—–རྔ་བ་ཀུན་བཟང་།
ས་སྒང་རིལ་པོའི་སྟེང་དུ་འདི་གསལ་ལྷང་ལྷང་དུ་སྦར་མཁན་གྱི་གངས་རིའི་སྤུན་ཟླ་ཚོ། ནམ་ཟླ་དཔྱིད་ཀ་བསླེབས་ཀྱང་། སེམས་ཀྱི་ཡུལ་ལྗོངས་སྔར་བཞིན་སྐྱ་ཐིང་ཐིང་དུ་སྡོད་རུང་ངམ། རིན་ཐང་བྲལ་བའི་དུས་རབས་འདིར་ང་ཚོ་གང་ལྟར་འཚོ་དགོས་ལ། ང་ཚོ་ཅིས་ཀྱང་སད་རན་འདུག་པས། ང་ཚོའི་སང་ཉིན་གྱི་བདེ་སྐྱིད་དང་ཕ་ཁྱིམ་འདིའི་མདུན་ལམ་ཆེད་དུ་མཚར་སྡུག་གི་ལང་ཚོའི་མེ་ཏོག་འདི་དོན་མེད་ངང་འབོར་ག་ལ་རུང་ངམ།
འདས་ཟིན་པའི་ཟུངས་ཁྲག་གི་མཆོད་མེ་རེ་རེ་དང་བཞུད་ཟིན་པའི་ལོ་ཟླ་སྐྱུར་མོ་དེ་དག་ཁ་སང་གི་སྤུན་ཟླའི་སྙིང་སྟོབས་ཡིན་པས། ང་ཚོ་འདི་ལྟར་ཚོར་མེད་བེམ་པོ་བཞིན་བག་ཁུམས་ནས་སྡོད་ག་ལ་རུང་། མ་ཟད་ང་ཚོ་བོད་མི་རིགས་ཀྱི་རིག་གནས་འདི་ལ་གས་ཆག་ཤོར་བའི་ཕམ་ཁ་འདི་ལས་རྒྱལ་འདོད་ན། ཡར་དཀོན་མཆོག་ཅེས་འབོད་ས་ཞིག་དང་མར་ཀླུ་གཉན་ཟེར་བ་ཞིག་ག་ལ་ཡོད།
དེ་ལས་ལྡོག་ཏེ་དུས་རབས་དང་མཐུན་པའི་བསམ་བློ་དང་། རིག་གནས། སློབ་གསོ་སོགས་ལ་འབད་དགོས་འདུག ལྷག་པར་དུ་ལེ་ལོ་དང་སྒྱིད་ལུག ཚོར་མེད་དང་བག་འཁུམ་ཀྱི་འདུ་ཤེས་སྤངས་ནས། གངས་ཅན་པའི་དཀའ་སྡུག་གི་ལོ་ཟླ་ཡོད་ཚད་སེམས་ལ་བརྣག་དགོས། དེའི་ཕྱིར། ང་ཚོས་མཉམ་དུ་དཀའ་སྡུག་མྱོང་ཐུབ་དགོས་ལ། མཉམ་དུ་འབད་ཐུབ་དགོས། མཉམ་དུ་རང་སྐད་ཀྱང་སྲུང་དགོས།
རྒྱུ་མཚན་ནི། ང་ཚོའི་མི་རིགས་དང་སྐད་ཡིག་འཆི་ཁར་སླེབས། མི་གཤིས་དང་རང་ཚུགས་ཀྱི་རྩ་བ་བོར། སྙིང་སྟོབས་དང་ལྷག་བསམ་མར་མེ་ལྟར་ཞུ། ཆོས་ཁ་ཆོས་ལུགས་བར་དམག་འཁྲུག་ཤོར་བཞིན་ཡོད་པ་མཐོང་གི་མི་འདུག་གམ། ཨ་ཤི་རེ་ཀོ།
སྤུན་ཟླ་ཚོ། ཉོན་དང་མ་རིག་གཏི་མུག་ལས་སད་ནས་ཉོན་དང་། བོད་ཞེས་པའི་ཐ་སྙད་འདི་དུས་ཡུན་རིང་བོར་གནས་དང་མི་གནས་ཀྱི་གཞི་རྩ་ནི། ཡ་ཐོག་བོད་ཀྱི་ཆེས་ཐུན་མོང་མ་ཡིན་པའི་ཤེས་རིག་དང་དཔལ་ཡོན་དེར་ཚད་མཐོ་བའི་ཤེས་རྟོགས་དང་ཚད་ཐུབ་ཀྱི་དཔྱད་ཞིབ་འཛིན་སྐྱོང་ཐབས་ལམ་ཞིག་ལ་རག་ལས་ཡོད་པ་ཨེ་ཤེས་སམ།
བོད་གངས་ཅན་པའི་ཤེས་རིག་ནི་ཡ་ཐོག་མི་རབས་མང་པོའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས། ལེགས་བྱང་། བསམ་པའི་འཁྱེར་སོ་སོགས་དང་འབྲེལ་བ་ཆེན་པོ་ཡོད་པ་ཨེ་མ་ཚོར་རམ།
ད་དུང་ཡིད་ཕམ་པ་ཞིག་ལ། གཞན་ཡུལ་གྱི་བོད་མི་རྣམས་ལ་མི་རིགས་ཀྱི་མི་གཤིས་དང་། གསར་གཏོད་ཀྱི་སྙིང་སྟོབས། སྣེ་འཁྲིད་ཀྱི་བསམ་བློ། སྲུང་སྐྱོབ་ཀྱི་འགན་འཁྲི། ཡར་ཐོན་གྱི་བསམ་བློ། མི་རིགས་ཀྱི་འགན་འཁྲི་སོགས་གང་ཡང་མེད་པར་ཨ་སྒོར་ཁོ་ནའི་བྲན་གཡོག་ཏུ་འགྱུར་བཞིན་པ་ནི་ངོ་མ་བློ་ཕམ་དང་འཇིགས་སུ་རུང་བས་མི་རིགས་ཤིག་གི་ཕམ་ཁ་མ་ཡིན་ནམ།
ཀློག་པ་པོ་ཡོངས་ལ་བཀའ་དྲིན་ཆེ་ཞུ།
༅༅།་རྔ་བ་ཀུན་བཟང་ནས་དཔེ་ཡག་པོ་བྲིས་འདུག་་་ལེགས་སོ་ཞུ།
ད་ཅི་བྱེད་་་བོད་ཀྱི་ལྷ་ཀླུ་སྐྱེས་ལྷ་ཡུལ་ལྷ་གཞི་བདག་རྣམས་ནས་ནི་བོད་སྲུང་སྐྱོབ་གནང་མི་ཐུབ་པ་དང། རྒྱ་ཀླ་ཀློ་སྡིག་ཆེན་ནི་དུས་ནམ་ཡང་བོད་མི་རིགས་ལ་གཉའ་གནོན་བཙན་དབང་ཁོ་ནར་བཏང། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གི་འོད་སྣང་དེ་རིམ་བཞིན་ཉམས་།
གསར་སྐྱེས་ཕྲུག་གུ་རྣམས་ནི་བོད་སྐད་ཀྱང་ཡག་པོ་བཤད་མི་ཐུབ་། ནུབ་ཕྱོགས་སུ་འབྱོར་བསྡད་པའི་བོད་རིགས་ཚོ་ནི་ཉིན་ལྟར་འཚོ་རྟེན་སླད་ལས་ཀར་མི་འགྲོ་རང་འགྲོ་རེད། ཨ་སྒོར་ཀུན་དགའ་དོན་གྲུབ་དེ་ལ་མི་དགའ་རང་དགའ་མ་བྱེད་ན་མ་འགྲིགས། ལས་ཀ་མ་བྱེད་ན་ཨ་སྒོར་ནང་ལ་རང་བཞིན་གྱི་མི་ཡོང། དཀའ་ངལ་སེལ་བའི་ཐབས་ལམ་ནི་འདི་ཡིན་བཤད་རྒྱུ་ནི་མི་འདུག་
ཁྱོད་འདྲ་བོ་བསམ་མཁན་ཡང་མང། ང་འདྲ་བོ་བཤད་མཁན་ཡང་མང། གཉིས་ཀ་ཁག་མི་འདུག་ ཁག་མེད་པ་ལ་ཕྱག་འཚལ་ལོ།
ཁག་མེད་ཀུན་འཛོམས་བོད་སྐད་སྲུང་མ་ཐུབ་།
ཁག་མེད་ཀུན་འཛོམས་བོད་ཡིག་སྲུང་མ་ཐུབ་།
ང་ལ་ཁག་མེད་ཁྱོད་ལ་ཁག་མེད་།
བོད་མིར་ཁག་མེད་སུ་ལའང་ངན་ཁག་མེད་།
ལས་ངན་བསགས་པའི་འབྲས་བུ་དུས་སུ་སྨིན་།
ཁ་དེ་ལ་ཁག་པ་ཞིག་མེད་ནོ་ཅི་རེད། ཆོས་སྲིད་བཤད་ན། དེའི་འཁོར་འགྲོས་ཤེས་དགོས་བ་རེད། ཡོད་ཚད་སྐྱོན་གྱི་རང་བཞིན་ག་ལ་ཡིན།
བོད་མི་ཚང་མ་ཁྱོད་ནང་བཞིན་གཉིད་སད་ཡོད་ཀི། ད་ཅི་བྱེད། ཡིན་ན་ཡང་། སྙན་ངག་དང་སུམ་རྟགས་ཀྱི་ཤེས་ཡོན་ལ་རེ་བ་བཅོལ་ནས་གཉིད་སད་ན། མགོ་སྟོང་མས་ཅང་ཤེས་འི་མེད་ཀི་ཨ་ཟེར་ནོ་དེ་རེད་ཡ། ཧ་ཧ་ཧ།