རླུང་དམར།
ང་ཚོ་ལ་མང་གཙོའི་གསོལ་རས་ཐོབ་པ་ནས། བཙན་བྱོལ་བོད་མིའི་མགོ་ཐོག་ལ་བློ་ཇུས་ངན་པའི་སྲིད་སྐྱོང་ཞིག་ཐོན་ཡོད། དེ་དུས་ནས། བཙན་བྱོལ་གྱི་བདེ་སྡུག་འཚོ་བ་འདི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་འདུག དེ་ནི་འགྱུར་འགྲོས་ཆེས་གཉན་འཕྲང་ཆེ་བའི་གནས་སུ་བརྫངས་ཡོད་ལ། གོང་བླ་མ་ནས་མི་མང་བར་ཏུ་བསླུ་གཏོང་གཡོ་ཇུས་ཀྱི་འཁྲབ་སྟོན་ནག་པོ་བྱས་ཏེ་གདའ། དེ་ནི། ལོ་འདི་དག་རིང་གི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་ཤག་གིས་མི་མང་ཁྲོད་ལ་དུ་ནག་སྤུར་བའི་ར་བཟི་ནག་འཐོམ་གྱི་སྲིད་དོན་རྫུན་མ་དེ་དག་རེད། ཁོ་ཚོས་གླེང་གིན་པ་ནི་བདེན་ལུགས་རྨེག་མེད་དུ་བཟོས་ཏེ་ཆོལ་ཞེན་འཐེན་ཁྱེར་དང་། མཐུན་སྒྲིལ་རྩ་གཏོར། ཁྲིམས་མེད་ངན་ལངས། དོལ་ཚོགས་ལག་འབྲེལ། སྤྱི་རྒྱུ་སྒེར་བདག དད་པ་ལོག་སྤྱོད། ཧམ་བཤད་རྫུན་སྒྲིག ཁོག་ནད་ཚ་འདེད། ཁེ་གྲགས་ཁེ་ཕན་སོགས་ཀྱི་དོན་དུ་བགྲང་བྱ་འགའ་འདས་ནའང་། ད་ལྟའང་ད་དུང་། སྒེར་གཅོད་སྲིད་འཛིན་གྱི་བློ་ཁ་ལ་འགྱུར་བ་སྤུ་ཙམ་ཡང་མེད་པར་མུ་མཐུད་དུ་བཙན་བྱོལ་སྤྱི་ཚོགས་འདི་དཀྲུག་རྐྱེན་ངན་དགུར་བསླངས་ཏེ་འདུག
མ་ཟད། ཉེ་སྔོན་གྱི་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ར་བའི་ནང་གི་ཉ་ཉོག་གླེང་སློང་གི་འཇིགས་དངངས་དེ་ཚོ་བཀའ་ཤག་དང་སྲིད་སྐྱོང་གིས་བཟོས་པའི་དུག་ནག་པོ་ཞིག་རེད་བསམས། མི་ངན་དེ་ཚོས་རང་ཉིད་ཀྱི་རྐུབ་སྟེགས་དང་ཁེ་ཕན་དེའི་ཕྱིར་ཏུ་སྤྱི་འཐུས་ཕན་ཚུན་བར་ལ་ངན་མཚང་བཤད་རེས་འདུག་ལ། གྲྭ་ཆས་གྱོན་པའི་སྤྱི་འཐུས་ཀྱིས་གོང་བླ་མར་མཚན་སྨོད་བྱེད་པ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་བསྙོན་འཛུགས་ཀྱི་ཉེན་བརྡ་སོགས་བཏང་། འདི་འདྲའི་བྱས་འབྲས་ནི་རྫབ་ཆེན་རེད། ལས་རྒྱུ་འབྲས་ཀྱི་བདག་ཉིད་ཅན་དུ་གྱུར་བའི་བཙན་བྱོལ་མི་མང་འདིའི་འདས་མ་ད་གསུམ་གྱི་རེ་བའི་འོད་སྣང་ལོ་རེ་ནས་དཔོན་ངན་སྲིད་སྐྱོང་གཙོ་བྱས་ཏེ་དེའི་རྒྱབ་རོགས་སྐྱ་སེར་དཔོན་ངན་དེ་ཚོས་ཁྲི་མུན་ལ་བཅུག་ནས་མུན་ནག་ནང་ནས་བྱིས་པའི་རྩེད་ཆས་ལ་རོལ་བ་ལྟ་བུའི་ལས་དོན་གཉེར་བཞིན་འདུག་པས། འདི་དག་ནི། འཛམ་གླིང་གསར་བའི་ནང་ནས་ཟུར་བལྟས་ལེབ་མཐོང་རེད་ལ།
དེ་ལྟ་ནའང་། བཙན་བྱོལ་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྲིད་སྐྱོང་ནི་ངོ་ཚ་དང་ཁྲེལ་གཞུང་ཅི་ཡང་མེད་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་། ལེགས་བྱང་། ཡ་རབས་གོམས་གཤིས་བཅས་ལ་གཏོར་བཅོམ་ཚད་མེད་གཏང་དང་གཏོང་བཞིན་པའི་སྒང་རེད་འདུག དེའང་། ༧གོང་ས་མཆོག་གིས་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་སྐུ་ངལ་མཛད་མེད་ངང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཞིག་བསྐྲུན་ཡོད་པ་དེ་ཡང་གཏོར་བརླག་བྱེད་པ་དང་། ༧རྒྱལ་བའི་བཀའ་དགོངས་ཆུ་ལ་གཡུགས་ཏེ་ཧམ་རྫུན་ནག་སྤུངས་ཀྱིས་མང་པོ་ཞིག་མེད་པར་བཟོ་བཞིན་མཆིས། དེ་བཞིན་དུ་<<ལྔ་དང་ལྔ་བཅུའི་འཆར་སྣང་།>>ཟེར་ནས་རང་སྐད་རང་ཡིག་བོར་ནས་ན་གཞོན་མང་པོ་མགོ་སྐོར་བཏང་། བཙན་བྱོལ་ནང་གི་ཤེས་ཡོན་པ་དང་མཁས་དབང་རྣམས་ལ་ཚིག་གི་ལྐོག་མདའ་འཕངས་ནས་མགོ་འབུར་རྡོས་བརྡུང་བྱས། ཅི་འདྲའི་འཇིགས་སུ་རུང་བའི་དཔོན་ངན་སྐྱ་སྟོང་ཞིག་ང་ཚོ་བཙན་བྱོལ་བོད་མིའི་འགོ་དཔོན་དུ་གྱུར་བ་རེད། ཡིན་ཡང་། ང་ཚོ་མི་མང་ངོས་ནས་ཕྱིར་རྟོག་དང་དབྱེ་ཞིབ་ཀྱི་བསམ་ཚུལ་རེར་གཅིག་སྤུངས་ནུས་སྟོབས་ལ་བཟུང་བ་ཡིན་ན། འུ་ཚོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ལ་ནུས་ཤུགས་འཕར་མ་ཞིག་ཐོན་གྱིན་འདུག་ལ། འགོ་ནས་འདུག་མཁན་གྱི་སྲིད་སྐྱོང་གཙོ་བྱས་ཏེ་དཔོན་ངན་དེ་ཚོའི་བྱ་སྤྱོད་ལའང་ཚ་འདེད་བསྒྱུར་བཅོས་ཤིག་བྱེད་ཐུབ་པ་མངོན་གསལ་དོད་པོ་རེད།
དཔེར་ན། ན་ནིང་དང་ད་ལོའི་<<རྩ་དོན་གླིང་།>>་གི་སྣེ་འདྲེན་པ་ཡོངས་ཀྱིས་བདེན་པའི་རྒྱབ་ལངས་བྱས་ཏེ་ང་ཚོའི་སྤྱི་ཚོགས་ནང་གི་དྲང་བདེན་མིན་པའི་ལས་དོན་གཉེར་མཁན་དཔོན་ངན་དེ་ཚོར་ཁ་གཏད་བཅག་པ་དང་། ཕྱི་གསལ་ནང་གསལ་མིན་པའི་ཆབ་སྲིད་ཀྱི་གཡོ་ཇུས་དེ་དག་ལ་གཤག་བཅོས་དང་ཚ་འདྲི་གྲངས་མེད་བྱས་པས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་མི་མང་པོ་ཞིག་རྨོངས་གཉིད་ལས་སད་དེ་རྟོགས་སད་ཀྱི་བདེན་ལུགས་སྐྱོང་བའི་རྗེས་སུ་བགྲོད་ཀྱིན་པ་འདི་རླབས་ཆེན་རེད། དེ་བས། ང་ཚོས་དཀའ་ངལ་ཁྱད་དུ་སེལ་ནས་མ་འོངས་པའི་བཙན་བྱོལ་བོད་མི་དང་བོད་མིའི་སྒྲིག་འཛུགས་དེ་ལེགས་བཅོས་ཡོང་བར་སྔ་ས་ནས་སྟ་གོན་བགྱི་དགོས་ལ། བློ་འགྱོད་ཅི་ཡང་མེད་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་གི་དཔོན་ངན་དེ་ཚོ་རྩ་རྫོགས་བྱེད་དགོས་པས། ནམ་ཡང་བློ་ཇུས་ངན་པའི་སྲིད་དབང་སྒེར་གཅོད་པ་ལ་རྒོལ་ལན་མུ་མཐུད་དུ་བྱེད་ཆོག མཐར་༧རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་བརྟན་པར་ཤོག བོད་རྒྱལ་ལོ།།
2018-10-10
ན་ནིང་དང་ད་ལོའི་<>་གི་སྣེ་འདྲེན་པ་ཡོངས་ཀྱིས་བདེན་པའི་རྒྱབ་ལངས་བྱས་ཏེ་ང་ཚོའི་སྤྱི་ཚོགས་ནང་གི་དྲང་བདེན་མིན་པའི་ལས་དོན་གཉེར་མཁན་དཔོན་ངན་དེ་ཚོར་ཁ་གཏད་བཅག་པ་དང་། ཕྱི་གསལ་ནང་གསལ་མིན་པའི་ཆབ་སྲིད་ཀྱི་གཡོ་ཇུས་དེ་དག་ལ་གཤག་བཅོས་དང་ཚ་འདྲི་གྲངས་མེད་བྱས་པས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་མི་མང་པོ་ཞིག་རྨོངས་གཉིད་ལས་སད་དེ་རྟོགས་སད་ཀྱི་བདེན་ལུགས་སྐྱོང་བའི་རྗེས་སུ་བགྲོད་ཀྱིན་པ་འདི་རླབས་ཆེན་རེད།་་ཟེར། དེས་ན་མདོ་སྟོད་དང་ཆོས་ལུགས་སྤྱི་འཐུས་སྐུ་ངོ་རྣམ་པ་རྩ་དོན་གླིང་ཚོགས་པ་སྐད་གྲགས་ཆེན་པོ་དེ་ལ་མ་དགའ་དོན་་་་་ཅི་བཟོ་ལེ།
བརྡ་འཕྲིན་དུས་རབས་དཔོན་ངན་གྱིས་འཁྲབ་ས་མེད། འབངས་ངན་གྱིས་སྒྱུ་བྱ་ས་མེད། དྲང་བདེན་ནི་ཉི་མགོ་ཐོག་གི་ཉི་མ་སེར་པོ་འདི་བཞིན་ལ་འཆར་ལུང་འཆར་ཡིན། ངོ་ཚ་མེད་ནི་ཆ་ག་ལ་ལྟད་མོ་བལྟ་ཡ། ཧ་ཧ་ཧ་ཧ་་་ ་་་
https://www.facebook.com/photo.php?fbid=2208538325886999&set=a.539236332817215&type=3&theater
བཀྲ་ཤིས་བདེ་ལེགས་ལ། བཀྲིས་བདེ་ལེགས་སུ་བྲིས་པ་ནི། ཤིནད་ཏུ་ནས་ ནོར་བ་ཆེན་པོ་ རེད་དོ།། །།
བོད་མིས་གཅིག་སྒྲིལ་གྱི་དཔེ་ལྟ་འདོད་ན། ལྟ་ས་སར་དར་པ་ཊེལ་གྱི་སྐོར་ལ།
https://www.youtube.com/watch?v=_hBokXpnjoA
༄༅། །ཉེ་ཆར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ནས་༸སྐྱབས་མགོན་རིན་པོ་ཆེས་གསུངས་བཞག་པ་ཚང་མ་བཀའ་རེད་ཟེར་ནས་སྒྲུབ་དགོས་པ་ཞིག་རྩ་བ་ནས་མི་འདུག་ཅེས་བརྗོད་འདུག་པ་དེ་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ས་ཡ་དྲུག་ཙམ་མ་ཟད། འཛམ་གླིང་ནང་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་མི་འབོར་གྲངས་ལས་འདས་པ་རྣམས་ལ་བློ་ཕམ་ཤིན་ཏུ་སྐྱེས་གཞི་དང་། བཀྲིན་ལ་བསམ་ཤེས་མེད་པའི་གཏམ་རང་རེད། ང་ཚོས་དྲན་ཤེས་དགོས་པ་ཞིག་ལ་རང་རེ་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ནས་མི་ལོ་ ༦༠ ཙམ་གྱི་རིང་། སྐྱབས་བཅོལ་བ་གཞན། ཨབ་གྷ་ནི་སི་ཐན་དང་། སྦང་ལ་དྷེ་ཤེ། ཤྲི་ལང་ཀ་སོགས་ནས་སྐྱབས་བཅོལ་བ་མང་པོ་མཐོང་རྒྱུ་ཡོད་ཀྱང་། སུ་ལ་ཡང་སྐྱབས་བཅོལ་གཞུང་འདུག་གམ། ཤེས་ཡོན་ཆེད་ཟུར་བཙུགས་སློབ་གྲྭ་འདུག་གམ། དགེ་འདུན་གྱི་སྡེ་དགོན་པ་འདུག་གམ། མཐུན་རྐྱེན་གང་ལེགས་ཡོད་པའི་གཞིས་ཆགས་དང་། ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་ལམ་སྲོལ་གཞུང་སོགས་རང་རེའི་བོད་མི་བཙན་བྱོལ་བ་ལ་ཡོད་པ་བཞིན་སུ་ལ་ཡང་མེད། དེ་བཞིན་བོད་མི་བཙན་བྱོལ་བ་རྣམས་ཀྱི་གནས་སྟངས་ཡང་ཧ་ཅང་ཡར་རྒྱས་ཕྱིན་ཟིན་པ་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ལས་གཞན་སུས་ཀྱང་འཇོན་བཞག་པ་མེད་པ་ཚང་མས་མཁྱེན་གསལ་རེད། ཡང་སྤྱི་འཐུས་ཁོང་རང་ཉིད་འདེམས་ཐོན་ཡོང་ཁོངས་དཔལ་ས་སྐྱ་ཆོས་ལུགས་ཀྱི་བླ་ཆེན་འཁོན་རིགས་བསྟན་པའི་སྲོག་ཤིང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་དུས་རྒྱུན་ནས་༸གོང་ས་མཆོག་གི་བཀའ་དྲིན་དང་བཀའ་ལ་བརྩི་བཀུར་དགོས་པའི་བཀའ་སློབ་ཡང་ཡང་གནང་བ་དེ་ཚོ་གོ་ཐོས་མེད་པ་ཡིན་ནམ། དེ་སྔོན་ཡང་སྤྱི་འཐུས་ཁོང་ནས་སྤྱི་ཚོགས་ནང་བརྡབ་གསིག་བྱུང་བ་བསྐྱར་དུ་དྲན་བསྐུལ་བྱུང་སོང་། དེ་ནི་ནམ་རྒྱུན་སྤྱི་འཐུས་རྣམས་ནས་འཚམས་གཟིགས་སྐབས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་པ་གལ་ཆེ་ཡིན་སྐོར་འབོད་སྐུལ་བཀའ་སློབ་གནང་སྲོལ་དང་འགན་དབང་ཡིན་ཡང་། ད་ལམ་སྤྱི་འཐུས་ཁོང་ནས་དེ་ལས་ལྡོག་ཏེ། དྭང་སློབ་ལས་ཟུར་རྣམས་ལ་དམའ་འབེབས་མཐོང་ཆུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣༠ ཉིན་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་འཚམས་གཟིགས་སྐབས་གཤམ་གསལ་གཏམ་བཤད་འདི་འདྲ་གནང་འདུག
༡༽ དམག་སྒར་ཨང་ ༢༢ ཀྱི་དྭང་ཟུར་དམག་མི་རྣམས་བོད་མིའི་རྩ་དོན་ཐད་ཕན་ཐོགས་གང་ཡང་མེད་པ།
༢༽དམག་སྒར་ ༢༢ ནང་ཞབས་ཞུ་ཞུ་མཁན་རྣམས་སོ་སོའི་གྲོད་ཁོག་ཁོ་ནའི་དོན་དུ་ཡིན་པ།
༣༽༸གོང་ས་མཆོག་གི་སྐུ་སྲུང་ཡང་གྲྭ་ཚང་ཁག་ནས་གནང་བཞིན་པ་ལས་དམག་སྒར་ ༢༢ ཀྱི་ཐེ་བྱུས་མེད་པ།
༤༽དམག་སྒར་ཨང་ ༢༢ ནང་ཞབས་ཞུ་ཞུ་བཞིན་པའི་དྭང་ཞབས་པ་དང་། དྭང་ཟུར་བ་རྣམས་ནས་རང་ཉིད་ཆེད་ཁང་པ་རྫིག་པོ་ཐོག་རྩེག་ཉིས་ཐོག་ཅན་བརྒྱབ་པ་དང་། རླངས་འཁོར་ཉོས་པ་ཙམ་ལས་གཞིས་ཆགས་ནང་ཉམ་ཐག་རྣམས་ལ་ལྟ་སྐྱོང་རོགས་ཕན་གང་ཡང་བྱེད་ཀྱི་མེད་པ་སོགས་འགན་མེད་པའི་གཏམ་བཤད་གནང་བ་ནི་ཁོ་རང་ཉིད་ལ་མཐོང་ཐོས་ཉམས་མྱོང་དམན་པས་ཡིན་སྲིད། དྭང་སློབ་དབུ་བརྙེས་ནས་བཟུང་ད་བར་བོད་མིའི་རྩ་དོན་ཐོག་ལས་དོན་ཧ་ཅང་མང་པོ་ཞུས་ཡོད་ཀྱང་། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་ཆགས་ལ་བརྟེན་གསལ་བསྒྲགས་ཞུ་སྲོལ་མེད་ལ། འདིར་འབྲི་དགོས་རྒྱུ་མཚན་ཡང་མ་མཐོང་མོད། དཔེ་མཚོན་ལྟ་བུར་ཚིག་རེ་གཉིས་ཞུས་ན། དྭང་ཟུར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་རང་བཙན་དོན་དུ་རང་ལུས་མཆོད་མེར་ཕུལ་བ་དང་། དྭང་ཟུར་ཟླ་བ་ཚེ་རིང་ལགས་ཀྱི་བོད་མིའི་རྩ་དོན་སླད་ཟས་བཅད་ངོ་རྒོལ་གྱིས་ལས་འགུལ་གནང་བ་གཙོས་ངོ་རྒོལ་རིམ་པའི་ནང་དྭང་ཟུར་མེད་པ་གཅིག་ཀྱང་མེད་པས་དེ་རྣམས་རྩ་དོན་དང་ཆབ་སྲིད་ལ་ཕན་ཐོགས་མེད་ཡིན་ནམ། དཔལ་འབྱོར་ཐོག་ཕྱི་ལོ་ ༡༩༧༢ ལོར་བོད་མིའི་དྭང་བླང་དཔྱ་ཁྲལ་གཏན་འབེབས་མ་བྱུང་སྔོན་ནས་དྭང་སློབ་དབུ་བརྙེས་ནས་རིང་པོར་མ་སོང་བར་དྭང་སློབ་མི་རེ་རེ་ནས་ཟླ་རེར་ཧིན་སྒོར་ ༢ (TIBETAN CHILDREN EDUCATION FUND) TCEF ཆེད་རང་གཞུང་ཤེས་རིག་ལྷན་ཁང་བརྒྱུད་འབུལ་སྲོལ་ཡོད་པ་དེང་སྐབས་སྒོར་ ༢༠༠ ཙམ་དང་འདྲ་བ་དང་། དཔྱ་ཁྲལ་གཏན་འབེབས་རྗེས་བོད་མི་སྤྱི་མཚུངས་ལྟར་ཕོགས་ཐོབ་ཀྱི་བརྒྱ་ཆའི་གཏན་འབེབས་བཞིན་འབུལ་ལམ་ཞུ་དང་ཞུས་མུས་ལྟར་དངུལ་འབོར་ཡང་ཆེ་ཤོས་གྲས་ཆགས་ཡོད། དེ་བཞིན་ལོ་ལྟར་མཧ་གུ་རུའི་འབུམ་ཚོགས་སོགས་བསྟན་སྲིད་སྤྱིའི་ཞབས་རིམ་སྒྲུབ་རྒྱུའི་ཐད་ལ་ཡང་རྗེས་ལུས་མེད་པས་དེ་རྣམས་སོ་སོའི་འཚོ་བའི་དོན་དུ་ཡིན་ནམ་སྐུའི་སྲུང་བྱའི་ཐོག་གཙོ་བོ་རྒྱ་གར་གཞུང་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་ད་ཕན་འཐུས་ཤོར་གང་ཡང་ཕྱིན་མེད་ཀྱང་གལ་པོ་ཆེ་ལ་ནན་ཏན་ལྟར། དུས་འཁོར་དབང་ཆེན་སོགས་མི་མང་འདུ་འཛོམས་ཆེ་བའི་སྐབས་དགོས་གལ་ནམ་བྱུང་ལ་བདེ་སྲུང་ལྷན་ཁང་གི་བཀའ་འབྲེལ་ལྟར་མི་འགྲོ་འཕར་མ་ཞུས་དང་ཞུ་མུས་བཅས། གོང་གསལ་དྭང་སློབ་ལས་ཟུར་རྣམས་ནས་ལས་དོན་ཞུས་པ་སྙིང་བསྡུས་ཙམ་དང་། ཡང་གཞིས་ཆགས་ནང་ཁང་པ་དང་སྦག་སྦག་རྫིག་པོ་ཡོད་མཁན་ཚང་མ་ཕྱི་རྒྱལ་ལ་ནང་མི་ཡོད་པ་དང་། དྭང་སློབ་ཡིན་ལུགས་གསུང་འདུག་པས་དེང་སྐབས་དྭང་སློབ་རྩ་དགོངས་ལ་ཕེབས་མཁན་རྣམས་ཀྱི་གནས་སྟངས་གང་ཙམ་ཡག་པོ་ཡོད་པ་ལས་དེ་སྔོན་དྭང་སློབ་རྒན་གྲས་རྣམས་བོད་མིའི་སྤྱི་ཚོགས་ནང་དཔོལ་འབྱོར་ཐོག་རྗེས་ལུས་སུ་ཐེབས་པ་ཡོངས་གྲགས་དང་། ༸གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ས་གནས་མང་པོའི་ནང་རྒས་གསོ་ཁང་བཙུགས་ཡོད་པ་དེ་དག་ནང་བརྒྱ་ཆ་ ༨༠ ཙམ་དྭང་ཟུར་རྒན་གྲས་རྣམས་ཡིན་ཞིང་། ལར་ནས་ཕྱི་རྒྱལ་ལ་ནང་མི་ཡོད་པ་དང་། དྭང་སློབ་ཚོས་རང་གི་དཀའ་ལས་བརྒྱབས་པའི་གྲུབ་འབྲས་དཔལ་འབྱོར་ཡར་རྒྱས་ཕྲན་བུ་ཕྱིན་པར་དགའ་བསུ་ཞུ་འོས་པ་ལས་མིག་ཚ་དགོས་དོན་མེད། གོང་གསལ་གནས་ལུགས་རྣམས་དྭང་ཟུར་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་གཞན་མི་སྒེར་སོགས་ནས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དབུས་རྒྱུན་ལས་ཁང་དུ་སྙན་ཞུ་དང་ངོ་བཤུས་འབྲེལ་ཡོད་ལྷན་ཁང་ཁག་ལ་ཕུལ་ཡང་བཟང་ངན་ཕྱག་བསྟར་གང་ཡང་གནང་མ་སོང་ངོ་།
ར་སྤུར་གནས་སྡོད་དྭང་སློབ་འགོ་འཛིན་ཟླ་བ་ཤོར་ཡ་ལྕགས་ར།
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་བསམ་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།
#6 བློ་བཟང་། ་ལགས་ཀྱིས་སྤེལ་དོན།: བློ་བཟང་ལགས་ལ། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།།
དགའ་ལྡན་ཕོ་བྲང་ནི་བསྔོ་རྟེན་དང་སྐྱབས་རྟེན་འབུལ་ཡུལ་ཙམ་མ་གཏོགས་མང་གཙོ་ཀ་བ་གསུམ་གྱི་ཆ་ཤས་མ་རེད་སྙམ།