ཀ་དག་ཆོས་སྐུའི་རྒྱལ་ས་ཆེན་པོ་ནས། །
ཁ་བ་ཅན་ལྗོངས་བསིལ་བའི་འཇིག་རྟེན་བར། །
ག་ས་གང་དུ་ཤེས་རབ་གློག་འོད་ཀྱིས། །
ང་ཅག་སྙིང་གི་མུན་སེལ་མི་ཕམ་རྒྱལ། །
ཅ་དག་མི་བྱེད་འབྲོག་སློག་སྣུམ་སྟུག་མནབས། །
ཆ་ལུགས་མ་ངེས་སྦས་པའི་སྔགས་བཙུན་གཟུགས། །
ཇ་ཡུན་རེར་ཡང་ལེགས་བཤད་པོད་རྒན་རྩོམ། །
ཉ་རྒྱས་ཤེས་རབ་ཅན་གྱི་མི་ཕམ་དྲན། །
ཏྰ་ལའི་གཏིང་བཞིན་ལུང་རྟོགས་ཡོན་ཏན་ཟབ། །
ཐ་མལ་སྣང་ཞེན་ཡེ་ཤེས་མེ་ལྕེས་བསྲེགས། །
ད་རུང་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ། །
ན་ནིང་དོ་ཚིགས་ཁྱེད་ཉིད་ལྷག་ཏུ་དྲན། །
པ་སངས་ལྟ་བུའི་བྱང་ཆུབ་སེམས་གཉིས་ཀྱིས། །
ཕ་མ་འབྲོག་རྒན་བྱང་ཆེན་ལམ་དུ་ཁྲིད། །
བ་ཐུར་བཞིན་དུ་བདུད་དགྲ་འདུལ་བ་ལ། །
མ་ལུས་དྲག་པོའི་མཐུ་ལྡན་ཁྱེད་ཁོ་ན། །
ཙ་རིར་མ་བྱོན་རྟོགས་པའི་ཕ་མཐར་སོན། །
ཚ་གྲང་མ་མྱངས་ལུང་རིགས་ཡོན་ཏན་མཛོད། །
ཛ་ཡའི་བསྟན་ལ་ཀློང་འཇིགས་བསྡུས་གཟུགས་ཁྱེད། །
ཝ་ལེར་དྲན་ན་སྙིང་དབུས་ཐིམ་པར་ཞུ། །
ཞྭ་སེར་ཕྱོགས་ནས་མཐུ་བྱད་མང་བརྩམས་ཀྱང་། །
ཟ་བྱེད་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཁྱེད། །
འ་འུ་ཙམ་ཡང་འཇིགས་མེད་བརྟུལ་ཞུགས་ཀྱིས། །
ཡ་མཚན་རྡོ་རྗེའི་གད་མོ་ཤོར་རམ་ཅི། །
ར་བ་གངས་ཀྱིས་བཏུམས་པའི་འཇིག་རྟེན་འདིར། །
ལ་ལས་མཁས་པའི་ཚུགས་ཀ་བཟུང་ན་ཡང་། །
ཤ་ཁྲག་སྒྱུ་མའི་ལུས་ཅན་སུ་ཡིས་ཀྱང་། །
ས་ཐོབ་སེམས་དཔའ་ཁྱེད་ལ་འགྲན་ནུས་མིན། །
ཧ་ཅང་དྲན་ནོ་བླ་མ་མི་ཕམ་ལགས། །
ཨ་མདོའི་ཀླུ་སྨྱོན་སྙིང་དབུས་བཞུགས་རོགས་ཞུ། །
བསམ་བཞིན་བྱོན་ནས་སྙིགས་མའི་སྡེ་ལ་གཞུང་ལུགས་སྤེལ།
བླ་མ་མི་ཕམ་རིན་པོ་ཆེ་ལ་གུས་ཡོད་ན།
བོད་སྐདཡི་གེར་དག་ཆ་ཟུར་ཆག་མེད་པ་དགོས།
ཨ་མདོའི་ཀླུ་སྨྱོན་སྙིང་དབུས་བཞུགས་གྲོགས་ཞུ།།
་
ཏྰ་ལའི་སྒྲ་ཡི་དོན་དག་གང་ཡིན་ནམ།
ཡག་པོ་བྲིས་འདུག ཡིད་རངས་ཞུ། དགེ་ལྡན་པས་མཐུ་བརྒྱབ་ཟེར་བ་དེ་ཚོ་བཤད་ཡམ་ལས་བདེན་མིན་རྟོགས་དཀའ་བས། བླ་མའི་བསྟོད་པའི་ནང་གཏམ་རྙོག་དེ་ཚོ་དྲངས་ན་ཞར་ལ་བླ་མའི་ཞབས་ནས་འདྲུད་པའི་ཉེན་ཁ་ཆེ་བས། དེ་དག་རྗེས་མ་མེད་ན་དགའ།
མཐུ་ལ་དངོས་ནས་ནུས་པ་དང་ཁོང་ལ་དེ་དག་ལྡོག་པའི་ནུས་པ་ཡོད་ནས། བསྟན་དགྲ་རྒྱ་དམར་ལ་ངེད་ཚོ་ལས་ལྷག་པའི་མཐུ་ལྡོག་གི་ནུས་པ་ཡོད་ས་རེད།
ཉེ་འཆར་ཤེས་རྟོགས་བྱུང་བར་རྒྱ་དམར་གྱིས་བོད་པའི་བླ་ཆེན་མང་པོ་ཞིག་ལ་བུད་མེད་མཛེས་མའི་སོ་བ་བཏང་ནས། ལུས་འབྲེལ་དང་མ་རུང་གི་སྤྱོད་ངན་དུ་མ་སྤེལ། དེ་དག་ལྐོག་ཏུ་བརྙན་ལེན་ནས་ད་ཆ་བླ་ཆེན་མང་པོ་མི་འདོད་བཞིན་དུ་མཚམས་ཁང་ལ་བཞུགས་ནས་ཕྱིར་འདོན་མི་ནུས་པ་བཟོས་འདུག མཐུ་བརྒྱབ་ན་དེ་དག་ལ་བརྒྱབ་དགོས།་མཐུ་ལྡོག་ཡོད་ན་དེ་དག་ལ་ལྡོག་དགོས། སུ་གཅིག་ལ་མིན་འདུག
ཧཧཧཧཧཧཧཧཧཧཧ
བླ་མ་མི་ཕམ་པའི་རྣམ་ཐར་འབྲིང་ཙམ་བཞུགས་པས་སྤྱོད་འཇུག་ཤེར་ལེའི་འགྲེལ་པའི་རྐྱེན་གྱིས་དགེ་ལྡན་པའི་ཕྱོགས་ནས་དགག་ཡིག་བརྩམས་པ་དང་། མཐུ་གཏད་གནང་བའི་སྐོར་ལ། སེ་འབྲས་དགེ་གསུམ་གྱི་དགེ་འདུན་པའི་སྡེ་ཡུལ་གཉན་པས་ཁོང་རྣམ་པའི་མཐུ་ཡི་སྣེ་རུ་སྡོད་ཐུབ་མཁན་ཞིག་ཡོད་མི་སྲིད་ཀྱང་། ཁོ་བོ་འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་མངོན་སུམ་རྗེས་སུ་བཟུང་བ་ཡིན་པས་མཐུ་ཡིས་མི་ཐུབ་ཚུལ་གསུངས་པ་དང་། རྗེས་སུ་དགེ་ཕྱོགས་ནས་འགྱོད་བཤགས་ཀྱི་ཡི་གེ་ཕུལ་ཚུལ་སོགས་འདུག འདི་ནི་ཆགས་སྡང་གི་གཏམ་མ་ཡིན་པར་བླ་མ་མི་ཕམ་པའི་རྣམ་ཐར་ལས་བྱུང་བ་ཞིག་ཡིན། བདག་ལྟ་བུར་མཚོན་ན་དགེ་ལྡན་པ་ཕ་དང་རྙིང་མ་པ་མ་བཞིན་དུ་བརྩི་བཀུར་བྱེད་པ་ཞིག་གིས་དགེ་རྙིང་གི་བར་དུ་ཆགས་སྡང་བྱེད་དགོས་པ་ཅི་ཡང་མེད། ལོ་རྒྱུས་ལས་བྱུང་བ་ཞིག་བརྗོད་པ་ཙམ་རྩོམ་གྱི་བརྗོད་གཞིར་བཟུང་བ་འདི་ཙམ་ཡང་སྐྱེ་བོ་གཞན་དག་གི་ཆགས་སྡང་གི་མེ་རོ་གསོ་བའི་རྒྱུ་རུ་འགྱུར་ན་བཟོད་པར་གསོལ།
ཧཧཧཧཧཧཧཧཧཧཧཧཧཧཧཧ་་་་་་་་་་་་་་་་་་་་་་་་་་རྒྱུ་མཚན་ཞེ་དྲག་མི་འདུག
གོང་གི་རྩོམ་མཇུག་ཏུ་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས་བྱུང་བའི་བླ་མ་མི་ཕམ་དང་མཐུ་གཏད་སྐོར་ཤོག་ལྷེ་གཅིག་བཀོད་ཡོད་པ་དེར་གཟིགས་ན་ལོ་རྒྱུས་ཕྲན་ཚེགས་འདུག བདག་ལ་སྙིང་ནད་ཡོད་མཁན་ཚོས་གཟིགས་མ་གཟིགས་ཁྱད་པར་མེད།
༄༅། གཡག་རྒོད་ནས་ཚིགས་བཅད་ཡག་པོ་ཞིབ་པོ་ཞིག་བྲིས་གནང་འདུག་པ་བདག་བློ་ལ་ཧ་ཆང་འགྲོ་སོང། ཐུགས་རྗེ་ཆེ།