Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་མས་དགོངས་པ་ཞུ་རྒྱུ་མིན་ཟེར།

Posted on 2011-04-212011-04-21 By སྤོབས་པ་མཐའ་ཡས། 24 Comments on བླ་མས་དགོངས་པ་ཞུ་རྒྱུ་མིན་ཟེར།

nepali-khenpo-minister3ཡོལ་མོ་བ་ལ་ཧར་ཁྱལ་བླ་མ་༼མཁན་པོ་འཆི་མེད་ཚེ་རིང་༽ཟེར་བ་ཞིག་ཉེ་ཆར་བལ་ཡུལ་ཀྱི་དཔལ་འབྱོར་བཀའ་བློན་དུ་བསྐོས་པ་རིང་པོ་མ་སོང་བར་ནག་ཉེས་མང་པོ་ཞིག་བགྲངས་ནས་དགོངས་པ་ཞུ་གྲབས་ཡིན་ཚུལ་གྱི་གནས་ཚུལ་མང་པོ་སྤེལ། བླ་མ་ལགས་ཀྱི་ནག་ཉེས་གཙོ་བོ་ཁག་ནི་རྒྱལ་གར་གྱི་མི་སེར་ལག་ཁྱེར་ཡོད་པ་དང་། སྐྱབས་བཅོལ་བོད་མིའི་ལག་ཁྱེར་ཡོད་པ་བཅས་རྒྱལ་ཁོངས་མི་གཅིག་པ་མང་པོར་ཞུགས་པ། འོས་བབ་མེད་པའི་སྤྱི་ཚོགས་ཞབས་ཞུའི་ཐེབས་རྩ་བཙུགས་པ། བོད་རང་དབང་ལས་འགུལ་ལ་མཉམ་ཞུགས་བྱེད་ཀྱིན་ཡོད་པ་དེ་བལ་ཡུལ་གྱི་ལངས་ཕྱོགས་ངོ་མ་ཀྲུང་གོ་གཅིག་གི་སྲིད་ཇུས་དང་འགལ་ཡོད་ཚུལ་སོགས་རེད་འདུག ཡིན་ན་ཡང་དེ་རིང་ཕྱི་དྲོར་བླ་མས་གསལ་འགོད་གསལ་བསྒྲགས་སྤེལ་དེ་ཁོང་ལ་བློན་ཆེན་གྱི་ལས་སྣེ་ལས་དགོངས་པ་ཞུ་འདོད་མེད་ཚུལ་དང་ཁོང་ལ་སྐྱོན་འཛུགས་བྱས་པ་ཚང་མ་ལ་ངོས་ལེན་མེད་ཚུལ་བརྗོད་ཡོད་འདུག

གསར་འགྱུར།

Post navigation

Previous Post: འཆར་སྣང་བདེན་པའི་འབོད་སྒྲ།
Next Post: དཔལ་ལྡན་དབུས་འོས་བསྡུ་ལས་ཁུངས་དང་བལ་ཡུལ་དོན་གཅོད་ཀྱི་སྐུ་ངོ་ལྷན་རྒྱས་ལ་གུས་ཞུ།

Comments (24) on “བླ་མས་དགོངས་པ་ཞུ་རྒྱུ་མིན་ཟེར།”

  1. ངག་དབང་ནོར་བུ་ says:
    2011-04-21 at 2:59 pm

    ༄༅། །སྐྱོན་བརྗོད་ཐོག་མ་བལ་ཡུལ་རྒྱལ་ས་ཀ་ཐ་མཎ་གྲུར་གནས་འཁོད་རྒྱ་ནག་གཞུང་ཚབ་ནས་མགོ་གཙུག་པ་དང་དེ་རྗེས་གསར་འགོད་པ་རྣམས་ནས་འུར་གཏམ་སྣ་ཚོགས་ཀྱི་ཉེན་གཙུགས་བྱས་པ་ཞིག་རེད་འདུག་བསམ། གལ་ཏེ་ཁོང་ལ་ནག་ཉེས་མེད་ན་ཁ་བཏད་མཐའ་གཅིག་ཏུ་བཅག་དགོས་པས་ཧི་མ་ལ་ཡའི་ནང་པའི་ཆོས་གྲོགས་རྣམས་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་དགོས་པ་ཤིན་ཏུ་གལ་ཆེ།

  2. ཀརྡོ་རབ་འབྱམས་པ་ says:
    2011-04-21 at 5:55 pm

    ཡོལ་མོ་བ་ལ་ཧར་ཁྱལ་བླ་མ་མཁན་པོ་འཆི་མེད་ཚེ་རིང་ལགས་ཀྱི་དྲང་བདེན་ཡོད་ཚད་དཀར་དོན་དང་། ཁོང་རང་རྒྱལ་འགྱུར་ཅིག བལ་པོ་དང་བོད་རིགས་འཆམ་མཐུན་ཡུན་དུ་གནས་པར་ཤོག །

  3. ཨོ་རིག says:
    2011-04-21 at 6:49 pm

    མི་འདི་ད་བཤད་མི་དགོས་ཡ།
    སྔོན་མ་ནས་དགོན་པའི་ནང་གི་གྲྭ་མང་ཚོས་ཁོང་ལ་ཁྱིམ་པ་རབ་མ་གཅིག་རེད་ཟེར་སྲོལ་འདུག
    ཤཱཀྱའི་དགེ་སློང་རབ་མ་གཅིག་ལ་མི་ཤེས་ཏེ། ཁྱིམ་པ་རབ་མ་གཅིག་ལ་གནས་ཚུལ་འདི་དང་འདི་བཞིན་འཕྲད་སྲིད་པ་རེད།

  4. ཀརྡོ་རབ་འབྱམས་པ་ says:
    2011-04-21 at 7:09 pm

    བལ་པོའི་མི་སེར་ཞིག་གིས་བཙན་བྱོལ་བོད་མི་ཡིན་ཁུལ་དང་། རྒྱ་གར་མི་སེར་ལེན་པ་ཙམ་གྱིས་རྒྱལ་ཁབ་དང་། མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་དྭོགས་མེད། འཆི་མེད་ཚེ་རིང་ལགས་ཁྱེད་རང་སེམས་ཤུགས་མ་ཆགས་པར་བྱས་ནས། བལ་དོན་དུ་མུ་མཐུད་ནས་དཔལ་འབྱོར་ཡར་རྒྱས་ལ་སྨན་པའི་ལས་དོན་སྒྲུབ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད།

  5. ཀརྡོ་རབ་འབྱམས་པ་ says:
    2011-04-21 at 9:29 pm

    ཕྱི་ཡི་བར་ཆད་ཕྱི་རུ་བསལ། ནང་གི་བར་ཆད་ནང་དུ་བསལ། གསང་བའི་བར་ཆད་དབྱིངས་སུ་གྲོལ། ་་་་་་

  6. འཇིགས་མེད། says:
    2011-04-21 at 9:31 pm

    མཁན་པོ་འཆི་མེད་ཚེ་རིང་ལགས་སེམས་ཤུགས་ཆེན་པོ་གནང་རོགས་ཞུ

  7. སྤོབས་པ་མཐའ་ཡས། says:
    2011-04-21 at 10:50 pm

    ངས་གནས་ཚུལ་འདི་འདིར་བཀོད་དོན་ནི་མི་འདི་ལ་ང་ཚོས་གདུང་སེམས་མཉམ་བསྐྱེད་དང་རྒྱར་སྐྱོར་དགོས་པའི་ཆེད་དུ་རྩ་བ་ནས་མིན། མི་འདི་ལ་སྐྱོན་ཡོད་པ་མ་རེད་ཅེས་བརྗོད་པ་ཡང་རྩ་བ་ནས་མིན། དེ་ག་ཙམ་དུ་གནས་ཚུལ་ཤེས་རྟོགས་ཀྱི་དུ་འདིར་བཀོད་པ་ཡིན། ངོ་མ་དང་པོ་ནས་རྒྱ་ནག་གཞུང་ཚབ་ཀྱིས་སྐྱོན་བརྗོད་མགོ་བཙུགས་པ་འདྲ་ཞིག་བྱུང་ཡོད་འདུག

  8. ཆོས་འཁོར་ཚང་། says:
    2011-04-22 at 12:26 am

    ཁོང་གི་མཚན་འདི་ལ་ཧར་ཁྱལ་མིན་པར་ལྷ་རྒྱལ་ཡིན་ངེས་རེད། རྒྱུ་མཚན་ནི་ལྷ་རྒྱལ་འདི་ལ་ང་ཚོ་ཧི་མ་ལ་ཡ་པ་ཚོས་ལྷར་རྒྱལ་ཞེས་ར་མགོ་གསལ་འདོན་བྱེད་ཅིང་། དེའི་ནང་གི་ལྷ་ཞེས་པའི་སྐད་གདངས་དེ་བལ་སྐད་དུ་མེད་པས་ལ་སྒྲ་བེད་སྤྱོད་བྱས་པ་ལས་བྱུང་བ་ཞིག་ཡིན་ཚོད་འདུག

  9. ཆོས་འཁོར་ཚང་། says:
    2011-04-22 at 12:30 am

    ཁོང་གི་མཚན་འདི་ལ་ཧར་ཁྱལ་མིན་པར་ལྷ་རྒྱལ་ཡིན་ངེས་རེད། རྒྱུ་མཚན་ནི་ང་ཚོ་ཧི་མ་ལ་ཡ་པ་ཚོས་ལྷ་རྒྱལ་ལ་ལྷར་རྒྱལ་ཞེས་ར་མགོ་གསལ་འདོན་བྱེད་པས། བལ་སྐད་ནང་དུ་ལྷ་སྒྲ་མེད་སྟབས་ལ་སྒྲ་བེད་སྤྱོད་བྱས་པས་སྒྲ་གདངས་དེ་འདྲར་གྱུར་པ་ཡིན་ཚོད་དུ་སྣང་།

  10. ཨོ་རིག says:
    2011-04-22 at 4:00 am

    ཀར་རྡོ་རབ་འབྱམས་པ་ལགས།
    བལ་དོན་དུ་གང་ཤེས་ཏེ་འཆི་བ་སྲོག་བ་བབ་ཀྱང་བདག་དོན་དཔལ་འབྱོར་གོང་འཕེལ་གཏོང་ངེས་རེད།

  11. ཨོ་རིག says:
    2011-04-22 at 4:04 am

    ཀར་རྡོ་རབ་འབྱམས་པ་ལགས།
    ཁོང་གིས་བལ་དོན་དུ་དཔལ་འབྱོར་གོང་འཕེལ་གཏོང་མིན་མི་ཤེས་མོད།
    འཆི་བ་སྲོག་ལ་ཐུག་ཀྱང་བདག་དོན་དུ་དཔའ་འབྱོར་གཏོང་ངེས་རེད།

  12. ཨོ་རིག says:
    2011-04-22 at 4:05 am

    གོང་འཕེལ་

  13. མེ་ཏོག་དཀར་པོ། says:
    2011-04-22 at 4:27 am

    ཨོ་རིག་ལགས། ཁོང་རབ་བྱུང་དང་ཁྱིམ་པ་ཡིན་མིན་འཐད་རེ་དོགས་བྱེད་དོན་ཆུང་ཞིང་། གང་བྱེད་ཁོང་རང་སྒེར་གྱི་གནད་དོན་རེད་པས་ཐུགས་བདེ་བར་བཞུགས། རང་ཉིད་རབ་བྱུང་ཁྱིམ་པ་གང་ཡིན་ལ་དོ་སྣང་མཛོད། འདི་བོད་རིགས་ཞིག་རྒྱལ་ཁབ་ཅིག་གི་གོ་གནས་མཐོན་པོ་ཞིག་ཏུ་སླེབས་པར་བསྔགས་བརྗོད་དང་དགའ་བསུ་ཞུ་འོས། དེ་མིན་ཡོད་ཚད་ལ་སྐྱོན་འཚོལ་ན་དགོས་པ་ཆུང།

  14. མེ་ཏོག་དཀར་པོ། says:
    2011-04-22 at 4:35 am

    རང་དོན་དུ་དཔལ་འབྱོར་ལ་མི་དགའ་ཞིང་མི་འབད་མཁན་ཉུང་། ཁྱེད་རང་ཡང་མ་འཇོན་པ་རེད་མ་གཏོགས་མ་འབབ་པ་གཏན་ནས་མིན་ཤག

  15. མེ་ཏོག་དཀར་པོ། says:
    2011-04-22 at 4:49 am

    ཤམ་བྷ་ལའི་ནང་མཁན་པོ་འཆི་མེད་བློན་པོ་ཆགས་ནས་བལ་ཡུལ་འུར་གྱིས་ཁོངས་པ་ཞེས་པ་དེ་ཀློགས་དང་དཔྱད་བརྗོད་ཡག་པོ་སྤེལ་འདུག

  16. dechensemkyi says:
    2011-04-22 at 4:54 am

    ད་དགོངས་པ་ཞུས་ཚར་འདུག

  17. dechensemkyi says:
    2011-04-22 at 4:55 am

    ད་དགོངས་པ་ཞུས་ཚར་སོང་།

  18. ཨོ་རིག says:
    2011-04-22 at 5:40 am

    ཧ་ཧ་ཧ་ཧ་ཧ།
    མེ་ཏོག་དཀར་པོ་ལགས།
    ངས་ཀྱང་དཔའ་འབྱོར་གོང་འཕེལ་གཏང་འདོད་ཡོད་ཀྱང་ཡོད་ཚད་བེད་སྤྱོད་གཏོང་མདོག་ཁ་པོ་མ་རེད་ལོ།

  19. ཀརྡོ་རབ་འབྱམས་པ་ says:
    2011-04-22 at 6:43 am

    ཨོ་རིག་ལགས། དེང་སང་ཀརྨ་པ་རྫུན་མ་ཐོན་ཐུབ་དང་། པཎ་ཆེན་རྫུན་མ་ཐོན་ཐུབ་མཁན་དང་་། གྲྭ་པས་མི་བསད་ཐུབ་ན། བློན་ཆེན་གཅིག་གིས་སྒརོ་འབུམ་གཅིག་ལྐོག་ཟ་རུལ་སརུངས་བྱས་པ་ལ་ཧོན་འཐོར་ནས་སྡོད་པའི་དུས་ཚོད་མ་རེད་གདའ། ཧ་གོ་སང་། ད་འཐོམས་སངས་ཤོག སྐུ་སྐྱིད་བོད་ཨོ་རིགས་ཚོ།

  20. ཀརྡོ་རབ་འབྱམས་པ་ says:
    2011-04-22 at 7:00 am

    མཁན་པོ་འདིའི་སྐོར་ལ་ཕ་ཡུལ་དྲ་རྒྱར་བཀོད་འདུག་ལ། ཝ་ཤིང་ཊོན་ཨ་ཤི་ཡ་རླུང་འཕྲིན་ཁང་ནས། ཁོང་༸གོང་ས་མཆོག་དང་ལྷན་དུ་སྐུ་དཔར་བསྒྲོན་དེ་ཡང་ཡོན་ཏན་བསྒྲགས་དགོས་པ་ལ། དེ་ཡང་གཅིག་སྐྱོན་འཛུགས་ཀྱི་གྲལ་དུ་གྲངས་ཡོད་རེད་དོ། ། རྒྱ་གཞུང་ལས་བྱེད་ལས་བྱེད་དེ་ཚོ་དངོས་གནས་རྙིང་བའི་དུས་ཚོད་ལ་སླེབས་ཚར་མི་འདུག་གམ། ཧཧཧ

  21. ཀརྡོ་རབ་འབྱམས་པ་ says:
    2011-04-22 at 7:02 am

    རྙིང་བའི་དེ་སྙིང་རྗེ་བའི་ལ་བཅོས་ནས་ཀློག་རོགས།

  22. རྡོ་རིགས་པའི་མདའ་མོ། says:
    2011-04-22 at 7:49 am

    འཆི་མེད་ཚེ་རིང།བླ་མ་ཡིན་མིན་དང་རབ་བྱུང་བ་ཡིན་མིན།ད་དུང་དཔལ་འབྱོར་གོང་འཕེལ་གཏོང་མིན་སོགས་ནི་ཁོ་བོའི་ལྟ་ཕྱོགས་ལས་གལ་ཆེན་པོ་ཞིག་མཐོང་གི་མེད།གནས་ཚུལ་འདི་བྱུང་བ་ལས་གནས་ཚུལ་གཞན་ཞིག་ཤེས་ཐུབ་པ་ནི།བལ་ཡུལ་རང་བདེན་ཚོགས་ཆུང་དང་བོད་གཞུང་རང་བདེན་ཚོགས་པ་དབུས་ལས་ཁུངས་སོགས་ཀྱི་ལས་དོན་དེ་ད་དུང་གཙང་མ་ཞིག་ཆགས་ཐུབ་མེད་པ་དེ་ཤེས་ཐུབ།རྒྱུ་མཚན་ནི་ཁོང་ཡོལ་མོ་བ་ཞིག་ཡིན་པས་རེད།ད་དུང་མུ་མཐུད་ནས་གནད་དོན་འདིའི་རིགས་བོད་གཞུང་དབུས་རང་བདེན་ཚོགས་པས་ཐུགས་གཟབ་གནང་དགོས་པ་ཤིན་ཏུ་ནས་གལ་ཆེན་དུ་མཐོང་།

  23. ཀརྡོ་རབ་འབྱམས་པ་ says:
    2011-04-22 at 8:00 am

    བལ་པོའི་ བོད་རིགས་ཅིག བློན་ཆེན་དུ་ འཁོད་པ་ལ དགའ་བ་ སྒོམ་དགོས་ཀྱང་ ཁོང་གི་ ལག་འཁྱེར་ལ་ ཁ་འཁྱེར་ལ་ ཙམ་ མ་ཡིན་པའི་ སྐྱོན ་མཚང་ གཞན་ ཡོད་ན སྐྱོན་བརྗོད་ རིགས་ལ་ དགའ་བསུ་ ཡོད་ལགས།

  24. དྲི་མེད་ལྷག་བསམ། says:
    2011-04-22 at 11:31 am

    ཀ་རྡོ་རབ་འབྱམས་པ། བོད་རིགས་བློན་ཆེན་ཐོབ་པ་ལེགས་མོད། བལ་བོ་རང་ལ་ཕན་ཐོགས་ཡོང་རྒྱུ་དཀའ། ཀརྨ་པ་རྫུན་མ་གཏན་ནས་མེད་པར་ངེས། ཀརྨ་པ་ཡིན་སྙམ་པའི་འདུ་ཤེས་བཟུང་བ་ནས་དེའི་བྱིན་གྱིས་རླབས་འགྲོ་བས། སྤྲུལ་བའི་རྣམ་རོལ་འཁྲུལ་མེད་དུ་བཞེད་ཆོག རྒྱུ་མཚན་ཀརྨ་པའི་རླུང་སེམས་དབྱེར་མེད་དཔང་པོར་བཞུགས། ཡང་ན་རླུང་སེམས་དབྱེར་མེད་ཀརྨའི་གསུང་མིན་པའི་བདེན་དཔང་སྟོན་རྒྱུ་ཡོད་དགོས། རྩེད་མོ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (43)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme