—-རྔ་བ་རྒྱལ་ཁམས་པ།
བླ་མ་རྩ་མི་སངས་རྒྱས་གྲགས་དང་། དཔལ་ཆེན་རྒྭ་ལོ་སྟེ་བླ་སློབ་འདི་གཉིས་ཀྱིས་གནའ་བོའི་རྒྱ་གར་གྱི་སྤྱི་ཚོགས་ནང་མཛད་འཕྲིན་ཆེས་ཆེར་རྒྱས་མྱོང་བ་མ་ཟད། ཤུགས་རྐྱེན་ཀྱང་ངེས་ཅན་ཞིག་ཐེབས་ཡོད་པ་འདྲ་བས། དུས་སྐབས་དེའི་རྒྱ་གར་གྱི་ལོ་རྒྱུས་ཡིག་ཚང་དང་། ཁྱད་པར་དུ་དཔལ་ནཱ་ལེནྡྲའི་གདན་རབས་ཀྱི་ནང་། བླ་སློབ་དེ་གཉིས་ཀྱི་མཛད་འཕྲིན་སྐོར་ཡིག་ཚགས་སུ་བཀོད་ཡོད་མེད་ཞིབ་བཤེར་ཞིག་བྱེད་དགོས་པར་མཐོང་།
བོད་ཀྱི་ལོ་རྒྱུས་ཡིག་ཆ་འགའ་རེ་ན། བླ་མ་རྩ་མི་སངས་རྒྱས་གྲགས་དཔལ་ནྰ་ལེནྡྲའི་མཁན་པོར་ཕེབས་མྱོང་ཚུལ་དང་། རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་ཏུ་བཞུགས་ཡོད་ཚུལ་གསུངས་འདུག བླ་མ་རྒྭ་ལོ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཏེ། རྒྱལ་བོ་ཤིང་རྟ་ཅན་གྱི་བཀའ་བཞིན་མུ་སྟེགས་པའི་འགྲན་སེམས་ཀྱི་ཕྲག་དོག་ཕམ་པར་མཛད་པ་དང་། རྟུལ་ཞུགས་ཀྱི་སྤྱོད་པས་འཇིགས་རུང་དུད་ཁྲོད་བསིལ་བའི་ཚལ་ནས་ལྷ་འདྲེ་གདུག་ཅན་མང་བོ་ཟིལ་གྱིས་མནན་ཅིང་དམ་དུ་བཏགས་པར། རྒྱ་གར་བས་དད་འདུན་བསྔགས་བརྗོད་ཀྱི་མེ་ཏོག་པུས་མོ་ནུབ་ཙམ་འཐོར་བས། སངས་རྒྱས་འདས་རྗེས་ནས་མེ་ཏོག་གི་མཆོད་པ་ཕུལ་བ་དེ་ལས་མང་བ་ཞིག་བྱུང་མ་མྱོང་ཟེར།
བླ་མ་རྩ་མིའི་སློབ་མ་མང་དུ་བཞུགས་པ་ལས། གཙོ་བོར་གྱུར་པ་ནི། རྒྱ་གར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། པཎ་ཆེན་ཨ་བྷྱ་ཀཱ་ར། རྡོ་རྗེ་གདན་པ་དོན་ཡོད་རྡོ་རྗེ་སོགས་དང་། བོད་དུ་དཔལ་ཆེན་རྒྭ་ལོ། པ་ཚབ་ཉི་མ་གྲགས། རོང་པ་ཆོས་བཟང་སོགས་ཡིན་པར་སྣང་། ཁོང་རྒྱ་གར་ནས་སྐུ་གཤེགས་པ་དང་། རྒྭ་ལོ་བོད་ནས་སྐུ་གྲོངས་འདུག འདི་ཐད་ཞིབ་འཇུག་རང་བཞིན་གྱི་ཡི་གེ་ཞིག་བཙན་པོ་ཞེས་པའི་དྲྭ་བར་བཀོད་འདུག་པ་གཤམ་གསལ་དྲྭ་ཐག་ནས་གཟིགས་རོགས།
ཨ་ཏི་ཤའི་དོན་བོད་སྐད་དུ། ཕུལ་དུ་བྱུང་བ་ཞེས་པ་གསུངས། ལེགས་སྦྱར་ཚིག་མཛོད་དག་ན། ཨ་ཏི་ཤ་ཞེས་པ་མེད་ཅིང་། ཨ་ཏི་ཤ་ཡ་ཞེས་ཕུལ་བྱུང་གི་སྐད་དོད་དུ་མཆིས། དེས་ན། བོད་སྐད་ཀྱི་ཡི་གེ་མཐའ་བརྟེན་རྣམས་མེད་པར་ཆགས་པ་བཞིན་དུ། ཨ་ཏི་ཤ་ཡ་ཞེས་པའི་ཡ་ཡིག་མེད་པར་སོང་འདུག།
འདི་ནི་ཉེ་དུས་ཀྱི་རྣམ་དཔྱོད་རི་བོའི་སྒང་ནས་ཤར་བའི་ཨ་ཏི་ཤ་ཡ་ཕུལ་དུ་བྱུང་བ་ཞིག་ལགས་སོ།
རྔ་བ་རྒྱལ་ཁམས་པ་ལགས་ཀྱི་རྩོམ་ཐུང་འདི་དབུགས་ཐེངས་གཅིག་གིས་བཀླགས་ཟིན་པ་ཡིན། འོན་ཀྱང་དྲ་གནས་ཞིག་འཇོག་རྒྱུ་ཡོད་པ་བརྗེད་འདུག་འདྲ་ན། དྲ་གནས་དེར་གསལ་ཙ་མིའི་སྐོར་གྱི་རྩོམ་ཡིག་དེར་ཡང་མཇལ་འདུན་ཆེ།
ངས་མཐོང་བའི་ཡིག་ཆ་དག་ལ་ཙ་མི་ལོ་ཙཱ་བ་ཞེས་བྲིས་འདུག་པ་ཉིད་ཀྱིས་རྩ་མི་ཞེས་བྲིས་འདུག་པས་ན། རྩ་མི་ཞེས་པའི་བྲིས་པའི་ཐད་ནས་དགོངས་ཚུལ་ཞིག་གསུང་རོགས།
བོད་བཞུགས་ཞམས་ཞིབ་ལ་ཚངས་དབང་དགེ་འདུན་བསྟན་པས་ཙ་མི་ལོ་ཙཱ་བའི་སྐོར་ལ་རྩོམ་ཡིག་རེ་གཉིས་བྲིས་པ་མཇལ་མྱོང་ལ། ཙ་མིས་མཛད་པའི་བསྟན་བཅོས་ཁག་གི་མཛད་ཀྱང་བཀོད་པའི་རྩོམ་ཡིག་ཡག་པོ་རེ་ཡང་བཙན་པོ་དྲ་བར་མཇལ་མྱོང་།
ཉིད་ཀྱིས་གོང་དུ་བཙན་པོ་དྲ་རྒྱའི་དྲ་ཐག་ཅེས་པ་ཚངས་དབང་བའི་རྩོམ་ཡིག་ལས་གཞན་ཞིག་ཡིན་ན་དྲ་ཐག་འདིར་འགོད་རྒྱུར་སྒུག་ཡོད།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་དང་། གཅན་བཟོད་རྒྱམ་གཉིས་ལགས། ཁྱེད་གཉིས་ཕེབས་ནས་དགོངས་འཆར་རེ་གནང་བར་ལེགས་བྱུང་། རྒན་ལ་དྭགས་པ་ལེགས། ཁྱེད་ཀྱིས་བལྟས་ན་ཙ་མི་སངས་རྒྱས་གྲགས་པ་ན་ལེན་དྲའི་མཁན་པོར་ཕེབས་པར་བཤད་པའི་ལོ་རྒྱུས་དེ་དངོས་དོན་ཞིག་ཨེ་ཡིན་ནམ། རྒྱ་གར་གྱི་ལོ་རྒྱུས་སུ་དེ་སྐོར་བཀོད་ཡོད་དམ། གཅན་བཟོད་རྒྱམ་ལེགས། ངས་བཤད་པའི་དྲྭ་ཐག་དེ་ཁྱོད་ཀྱིས་མཐོང་བ་དེ་ག་རང་རེད། ཙ་མི་ནི་རྩ་མིའི་འབྲི་ཚུལ་གཞན་ཞིག་ཡིན་པ་བོད་བརྒྱུད་ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་བཀོད་པ་མཐོང་ཞིང་། ཁོང་གི་འགྱུར་བྱང་ངོ་སྤྲོད་འགའ་རེར་ཡི་གེ་དེ་གཉིས་རེས་མོས་སུ་བཀོད་པའང་མཐོང་བས་གང་བེད་སྤྱད་ཀྱང་ཁྱད་དེ་ཙམ་མེད་པ་འདྲ། འགའ་རེས་ཁོང་རྡོར་རྗེ་གདན་གྱི་དགོན་པའི་མཁན་པོར་བཞུགས་ཚུལ་བཤད་པ་དང་། ལ་ལས་ན་ལེན་དྲའི་མཁན་པོར་ཕེབས་ཚུལ་གསུངས་པ་འདི་དག་ལ་གཞིགས་ན། བླ་མ་ཙ་མིར་རྒྱ་གར་དུ་མཛད་འཕྲིན་ཤུགས་དར་ཡོད་པ་འདྲ་བས་འདི་སྐོར་རྩད་གཅོད་རེ་གཏོང་ཐུབ་ན་བཟང་གི་ཡ།
རྣམ་པ་ཚོས་ཡག་པོ་གསུངས་འདུག ངས་ནི་རྩ་མའི་སྐོར་ཐོག་མ་དེ་༧གོང་ས་མཆོག་གི་ཞལ་སྔ་ནས་གོ་བ་ཡིན། དེ་རྗེས་མཁས་པ་སྒོ་ཤེར་གྱིས་བརྩམས་ཆོས་ཤིག་ཏུ་ཡང་ཕྲན་བུ་བྲིས་འདུག དེ་ཙམ་ལས་ཞིབ་ཏུ་མཇལ་མ་མྱོང་། གང་ལྟར་རྩ་མའི་སྐོར་ཡིག་ཚང་རྙིང་པ་རྣམས་སུ་ཡང་ཆེར་མེད་པ་འདྲ། དེ་མིན་མཁས་པ་རྒན་རབས་པ་དང་། ལོ་རྒྱུས་ཉམས་ཞིབ་པ་ཚོས་ཕལ་ཆེར་གཟིགས་ཡོད་ཚོད་རེད།
རྔ་བ་རྒྱལ་ཁམས་པ་ལེགས།
ང་ལ་ནི་ཙ་མི་སངས་རྒྱས་གྲགས་པའི་མཚོན་ཐོས་པ་དང་པོ་ཡི། ཁོང་ན་ལཱནྡཱ་ཡི་མཁན་པོར་ཕེབས་པ་ཡང་བོད་དཔེ་ཞིག་ཏུ་གསལ་ན་དེ་ཉིད་ཚད་མར་འཛིན་དགོས། ན་ལེན་དྲ། ཞེས་པ་མ་ཡིན་པར་། འདུལ་བ་ན། འདམ་བུ་སྦྱིན། ཞེས་བསྒྱུར་ལྟར། ནཱ་ལཱནྡཱ། ཞེས་པར་ དག་པར་སེམས་ཤིང་། རྒྱ་གར་པ་སོགས་ཀྱིས་ཀྱང་། ནཱ་ལཱནྡཱ།། ཞེས་འབྲིའོ།