རིག་པའི་རྡོ་རྗེ།
དེ་རིང་བྱུང་བའི་བློ་ཕམ་གྱི་གནས་ཚུལ། བཀུར་འོས་སྤྱི་འཐུས་ཤིག་གིས། ཚོགས་གཙོར་མི་གསོད་ནག་ཅན་པའི་སྐྱོན་འཛུགས་བྱས་ནས་ཚོགས་གཙོས་ལས་གནས་ནས་དགོངས་པ་ཞུས་པ་རེད། སྤྱི་འཐུས་གྲྭ་རྐྱང་དཀྱུས་མ་ཞིག་ལ་གྲོགས་ཚོགས་འདི་ལྟར་གཏོར་བཤིགས་གཏོང་རྒྱུའི་ནུས་པ་ཡོད་པ་རྒྱུ་མཚན་གང་ལ་ཐུག་ཡོད་དམ།
དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ། “དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང༌། ༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག” ཅེས་བཀོད་ཡོད་སྟབས། འཇིགས་སྣང་མེད་པར་བློ་སྤོབས་ཆེན་པོའི་ཐག་ནས་བཤད་པ་རེད།
གལ་ཏེ་མི་གསོད་ཉེས་ཅན་པའི་སྐྱོན་འཛུགས་ཁྲིམས་གཏུགས་ཆོག་པའི་དབང་དུ་བཏང་ན། སྐུ་ངོ་སྤྱི་འཐུས་ལགས་ཀྱིས་དེ་ལྟར་བཤད་ཕོད་དམ། ཡང་ན་ཚོགས་གཙོས་དགོངས་པ་ཞུས་ནས་ཕེབས་སྐབས། བློ་སྟོབས་ཡོད་ན་གྲོས་ཚོགས་ཀྱི་ཕྱི་ལོག་ནས་ཤོད་ཤོག་ཅེས་ཟེར་བ་བཞིན། བཀུར་འོས་སྤྱི་འཐུས་ལགས་ལ་དེའི་བློ་སྟོབས་ཡོད་དམ་ཞེས་པའི་དྲི་བ་དེ་དག་རང་བཞིན་གྱིས་སླེབས་ཀྱི་ཡོད་རེད།
གལ་ཏེ་བཀུར་འོས་སྤྱི་འཐུས་ལགས་ཀྱིས། གྲོས་ཚོགས་ཀྱི་ཕྱི་ལོགས་ནས་ཚོགས་གཙོར་ཉེས་འཛུགས་བྱེད་མ་ཐུབ་ན། ཚོགས་གཙོ་ཉེས་ཅན་པར་ཇི་ལྟར་ངོས་འཛིན་བྱེད་དགོས་སམ། ཚོགས་གཙོས་དགོངས་པ་ཞུ་དགོས་དོན་ཅི་ཡིན་ནམ།
འོན་ཀྱང་ཁྲིམས་ལུགས་གཞིར་བཟུང་བྱས་ན། སྐྱེ་བོ་སུ་ཡིན་ཡང་ཁྲིམས་ཐོག་ནས་ནག་ཉེས་ཅན་དུ་ཐག་གཅོད་མ་བྱུང་བར་ཉེས་ཅན་པར་བརྩི་མི་ཆོག་པས། ཚོགས་གཙོས་དགོངས་པ་ཞུ་དགོས་དོན་མེད་ལ། ལྷག་པར་དུ་གྲོས་ཚོགས་ནང་གི་འགན་ཁུར་མི་དགོས་པའི་སྐད་ཆ་བཤད་སྟངས་ཤིག་ལ་བསྟེན་ནས་ཚོགས་གཙོས་དགོངས་ཞུ་གནང་བར་བློ་ཕམ་བྱུང་།
གང་ལྟར་ཚོགས་གཙོས་གློ་བུར་དུ་དགོངས་ཞུས་ཐད། བཅའ་ཁྲིམས་དོན་ཚན་ཞེ་ལྔ་བར། “༥ དགོངས་ཞུས་སམ་འཕོ་འགྱུར། དུས་ཆོས་སུ་གྱུར་པ་བཅས་ཀྱིས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་གོ་ཡུལ་སྟོང་པ་ནམ་བྱུང་ལ་གང་མྱུར་ཚབ་གསར་སྒྲིག་གཞི་ལྟར་འོས་བསྡུ་བྱེད་དགོས།” ཞེས་བཀོད་ཡོད་རེད། དེས་ན་ལས་ཚབ་མྱུར་བསྐོ་བྱེད་དགོས་པ་ལས། ཚོགས་གཞོན་གྱིས་ལས་ཚབ་བྱེད་མི་ཆོག དེས་ན་གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་དུ་འགྲོ་ཐུབ་བམ་མི་ཐུབ། མ་ཐུབ་ན་དེའི་འགན་སུས་ཁུར་དགོས་སམ།
༢༠༡༥ ། ༣ ། ༡༩
མི་ཤེས་ཤེས་མདོག ར་གན་གསེར་མདོག་ཟེར་བའི་དཔེ་ལྟར་རེད། ཚོགས་གཙོ་གཞོན་པའི་ལས་འགན་དེ། ཚོགས་གཙོ་ཛ་དྲག་གི་གནས་ཚུལ་གྱིས་རྐྱེན་པས་སམ། གང་ལྟར་ཚོགས་གཙོའི་ས་མིག་སྟོང་པ་ཆགས་པའི་སྐབས་སུ་ལམ་སེང་དེའི་ཚབ་ཏུ་སྡོད་མཁན་ཞིག་ལ་ཚོགས་གཙོ་གཞོན་པ་ཟེར་གྱི་རེད། སྲིད་འཛིན་ལྟ་བུ་ཞིག་ལ་ཆ་མཚོན་ནའང་། སྲིད་འཛིན་འདས་གྲོངས་སོང་བའམ། ཁྲིམས་འགལ་གྱི་བྱ་སྤྱོད་ཀྱིས་གནས་དབྱུངས་གཏོང་དགོས་པ་འདྲ་བྱུང་ན། མང་མོས་གྱིས་སྲིད་འཛིན་གསར་བ་གདེམས་བསྐོ་མ་ཚར་བར་དུ་སྲིད་འཛིན་གཞོན་པས་ལས་འགན་ཁྱེར་དགོས་ཀྱི་ཡོད་རེད།
གང་ལྟར་གནས་ཚུལ་བྱུང་ཚར་བ་ནི་ཚར་བ་རེད། གལ་སྲིད་བོད་ཀྱི་མགོ་རྣ་དང་། བོད་ཀྱི་སྤྱི་ཚོགས་ལ་སེམས་མཁན་ཡིན་ན། འདིའི་སྐོར་གླེང་སློང་གང་ཡང་མི་བྱ་ནས་མཚམས་འཇོག་གནང་ན་ཡག་ཤོས་སུ་མཐོང་ལ། ཚོགས་གཙོར་མི་གསད་ཀྱི་ཉེས་འཛུགས་བྱས་ན། ཚོགས་གཙོས་དགོངས་པ་ཞུ་ལོས་དགོས། མི་གསད་ཁྲག་སྦྱོར་བྱེད་མཁན་ཞིག་ལ་བོད་མིས་སྤྱི་འཐུས་ཚོགས་གཙོར་ཡིད་ཆེས་སུས་བཀལ་ཐུབ སླར་ཡངས་བཀའ་ཤག་དང་སྤྱི་འཐུས་ཡོངས་ཀྱིས་ཉེས་འཛུགས་དེ་ཁུལ་སྐྱེལ་ར་སྤྲོད་ཐུབ་པ་ཞིག་མིན་པ་གསལ་པོར་ཤེས་བརྟེན་ཚོགས་གཙོར་བཞུགས་དགོས་པའི་ཞུ་བ་ཕུལ་བ་ལྟར་གནང་པ་དེ་ཡང་ལུགས་མཐུན་སུ་མཐོང་། མི་མང་གིས་གདེམས་པའི་སྲིད་སྐྱོངས་དང་སྤྱི་འཐུས་མང་པོ་ཞིག་གིས་ཡིད་ཆེས་ཡོད་ན་མི་མང་གིས་ཡིད་ཆེས་ལོས་འཇོག་ཐུབ
བསྟན་པ་ཡར་འཕེལ་གྱིས་ཟེར་བ་ལ་བལྟས་ན། ཉེ་འཆར་ལྡི་ལིེར་བོད་མི་གཉིས་བསད་སོང་བ་དེའང་སྤེན་པ་ཚེ་རིང་དང་འབྲེལ་བ་མེད་དམ་སྙམ་པ་ཞིག་བཤད་སོང་བས། ཐག་གཅོད་གཙང་མ་ཡོང་བའི་རེ་བ་ཡོད།