ཚིག་མུ་ལ།
མི་ལོ་ལྔ་བཅུའི་རིང་ལ། །
ཕྱི་རོལ་ཡུལ་གྲུ་གང་སར། །
མགོ་ནག་བོད་པའི་ཆེད་དུ། །
མཛད་འཕྲིན་རྒྱ་ཆེར་གནང་མཁན། །
བུ་ངའི་སྙིང་གི་ནོར་བུ། །
ཞི་བདེ་བསུ་བའི་བླ་མ། །
ཡིད་ལ་ཡང་ཡང་དྲན་སོང་། །
ཨ་་་་་་་་་།
བུ་ངའི་དྲིན་ཆེན་བླ་མར། །
མཇལ་འཛོམ་རེ་སྒུག་ཁྲོད་ནས། །
དྲན་གདུང་མིག་ཆུ་དྭངས་མོ། །
ཡ་ཆུང་སེམས་ལ་བཞུར་ཡོད། །
ཨ་་་་་་། བླ་མ་ལགས།
བུ་ངས་ཁྱེད་ཉིད་དྲན་སོང་། །
ཐུགས་རྗེ་བརྩེ་བ་ཆེན་པོས། །
མ་གྱུར་འགྲོ་བ་ཡོངས་ལ། །
རྟག་ཏུ་གཟིགས་པའི་བླ་མར། །
སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས། །
ཞི་བདེའི་གཟེངས་རྟགས་དུ་མ།
འབུལ་བའི་གཏམ་བཟང་ཐོས་དུས། །
བུ་ང་སྙིང་ནས་དགའ་སོང་། །
ཨ་་་་་་་་། བླ་མ་ལགས།
འཚེ་མེད་ཞི་བདེའི་ལམ་ནས། །
རང་དབང་འཚོ་བ་བསུ་ཆེད། །
ཕྱོགས་བཞིར་མཛད་འཕྲིན་བསྐྱངས་པ། །
ཡིད་ལ་ཡང་ཡང་དྲན་ཡོད། །
ཨ་་་་་་་། བླ་མ་ལགས།
ཁྱེད་ཀྱི་བཀའ་དྲིན་དྲན་སོང་། །