—མཁོ་སྤྲོད་པ། འཇམ་དབྱངས་སྦྱིན་པ།
ཨ་ཁུ་འཇིགས་མེད་གློད་གྲོལ་བཏང་བའི་ཉིན་བཅུ་གྲངས་ཤིག་གི་རྗེས་ཏེ༢༠༡༦/༡༡/༡༡ཉིན་ཁོང་གཟུགས་གཞིར་བརྟག་དཔྱད་ཆེད་ལན་ཀྲུའུ་གྲོང་ཁྱེར་དུ་ཕྱིན་ཡོད་པ་དང་། དེ་གའི་བརྟག་དཔྱད་ཁང་ནས་རྗེས་སུ་ནད་རྟགས་ཐོན་གསལ་ལྟར་ན། ཟ་ཁུ་གཅིན་སྙི(糖尿病)དང་། སྙིང་ནད། མཆིན་ནད། ཁྲག་ཤེད་མཐོ་བ། མིག་ནད་བཅས་ན་ཚ་ཁག་ཅིག་ངོས་འཛིན་བྱས་འདུག
པར་ནང་མཐོང་གསལ་ལྟར་ཨ་ཁུ་འཇིགས་མེད་ཁོང་གི་མིག་ནང་ཁྲག་བབས་ཏེ་དམར་པོ་གྱུར་ཡོད་པ་དང་། མགོ་ན་བ་སོགས་གཟུགས་ཁམས་ཧ་ཅང་མི་བདེ་བ་སོགས་ལ་བརྟེན། དེ་རིང(༢༠༡༦/༡༢/༢༦)ཉིན་བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་ཅིག་བྱས་རྗེས། སྨན་ཁང་གིས་ན་ཚ་ཚབས་ཆེན་ཡིན་པས་ངེས་པར་སྨན་ཁང་ནང་འདུག་དགོས་ཚུལ་བཤད་པ་ལྟར་ད་ལྟ་རྫོང་སྨན་ཁང་ནང་གནས་སྤོར་བྱས་འདུག
ཨ་ཁུ་འཇིགས་མེད་ཁོང་འཛིན་བཟུང་མ་བྱས་སྔོན་ནད་མེད་དུག་མེད་ཅིག་ཡིན་ཡང་། ཕྱི་ལོ༢༠༡༡/༨/༢༠ ཉིན་འཛིན་བཟུང་བྱས་ནས་ཟླ་གཉིས་ཀྱི་མཚམས་སུ་གཟུགས་གཞི་མི་བདེ་བའི་གནས་སྟངས་འོག་གོང་རིམ་ལ་ཡང་ཡང་སྨན་པར་བསྟེན་དགོས་པའི་རེ་སྐུལ་བྱས་ཀྱང་། ཟླ་བཞིའི་རྗེས་ནས་མ་གཏོགས་བརྟག་དཔྱད་གང་ཡང་མ་བྱས་པར་དེ་མུར་བཞག རྗེས་སུ་བཙོན་པའི་སྨན་ཁང་ནས་བརྟག་དཔྱད་ཅིག་བྱས་པར་ན་ཚ་གཙོ་བོ་གཅིན་སྙི་ཡིན་པར་ངོས་འཛིན་གྱིས་བཙོན་པའི་སྨན་ཁང་ནང་ཟུར་འཇོག་བྱས་ཡོད་པ་རེད།
༢༠༡༦/༡༠/༢༦ཉི ན་ལོ་ལྔའི་ཁྲིམས་ཆད་དུས་ཡུན་རྫོགས་རྗེས་ཁོང་གློད་གློལ་བཏང་ཡང་། འགྲོ་འདུག་གི་བྱ་སྤྱོད་སོགས་ལ་སྟངས་འཛིན་ཡོད་པ་སྨོས་མེད་ཐོག ད་དུང་དགོན་པར་སྡོད་པ་དང་གཟན་ཤམ་གྱོན་དབང་མེད་ལ། ལོ་འགའི་སྔོན་ནས་ཁྱེར་བའི་ཐོབ་ཐང་ལག་འཁྱེར་དང་གློག་ཀླད། ཡིག་ཆ་ཁག དེ་བཞིན་སྒོར་ཁུག་སོགས་ཀྱང་ཕྱིར་སྤྲོད་བྱས་མེད། དེའི་ཐད་ཐེངས་གསུམ་ལ་ཅ་དངོས་གལ་ཆེན་དེ་དག་ཕྱིར་སྤྲོད་དགོས་པའི་རེ་འདུན་བཏོན་ཀྱང་འབྲས་བུ་མ་སྨིན།
དེང་སྐབས་ཁོང་ལ་ཐོབ་ཐང་ལག་འཁྱེར་མེད་ཁར་གར་འགྲོར་སྟངས་འཛིན་ཆེ་བས་ལན་ཀྲུའུ་གྲོང་ཁྱེར་གྱི་སྨན་ཁང་སོགས་སུ་སྡོད་ཐབས་མེད་པའི་གནས་སྟངས་ཆགས་ཡོད། དོན་འདི་དག་གི་ཐད་ནང་མི་ཉེ་གྲོགས་ཚོས་སེམས་འཚབ་བྱེད་པ་ལས་ཐབས་གཞན་ཅི།
ཨ་ཁུ་འཇིགས་མེད་ཀྱི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ཀྱིས་ཕྱི་ལོ༢༠༡༦/༡༢/༢༦ ཉིན་སྤེལ།
གང་མགྱོགས་ན་ཚ་དྲགས་པའི་སྨོན་ལམ་འདེབས་ཀྱི་ཡོད།༢༠༠༨ནས་ཁོང་འཛིན་བཟུང་བྱས་ཏེ་གཅར་རྡུང་ཚད་མེད་མྱངས་མྱོང་མཁན་གྱི་བོད་ཀྱི་དཔའ་རྒོད་ཅིག་ཡིན།
རྒྱལ་གཅེས་དཔའ་རྒོད་ཁྱེད་གང་མགྱོགས་ནད་ལས་ཐར་བའི་སྨོན་ལམ་ཡོད།
བདེ་ཐང་ཡོང་བར་གསོལ་བ་འདེབས།ངའི་སྙིང་ནས་དགའ་ས་གཅིག་པོ
ཨ་ཁུ་ལགས་སྨན་ཁང་ཡག་པོ་ཞིག་ནས་སྨན་བཅོས་ལེགས་པོ་ཐོབ་བའི་རེ་བ་ཡོད། གཅིག་ཐང་ན་རྒྱ་གཞུང་གིས་གནོད་པ་བཏང་ཡོད་ནའང་ཐང་།
ཨ་ཁུ་མཆོག་མྱུར་དུ་དྲག་བསྐྱེད་འོང་བའི་སྨོན་འདུན་བརྒྱ་ཕྲག་ཞུ།