ངོ་ཡག་སོགས་ཚིག་སྙན་གྱི་རྒྱན་པ་ལས་མེད། ཚིག་མཚོན་ནང་དུ་རྣོ་བའི་སྒང་པ་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ལས་མེད་དོ།།
བོད་མི་ཞིག་ཡིན་པའི་ཆ་ནས། སྲིད་འཛིན་གདམས་ཟིན་ནས་པ་པ་ཅ་ཅ་གང་བཤད་ཀྱང་བོད་དོན་རེད།གལ་ཏེ་ནོར་བའམ་ཁོས་མ་ཤེས་ན་ཡང་ངོས་ཐུག་ནས་སྐད་ཆ་བཤད་ན་ཡག་པོ་རེད། ཅོལ་ཆུང་དྲག་རྒྱུགས་ཚོས་ཁ་བརྡ་དྲ་བ་འདིར་བཀོད་པ་རེད།ཁ་བརྡ་དྲ་བའིནང་དུ་མི་བཟང་ཡ་གཅིག་ཀྱང་མེད་པ་ཤེས་གསལ་རེད། དགེ་བཤེས་ཆེན་མོ་བེ་རི་འཇིགས་མེད་ཀྱིས་གང་འདྲ་གསུངས་མི་འདུག་གམ། ངོ་མ་བཤད་ན་བོད་གངས་ཅན་པའི་སྲིད་སྐྱོང་། །གངས་ལྗོངས་བོད་མི་ཡོངས་ཀྱི་མགྲིན་ཚབ། འབུམ་རམ་པ་བློ་བཟང་སེངྒེ་ནི་མ་འོངས་བོད་མི་ཡོངས་ཀྱི་གསོན་རྩ། འཆར་འགོད་མདུན་ལམ་གྱི་གོམས་པ་དང་པོ་སྤོ་ས་རེད། དེས་ན་རྟེན་འབྲེལ་གྱི་ཐོག་མ། བགྲོ་གླེང་གི་འགོ་མ་ལ་དམོ་ངན་བཀྲ་མི་ཤེས་པ་བརྗོད་པ་རེད། ཕོ་མོ་སུ་ཡིན་ཡང་ཕྲག་དོག་གི་སྐད་ཆ་དངོས་རེད། ཁྱད་པར་དོལ་འདྲེའི་སྐོར་དང་བོན་ངན་འདི་ཚོས་ནམ་རྒྱུན་བཀྲ་མི་ཤེས་པ་ཞིག་ག་དུས་ཡིན་ན་བཟོས་ཀྱིན་འདུག ། ཆོས་ལུགས་རྐུན་མ་བརྒྱབས། ལོ་རྒྱུས་བརྫུན་མ་བཟོས། བོད་ཡིག་གི་བརྫུན་འཆར་བཀོད། ཨང་བརྟག་གི་ལོག་འགྲེལ་འདི་ཚོ་མཐོང་ཚེ། གུ་རུ་རིན་པོ་ཆེས། བོད་སྡུག་པའི་དུས་ལ་བབས་པའི་ཚེ། །གཤིན་རབ་ཁྲམ་པས་དམ་ཆོས་རོ་བཞིན་གཡུགས། །གསུངས་པ་དེ་རེད་བཞག བོད་རང་གིས་རང་ཕུང་ཟེར་བ་དེ་རེད། །
ཆག་སྒོ་སློང་བའི་བསྟིང་ཚིག་མི་སྨྲ་བར།།
ཡ་རབས་ཁོག་རྒྱ་ཅན་གྱི་ལམ་དུ་བུད།།
བོད་ཀྱི་གནས་བབས་སྐྱོ་བའི་དུས་སྐབས་འདིར།།
འགྲན་སེམས་དུག་ཆུ་འཁོལ་བའི་དུས་མ་ཡིན།།
དགའ་རྒྱུ་སྡུག་རྒྱུ་ཐམས་ཅད་མཉམ་མཉམ་མིན།།
བསམ་རྒྱུ་དྲན་རྒྱུ་ཚང་མ་འདྲ་འདྲ་མིན།།
རང་སྐྱོན་རི་རབ་ཙམ་ཡང་མི་མཐོང་ཞིང་།།
གཞན་སྐྱོན་རྡུལ་ཕྲན་ཙམ་ལ་ཡང་དག་བྱེད།།
སྐབས་རེར་མདུན་གྱི་དོང་ཡང་མ་མཐོང་བས།།
ལུས་ལས་མགོ་བོ་ཆེ་བའི་ང་རྒྱལ་ཅན།།
རི་སྦལ་སྤུ་ལ་འགྲན་པའི་ལྷག་བསམ་གྱིས།།
ཡོད་ཚད་འཇིག་པའི་སྟ་གོན་མདུན་ལ་བཤམས།།
རྨོངས་དད་ཁ་ལ་ཁྱེར་བའི་མི་རྒོད་དག།།
གཤིན་འདྲེ་ལྷ་མཆོད་བྱེད་པའི་ལྟས་ངན་ལ།།
ཆོས་དང་སྲིད་ལུགས་རྨང་ནས་འགྱེལ་བ་དང་།།
མི་ཡི་ལུས་ལ་འདྲེ་ཡི་བསམ་བློ་མང་།།
འོ་ན་ཚིག་མཚོན་སྣ་ཚོགས་ནང་སྐོར་ཏེ།
བདེན་དང་ལོག་པའི་འགྲེལ་བཤད་མང་དག་དེས།
མཐའ་མའི་འཇུག་འབྲས་བཟང་བའི་ལམ་བུ་ཞིག་
ཐོབ་པའི་གདེངས་ཚོད་ངེས་པ་ཇི་ལྟར་ཡོད།
བཀའ་ཁྲིའི་དམ་འབུལ་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་གནང་བ་དེ་བོད་པའི་རིག་གཞུང་དང་མཐུན་པ་བློ་བཟང་སེངྒེ་ཉིད་ཀྱིས་ཕ་མེས་རྒྱུད་པའི་ལྷ་དང་བླ་མའི་སྐལ་བ་ནམ་རྒྱུན་གསོལ་བ་འདེབས་སའི་བླ་མ་དང་ལྷག་པའི་ལྷ་མཆོག་ཨོ་རྒྱན་གུ་རུ་རིན་པོ་ཆེའི་འཁྲུངས་སྐར་ལ་གཏན་ཁེལ་བཞག །རྟེན་འབྲེལ་མ་བསྒྲིག་རང་འགྲིགས་རེད་ཡ། བོད་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤ་པདྨའི་སྦུབས་ལས་འཁྲུངས་ཞེས་པ་དེ་དྲན་པ་གྱིས་ཞིག བོན་རྒྱ་རྐུབ་ཚ་བ་ཡང་དེ་འདྲ་ཡིན་མིན་འགྲོ། གངས་སེང་འབུམ་རམ་པ་རྒྱལ་ལོ། །ཁྱོད་ཚོ་བོད་པའི་རིག་གཞུང་ལ་དུང་བ་ཡོད་པ་ནི་དགའ་འོས་པ་རེདད། སྐབས་འདིར་བོད་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ་ཁེལ་ཡོད། དུས་དེ་ནི་སྐྱེ་འགྲོ་སྤྱི་དང་ལྷག་པར་གངས་ཅན་པར་བཀའ་དྲིན་ཆེ་བའི་སློབ་དཔོན་དྲིན་པོ་ཆེ་པདྨ་འབྱུང་གནས་མཆོག་ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོའི་ནང་དུ་ཕའི་རྒྱུ་དང་མའི་རྐྱེན་ལ་མ་ལྟོས་པར་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་མེ་ཏོག་པདྨའི་སྙིང་པོར་རྫུས་ཏེ་སྐྱེས་པའི་འཁྲུངས་སྐར་དང་མཉམ་དུ་ཁེལ་ཡོད་སྟབས་ཧ་ཅང་གི་རྟགས་དང་རྟེན་འབྲེལ་མ་བསྒྲིག་རང་འགྲིགས་ཡིན་པས་དགའ་འོས་པ་ཞིག་མིན་ནམ། །
ཨང་ཀི་བརྒྱད་ཡོད་ཚད་འཚལ་ན་དེབ་གཅིག་བཟོ་ཐུབ་རྒྱུ་རེད། དེ་ནི་༨གཅིག་པོ་ལ་མ་རེད་ཨང་ཀི་ཚང་མ་ལ་ཡོད་རེད། དེས་ན་གལ་ཆེས་ཤོས་ནི་བཀའ་ཁྲིའི་དམ་འབུལ་ཉིན་མོ་འདི་ཚེས་གང་ལ་ཡིན་ཀྱང་བོད་ལ་བཀྲིས་པའི་ཉིན་མོ་རེད།
མཆན་ཨང་སུམ་བཅུ་པའི་ལྷག་པ་ཡེ་ཤེས་ཟེར་བ་དེ་ཡང། སྐྱག་དྲི་ཐུལ་བའི་རྩོམ་པ་པོ་དེ་རང་མ་ཡིན་ནམ་སྙམ་པ་བྱུང། གང་ལྟར། མི་ངན་གྲལ་མགོར་བསྡད་ན་རྙོག་དྲྭའི་རྒྱུན་མི་ཆད། སྐྱག་ངན་གཡང་སར་བཞག་ན་དྲི་ངན་རྒྱུན་མི་ཆད། ཅེས་པ་ལྟར་འདི་ནི་དོན་མེད་ཀྱི་རྙོག་གླེང་སློང་མཁན་ཞིག་རེད་འདུག་པས། ཁ་བརྡའི་གཙོ་སྒྲུབ་པ་ཚོས་སྔོན་ཚུད་ནས་དོ་འཁུར་གནང་ན་ལེགས། དེ་མིན་འདི་འདྲ་མུ་མཐུད་ནས་སྡང་ཟུག་རྐྱང་རྐྱང་བྱས་བསྡད་པ་ཡིན་ན། གཏམ་ལ་གཏམ་ལན་གྱི་རྫ་རྡོ་གཅིག་རྗེས་གཉིས་མཐུད་ཀྱིས་ཁོ་རང་གི་མགོ་ཐོག་ཏུ་ལྷུང་ངེས་ཡིན་པས། སྔོན་ཚུད་ནས་བག་ཡོད་གནང་ན་མི་ལེགས་སམ། གུ་རུ་རིན་པོ་ཆེས། པད་མ་བཀའ་ཐང་ནང། ཡེ་ཤེས་ལྔ་ལ་ལོངས་སྤྱོད་པ། ང་བོན་པོ་པད་མ་འབྱུང་གནས་ཡིན། ཞེས་གསུངས་པ་ལྟར་ན། གུ་རུ་ཡང་བོན་པོ་ཡིན་པར་གསལ་བས་ཁྱོད་རང་བོན་ལ་སྡང་ན། གུ་རུ་ལ་ཡང་རང་བཞིན་གྱིས་སྡང་འགྲོ་བས། མཐོང་རྒྱ་ཅུང་ཙམ་ཆེ་ན་ལེགས། དགེ་བཤེས་ཆེན་མོ་བེ་རི་འཇིགས་མེད་ལགས་ཀྱི་གསུང་ལ་ག་ཚོད་གདེང་འཇོག་ཡོད་མེད་རྗེས་སུ་ལྟ་ཆོག དེ་དུས་ཁོང་ལ་ལྟ་ལོག་བན་ལོག་ཅེས་མ་གསུངས་ཨ།