–རྔ་བ་རྒྱལ་ཁམས་པ།
གྱེར་གྱིས་གཟིགས་པའི་སྤྱན་ཟུང་ཟླུམ་པོས་ང་ཡི་ཨུ་ཚུགས་ལྟ་སྟངས་བཤིག།
འབྲོང་རྭ་སྨུག་པོའི་སྨ་ར་རྣོན་པོ་སློབ་དཔོན་པདྨ་བསྙེན་ལས་སྐྱེས།།
རྡོ་རྗེ་གྲོད་ལོད་རང་འབར་གཏུམ་མོས་ཆོས་ཉིད་དབུ་མའི་རྒྱ་མཐོངས་ཡངས།།
རྣལ་འབྱོར་དབང་ཕྱུག་རྡོ་རྗེ་གསུམ་འཛིན་ལམ་མཁྱེན་བླ་མ་སྐུ་ཚེ་བརྟན།།
ཁྲོལ་ཁྲོལ་གསུང་གི་ཟབ་བརླིང་ཁ་བརྡ་སྐབས་རེར་གོ་དཀའ་སྐབས་རེར་སླ།།
རྩ་གསུམ་རྒྱ་མཚོར་འཕྲིན་སྐུལ་བྱིན་འབེབས་ས་ཡི་བརྟན་མ་སྐྲག་ཅིང་འདར།།
སྐལ་ལྡན་བུ་ལ་རིག་པ་གཏད་ཚེ་སྙིང་ཁའི་འཁོར་ལོ་འབྲུག་ལྟར་གཡོ།།
དྲི་བཟང་འཐུལ་བའི་འོད་གསལ་གཟིམ་ཆུང་རང་བྱུང་མཁའ་འགྲོས་ཌཱ་རི་དཀྲོལ།།
བླ་མ་དགུང་ལོ་བརྒྱད་ཅུར་ཕེབས་ཀྱང་རིགས་ཀྱི་འདུན་པ་དར་ལ་བབ།།
སྐུ་ཚེའི་སྐྱིད་སྡུག་འགྲུལ་བཞུད་ཁྲོད་ན་ཉམས་མྱོང་ལོ་རྒྱུས་རིན་ཆེན་བདལ།།
བསྟན་འགྲོའི་དོན་དུ་ཉིན་མཚན་ངལ་མེད་འཛམ་གླིང་ཟླུམ་པོར་ཁད་ཀྱིས་བསྐོར།།
རྨོངས་པའི་འགྲོ་ལ་ལམ་སྟོན་སྒྲོན་མེ་ཇུས་དང་གྲོས་ལ་བསླུ་བ་མེད།།
གཞུང་ལུགས་བཀའ་ཁྲིད་གནད་ཐོག་འགྲིལ་ཞིང་དོན་གྱི་གོ་བར་རང་ཚུགས་མཁྲེགས།།
ཆོ་ག་ཕྱག་བཞེས་སྲོལ་ཁ་ཞིབ་ཚགས་བཅའ་ཐིག་བཟོ་ལ་མི་དགོངས་མེད།།
འདོན་དང་རྟ་དབྱངས་དབྱར་དུས་འབྲུག་སྒྲ་ཕྱག་མོ་ལུང་རྩིས་མི་ཐུག་མེད།།
དུས་རབས་གཅིག་གི་བོད་རིག་ནང་དོན་ལམ་ཆེན་བླ་མས་མཚོན་ནམ་སྙམ།།
བླ་མ་དགུང་ལོ་བརྒྱད་ཅུར་ཕེབས་པ་བསྟན་དང་འགྲོ་བའི་རྒྱལ་ཁ་ཡིན།།
བླ་མའི་སྐུ་ཚེ་མུ་མཐུད་བརྟན་རྒྱུ་བསྟན་དང་འགྲོ་བའི་རེ་སྨོན་ཡིན།།
བླ་མའི་སྐུ་ལ་བགྲེས་རྒུད་མེད་པར་བདེ་ཆེན་ཐུགས་སྤྲོའི་ཉམས་ཀྱི་ངང་།།
སྐུ་ལ་ངལ་གསོ་མང་ཙམ་བསྟེན་པ་དད་ལྡན་བདག་གི་རེ་འབོད་ཡིན།།
གཞན་མི་ཤེས། ཁོང་གི་ཨ་ར་དེ་ལ་སེམས་པ་རྦད་དེ་ཤོར་མྱོང་།
བསྟོད་རྒྱུ་མེད་ན་མ་རྟོགས་ཆ་ཚང་བསྟོད་འདུག་ཐུགས་རྗེ་ཆེ་།
འབྲི་གུང་ལམ་མཁྱེན་རིན་པོ་ཆེའི་སྐོར་ལ་ཤེས་འདོད་ཆེན་པོ་ཡོད། རབ་བྱུང་ན་ཁོང་གི་སྐུ་མདུན་ནས་གསུང་ཆོས་ཞུ་འདོད་པ་ཡིན། འོན་ཀྱང་བླ་མ་རྟག་རྒྱུ་གལ་ཆེ་བས། ཁོང་དང་འབྲེལ་ཡོད་དྲི་བ་རེ་གཉིས་ཡོད་པས། གྲོགས་རྒྱལ་ཁམས་པས་རོགས་པ་མཛོད་ཅིག
དང་པོ། ཁོང་རབ་འབྱུང་གི་སྡོམ་པ་ཞུ་ཡུལ་མཁན་པོ་སུ་ཡིན་ནམ།
གཉིས་པ། ཁོང་གི་རྩ་བའི་བླ་མ་གཙོ་བོ་དེ་སུ་ཡིན་ནམ།
བཀའ་དྲིན་ཆེ།
ཁོང་དང་པོ་སྐྱ་བོ་རེད། མི་རྒན་ཆགས་ནས་གྲྭ་བ་བྱས་འདུག སྤྲུལ་སྐུ་ཡང་ཡིན་ས་རེད། ཆོས་པ་ར
བླ་མ་ལ་བརྟག་དཔྱད་མི་བྱེད་དགུ་བྱེད་མཁན་གྱི་སློབ་བུ་དེ་ཚོར་དམ་ཆོས་ཚད་ལྡན་ཞིག་རགས་ཐུབ་ཀྱི་ཨ་ཡོད་ན། །
#5 BONPO ་ལགས་ཀྱིས་སྤེལ་དོན།:
June 26th, 2017 at 6:39 pm
བླ་མ་ལ་བརྟག་དཔྱད་མི་བྱེད་དགུ་བྱེད་མཁན་གྱི་སློབ་བུ་དེ་ཚོར་དམ་ཆོས་ཚད་ལྡན་ཞིག་རགས་ཐུབ་ཀྱི་ཨ་ཡོད་ན། །
བླ་མར་མ་བསྟེན་སྔོན་ལ་བརྟག་དཔྱད་བྱས་ན་དེ་ལ་ནོར་འཁྲུལ་མེད་པ་ཐག་ཆོད། ཡིན་ནའང་བསྟེན་ཟིན་པའི་རྗེས་ལ་བརྟག་དཔྱད་བྱས་ན་དེ་འགྲིག་མིན་མི་ཤེས། ཡིན་ནའང་བླ་མས་མཛད་སྤྱོད་ཀྱི་ལེགས་ཉེས་ལ་ལྟས་ཏེ་ལེགས་པའི་ཆ་བླངས་སྡུག་པའི་ཆ་སྤང་ན་དེ་མ་འགྲིག་པ་ཡོད་རྒྱུ་མ་རེད་འདོད། གང་ལྟར་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག ། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། ཞེས་བཤེས་གཉེན་ཆོས་བཅུ་དང་ལྡན་པ་ཞིག་བསྟེན་དགོས་པར་གསུངས་ཡོད་པ་རེད།
རྣམ་པ་ཚོ་ཕེབས་པར་དགའ་བསུ་ཞུ། ལམ་མཁྱེན་པའི་བླ་མ་ཕལ་ཆེར་ཞིག་མཚན་སྙན་གྲགས་ཆེན་པོ་ཡོད་བསྡད་པ་དེ་འདྲ་མ་རེད་བསམ། འོན་ཀྱང་། ཁོང་གི་བླ་མ་ཕལ་ཆེར་འཇིག་རྟེན་མཐུན་སྣང་བའི་བསམ་སྤྱོད་དང་རྦད་དེ་རྒྱབ་འགལ་དུ་ཕེབས་པའི་གྲུབ་ཆེན་རྐྱང་རྐྱང་རེད་ཅེས་བཤད་ན་མི་འགྲིགས་པ་མི་འདུག བླ་མ་འདི་པ་ལ་བཀའ་རྙིང་ཕྱོགས་ཀྱི་དབང་ལུང་མན་ངག་ཟབ་ཁྲིད་དཔག་ཏུ་མེད་པ་ཞིག་བཞུགས་པར་སྣང་། ཁོང་གི་བླ་མའི་གཙོ་གྲས་ཤིག་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ཞེས་འབོད་པའི་ས་ཐོབ་ཀྱི་བྱང་སེམས་ཆེན་པོ་དེ་ཡིན་པ་མ་ཟད། ཁུ་ནུ་བླ་མ་རྒྱུན་རིང་བོར་བསྟེན་ནས་ངེས་དོན་རྫོགས་པ་ཆེན་པོས་གཙོས་གཞུང་ལུགས་ཟབ་ཁྲིད་མན་ངག་མང་བོ་ཐུགས་ཉམས་སུ་འཁྲུངས་འདུག དགུང་ལོ་ལྔའི་དུས་ལྷོ་འབྲོང་སྤྲུལ་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་ལས་དབུ་སྐྲ་གཙུག་ཕུད་བཞེས་པ་ཙམ་ལས། རབ་ཏུ་བྱུང་བའི་མཁན་པོ་སུ་ཡིན་གསལ་བོ་ཞིག་མ་ཤེས། རྗེས་སོར་ངས་འདྲི་ཆོག ཁོང་གི་རྣམ་ཐར་དང་ད་བཞུགས་གསུང་འབུམ་སོགས་ཀྱི་ངོ་སྤྲོད་རོབ་བསྡུས་ཤིག་སྒམ་པོ་པའི་ཆོས་གླིང་གི་དྲྭ་རྒྱར་མཇལ་རྒྱུ་འདུག དྲྭ་ཐག་འདི་རེད། http://www.gampopa.org/bo/
ལོ་བཅུ་གཉིས་བར་་་་་་
གཡུ་སྒང་དགེ་འདུན་ལགས་བཀའ་དྲིན་ཆེ་ཞུ།
ཁྱེད་ཀྱིས་་་ཡིན་ནའང་བསྟེན་ཟིན་པའི་རྗེས་ལ་བརྟག་དཔྱད་བྱས་ན་དེ་འགྲིག་མིན་མི་ཤེས་་་་། ཧཧཧ བདེན་པ་འདྲ་པོ་གསུངས་བཞག །
རྔ་བ་རྒྱལ་ཁམས་པ་བཀའ་དྲིན་ཆེ།
Bonpoལགས།
བླ་མར་བརྟག་དཔྱད་བྱེད་པ་འདི་ལ་ངེད་ཅག་ནང་པའི་སྟོན་པ་མཆོག་གི་བཀའ་ཁྲོལ་ཡོད། བོན་ཆོས་ནང་ལ་བླ་མར་བརྟག་དཔྱད་མི་བྱེད་པར། ཁྱི་དང་གློ་བ་འཕྲད་པ་ལྟར་བསྟེན། དེ་ནས་མ་བརྟག་མ་དཔྱད་པའི་བླ་རྫུན་དེའི་སྐྱོན་མཐོང་ནས་བླ་མར་བརྙས་སྨོད་དང་ལོག་ལྟ་བྱེད་པ་དེ་རྒྱུན་གཏན་རེད་དམ། ནམ་ཡིན་རུང་ང་ཚོ་ནང་པ་རྣམས་ཕན་ཚུན་ནང་ཆོས་དང་འབྲེལ་བའི་སྐད་ཆ་དོན་ལྡན་ཞིག་གླེང་མ་ཐག ཁྱེད་ཕེབས་ནས་འདི་ལ་རྙོག་ཁྲ་ལྟ་བུ་ཞིག་བཟོ་བར་བྱེད། དི་རིང་ངས་ཁྱེད་ལ་འདི་ལྟར་རྙོག་གླེང་བྱེད་པ་འདི་ལ་ལེགས་སྐྱེས་ཤིག་འབུལ་འདོད་ཆེ་རུང་། ང་ཚོར་བཟོད་པ་ཟེར་བའི་ཉམས་ལེན་ཞིག་ཡོད། ད་དུང་ཐེག་ཆེན་གྱི་གཞན་ལ་གནོད་ཚེ་སྤོང་བའི་འགན་འཁུར་ཞིག་ཡོད་སྟབས།་ཁྱེད་ལ་བཏང་སྙོམས་བསྟེར་བ་ཡིན། སྟོན་པ་ཤཀྱ་ཐུབ་པའི་བཀའ་དྲིན་ལས་དེ་ལྟར་བྱུང་སོང་སྙམས་ནས་ཁོང་ལ་བཀའ་དྲིན་སོམས།
ཟུར་གནས་ལགས།
བརྟག་དཔྱད་བྱ་ན་རང་རྒྱུད་ཀྱི་ཉོན་མོངས་ཁྲེག་ཁྲེག་པོ་དེ་ལ་འགྱུར་ལྡོག་ག་འདྲ་འགྲོ་མིན་བརྟག་དཔྱད་ཡག་པོ་བྱོས། རང་གི་དུས་རྒྱུན་གྱི་སྒོ་གསུམ་གྱི་སྤྱོད་ལམ་དེ་ཚོ་བདེ་བར་གཤེགས་པའི་བཀའ་དང་རྒྱབ་འགལ་དུ་འགྲོ་གི་ཡོད་མེད་བརྟག་དཔྱད་བྱོས། ཤིག་དང་སོ་མ་མངས་པོ་བསད་ནའང་སྡིག་པ་ཡོད་རེད་དོ། གང་ལྟར་གཙོ་བོ་དེ་ཁྱེད་ཚོ་དང་ངོ་ཚོར་བཟུང་མཁན་གྱི་རང་སེམས་ཟུར་དུ་མ་གནས་པ་དེ་ལ་བརྟག་དཔྱད་ཡག་པོ་ཐོངས། གཞན་བརྟག་དཔྱད་བྱ་རྒྱུ་ཆེན་པོ་ཟེར་ཨ་ཡོད་ན། རྒྱ་ཆུང་ས་ནས་བཤད་ན་མི་ལ་སྐྱོན་མེད་མཁན་དང་ཤིང་ལ་འཛེར་པ་མེད་མཁན་དཀོན་པོ་རེད་ཟེར་བ་འཇིགས་རྟེན་པའི་ཁ་དཔེ་རེད། རྒྱ་ཆེ་ས་ནས་བཤད་ན་ཀུན་རྫོབ་ཀྱི་ཆོས་ལ་བརྟག་དཔྱད་མང་པོ་བཏང་ན་རིག་པས་འབུང་མི་གཟོད་པར་གསུངས་པ་དེ་ཁྱེད་ཀྱིས་མཁྱེན་ནམ་ལགས། །
Bonpoལགས།
ནང་པས་བླ་མ་བརྟག་དཔྱད་བྱེད་པའི་སྐོར་ལ་བགྲོ་གླེང་བྱེད་པ་འདི་ལུགས་མཐུན་རེད། རང་རྒྱུད་ཉོན་མོངས་དེ་ཉོན་མོངས་ཡིན་པ་ཤེས་པར་ཐོས་པ་དགོས། དེ་ཡང་བླ་མ་ཚད་ལྡན་ཞིག་གི་གསུང་ལ་བརྟེན་དགོས། དེ་མིན་ར་དང་ལུག་ཚང་མ་བསྲེས་ན་མི་ཕན། སྟོན་པ་ཚད་མ། དེས་བསྟན་པའི་ཆོས་ཚད་མ། དེའི་རྗེས་བྲང་དགེ་འདུན་ཚད་མ་ལྟ་བུ་ཞིག་དགོས་པར་སེམས།
ངའི་སྤྱོད་པ་དེ་དེ་བར་གཤེགས་པའི་བཀའ་དང་མཐུན་གྱི་ཡོད་མེད་ཤེས་པར། དང་པོ་བདེ་བར་གཤེགས་པའི་གསུང་རབ་ལ་ཐོས་པ་བྱེད་དགོས། དེ་ཡང་བླ་མ་ཞིག་ལ་བསྟེན་དགོས། བླ་མ་ཚད་ལྡན་ཞིག་ཡོང་བར་བརྟག་པ་བྱེད་དགོས།
རང་སེམས་ཟུར་དུ་གནས་མ་གནས་དེ་སེམས་འདི་ལ་ཉོན་མོངས་ཞུགས་མིན་ལ་ཐུག སེམས་ལ་ཉོན་མོངས་བཞུགས་པ་དང་དེ་སེལ་བར་བླ་མ་བསྟེན་དགོས། བླ་མ་དེ་ཡང་ཚད་ལྡན་ཞིག་དགོས།་དེ་ལྟར་ཡོང་བར་བརྟག་པ་བྱེད་དགོས།
སྔོན་གྱི་བསོད་ནམས་རླབས་པོ་ཆེ་བསགས་པའི་དྲིན་ལས། ཚེ་འདིར་ནང་པ་སངས་རྒྱས་པའི་རྗེས་བྲང་ཞིག་ལ་ཚུད་པ་འདི་བསོད་ནམས་ཡིན་སྙམས། ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་ལ་དད་པ་ཡོད་པ་དེ་ལ་དགའ་བ་འབུམ་གྱིས་མྱོས། བོད་པའི་སྐྱེ་བ་ལེན། ནང་ཆོས་ལ་སློབ་གཉེར་བྱ་རྒྱུ་བྱུང་བ་དེ་ལ་དམིགས་བསལ་སྤྲོ་བ་འཕེལ།
དེ་བར་གཤེགས་པ་དེ་བདེ་བར་གཤེགས་པར་བཅོས་རོགས།
ནང་པའི་བཀའ་འགྱུར་གྱི་དཔལ་སྟོབས་པོ་ཆེའི་རྒྱུད་ནང་ལ། སྟོན་པ་ཤཀྱ་ཐུབ་པས། “བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། དེ་ནི་བླང་ཕྱིར་གུས་ཕྱིར་མིན།”གསུངས་ཡོད།
བོན་གྱི་སྟོན་པ་གཤེན་རབ་ཀྱི་གསུང་ལ་འདི་འདྲ་ཞིག་ཡོད་དམ། ཕལ་ཆེར་མེད་ཚོད།
ས་སྟེང་བླ་མ་བརྒྱ་ཡོད་ཀྱང་སེམས་ཐོག་བླ་མ་གཅིག་།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡོད་ཀྱང་བསྡུ་ན་རང་སེམས་སྟོང་པའོ་།
དགོན་པ་གྲྭ་ཚང་དང་གདན་ས་ཁག་གི་ནང་དུ་སློབ་གཉེར་གནང་མཁན་དཔེ་ཆ་བ་བརྒྱ་སྟོང་མངས་པོར་ཁྱེད་ཀྱིས་སྨྲས་པ་ལྟར་སྣང་བ་སྐྱིད་མདོག་ཁ་པོ་བརྟག་དཔྱད་མང་པོ་དེ་འདྲ་གཏོང་ས་དང་འདི་ངའི་བླ་མར་བསྟེན་ན་འགྲིག་ས་རེད་མ་རེད་ཟེར་ས་རགས་མི་ཡོང་། སྤྱི་འདྲ་སྤྱི་མཚུངས་ཀྱིས་བླ་མ་དགེ་རྒན་གང་ཡོད་པ་དེ་རྣམས་བསྟེན་ནས་འགྲོ་རྒྱུ་རེད་མ་གཏོགས་གཏམ་འདོད་མང་པོ་ཤོད་ས་རྙེད་མི་ཡོང་གོ ང་ལ་ནི་རྙེད་མ་བྱུང་། །